མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༡༡
Share on FacebookShare on TwitterShare on EmailShare on Whatsapp

                     
གསུམ་བཅུའི་དུས་དྲན་ཉིན་འཛམ་གླིང་ཡུལ་གྲུ་ཁག་ཏུ་གནས་སྡོད་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

ཕྱི་ཚེས་ ༩ ཉིན་ཏེ་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པའི་སྔ་ཉིན་དེར་ལྡི་ལིར་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་ ༣༢ ཀྱིས་བོད་རང་བཙན་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག སྐབས་དེར་རྒྱ་གར་གཞུང་གིས་ཉེན་རྟོག་པ་འབོར་ཆེན་འགྲེམས་འཇོག་གིས་ལྟ་རྟོག་ནན་མོ་བྱས་ཡོད་ཀྱང་། བོད་མི་ཚོས་རང་གི་ལུས་པོ་ཤིང་སྡོང་དང་གློག་སྡོང་སོགས་ལ་དམ་པོར་བཀྱིག་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པས། དུས་ཚོད་ཐུང་ཐུང་ཞིག་གི་ནང་ཉེན་རྟོག་པས་ཁོང་ཚོ་བཙན་ཁྲིད་བྱེད་ཐུབ་ཡོད་མི་འདུག ཉིན་དེར་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས། ང་ཚོས་སྲོག་ཐོག་ཏུ་གཏོང་འཆར་ཡོད་པ་དང་ཚེ་བཙོན་དུ་བཅུག་པ། ལོ་མང་རིང་བཙོན་འཇུག་བྱས་པའི་བོད་མི་རྣམས་གང་མགྱོགས་གློད་གྲོལ་ཡོང་བར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བརྗོད་ཡོད་འདུག  དེ་བཞིན་ ༢༠༠༨ ལོའི་བོད་མིའི་ཞི་བའི་ངོ་རྒོལ་གྱི་སྙིང་སྟོབས་དེ་འབྱུང་འགྱུར་གྱི་མི་རབས་རྣམས་སུ་ནམ་ཡང་ཉམས་པ་མེད་པར་གནས་ཀྱི་རེད་ལ། ང་ཚོས་བོད་རང་བཙན་བསྐྱར་གསོའི་ཆེད་རྒྱ་གཞུང་ལ་ངོ་རྒོལ་འཐབ་རྩོད་བྱེད་ཀྱི་ཡོད་ཅེས་ཀྱང་བརྗོད་ཡོད་འདུག

གསུམ་བཅུའི་དུས་དྲན་ཉིན་དེར་ངྷ་རམ་ས་ལ་གཙོས་པའི་ཧྥ་རན་སའི་རྒྱལ་ས་ཕར་རེ་སི་དང་ནེའུ་ཛ་ལན་ཌི། ལོན་ཊོན་སོགས་འཛམ་གླིང་གི་ཡུལ་གྲུ་གང་སར་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཁ་སང་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དུ་བོད་རིགས་སྤྱི་མཐུན་ཚོཊ་པའི་གོ་སྒྲིག་འོག་རྒྱ་ནག་གཞུང་ཚབ་རྙིང་པའི་མདུན་དུ་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་ཡོད་ལ། དེའི་རྗེས་རྒྱ་ནག་གཞུང་ཚབ་གསར་པ་བར་ཞི་བའི་གོམ་བགྲོད་ཅིག་གནང་ཡོད་འདུག དེ་བཞིན་ནེའུ་ཡོག་དང་ནེའུ་ཇེར་སི་བོད་རིཊ་སྤྱི་མཐུན་ཚོཊ་པ། བོད་རང་བཙན་སློབ་ཕྲུག་ཚོཊ་པ། ས་གནས་གཞོན་ནུ་དང་བུད་མེད་ཚོགས་པ་སོཊ་ཀྱི་གོ་སྒྲིག་འོག་རྒྱལ་ཚོགས་ནས་རྒྱ་ནག་ཡན་ལག་གཞུང་ཚབ་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཆེན་པོ་ཞིག་སྤེལ་ཡོད་འདུག དེ་མིན་ཉིན་དེར་བལ་ཡུལ་དུའང་མི་མང་ལྷན་འཛོམས་ཐོག་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་ཤུགས་ཆེས་བྱས་ཡོད་མོད། སྐབས་དེར་བལ་ཡུལ་ཉེན་རྟོག་པས་བོད་མིར་གཅར་རྡུང་དང་བཙན་ཁྲིད་བྱས་ཏེ་ངོ་རྒོལ་བར་དམ་དྲག་ཤུགས་ཆེར་བྱས་ཡོད་ལ། ཉེན་རྟོག་པས་ངོ་རྒོལ་བའི་རྒྱལ་དར་བཙན་འཕྲོག་གིས་རྐང་འོག་ཏུ་འཇུག་པ་དང་མེར་བསྲེག་གཏོང་བ་སོགས་བྱས་ཀྱང་བྱས་ཡོད་འདུག 

ཉིན་དེར་བོད་ཆོལ་ཁ་གསུམ་གྱི་ས་གནས་ཡོངས་སུ་རྒྱ་གཞུང་གིས་དམག་མི་འབོར་ཆེན་འགྲེམས་འཇོག་བྱས་ཏེ་ལྟ་རྟོག་ནན་མོ་བྱས་ཡོད་པ་མ་ཟད། ལྷ་སའི་ལམ་མདོ་རེ་ན་དྲག་དམག་རླངས་འཁོར་འགའ་རེ་བཞག་ཡོད་ཚུལ་ལྷ་སའི་བོད་མི་ཞིག་གིས་ཧྥ་རན་སིའི་གསར་ཁང་ལ་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༩ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 12

  1. བཀྲ་ཤིས་ཟླ་བ། says:
    ལོ་ 16 སྔོན།

    ཕྱི་རྒྱལ་ཁག་ཏུ་བལ་པོ་གཞུང་ཚབ་ཁག་ལ་ངོ་རྒོལ་བྱེད་རན་འདུག ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་ཚོ། བསམ་མནོ་བཏང་རོགས་དེའང་བོད་དོན་གྱི་ཕྱོགས་སུ་འགྲོ།

    Reply
  2. ཁམས་པའི་ཕོ་རྒོད། says:
    ལོ་ 16 སྔོན།

    བལ་དམགས་འདི་ཚོས་བསམ་ན་ཁོང་ཚོའི་རྒྱལ་བོ་འཁོར་དང་བཅས་པ་དམར་གསོད་གཏོང་མཁན་ང་ཚོ་བོད་པ་རེད་བསམ་པ་མིན་འགྲོ། ངས་རྒྱ་གུང་ཁྲན་རྩ་བརླག་ཟོས་མ་ཐག་བལ་གཞུང་ལས་སླ་བོ་མི་འཇོག་དཀར་བོ་དགེ་བ།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    སུམ་བཅུའི་དུས་དྲན་གཅིག་པོ་མིན་པ་ང་ཚོ་ཚང་མིའི་་་་་ས་མཐར་མི་སྐྱིད་་་་མཛོ་འཕོངས་མི་བདེ་་་ཞེས་པ་འདི་བརྗེད་་མི་ཉན་ཡ

    Reply
  4. བྱམས་རྒྱལ། says:
    ལོ་ 16 སྔོན།

    སྡུག་སྐད་མང་པོ་རྒྱག་རྒྱུ་བྱུང་
    དེ་རིང་གྲེ་བ་འགག་འདུག་
    བློ་བདེ་པོ་བྱུང་

    Reply
  5. གངས་སེང says:
    ལོ་ 16 སྔོན།

    ང་ཚོར་ནུས་སྟོབས་དང་ནུས་ཤུགས་ཡོད་ན་བལ་པོ་གཞུང་ལ་རྒོལ་ན་བསམ

    Reply
  6. བུ་སྨྱོན་པ། says:
    ལོ་ 16 སྔོན།

    རྒྱལ་ཁབ་ལ་ཞེན་ཅིང་མི་རིགས་ལ་དུང་བའི་བལ་ཡུལ་གནས་བསྡོད་བོད་མི་རྣམས་ཀྱི་དཔའ་མཛངས་ལྡན་པའི་དྲང་བདེན་གྱི་འཐབ་རྩོད་ལ་རྗེས་སུ་ཡིད་རངས་དང་། ཕྱི་རྒྱལ་དུ་ཞུགས་པའི་བོད་རིགས་རྣམས་པར་ཌོ་ལར་བརྗེད་པའི་ཉིན་མོ་ཞིག་མཐོང་རྒྱུ་ཡོད་པ་འདྲ་བྱུང་ཡག་པོ་རེད། གང་ལྟར་བོད་རིགས་ཡོངས་ནས་རང་དོན་རང་གཅེས་ཀྱིས་རྒྱལ་ཁབ་ལ་ཤ་ཞེན་དང་སོ་སོའི་ལུང་པ་འདྲེ་ངན་གྱི་འོག་ཏུ་ཤོར་བ་ཤེས་ཏེ་ཐབས་ཤེས་ཡོད་རྒུས་ཚུར་ལེན་རྒྱུར་འཐབ་རྩོད་གནང་བཞིན་པ་ནི་ཡག་པོ་རེད། དེ་ནི་ང་ཚོའི་ལས་འགན་ཡང་རེད།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བལ་ཡུལ་ཉེན་རྟོག་པས་རྒྱ་ནག་གི་གཞུང་ཚབ་ཁང་བསྲུངས་སྐྱོབ་བྱེད་རྒྱུ་དེ་འོས་མོད། འོན་ཀྱང་བོད་མི་རྣམས་གཅར་རྡུང་དང་བཙན་ཁྲིད་བྱས་པ་དང་། ལྷག་པར་དུ་བོད་ཀྱི་རྒྱལ་དར་སྡོག་པའི་འོག་ཏུ་བཅུག་པ་དང་དེ་མེ་ལ་བསྲེགས་རྒྱུ་འདི་ནི་ཧ་ཅིང་བརྙས་བཅོས་བཟོད་དཀའ་ཞིག་མ་རེད་དམ།

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    བོད་གཞུང་བདེ་སྲུང་ལས་བྱེད་ལྷག་པ་ཚེ་རིང་ལགས་ཀྱིས་གསུང་གསལ།
    བལ་ཡུལ་བོད་གཞུང་སྐུ་ཚབ་དོན་གཅོད་བཀག་ཉར་བྱས་པ་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་ནང་བཏང་བ་དེ་དག་ཞིབ་འཇུག་མ་བྱས་པའི་སྐྱོན་གནད་འདུག
    http://twitter.com/lhaktse

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    པྭ་འགོ་ལུང་པ་བལ་ཡུལ་གྱིས་བོད་ཀྱི་རྒྱལ་དར་མེ་སྲེག་གཏོང་བ་འདི་ནི། སྙིང་ལ་ན་ཟུག་རྒྱག་པའི་ལས་ཀ་ཞིག་དང་མི་རིགས་གཉིས་ཀྱི་བར་མཁོན་འཛིན་བཟོ་མཁན་རྒྱ་མི་རེད།

    Reply
  10. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཐོག་ཕེབས་པའི་གསུང་འཕྲིན་ལ་ཁྱེད་ཀྱི་གང་འདྲ་གཟིགས་བྱུང་། ངས་གནད་དོན་འདི་མཐོང་བྱུང་། ངའི་ཟིན་བྲིས་སུ་གཟིགས་རོགས།

    Reply
  11. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    རང་དབང་ལུང་པར་གནས་པའི་ཞི་བའི་ངོ་རྒོལ་བའི་དཀྱིལ་ནས་བལ་ཡུལ་རྒྱ་མིའི་གཞུང་ཚབ་ལ་ངོ་རྒོལ་བྱེད་མཁན་རྣམས་ཉེན་ཁ་ཆེ་ཤོས་ཆགས་འདུག
    དྲང་བདེན་ལ་དགའ་བའི་ལྷ་སྡེ་མི་སྡེ་ཡོངས་ནས་སྲུང་སྐྱོབས་དང་རྒྱབ་སྐྱོར་མི་དམན་པ་ཞིག་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ལགས།།

    Reply
  12. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    བུད་མེད་འདི་ཚོས་ལས་འགུལ་གསར་བ་ཞིག་སྤེལ་ཤེས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese