མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆང་རག་དང་ཐ་མག་སྤོང་རོགས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ངྷ་སར་གནས་སྡོད་པདྨ་བཀྲ་ཤིས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཚེས་ ༣ ཉིན་བོད་ནས་ཁུངས་ལྡན་གནས་ཚུལ་བཤད་དོན། མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་མཛོད་དགེ་སྟོད་སྨད་དང་རྔོག་རྒྱལ་མོ་དགོན།  ཀླུ་ཤོད་སོགས་སུ་སྔོན་ཆད་ཐ་མག་འཐེན་པ་དང་ཆང་རག་འཐུང་བཞིན་པའི་སྐྱེ་པ་རྒན་གཞོན་ཚང་མས་ཁྲོད་ཕྱིན་ཆད་ཐ་མག་དང་ཆང་རག་གཅོད་པའི་ལས་འགུལ་ཆེན་པོ་ཞིག་སླེལ་བཞིན་པ་དང་།  འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་བཤད་དོན།  ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ནང་ནས་ཆང་རག་དང་ཐ་མག་འཐེན་ན་གཟུགས་པོ་ལ་གནོད་པ་མ་ཟད་ཐ་ན་ཉེ་འཁོར་གྱི་མང་ཚོགས་ལ་གནོད་པའི་བཀའ་སློབ་སོགས་ཐོས་རྗེས་གཞི་ནས་གྲོགས་པོ་དང་ཉེ་རིང་བརྒྱུད་དེ་ལས་འགུལ་འདི་འགོ་བརྩམས་པ་ཡིན།  ལོ་འདིའི་བོད་ཟླ་ ༢ ཚེས་༡༡ ཉིན་ནས་བཟུང་ད་དུང་ས་གནས་གང་མང་དུ་ཆང་རག་དང་ཐ་མག་གཅོད་པའི་ལས་འགུལ་འདི་ཤུགས་ཆེ་རུ་གཏོང་ཐུབ་པའི་རེ་བ་བྱེད་བཞིན་ཡོད་འདུག  ད་དུང་དེ་ཙམ་མ་ཟད།  ལོ་རྗེས་མའི་ལོ་གསར་བར་དུ་ས་གནས་གང་ས་ནས་གཡུ་བྱུར་དང་གསེར་གྱི་རྒྱན་ཆ་སོགས་ཆུང་དུ་བཏང་ནས་ཉུང་ཙམ་དང་ཆུང་ཆུང་རེ་མ་གཏོགས་མི་འདོགས་པའི་དམ་བཅའ་བྱེད་དགོས་ཚུལ་སོགས་གཅིག་གིས་གཅིག་ལ་ནན་གྱིས་འབོད་སྐུལ་བྱེད་བཞིན་ཡོད་འདུག་ཟེར།

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༣ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 4

  1. ལྷག་པ་ཚེ་རིང༌། says:
    ལོ་ 17 སྔོན།

    ལག་ལེན་བཟང་པོའི་འགོ་དེ་གཞི་ལུས་སྤྲུན་ཟླ་ཚོས་ཁྲིད་པ་རེད། འདི་ནས་ང་ཚོ་བཙན་བྱོལ་བ་ཚོས་རྒྱབ་སྐྱོར་གང་ཐུབ་གནང་ཐུབ་ན་ཡག་པོ་རེད། དེ་མི་གཞན་ལ་བཤད་སྡོད་པ་རྐྱང་རྐྱང་མིན་པར་ང་ཉིད་ནས་འགོ་འཛུགས་རྒྱུ་གལ་ཆེན་པོ་རེད། ང་ཚོ་བཙན་བྱོལ་ནང་བཤད་རྒྱུའི་ཐོབ་ཐང་ཡོད་པའི་རྐྱེན་གྱིས་དུས་དང་རྣམ་པ་ཀུན་ཏུ་མི་གཞན་ལ་འདྲ་ཆགས་པོ་ཤོད་མཁན་མང་པོ་ཡོད་དེ། རང་ངོས་ནས་མི་གཞན་ལ་བཤད་པ་དེ་བཞིན་བྱེད་མཁན་ཉུང་དྲགས་པའི་ཚོར་སྣང་ཞིག་དལ་གྱིས་སྐྱེ་བཞིན་འདུག ནོར་འཁྲུལ་བྱུང་ན་དགོངས་སེལ་ཞུའོ༎

    Reply
  2. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 17 སྔོན།

    དགའ་སྐྱོ་ཟུང་འབྲེལ་རེད
    དགའ་འོས་བ་གཞེས་ལུས་བོད་མི་ཚོའི་སྙིས་སྟོབས་རེད
    སྐྱོ་དགོས་བ་ཡུལ་གྱར་བའི་རྒྱུད་ལུག་རེད

    Reply
  3. ཉིམ་རྒྱལ། says:
    ལོ་ 17 སྔོན།

    ལས་འགུལ་འདི་ཐུགས་རྒྱང་རིང་པོར་དམིགས་པའི་སྟ་གོན་ཞིག་རེད། བོད་རིགས་གཞོན་སྐྱེས་ནང་ཧ་ལམ་ཐ་མག་དང་ཆང་རག་མ་འཐུང་མཁན་དཀོན་པོ་འདུག སྐབས་རེ་དེ་འདྲ་མཐོང་དུས་མི་རབས་ཕྱི་མར་རེ་བ་དཀའ་མོར་སྣང་། ང་ཚོ་རང་བཙན་འཐབ་རྩོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་འཕྲོད་བསྟེན་དང་། མི་རིགས་ཀྱི་ཕུགས་བསམ་ཆེད་ད་ལྟ་ནས་ལས་འགུལ་དེ་རིགས་མང་ཙམ་སྤེལ་རྒྱུ་དང་རྒྱབ་སྐྱོར་ཡོང་བའི་རེ་སྨོན་ཡོད།

    Reply
  4. གླིང་ཚང་བྱ་གླག says:
    ལོ་ 17 སྔོན།

    ཅི་ནས་ཀྱང་ཡུལ་གྱར་བ་ཚོས་གཞིས་ལུས་བོད་མི་རྣམས་ལ་མིག་དཔེ་བལྟ་དགོས་པ་སེམས།
    ཁོང་རྣམས་ཀྱིས་སྙིང་སྟོབས་ལ་གཟིགས་དང་།
    དགའ་འོས་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese