མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


མཚན་མོ་རིང་ན་རྨི་ལམ་མང་ཟེར་སྲོལ་ཡོད་པ་ལྟར། ཁོ་གཉིས་དེ་ལྟར་མ་གཉིད་པར་ཡུན་རིང་བསྡད་པའི་རྗེས་སུ། བློ་བཟང་གིས་ཁྱེད་རང་ཁྲེལ་མེད་བྱེད་རྒྱུ་རེད་བསམ་ནས་སྐྲག་གི་འདུག་གམ།

མཚམས་སྐྱིད་ཀྱིས། དེ་འདྲ་མིན། ཁྱེད་རང་དངོས་ནས་ང་ལ་བཀའ་དྲིན་ཆེན་པོ་ཡིན། ལམ་བར་དུ་ཁྱེད་རང་མིན་ན་ང་རང་དངོས་ནས་ཤི་ཚར་ཡོད། གལ་སྲིད་འུ་གཉིས་ལྷན་དུ་འདུག་མ་ཐུབ་རང་། ངས་ཁྱེད་རང་ལ་དྲིན་ལན་ཞིག་མཇལ་དགོས་ཀྱི་ཡོད་པ་དེ་ནི་ང་རང་གི་སེམས་ནང་དུ་བརྗེད་མེད།

བློ་བཟང་གིས། དེ་འདྲ་ཟེར་དགོས་པ་མ་རེད། དེ་ནི་ང་རང་གི་བྱེད་འོས་པ་ཞིག་རེད། གང་ལྟར། དོ་ནུབ་འུ་གཉིས་ཀྱིས་ལུས་འབྲེལ་བཞག་པ་ཡིན་ན། དེ་ལ་སྐྱོན་གང་མི་འདུག་སྙམ།
ང་ལ་བྱིས་པ་ཆགས་སོང་ན།
ཁྱེད་རང་བུ་དང་འབྲེལ་བ་མེད་པ་ཞིག་གིས་དེ་ཇི་ལྟར་ཤེས་སོང་།
ང་རང་གི་ཨ་ཅེ་སྲི་མོས་ང་རང་ལ་བཤད་མྱོང་ཡོད།

བློ་བཟང་གིས། བྱིས་པ་ཆགས་སོང་བ་ཡིན་ན་སྐྱོན་ཡོད་པ་མ་རེད། ཟླ་བ་ཁ་ཤས་རིང་དུ་ཤེས་ཀྱི་མེད་པ་རེད། དེ་ཡི་རྗེས་སུ་ཤེས་ཀྱང་། ཁྱེད་རང་སློབ་གྲྭ་ནས་ཕྱི་རུ་བུད་དེ་ངེད་གཉིས་ཀྱི་ལྷན་དུ་འཚོ་བ་སྟབས་བདེ་ཞིག་རོལ་ནི་འགྲིག་གི་རེད། འུ་གཉིས་ཀ་ལོ་ནི་ཆུང་ཆུང་རེད། དཀའ་ལས་བརྒྱབ་པ་ཡིན་ན་འབྲས་པུ་ཞིག་ཡོད་ངེས་རེད།

རྡ་ས་མེག་ལོར་གྱི་སྲང་བར་ནས་སྐབས་དེ་འདྲ་ཞིག་ཁྱི་སྐད་རེ་ཟུང་ལས་མི་སྐད་འཇག་ནས་ཡོད་པ་དང་། ཁོ་གཉིས་ལ་ད་ནི་ཁྱེད་གཉིས་ཀྱི་ལྷིང་འཇག་དཀྲོགས་མཁན་སུ་ཡང་མི་འདུག་ཟེར་བ་དང་འདྲ་བའི་སྐབས་ཏག་ཏག་ལ། བློ་བཟང་གིས་ག་ལེར་མཚམས་སྐྱིད་ཀྱི་དོར་མ་འཕུད་པ་རེད།

བློ་བཟང་ལ་དམིགས་བསལ་གྱིས་ཚོར་བ་གང་ཡང་སྤྲད་མེད་པ་དང་། མཚམས་སྐྱིད་ལ་ཡང་གྲགས་འགུལ་གང་མེད་པར་ཁ་རོག་གེར་ཁོ་གཉིས་ཀྱི་ལུས་འབྲེལ་མཇུག་བསྡུས་དེ་སྐར་མ་ཁ་ཤས་ཀྱི་རྗེས་སུ། མཚམས་སྐྱིད་ཁ་རོག་གེར་ངུ་བཞིན་ཡོད་པ་དེ་བློ་བཟང་གིས་ཐོས་ནས། ཁྱེད་རང་ཅིའི་ཕྱིར་ངུ་བཞིན་ཡོད།
ཁྱེད་རང་གི་དོ་ནུབ་ང་རང་ལ་ལག་པ་མི་འཆིང་བ་ཟེར་ནས་ང་འདིར་ཡོང་བ་རེད།
འོན་ཀྱང་། འུ་གཉིས་མོས་མཐུན་བྱུང་བ་ཡིན་མོད། ད་མ་ངུ་།
་་་་་་་་་་་་་་

ཁོ་གཉིས་ཀྱིས་ཤ་དང་མཆིན་པ་བརླན་ནས་མཚན་མོ་དེ་བསྐྱལ་བ་དང་། ཞོགས་པ་བློ་བཟང་དང་སྔ་བོ་ནས་བླངས་དེ་ཞོགས་ཇ་ཞིག་བསྐོལ་ནས་མཚམས་སྐྱིད་ལ་བོས་དེ་ཡར་བླངས་ཞོགས་ཇ་བཟོས་ཡོད། དེ་ནས་ཁྱེད་རང་སྣེ་ལེན་ཁང་དུ་སོང་ནས་ཁྱེད་རང་སློབ་གྲྭར་དེ་རིང་གཏོང་གི་འདུག་གམ་སྐད་ཆ་ཞིག་དྲིས་ན།

མཚམས་སྐྱིད་ཀྱིས། ཉལ་ཐུལ་གྱི་གསུབ་ཀ་མགོ་བོ་འཕུད་ཀྱིན། ང་མི་འགྲོ ད་ནི་ཁྱེད་རང་གི་ངའི་ལུས་པོ་བཙོག་པ་བཟོས་ཚར་བའི་ང་རང་སློབ་གྲྭ་འགྲོ་སྲོལ་མེད་པ་རེད། ང་འདི་ནས་འདུག་གི་ཡིན།

བློ་བཟང་གིས། ངས་ཁྱེད་རང་ལ་འདང་དགོང་འགྲེལ་བཤད་བྱས་ཟིན་པ་ཡིན། དེ་ལ་ཁྱེད་རང་གི་སེམས་ཁྲལ་བྱེད་མི་དགོས་པ་རེད། ད་ཡར་ལོངས། ཞོགས་ཇ་འཐུང་ནས་སྣེ་ལེན་ཁང་དུ་སོང་། གལ་སྲིད། དེ་རིང་ཁྱེད་རང་སློབ་གྲྭར་བཏང་སོང་བ་ཡིན་ན། གཟའ་ཉི་མ་ནམ་ཡིན་ལ། ཕྱིར་ཡོང་ན་འགྲིག་གི་རེད།

ཕྱི་དྲོ་དངོས་ནས་མཚམས་སྐྱིད་སློབ་གྲྭར་བཏང་བ་རེད། བློ་བཟང་གིས་རང་གི་གྲོགས་པོ་རྙིང་བ་དེ་ལ་ཁོ་གཉིས་ཀྱི་བར་དུ་བྱུང་བའི་གནས་ཚུལ་དེ་ཞིབ་དུ་བཤད་དུས་སུ། ཁོ་རང་གིས་འུ་གཉིས་ཀྱི་བར་དུ་གྲོས་ཁ་བྱེད་རྒྱུ་མེད་པ་ནི་ཁྱེད་རང་གི་ཤེས་གསལ་རེད། ཁྱེད་རང་གི་འདོད་པ་རེད། གང་ལྟར། བོད་ནས་གསར་དུ་སླེབས་པ་ཞིག་དང་ལྷན་དུ་གཉེན་སྒྲིག་པ་ཡིན་ན་ང་རང་གིས་དགའ་བསུ་ཡོད་ཅེས་བཤད་པ་རེད།

རྡ་སའི་སྲང་བར་དུ་བློ་ཡུལ་ལས་འདས་པ་ཞིག་ལ། བློ་བཟང་གི་སྡོམ་པ་ཤོར་སའི་བུད་མེད་ནོར་བུ་བཟང་མོ་། ད་དུང་། ཕྱི་རྒྱལ་དུ་སོང་མེད་པ་དང་ཕྱི་རྒྱལ་བ་རྒན་པོ་དེ་དང་ཁོ་གཉིས་ལ་སྲང་བར་ནས་གདོང་ཐུག་བརྒྱབ་དུས་སུ། ནོར་བུ་བཟང་མོའི་གྲོད་ཁོག་ཡང་ཆེན་པོ་ཞིག་ཆགས་ཡོད་པ་རེད།

བློ་བཟང་གིས། ཁྱེད་གཉིས་བདེ་མོ་ཡིན་ནམ། ངས་ཁྱེད་རང་སྔ་ས་ནས་འགྲོ་ཚར་ཡོད་རྒྱུ་རེད་བསམ་ནས་བསྡད་ཡོད། དོན་དག་ཅི་ཞིག་བྱུང་བ་རེད།

ནོར་བུ་བཟང་མོས། ཁྱེད་རང་ནམ་ཕྱིར་ཐོན་པ་ཡིན། ད་ས་ཆ་གཞན་དུ་འགྲོ་རྩིས་མེད་དམ། ངེད་གཉིས་ཀྱིས་ཡིག་ཆ་ཁ་ཤས་ཤིག་སྟབས་མ་འགྲིག་པར་ལུས་པ་རེད། ད་མི་རིང་བར་དངོས་ནས་འགྲོ་ངེས་ཡིན།

ང་རང་ཐོན་ནས་ཉིན་མ་ཁ་ཤས་ཤིག་འགྲོ་བཞིན་འདུག
སྔོན་མའི་བསྡོད་ས་དེར་ཡོད་དམ།
ཡོད།
ཡ་་་ དེས་ན་ང་སང་ཉིན་ཡོང་ཁོ་ཐག་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

སྐར་མ ༩ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༢ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་མོ་དང་འབུར་ཐོ་གཉིས་ཕེབས་པ་དགའ་ཡོད། བསམ་ཚུལ་གསུངས་པ་དེར་ཐུགས་རྗེ་ཆེ་ལགས། ཡིན་ཡང་། འབུར་ཐོ་ལགས། ཉིད་ནས་དབྱིན་ཡིག་བྲིས་པ་དེར་དགའ་བསུ་ཞུ་ཐུབ་མ་སོང་བ་དེར་དགོངས་དག་ཞུ། རྗེས་ཕྱོགས་བོད་ཡིག་འབྲི་རོགས་གནོངས།

    Reply
  2. lha mo says:
    ལོ་ 16 སྔོན།

    tibetan parliament to begin its budget session from mon day the 8th.2nd special meeting by tibetan govt to be held in bylkop from auy 26-31. via way2sms.com

    Reply
  3. mekor says:
    ལོ་ 16 སྔོན།

    བརྩེ་བའི་དྲ་གྲོགས་ཤ་ཁྲག་ལགས་བདེ་བོ་ཡིན་ནམ་་་་་་ཉིད་ཀྱི་དངོས་སྒྲུང་དེ་འདི་ལྟར་བརྩོན་པ་ཆེན་པོས་བྲིས་པར་རྗེས་སུ་ཡི་རང་ཡོད་་་་་ང་ཚོའི་མིག་དཔེར་འོས་པ་ཞིག་རེད་་་་་
    ཡིན་ནའང་དེང་སྐབས་དྲ་ཚིགས་འདིར་དྲ་འབུ་ཇེ་མང་ལ་སོང་སྟེ་འདི་ལྟར་ཁུ་སིམ་སིམ་གྱི་ཟིན་བྲིས་རེའང་འབྲི་རུ་མི་འཇིག་པས་དངོས་གནས་སྐྱོ་ནི་ཞིག་རེད་ཡ་་་་དྲ་བ་ཡག་ཤོས་ཚོ་མེད་པར་བཟོ་ཐབས་ཀྱིས་སྐད་ཆ་འདྲ་མིན་བཤད་པ་དང་དགོས་མེད་དུ་བསྙོན་བཙུགས་ནས་སུན་པོ་བཟོ་ཅི་ཐུབ་བྱེད་པའི་ཚུལ་དག་མཐོང་དུས་དངོས་གནས་དོན་ཞིག་མི་འདུག་ཡ་་་་དེར་བརྟེན་ཉོག་དྲ་འདི་ནས་གཡོལ་ན་ཡག་ས་རེད་བསམ་གྱིན་འདུག་་་་
    སྤྱིའི་ཆ་ནས་བཤད་ན་ང་ལ་ཆུ་ཚོད་ཡོད་ལ་གློག་ཀླད་ཀྱི་མཐུན་རྐྱེན་ཀྱང་ཡོད་་་་དེར་བརྟེན་དྲ་ཚིགས་འདིར་ཡོང་རྒྱུར་དཀའ་ངལ་མེད་མོད་་་་ཉིན་བཞིན་དྲ་འབུ་ཚོར་འཛིང་རེས་བྱས་ནས་བསྡད་ན་ཕན་ཐོགས་ཅི་ཡད་མེད་པ་མ་ཟད་་་་རང་གཞན་གཉིས་ཀ་མ་སྐྱིད་པ་ཞིག་ལས་་་་བོད་ཡིག་ལ་ཞབས་འདེགས་དང་རང་ཉིད་ཡར་རྒྱས་ལ་འགྲོ་རྒྱུའི་རེ་བ་མེད་པ་དངོས་མཐོང་རེད་་ཡ་་་་ད་ཅི་ཞིག་བྱེད་དགོས་པའང་ཤེས་ཀྱི་མི་འདུག་་་་་འོ་་གྲོགས་པོ་ད་བདེ་མོ་བྱོས་་་་རྗེས་མར་གླེང་མོལ་བྱེད་ཆོག་་

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཁྱེད་གཉིས་ཕེབས་པ་དགའ་ཡོད། རྗེས་ཕྱོགས་ཀྱང་རང་རང་གི་བསམ་ཚུལ་ལྷུག་པོར་གསུང་རོགས་ཞུ། བལྟས་དེ་འདུག

    Reply
  5. free sopu says:
    ལོ་ 16 སྔོན།

    དམིགས་གསལ་ཚོར་བ་ཅི་ཡང་སྤྲད་མེད་དུས་དུ་བུ་མོ་གཙང་མ་ཞིག་མིན་ཐག་ཆོད་རེད།བློ་བཟང་གིས་བན་སྡེ་འཚོ་བརྗེད་ཚར་བ་རེད་བྱིས་པ་ཞིག་ཆགས་ཡོད་
    འདུག་ཟེར་བ་མ་ཡིན་ནམ། ནོར་བུ་བཟང་མོ་ཡང་བྱིས་པ་གཅིག་ད་འཚམས་སྐྱིད་ལ་བྱིས་པ་གཅིག་ཆགས་དུས་ཕྲུ་གུ་གསུམ་གྱི་ཨ་ཕ་འགྱུར་འདུག་ག།

    Reply
  6. beri Palden Namgyal says:
    ལོ་ 16 སྔོན།

    གྲོགས་བཟང་ལགས་ བཀླགས་ཟིན། ཡག་མོ་སྐྲག་མོ་བྲིས་འདུག
    མུ་མཐུད་མཉམ་དུ་ཡིན་ད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese