མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོང་པ་དང་ཚོང་ལས་ནི་འཚོ་ཐབས་ཚད་ལྡན་བཀུར་འོས་པ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༡༠/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

ད་ཆར་རྒྱ་གར་རྒྱལ་ཡོངས་སུ་ཁ་བཀྲམས་བསྡད་ཡོད་པའི་བོད་མིའི་སིལ་ཚོང་བ་ཅི་ཙམ་ཡོད། དེ་དག་གིས་མ་རྩ་ག་ཚོད་ཅིག་འཁོར་སྐྱོད་བྱེད་ཀྱིན་ཡོད། ཕྱི་ལོགས་སུ་ཁེ་ཕན་ག་ཚོད་ཅིག་ཤོར་གྱིན་ཡོད། དེ་བཞིན། ཞིང་པའི་མཐུན་རྐྱེན་ཡོངས་རྫོགས་ཕྱི་ལོགས་སུ་འགྲོ་བཞིན་ཡོད། དེ་དག་ཡོངས་རྫོགས་ཕྱིར་བོད་མིའི་སྤྱི་ཚོགས་ནང་སྐོར་སའི་ཁྲོམ་ར་བསྐྲུན་ཐུབ་པ་ཡིན་ན། ཚོང་པ་སོ་སོར་ཁེ་ཕན་ཆེན་པོ་ཡོད་ལ། བོད་མིའི་སྤྱི་ཚོགས་ལ་ཡང་ཁེ་ཕན་ཆེན་པོ་ཡོད། ཅེས་བཀའ་ཁྲི་མཆོག་གིས་གསུངས་ཡོད།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་གངས་སྐྱིད་སྤྱི་ཐབས་ཐོག་ཁང་དུ་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣ པ་དེ་ཚོགས་ཡོད་ལ། ཚོགས་འདུའི་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག བོད་གཞུང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་འགྲུབ་མཆོག དེ་བཞིན་ཀཱང་ར་རྫོང་ཉེན་རྟོག་ལས་ཁུངས་ཀྱི་མགོ་བ་ཨཱ་ཏོལ་Atul དང་ལྷན་ཁང་ཁག་གི་དྲུང་ཆེ་བཅས་ཆེད་ཕེབས་གནང་ཡོད། ཐེངས་འདིའི་ཚོགས་ཐོག་ཏུ་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོང་པ་དང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་ ༥༠ ལ་ཉེ་བ་ལྷན་ཞུགས་གནང་ཡོད། ཚོགས་འདུའི་ལས་རིམ་ཐོག་མར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་དྲུང་ཆེ་ཟླ་བ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ཟླ་ ༦ ནང་བཀའ་ཤག་དང་འཛིན་སྐྱོང་གི་ལམ་སྟོན་འོག གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་གི་ངོ་བོར་བོད་ཀྱི་ཚོང་པའི་ལྷན་ཚོགས་བཙུགས་པ་དང་། འདས་པའི་དུས་སུ་ལྡི་ལི་དང་ངྷ་རམ་ས་ལ་བཅས་ཐེངས་གཉིས་ལ་ཚོགས་འདུ་ཚོགས་ཡོད་སྐོར་ངོ་སྤྲོད་གནང་བྱུང་།

 

སྐབས་དེར་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་ང་ཚོ་རྒྱུན་ལས་རྣམ་པས་དུས་ནས་དུས་སུ་ཚོགས་མི་ཉམས་མྱོང་དང་ཤེས་འཇོན་ཅན་དག་ལ་བཀའ་སློབ་ལམ་སྟོན་ཞུས་ཏེ་ལས་དོན་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ནང་ངེད་ཅག་སྐབས་གཉིས་པའི་རྒྱུན་ལས་གསར་པ་ཚོས་འགན་ལེན་སྐབས། བོད་ཀྱི་ཚོང་པའི་ལྷན་ཚོགས་འདི་ཧ་ཅང་ཉག་ཕྲ་བའི་དུས་ཚོད་ཅིག་ལ་འཁེལ་འདུག སྐབས་དེར་ཚོགས་མི་ ༡༥ ཙམ་ལས་མི་འདུག ལས་འགན་ཕྲག་ཏུ་བབ་མ་ཐག་ང་ཚོ་ངྷ་རམ་ས་ལར་བཅར་ཏེ། གཞུང་གི་ལས་ཁུངས་ཁག་ལ་རྒྱབ་སྐྱོར་རོགས་རམ་འབོད་སྐུལ་ཞུས་པ་ཡིན། ད་ཆར་ཚོགས་མི་ ༩༥ ཙམ་ལ་སླེབས་ཡོད་ཅེས་གསུངས་མཐར་དབྱིན་སྐད་ཐོག་ལས་བསྡོམས་སྙན་སྒྲོན་ཞུས་སོང་། དེའི་རྗེས་བཀའ་བློན་ཁྲི་པ་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན། བོད་པའི་སྤྱི་ཚོགས་ནང་ཚོང་པ་གནའ་སྔ་མོ་ནས་ཡོད། དེང་སྐབས་ཚོང་པ་དང་ཁྲོམ་ར་གཉིས་གཅིག་གྱུར་དུ་རྩི་བཞིན་འདུག་མོད། བོད་ཀྱི་རིག་གནས་གཞིར་བཟུང་བྱས་ན། ཚོང་པ་ཡིན་ན་ཁྲོམ་ར་བ་ཡིན་པའི་ངེས་པ་མེད། སྔོན་རྒྱ་གར་ནང་དུའང་ཁྲོམ་ར་མ་དར་གོང་ནས་ཚོང་ལས་དར་ཡོད། དེ་བཞིན་བོད་དུའང་ཁྲོམ་ར་མ་དར་སྔོན་ནས་ཚོང་ལས་དར་ཡོད། ཚོང་དང་ཚོང་ལས་ཟེར་བ་དེ་འགྲོ་བ་མིའི་སྤྱི་ཚོགས་ནང་གི་འཚོ་ཐབས་རྙིང་ཤོས་ཤིག་དང་འཚོ་ཐབས་ཚད་ལྡན་བཀུར་འོས་པ་ཞིག་ཡིན། ང་དགུ་ལོར་ང་ཚོ་བཙན་བྱོལ་དུ་འབྱོར་སྐབས། བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་ཚོང་པ་རྙིང་པ་མང་པོ་ཡོད། དེ་ནི་ལྔ་བཅུ་ང་གྲངས་ནང་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནང་ཞུགས་མཁན་མང་ཆེ་ཤོས། དབུས་སུ་ཡོད་པའི་མདོ་སྟོད་སྨད་ཀྱི་ཚོང་པ་དེ་ཚོ་རེད། ཅེས་གསུངས་བྱུང་།

 

ཁོང་གིས་བོད་མིའི་ཚོང་ལས་ལ་གསར་གཏོད་དང་ལེགས་བཅོས་དགོས་སྐོར་གསུངས་དོན། ང་ཚོས་ད་བར་ཚོང་ལས་ཀྱི་ཐོག་ལ་དེང་རབས་དང་མཐུན་པའི་ཉམས་ཞིབ་དང་སྒྱུར་བཅོས་གང་ཡང་གཏོང་ཐུབ་ཀྱིན་མི་འདུག སྤྱིར་བོད་མིའི་གཤིས་ཀའི་སྟེང་ཚར་གཅིག་གསར་གཏོད་བྱས་པ་ཡིན་ན། རིམ་གྱིས་དེ་ནི་སྲོལ་རྒྱུན་གྱི་ངོ་བོར་འདྲེས་ཏེ་འགྱུར་བ་དང་ལེགས་བཅོས་གང་ཡང་མེད་པར་རྒྱུན་འཛིན་བྱེད་པའི་གོམ་གཤིས་ཡོད། ཐོག་མར་བཙན་བྱོལ་གཞུང་དང་དཔལ་འབྱོར་ལས་ཁུངས་ཀྱི་ངོས་ནས་བོད་མིའི་ཚོང་ལས་བདེ་དོན་ཚོགས་པ་ཞིག་བྱུང་ན། བོད་མིའི་ཚོང་ལས་ཡར་རྒྱས་དང་གསར་གཏོད་ཀྱི་རྣམ་པ་མི་ཡོང་ངམ་སྙམ་པའི་རེ་བ་བཅིངས་པ་རེད། ང་རང་ལ་མཚོན་ན། ཚོང་ལས་ཡག་པོ་བྱས་པ་ཡིན་ན་འཚེ་བ་མེད་པ་དང་ཞུ་བཞོག་མེད་པའི་འཚོ་ཐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། འོན་ཀྱང་དེང་སྐབས་ཚོང་ལས་ཟེར་བ་དེ་གོ་ལ་གཅིག་གྱུར་གྱི་གནས་བབ་འོག་ཏུ་འགྲོ་བཞིན་ཡོད་སྟབས། ཚོང་པའི་བཟང་སྤྱོད་དེ་གནས་ཐབས་ཁག་པོ་རེད། དེར་བརྟེན་ང་ཚོས་ས་གནས་རང་བཞིན་གྱི་ཚོང་ལས་ལ་འབད་བརྩོན་ཞུ་དགོས། བརྒྱ་ཆའི་བརྒྱ་ས་གནས་རང་བཞིན་གྱི་ཚང་ལས་ཉེར་དགོས་ཟེར་ན་ཁག་པོ་ཡོད་མོད། རྩལ་དུ་བཏོན་ཏེ་སྤྱི་ཚོགས་རང་བཞིན་ཅན་དང་། ས་གནས་རང་བཞིན་ཅན་གྱི་ཚོང་ལས་ཡར་རྒྱས་གཏོང་ཐུབ་པ་ཡིན་ན། ང་ཚོའི་སྤྱི་ཚོགས་ལ་ཕན་རླབས་ཆེན་ཡོད།  ཅེས་དང་།

 

ང་ཚོའི་སྤྱི་ཚོགས་ནང་ཚོང་ལས་སྔ་མོ་ནས་ཡོད་ཀྱང་། ཚོང་ལས་དེང་རབས་ཅན་དུ་བསྒྱུར་རྒྱུར་ཐུབ་མེད། བོད་མི་ཚོ་བཟོ་བ་ཡག་པོ་ཡིན་པ་ལས་ཚོང་པ་ཡག་པོ་མིན་ཟེར་སྲོལ་ཡོད་པ་ལྟར། བོད་མིས་མགར་བྱེད་པ་དང་ཤིང་བཟོ་བ། གདན་འཐག་པ།  ཐང་ག་འབྲི་བ་སོགས་ཀྱི་ལག་རྩལ་ཕུན་སུམ་ཚོགས་པ་མང་པོ་ཡོད་ཀྱང་། ལག་རྩལ་དེ་ཁྲོམ་རའི་ནང་འཁྱེར་ཐབས་དང་སོ་སོས་ཁྲོམ་ར་བསྐྲུན་རྒྱུར་འབད་འབུང་བྱེད་མཁན་མེད་ལ། དེ་བཞིན་བཟོ་ལས་ཀྱི་མ་གནས་ཆུང་དུ་གཏོང་རྒྱུ་དང་སྤུས་ཀ་ཡག་ཏུ་གཏོང་རྒྱུ་སོགས་ལ་ཞིབ་འཇུག་དང་གསར་གཏོད་ཀྱི་ནུས་པ་མི་འདུག གདན་འཐག་རྒྱུ་དེ་བོད་མིའི་སྲོལ་རྒྱུན་གྱི་ལག་རྩལ་རེད་ལ། རིག་གཞུང་ཞིག་ཀྱང་ཆགས་ཡོད། དེ་ལ་དུས་རབས་དང་མཐུན་པའི་འགྱུར་བ་ཕྲན་བུ་བཏང་བ་ཡིན་ན། མ་གནས་ཆུང་དུ་གཏོང་ཐུབ་པ་དང་ཁྲོམ་ར་ཆེན་པོ་རྙེད་ཐུབ་པའི་གོ་སྐབས་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་བཀའ་ཁྲི་མཆོག་གིས་ཚོང་གི་ཐོན་སྐྱེད་དང་ཐོན་རྫས། ཁེ་སྤོགས་སོགས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འཁོར་ཐུབ་པ་ཞིག་གནང་གལ་ཆེ་སྐོར་ནན་གྱིས་གསུངས་དོན། དེང་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བལ་གོས་ཀྱི་ཚོང་ལས་རྒྱ་ཆེ་ཤོས་ཆགས་ཡོད། དེ་ཡང་ལོ་སུམ་ཅུའི་ཡར་སྔོན་ལ་འགྲོ་སྟངས་གང་ཡོད་པ་དེ་རང་གི་ཐོག་འགྲོ་རྐྱང་བྱེད་པ་ལས། དུས་རབས་དང་མཐུན་པའི་འགྱུར་བ་གང་ཡང་་ཕྱིན་མེད། འཕྲལ་སེལ་ཙམ་ལས་མཉམ་རུབ་དང་ཆིག་སྒྲིལ། ཁྲོམ་རའི་རྣམ་པ་ཅན་གྱི་ཚོང་ལས་བྱ་རྒྱུའང་དཀོན་པོ་རེད། སྔོན་མ་ང་ཝ་རྭ་ན་སིར་སྡོད་སྐབས། ས་ཡི་ཕོར་བའི་ནང་ཇ་ཞིག་བཙོང་རྒྱུ་ཡོད། དེ་ལ་པེ་ཤག་ ༥༠ རེད། ཉུང་ཤོས་ཐེངས་བཅུ་དྲུག་དང་། མང་ཤོས་ཐེངས་ཉི་ཤུ་རྩ་གྲངས་ལ་ཁྲལ་འཇལ་འདུག གལ་སྲིད་ཁྲལ་དེ་དག་འཇལ་མི་དགོས་བའི་ཐབས་ལམ་ཐོག་བསྐྱོད་ཐུབ་ན། ཇ་ཕོར་བ་གང་དེ་པེ་ཤག་ ༢ ལས་འགྲོ་སོང་མེད། དེ་བཞིན་དུ་བོད་མིའི་བལ་གོས་བཙོང་མཁན་ཚོས་ཀྱང་ལུག་བལ་ལུག་གི་རྒྱབ་ནས་བླངས་ཏེ། བལ་གོས་ཁྲོམ་རར་སླེབས་རག་བར་ཁྲལ་དང་ཁེ་སྤོགས་ག་ཚོད་གཞན་གྱིས་ཟོས་ཡོད། བོད་མི་བལ་གོས་བཙོང་མཁན་ཚོས་རྒྱ་གར་ལའོ་ཏེ་ཡ་ནཱའི་ཚོང་པ་ཚོ་བཀའ་དྲིན་ཆེན་པོར་བརྩི་བཞིན་ཡོད། གང་ཡིན་ཟེར་ན་ཁོང་ཚོའི་ས་ནས་ཁེ་བཟང་རག་གིན་ཡོད། གལ་སྲིད་སོ་སོས་བལ་གོས་བཟོས་ཏེ་ཁྲོམ་རར་བསྐྱལ་ཐུབ་པ་ཡིན་ན་ཁེ་སྤོགས་དེ་ལས་ཆེ་བ་རག་ཐུབ། བོད་མིའི་སྤྱི་ཚོགས་ཆུང་ཆུང་རེད། མ་རྩའི་རང་འཁོར་རྒྱག་པ་དང་། ཁེ་ཕན་དེ་ཡང་བོད་མིའི་བཟོ་ཞིང་འབྲོག་གསུམ་ཐོག་འབབ་ཐབས་ལ་འབད་བརྩོན་བྱས་ཏེ། སྤྱི་ཚོགས་འདུས་སྡོད་ཀྱི་ལས་དོན་བསྒྲུབ་ཐུབ་པ་ཡིན་ན་ཡག་པོ་ཞེ་དྲག་རེད་སྙམ། ཞེས་དང་།

 

ཁོང་གིས་མུ་མཐུད་གསུངས་དོན། བོད་མིའི་ཚོང་ལས་བདེ་ཚོགས་ཟེར་བ་དེ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་གི་ངོ་བོར་བཙུགས་ཡོད་སྟབས། གཞུང་ལ་བརྟེན་མ་དགོས་པར་རང་སྐྱ་ཐུབ་ཐབས་བྱ་རྒྱུ་གལ་ཆེན་པོ་རེད། འོན་ཀྱང་གནས་ཚུལ་མཁོ་སྤྲོད་དང་ཕན་ཚུན་ངོ་སྤྲོད་ཀྱི་ལས་དོན་རིགས་ཏན་ཏན་གཞུང་གིས་གནང་དགོས་པ་ཞིག་རེད། ང་ཚོའི་རེ་བ་གང་ཡིན་ཟེར་ན། བོད་མིའི་ད་ལྟའི་ཚོང་ལས་རིགས་དེང་རབས་ཅན་དུ་བསྒྱུར་རྒྱུ་དང་། ཚོང་པ་དག་གིས་མིག་མཐོང་གཟུགས་གྲུབ་ཀྱི་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་པར་འབད་བརྩོན་གནང་བ་ཡིན་ན། དེ་ལ་གྲུབ་འབྲས་ལྡན་པ་ཞིག་ཏན་ཏན་ཡོང་གི་རེད། ད་ཆར་རྒྱ་གར་རྒྱལ་ཡོངས་སུ་ཁ་བཀྲམས་བསྡད་ཡོད་པའི་བོད་མིའི་སིལ་ཚོང་བ་ཅི་ཙམ་ཡོད། དེ་དག་གིས་མ་རྩ་ག་ཚོད་ཅིག་འཁོར་སྐྱོད་བྱེད་ཀྱིན་ཡོད། ཕྱི་ལོགས་སུ་ཁེ་ཕན་ག་ཚོད་ཅིག་ཤོར་གྱིན་ཡོད། དེ་བཞིན། ཞིང་པའི་མཐུན་རྐྱེན་ཡོངས་རྫོགས་ཕྱི་ལོགས་སུ་འགྲོ་བཞིན་ཡོད། དེ་དག་ཡོངས་རྫོགས་ཕྱིར་བོད་མིའི་སྤྱི་ཚོགས་ནང་སྐོར་སའི་ཁྲོམ་ར་བསྐྲུན་ཐུབ་པ་ཡིན་ན། ཚོང་པ་སོ་སོར་ཁེ་ཕན་ཆེན་པོ་ཡོད་ལ། བོད་མིའི་སྤྱི་ཚོགས་ལ་ཡང་ཁེ་ཕན་ཆེན་པོ་ཡོད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༡༠ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༡༣ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 11

  1. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    བོད་པའི་ཚོང་ལས་དཔལ་འབྱོར་དར་རྒྱས་དང་ཕྱུགས་པོ་ཆགས་དགོས་ངེས་ཤིག་ཡིན། འོན་ཀྱང་བོད་པ་རེ་གཉིས་མ་ཏོག་བོད་པ་ཕྱུགས་པོ་ཆགས་རྗེས་བོད་གཞུང་དང་རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་བརྗེད་དེ་རང་ཉིད་ཀྱི་འཇོན་པ་ཡིན་བསམ་ཏེ་གང་བྱུང་བྱ་བཞིན་ཡོད་། དེ་དངོས་གནས་སེམས་སྐྱོ་དགོས་པ་ཞིག་ཡིན།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    བོད་ཕྱི་ནང་གཉིས་སུ་ཚོང་པ་ངོ་མ་ཞིག་མཐོང་མ་མྱོང་། ཚོང་བརྒྱབས་ནས་ཕྱུག་པོ་ཆགས་པ་རེད་ཟེར་བ་དེ་ཚོ་ནི་ནག་ཚོང་བརྒྱབ་ནས་ཕྱུག་པོ་བཟོས་པ་རེད་འདུག

    Reply
  3. Khamrin says:
    ལོ་ 16 སྔོན།

    རེད། མཁས་དབང་ཆོག་ལ་བསམ་བློ་གསར་པ་འདིར་འདྲ་ཞིག་ཡོད་པ་སྤྱིར་ང་ཚོས་བོད་ཡོངས་ཀྱི་རྒྱེན་རེད་ལ་དགའ་ཚོལ་སྐྱེས་འོད་པ་ཞིག་ཀྱང་རེད། སྤྱིར་ང་ཚོའི་བོད་མི་བཙན་འབྱོར་བའི་སྤྱིར་ཚོགས་ནང་དུ་ང་ཡིན་ཁོ་ཡིན་ཟེར་མཁས་དང་མཁས་དབང་ཡིན་ལབ་མཁན་མང་དག་ཞིག་ཡོད་པ་སྨྲོ་མ་དགོས། འོན་ཀྱང་། བོད་པའི་སྤྱིར་ཚོགས་རང་རིགས་སྤྱི་ཁེ་ཕན་ལ་བསམ་ཞིབ་བྱེད་མཁན་ཆེས་ཉུང་དྲག་པ་དང་། གར་སྲིད་དངོས་གནས་ལྷག་བསམ་ཅན་དང་ཤེས་ཡོད་ཅན་མཁས་དབང་ཁོང་ལྟར་བུ་ཡོང་དུས་ཕྲག་དོག་དང་ཕན་ཚུན་ལ་ཞེ་འགྲས་ཁོ་ན་བསྐྱང་ནས་སྡོད་འདུག། འདིར་འདྲ་ཡིན་རྩམ། བོད་མི་ཡོངས་ཀྱི་བསམ་ཞིབ་བྱེད་དགོས་པར་ཞིག་རེད་སྙམས།
    གཉིས་པ། གོང་གི་ཟིན་བྲིས་འདིར་དག་ནང་དུ་བོད་མིའི་ཚོང་པར་ཚོས་བོད་པའི་སྤྱིར་ཚོགས་ནང་དུ་རོགས་ཕན་བྱེད་ཀྱིས་མི་འདུག་བཅས། བསམ་ཆ་འདོད་མཁན་མང་དག་ཞིག་འདུག། འོན་ཀྱང་། ཕྲན་སྒེར་གྱིས་མཐོང་ཚུལ་སྟེང་ནས་ཤོད་པ་ཡིན་ན། བོད་པའི་སྤྱིར་ཚོགས་ནང་དུ་ཚོང་ལས་བྱེད་མཁན་འདིར་དག་གིས་ཁེ་ཕན་ཆེ་པོས་སྐྲོན་ཡོད། གནའ་སྔ་མོ་སྔ་མོའི་དུས་ནས་བོད་ཤར་ཕྱོགས་བོད་མིས་ཚོང་ལས་ལ་སྤྲོ་སྣང་ཅན་དང་གཡིངས་ཡོད་མཁན་ཤར་སྟག་ཡིན་སྟབས། ཚོང་ལས་བྱེད་ཆད་མི་ཉུང་ཞིག་ཡོད་དང་ཡོད་བཞིན་པ་རེད། འདིིར་དག་གིས་གྲུབས་འགྲེལ་ལ་ལྟོས་ན་ཁེ་ཕན་ཆེ་པོས་རེགས་ཡོད། དཔེར་ན། མཐོ་སློབས་ཁག་གི་ཞིབ་འཇུག་བསློབ་མའི་ཕལ་ཆེད་ཚོང་ལས་གྲུབས་འགྲེལ་ལ་སྟོན་ནས་བྱུང་ཞིག་རེད་སྙམས།
    བཀྲ་ཤེས་བདེ་ལེགས། དེ་རིང་དུས་ཚོད་དང་སྟོན་འདིར་རྩམ་ཡིན་རྗེས་མ་མང་རྩམ་འབྲི་ཐུབ་པ་རེད་བ་ཡོད།

    Reply
  4. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    ང་ཚོ་བོད་པ་ལ་ཚོང་པ་སྔ་མོ་ནས་ཡོད་ཀྱང༌། ཚོང་གི་ལྟ་གྲུབ་ཞིག་ད་ལྟ་ཡང་མེད། སྟབས་ལེགས་པ་ཞིག་ལ་རྒྱ་གར་ནང་འབྱོར་རྗེས་བལ་གོས་ཀྱི་ཚོང་ལས་བོད་པ་ཚོས་བཟུང་ཐུབ་པ་བྱས་རྗེས་ཆེན་པོ་ཞིག་རེད། འོན་ཀྱང་1960་ནང་གི་བལ་གོས་འཚོང་སྟངས་དེ་ད་ལྟ་མི་ལོ་60་འདས་པའི་རྗེས་ལ་ཡང་དུས་དང་མཐུན་པའི་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་ཐེབ་མེད། ཁྱད་མཚར་རེད། བོད་པའི་ནང་སྤྱིར་དེང་དུས་ཀྱི་ཤེས་ཡོན་ཅན་ཡོད་ལ། སྒོས་སུ་དཔལ་འབྱོར་རིག་པ་དང་ཚོང་ལས་B com and m com ཐོན་པ་མང་པོ་ཡོད་པ་དེ་དག་གི་ཐུགས་ལ་ཡང་འགྱུར་བཅོས་གཏང་རྒྱུའི་རྣམ་རྟོག་འཆར་གྱི་མེད་པ་རེད། ཁྱད་མཚར་རེད་པ་ལགས།་ ཨ་རི་ལ་སྡེར་མ་དང་གསང་སྤྱོད་སོགས་འཁྲུ་བར་འགྲོ་མི་དགོས་པར་རང་གི་ཤེས་ཡོན་བེད་སྤྱད་དེ་རྒྱ་གར་གྱི་ནང་དུ་ལས་འགུལ་མང་པོ་སྤེལ་རྒྱུ་ཡོད་པ་དེ་བཀའ་བློན་ཁྲི་པའི་ཐུགས་ལ་མ་གཏོགས་དེང་གི་བོད་རིགས་ན་གཞོན་ཤེས་ཡོན་ཅན་ཚོའི་ཐུགས་ལ་འཁོར་མི་ཆོག་ཡིན་ནམ། གང་ཡིན་ནམ། ལགས།

    Reply
  5. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    བོད་ཀྱི་ཚོང་པ་རྣམས་དཔལ་འབྱོར་ཆེན་པོ་ཆག་ན་བོད་རིགས་ཉམས་ཐག་ཚོར་
    དང་སློ་གྲྭ་དང་དགོན་སྡེ་ཁག་ལ་རོགས་རམ་བྱེད་རྒྱུ་ཁག་པོ་རེད།གང་ཡིན་ཟེར་ན་བོད་མི་རྣམས་འདོད་འཚིམ་རྒྱུ་ཡོད་མ་རེད།།།

    Reply
  6. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    བོད་ཀྱི་ཚོང་པ་རྣམས་དཔལ་འབྱོར་ཆེན་པོ་ཆག་ན་བོད་རིགས་ཉམས་ཐག་ཚོར་
    དང་སློ་གྲྭ་དང་དགོན་སྡེ་ཁག་ལ་རོགས་རམ་བྱེད་རྒྱུ་ཁག་པོ་རེད།གང་ཡིན་ཟེར་ན་བོད་མི་རྣམས་འདོད་འཚིམ་རྒྱུ་ཡོད་མ་རེད།།།

    Reply
  7. གྲྭ་རྒོད says:
    ལོ་ 16 སྔོན།

    འཛུག་བསྐྲུན་ནི་གལ་ཆེན་ཞིག་ཡིན།འོན་ཀྱང་ལག་ལེན་ཐོག་འཐུས་ཤོར་མ་སོང་བ་ཞིག་བྱེད་རྒྱུ་དེ་ལས་ཀྱང་གལ་ཆེ།འཛིན་སྐྱོང་ཡག་པོ་ཞིག་དང་དམ་པོར་ཞིག་ཡོང་བའི་རེ་བ་ཡོད།འདྲ་ཆོག་ཆོག་དང་སྤྱི་ཚོགས་ནང་སྐད་ཆ་འགོག་ཐུབ་ཞིག་ཡིན་ན་དོན་སྙིང་གང་ཡང་མ་མཐོང་།འཛིན་སྐྱོང་ཡང་དག་པ་ཞིག་ཡོང་བའི་རེ་བ་དང་བཅས་ཡར་རྒྱས་ཡོངས་པའི་སྨོན་ལམ་ཡོད།

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    བོད་ཀྱི་ཚོང་ལས་པ་ཚོ་ལམ་འགྲོ་ཡིད་པར་ཤོག

    Reply
  9. ནད་པ says:
    ལོ་ 16 སྔོན།

    མཁས་དབང་ཟམ་དོང་རིན་པོ་ཆེས་གསུང་པ་བཞིན་འཕགས་བོད་གཉིས་སུ་ཁྲོམ་ར་མ་དར་གོང་ནས་ཚོང་ལས་དར་བ་རེད་ལ་རིག་གནས་དང་འཚོ་ཐབས་གཉིས་ཀྱི་སྐོར་ནས་བརྗོད་ནའང་ཚོང་ལས་ཀྱི་ངོ་བོ་དེ་རྙིང་ཤོས་དང་འཚོ་ཐབས་ཀྱི་ཆ་ནས་རང་སྐྱ་འཕེར་བའི་འཚོ་གནས་ཞིག་ཡིན་སྟབས་ཚོང་པའི་བྱ་གཞག་ནི་དངོས་གནས་རང་འཚོ་ཐུབ་པའི་འཚོ་གནས་རྦས་ཆེན་ཞིག་རེད།

    ང་ཚོས་དུས་རྟག་ཏུ་སྦྱིན་བདག་གཞན་ལ་བརྟེན་པའི་འཚོ་བ་ཁོ་ནར་བརྟེན་ཐབས་བྱས་ནས་བསྡད་ན་དེས་གནས་སྐབས་ཙམ་གྱི་འཚོ་བ་ལས་ཕུགས་བརྟན་གྱི་འཚོ་ཐབས་ཡང་དག་ཅིག་ཡོང་ཐབས་མེད་སྟབས་མི་སྒེར་སོ་སོས་གང་ཐབ་ཀྱི་སོ་སོའི་ལས་རིགས་གང་ཞིག་ཡིན་ཡང་དེའི་ཐོག་ནས་འཚོ་གནས་མངོན་འགྱུར་ཐུབ་པ་ཞིག་བྱེད་དགོས།

    ད་དུང་རིན་པོ་ཆེས་གསུངས་བ་ལྟར་བོད་རིགས་ཚོང་ལས་ཀྱི་སྡེ་ཁག་སོ་སོས་བསམ་བློ་བཏང་། ཀླད་པ་དཀྲུག་དཀྲུག་བཏང་། སློབ་སྦྱོང་བྱས། གཞན་ལ་སློབ་སྟོན་ཞུས། ཞིབ་འཇུག་བཅས་བྱས་ཏེ་ཚོང་ལས་ཁྲོམ་རའི་ཁོར་ཡུག་ཅིག་བསྐྲུན་ཐབས་བྱས་ཏེ་བོད་མི་རིགས་གནའ་བཟང་ཚོང་ཟོག་གི་ངོ་བོ་ཁག དཔེར་ན།

    ལྷ་སྐུ། འཇིང་སྐུ། ཐང་ཀ། འཚེམ་འབྲུབ། ཤིང་བཟོ། བལ་ཐགས། མལ་གོས། ཁ་གདན། ས་གདན། ཁ་གཏགས། ཆས་གོས། ཕྲ་ཚོམ་གྱི་རྒྱན་ཆ། རྩམ་པ། གཟིམ་སྤོས། འབྲུ་ཆང་ལ་སོགས་པའི་ལས་རིགས་ཁག་ལ་ཁྲིམས་ལུགས་དང་མཐུན་པའི་དེབ་བསྐྱེལ་བྱས་ཏེ་བཟོ་གྲྭ་འཛུགས་ཐབས་དང་ཁྲོམ་ར་དཔལ་འབྱོར་ཅན་དུ་བསྒྱུར་ཐབས་བྱེད་ཐབ་ན་སྤྱི་ཚོགས་ཁྱོན་ཡོངས་ལ་ཡང་ཕན་ཐོགས་ཆེན་པོ་བསྐརུན་ཐུབ་ངེས་ཡིན།

    དེ་དག་ཡོང་བར་བྱེད་པ་ལ་དང་པོ་ཚོང་ལས་ཀྱི་ཤེས་བྱར་དོ་སྣང་བྱེད་དགོས། དེ་ནས་བསམ་བློ་བཏང་། འཆར་གཞི་བཀོད། མཐར་རིན་པོ་མཆོག་ནས་བཀའ་སློབ་བསྩལ་བ་ལྟར་གནའ་བཟང་དེང་རབས་ཅན་དུ་མིག་མཐོང་གཟུགས་གྲུབ་ཀྱི་བོད་པའི་དཔལ་འབྱརོ་ཐད་འཚོང་ལས་དང་ཁྲོམ་རའི་ཁོར་ཡུག་ཡུག་པོ་ཞིག་བསྐྲུན་ཐུབ་ན་དེས།

    ཚོང་ལས་གཉེར་མཁན་རང་ཉིད་དང་། རང་ཉིད་ཀྱི་བུ་ཕྲུག ལས་གྲྭའི་མི་སྣ། སྤྱི་ཚོགས་ཡོངས་ཀྱི་འཚོ་བའི་མཐུན་རྐྱེན་ཇེ་ཚོགས་ཇེ་ལེགས་སུ་གཏོང་ཐུབ་པར་བརྟེན་དེས་གཞོན་སྐྱེས་ཚོའི་ཤེས་ཡོན་དང་། གཞུང་གི་ནུས་ཤུགས། རྒྱལ་ཁབ་ཀྱི་སྟོབས་ཤུགས། མི་རིགས་ཀྱི་ཁྱད་ཆོས། རིག་གུཞང་སྲུང་སྐྱོབ་སོསག་ཕྱོགས་ལ་ཕན་རླབས་ཆེན་དང་བྱས་རྗེས་ཆེན་པོ་འཇོག་ཐུབ་རྒྱུར་རེ་འབྲས་མངོན་འགྱུར་ཅན་ལྡན་ཡོད།

    Reply
  10. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    བོད་པའི་ཚོང་ལས་དཔལ་འབྱོར་དར་རྒྱས་དང་ཕྱུགས་པོར་ཆགས་དགོས་ན། ཐོག་མར་ང་ཚོས་དངོས་ཡོད་དང་འགལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འདུ་ཤེས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གཞན་བརྟེན་སྲིན་འབུ་ལྟ་བུའི་བསམ་སྤྱོད་ཐེར་འདོན་བྱེད་དགོས་འདུག བོད་པའི་ཚོང་ལས་དག་གི་ཁ་ལས་དར་བའི་སྨོན་འདུན་ཞུ།

    Reply
  11. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    བོད་ཀྱི་ཚོང་པ་རྣམས་དཔལ་འབྱོར་ཆེན་པོ་ཆགས་ན་བོད་རིགས་ཉམས་ཐག་ཚོར་རོགས་པ་རེ་བྱེད་སྲིད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese