ཟླ་འདིའི་ཚེས་ ༣ ཉིན་ལྕགས་མོ་མཚོའི་ཟིན་བྲིས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ ༢༠༠༨ ལོར་མདོ་སྨད་བླ་བྲང་ཡུལ་གྱི་ས་བྱི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་གནང་བའི་དུས་འཁོར་གྲྭ་ཚང་གི་གྲྭ་ཐབས་མཁས་རྒྱ་མཚོའམ་དུས་འཁོར་ཐབས་ལགས་ལ། ༢༠༠༥ ལོ་ནས་བཟུང་ཕྱི་ཕྱོགས་སུ་ཡོད་པའི་བོད་རང་བཙན་གྱི་ཚོགས་པ་ཁག་ལ་འབྲེལ་བ་བྱས་པ་དང་། ༢༠༠༨ ལོར་མི་རིགས་ཁ་བྲལ་ལ་དམིགས་པའི་བོད་མིའི་ཞི་རྒོལ་ནང་མཉམ་ཞུགས་བྱས་པའི་ཉེས་མིང་འོག་ ༢༠༠༩ ལོའི་ཟླ་ ༥ བའི་ཚེས་ ༢༡ ཉིན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བདེན་དཔང་མི་སྣ་གསུམ་ལ་ར་སྤྲོད་བྱེད་དུ་བཅུག་ཡོད་པ་དང་། ཁོང་གིས་ཀྱང་ཁ་བྲལ་གྱི་ལས་དོན་སྤེལ་བར་ངོས་ལེན་བྱས་ཡོད་ཚུལ་བརྗོད་དེ་ཁོང་ལ་ལོ་ ༡༥ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་མ་ཟད། ལོ་ ༥ རིང་གི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་པ་རེད། རྒྱ་ནག་གུང་ཁྲན་གཞུང་གིས་རྒྱ་ནག་མི་མང་རང་གི་ཁེ་ཕན་དང་དམིགས་འདུན་ཁོ་ནར་བསམ་ཏེ། ཆབ་སྲིད་དང་འབྲེལ་བའི་གྱོད་དོན་ཁག་ལ་དྲང་བདེན་སྒོས་ཁྲིམས་ཞིབ་མི་བྱེད་པ་དང་། གྱོད་ཡར་ཁྲིམས་རྩོད་པ་སོགས་གདན་འདྲེན་ཞུ་བའི་ཐོབ་ཐང་ཡང་མི་སྤྲོད་པར་གསང་བའི་སྒོ་ནས་ཁྲིམས་རྭར་བསྡུ་བ་དང་། ལྷག་པར་དུ་བོད་དང་ཞིན་ཅང་གཙོས་བའི་གྲངས་ཉུང་མི་རིགས་ཁག་ལ་ཚད་ལས་བརྒལ་བའི་ཉེས་ཆད་ལྗིད་མོ་གཅོད་བཞིན་པའི་གནས་སྟངས་མང་པོ་ཞིག་བྱུང་ཡོད་སྟབས། རྒྱལ་སྤྱིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གི་ཚོཊ་པ་ཁག་གིས་རྒྱ་ནག་གི་བྱེད་ལས་འདི་དག་གི་ཐད་སྐྱོན་བརྗོད་ཤུགས་ཆེར་བྱེད་བཞིན་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཨ་ཁ་ཁ་ཡང་ཉེས་པ་མེད་པར་ཉེས་ཆད་ཕོག་འདུག་སྙིང་རྗེ།
དྲ་རྒྱའི་འཛིན་སྐྱོང་བ་དང་དྲ་གྲོགས་ལྷན་རྒྱས་མཆོག་ལ།
་ཞུ་གསོལ། གུས་བུ་སྨྱོན་ནས་རང་ཉིད་ཀྱི་ཉིན་དེབ་ཚབ་ཏུ་ཟིན་བྲིས་ཞིག་སྒོ་ཕྱེ་འདོད་ཡོད་པས་ཇི་ལྟར་བྱས་ཏེ་ཟིན་བྲིས་གསར་བཟོ་ཐུབ་རྒྱུར་ལམ་སྟོན་གནང་རོགས།
བུ་སྨྱོན་པས།
བོད་པ་ཚོ་སྙིང་རྗེ།
གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག །
ཁྱེད་ཅག་གིས་སྙིང་སྟོབས་ལ་ཞུམ་པ་མེད
ང་ཚོའི་བསྔགས་བརྗོད་ལ་རྫོགས་མཐའ་མེད
དེ་ཨེ་རེད་དྲ་གྲོགས་ཚོ
ངོ་མ་ཁྱེད་དཔའ་བོ་རེད། ང་ཚོ་རང་དབང་ལུང་པ་ན་དགོན་སྡེ་ཆེ་གྲས་འགས་སློབ་གཉེར་ཉམས་གུད་དུ་འགྲོ་རྒྱུར་ཞེད་སྣང་བྱེད་པ་ལས་གངས་ཅན་ལྗོངས་འདི་རྒྱ་དམར་གྱི་ལག་འོག་ཏུ་ཤོར་བར་འདི་ཙམ་དོ་སྣང་མིན་འདུག། དེ་ནི་འགོ་ཀྲིད་ཀྱི་ལན་པ་ལས་་དགེ་འདུན་པ་རྣམས་ལ་ཉེས་པ་མེད།
ཁ་སྟོང་པར་ལྕེ་ཡུག་ཡུག་གི་ཕན་གྱི་མ་རེད། དེ་ལས་བཙན་བྱོལ་སྤྱི་ཚོགས་ནང་གི་འདྲེ་དག་རྩ་མེད་བཟོས་ན་བཟང་།
ཡང་གཅིག་ཚར་སོང་
བདེན་དོན་ཚོལ་བའི་དཔའ་རྒོད་ལགས་
ངོ་མ་ཡིད་སྨོན་སྐྱེ་གི
ངའི་སེམས་པའི་གཟབ་ས་ནས་ཁྱེད་ལ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ད་ཅི་ཞིག་ཕན་་་་་་་ཤུ་རེ་ཁོ
རྒྱ་ལག་ཏུ་ཐེབ་ཚར་བའི་རྗེས་ལ་དྲང་བདེན་དང་ཁྲིམས་དང་མཏུན་མི་མཐུན་ཟེར་བ་སོགས་ནི་དོན་མེད་ཁ་ན་བའི་སྐད་ཆ་རང་རེད། དེ་བས་བོད་མི་སུ་དང་སུ་ཡིན་རུང་རྒྱ་ལག་ཏུ་མ་ཐེབས་པའི་ལམ་ཤེས་གང་ཡོང་བྱས་བཟང་སྙམ། ལས་འགུལ་གང་ཞིག་སྤེལ་རྗེས་ཉེན་གཡཔལ་ལྟ་བུར་གང་སར་འཁྱམས་སོང་ན་ཅི་འདྲ། རྒྱ་ནག་གིས་སྡུག་སྦྱོང་གཏོང་སྟངས་དེ་ཚོ་བཤད་ན་ཤ་འདར་བའི་ཚོད་རེད། དངོས་གནས་གཞུས་ལུས་སྤུན་ཟླ་ཚོ་བོད་མི་རིགས་ཀྱི་དཔའ་བོ་རང་རེད་ཡ། ལོ་བཅོ་ལྔ་ཟེར་ན་མི་ཚེའི་བཞི་ཆའི་གཅིག་རེད། ཅི་ལྟར་འཁྱོལ་ལམ།