མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་བདུན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༢
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཟླ་ངོ་གཅིག་འགྲོ་གཉིས་འགྲོ མིའི་མི་ཚེ་སྟོན་མཇུག་གི་སྡོང་ལོ་འཐོར་བ་ལྟར། ངེས་མེད་དུ་འགྱུར་ནས་འགྲོ་བཞིན་ཡོད་དུས་སུ། བློ་བཟང་གི་མི་ཚེ་ལ་ཡང་འགྱུར་བ་ནི་ག་ལེར་འོང་གི་ཡོད་པ་དེ་ནི་ཁོ་རང་གི་རྨི་ལམ་ནང་དུ་ཡང་ཡག་པོ་ཞིག་འཁོར་མྱོང་མེད་པ་ཡིན་ཟེར་ན་འགྲིག་གི་ཡོད་པ་རེད། ཟླ་ངོ་ཁ་ཤས་ཤིག་གར་སོང་ཆ་མེད་དུ་གྱུར་བ་དང་། མཚམས་སྐྱིད་ཀྱིས་ཀྱང་རང་ཉིད་སློབ་གྲྭ་ནས་འདུག་འདོད་མེད་པ་དང་། སློབ་གྲྭ་ནས་མུ་མཐུད་དུ་དེ་ལྟར་བསྡད་པ་ཡིན་ན། སློབ་གྲོགས་དག་གིས་ཁོ་མོའི་མིང་ལ་བཤང་བཙོང་མ་མི་འདོག་པའི་ངེས་པ་མེད་པ་སོགས་མང་བོ་ཞིག་བློ་བཟང་ལ་བཤད།

བློ་བཟང་གིས། ཁྱེད་རང་གིས་མི་ཁ་འདྲ་བསམ་ནས་སློབ་གྲྭ་ནས་འདུག་འདོད་མེད་ཟེར་བ་དེ་ལ་ང་རང་གཏན་ནས་མོས་མཐུན་མེད། ངས་ཁྱེད་རང་ལ་སྔོན་ཆད་ནས་བཤད་ཟིན་པ་ལྟར་རེད། ང་རང་གི་མི་ཚེ་ནང་དུ་མྱི་ཁ་ནི་ཆར་བ་འབབ་འབབ་བྱེད་མྱོང་བ་མ་ཟད། དུས་ད་ལྟ་ཡང་མི་ཁ་ནི་རླུང་བུ་བཞིན་འཚུབ་དེ་འོང་གི་ཡོད་ཀྱང་། ངས་དེ་ཡི་སྐོར་ལ་འདང་རྒྱག་གི་མེད། མི་ལ་མི་ཁ་མེད་ན་ཤི་ནི་ཡིན། ཤིང་ལ་འཛེར་མ་མེད་རུལ་ནི་ཡིན་ཟེར་སྲོལ་ཡོད་པ་རེད། དེ་ལས་ཁྱེད་རང་གི་དངོས་ནས་སློབ་སྤྱོང་བྱེད་ཐུབ་ཀྱི་མེད་པ་བདེན་པ་ཡིན་ན། དངོས་ནས་དུས་ཚོད་འཕྲོ་བརླག་དུ་གཞུང་གི་འགྲོ་གྲོན་སོགས་འཕྲོ་བརླག་རེད།

མཚམས་སྐྱིད་ཀྱིས། དེ་རེད། དངོས་ནས་ང་རང་ལྟ་བུ་ཞིག་གིས་༧རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་འོག་ཟས་རང་གྲུབ་དང་གོས་རང་གྲུབ་བྱས་དེ་དུས་ཚོད་ཆུད་ཟོས་སུ་བཏང་བ་རེད། སློབ་སྤྱོད་བྱེད་ཐུབ་ཀྱི་མི་འདུག ད་དེ་ཡིན་དུས་ང་རང་སློབ་གྲྭ་ནས་བུད་དེ་ཁྱེད་རང་གི་ལྷན་དུ་འདུག་རྒྱུ་ཡིན།

བློ་བཟང་གིས། ངས་ཁྱེད་རང་ལ་སྔོན་ཆད་ནས་ཁས་ལེན་བྱས་མྱོང་བ་ལྟར། ངེད་གཉིས་ལྷན་དུ་བསྡོད་རྒྱུ་དེ་ལ་ཁྱེད་རང་གི་ཕྱོགས་ནས་འགྱུར་བ་མ་སོང་བ་ཡིན་ན། ངས་གཏན་ནས་འགྱུར་མི་གཏོང་ཟེར་ནས་བཤད་ཡོད་པ་དེ་ཡིན། ད་ཡིན་དུས་ཁྱེད་རང་སློབ་གྲྭ་ནས་འབུད་རྒྱུ་ཡིན་ན་ནི། གནས་སྐབས་རིང་འུ་གཉིས་འདི་ནས་ངའི་གྲོགས་པོའི་ནང་དུ་མི་བསྡོད་ཐབས་མེད་རེད་ལ། ངའི་ནུ་མོ་གུང་གསེང་དུ་བླངས་རྗེས་སུ་འུ་གཉིས་ས་ཆ་གཞན་ཞིག་དུ་ཁྱེད་རང་གི་འདོད་པ་ལྟར་འགྲོ་ཆོག ངའི་རོགས་པ་དེ་ལ་བཤད་ན་ཁོ་རང་གིས་འུ་གཉིས་འགྲོ་བྱེད་ཀྱི་ཧིན་སྒོར་སྟོང་ཕྲག་ཁ་ཤས་ཤིག་ཁོ་རང་གི་ཐབས་ཤེས་བྱེད་ཐུབ་ངེས་རེད།

མཚམས་སྐྱིད་ཀྱིས། ཡ་ཡ། དེ་འགྲིག་གི་རེད། ང་རང་སང་ཉིན་སོང་ནས་སློབ་གྲྭ་རུ་དགོངས་པ་ཞུས་དེ་ནངས་ཉིན་ཡོང་གི་ཡིན། སློབ་གྲྭ་རུ་དགོངས་པ་ཞུ་སྟངས་ག་འདྲ་བྱས་པ་ཡིན་ན་འགྲིག་ས་རེད་དམ།

བློ་བཟང་གིས། དེ་གཙོ་བོ་ཁྱེད་རང་ལྟོས་ཤིག ལྷག་པར་དུ་སྐྱག་རྫུན་འདྲ་མི་འདྲ་བཤད་དེ་དགོངས་པ་ཞུ་དགོས་དོན་ཡོད་པ་མ་རེད་ལ། ལྷག་པར་དུ་ཁྱེད་རང་གི་གྲོགས་མོ་ཚོ་ལ་སྐད་ཆ་འདྲ་མིན་མང་བོ་ཞིག་བཤད་དགོས་དོན་ཡོད་པ་མ་རེད། ཁྱེད་རང་གིས་ཤེས་དགོས་པ་ཞིག་ལ། ད་ལྟ་འུ་གཉིས་ཀྱིས་མི་ཚེ་གསར་བ་ཞིག་གི་མགོ་འཛིན་རྒྱུའི་བསམ་བློ་གཏོང་བཞིན་ཡོད་དུས། རང་རང་དངོས་ནས་མ་ལན་མ་འགྱོད་པ་ཞིག་བྱེད་དགོས་པ་རེད། སློབ་གྲྭ་ནས་བུད་ཉིན་ནས། འུ་གཉིས་ཀྱིས་རང་མགོ་གང་ཐོན་བྱེད་པ་ལས། ཁྱེད་རང་གི་ཕུ་བོ་དང་ནང་མི་སོགས་ལ་འབྲེལ་བ་གནས་སྐབས་རིང་མི་བྱེད།

མཚམས་སྐྱིད་ཀྱིས། རེད། དེ་ངས་ཀྱང་བསམ་ཡོད། ནང་མི་དག་ལ་འབྲེལ་བ་བྱས་པ་ཡིན་ན། ཁོང་ཚོས་ང་རང་འདི་ནས་བསྡོད་དུ་མི་འཇུག་ཁོ་ཐག་ཡིན་ནི་རེད། ལྷག་པར་དུ་ཕུ་བོ་ཟླ་བས་ཤེས་པ་ཡིན་ན་ང་རང་ལེན་དུ་ཡོང་ཁོ་ཐག་ཡིན་ནི་རེད། ངས་ཁྱེད་རང་གི་སྐད་ཆ་སེམས་སུ་འཛིན།

ཉིན་གཉིས་ཀྱི་རྗེས་སུ་མཚམས་སྐྱིད་ཀྱིས་སློབ་གྲྭ་ནས་རྩ་དགོངས་ཞུས་དེ་བློ་བཟང་ཡོད་སར་ཡོང་བ་དང་། བློ་བཟང་གིས་སྐབས་དེར་ཁོ་རང་གི་ལས་ཀ་གལ་ཆེན་ཞིག་བྱེད་ཀྱི་ཡོད་སྟབས། བྲེལ་བ་ཅུང་ཚ་བའི་སྒང་ཡིན་པ་དང་། ཞོར་དུ་ལས་དོན་དེ་ཡི་ཆེད་དུ་ཁོ་རང་གི་གྲོགས་པོ་ཞིག་གི་ཟ་ཁང་ནང་དུ་ལས་ཀ་བྱེད་རྒྱུའི་ཁས་ལེན་མི་བྱེད་ཐབས་མེད་ཆགས་ཡོད་པ་རེད།

མཚམས་སྐྱིད་ཀྱིས་དེ་ལ་གཏན་ནས་ངེས་ལེན་བྱེད་ཐུབ་ཀྱི་མི་འདུག་ཟེར་ནས་ཡང་དང་བསྐྱར་དུ་རྙོག་དྲ་བཤད་མགོ་བཙུགས་པ་དང་། བློ་བཟང་གིས་དེ་ནི་རང་ཉིད་ཀྱི་ནུ་མོ་མཚོ་མོ་སྐྱིད་ཚུར་སླེབས་རེག་བར་དུ་ཡིན་ཡང་ཁོ་རང་གི་ལས་ཀ་བྱེད་རྒྱུ་ཡིན་ཟེར་ནས་བཤད་དུས། མཚམས་སྐྱིད་ཀྱིས། དེས་ན་ངས་རང་གི་ནང་དུ་ཨ་མ་ལ་ཁ་པར་གཏོང་གི་ཡིན། ཁྱེད་རང་གི་གྲོགས་པོ་དེ་ལ་ལག་ཁྱེར་ཁ་པར་ཞིག་གཡར་ནས་ཤོག་དང་།

བློ་བཟང་གིས། ཁྱེད་རང་གིས་དེ་ལྟར་མ་བྱེད། འུ་གཉིས་ལ་བཤད་མཚམས་ཡོད་པ་རེད། ཁྱེད་རང་གིས་ནང་དུ་ཁ་པར་བཏང་བ་ཡིན་ན་འུ་གཉིས་ཀྱི་གནས་ཚུལ་འགྱུར་བ་འགྲོ་ཁོ་ཐག་ཡིན་པ་རེད། གལ་སྲིད། ཁྱེད་རང་གི་ཕ་ཡུལ་དུ་ཁ་པར་གཏོང་གི་ཡིན་ན། འུ་གཉིས་ཁ་ཁར་བྱེད་དགོས་ཆགས་ངེས་ཡིན།

མཚམས་སྐྱིད་ཀྱིས། ངས་འུ་གཉིས་མི་ཚེ་ལྷན་དུ་ཡོང་རྒྱུར་རེ་བ་བྱེད་ཐུབ་ཀྱི་མི་འདུག་ལ། ལྷག་པར་དུ་ད་ལྟའི་འཆར་ངས་རང་གི་ནང་དུ་ཁ་པར་རྒྱག་རྒྱུའི་སེམས་ཐག་བཅད་ཟིན་པ་ཡིན། ཁྱེད་རང་གིས་རང་གི་གྲོགས་པོ་ལ་ཁ་པར་གཡར་རོགས་ཞུ།

བློ་བཟང་གིས་སླར་ཡང་། འདི་ནི་ཁྱེད་རང་གིས་བཤད་པའི་སྐད་ཆ་རེད། ངས་ཁྱེད་རང་ལ་ད་དུང་གོ་སྐབས་ཤིག་སྤྲོད་ཆོག འུ་གཉིས་མི་ཚེ་ལྷན་དུ་བསྐྱེལ་འདོད་ཡོད་པ་ཡིན་ན། དེ་མིན་ན། རྗེས་ཕྱོགས་ཁྱེད་རང་འགྱོད་པ་སྐྱེ་ནས་ག་རེ་བྱས་ཀྱང་ངས་གཏན་ནས་ཁས་ལེན་བྱེད་མི་སྲིད། འདི་ཁྱེད་རང་གི་མཐའ་མའི་ཐག་གཅོད་ཡིན་ནམ།

མཚམས་སྐྱིད་ཀྱིས། འདི་ནི་ང་རང་གི་མཐའ་མའི་ཐག་གཅོད་ཡིན། ཁྱེད་རང་སོང་ནས་གྲོགས་པོ་དེར་ཁ་པར་གཡར་ནས་ནང་དུ་ཧིན་སྒོར་ལྔ་བརྒྱ་འདི་བླུགས་ནས་ཡོང་རོགས། དེ་ནས་ངས་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་ཆོག་གི་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 4

  1. sha tak ri sim says:
    ལོ་ 17 སྔོན།

    སྤུན་ཟླ་ཁྱེད་ཅག་ཕེབས་པ་དངོས་ནས་དགའ་བོ་བྱུང་། རྗེས་ཕྱོགས་ཀྱང་ཕེབས་རྐྱང་གནོང་།

    Reply
  2. kyaba says:
    ལོ་ 17 སྔོན།

    ལམ་འགྲོ་ཞིག་ལ་བརྩེ་བ་ཆགས་སོང་།།
    འདོད་ཆགས་མིན་པའི་འབྲེལ་བཤད་བྱས་སོང་།
    གྲྭ་བ་ཚོ་ལ་བདེན་པ་འདྲ་ཡང་།།
    རྒད་པོ་ཚོ་ལ་དགོད་ཁ་བསླངས་སོང་།།

    ཁ་དོག་དཀར་དམར་བརྩད་ན་མཁས་བའི།།
    གྲ་ལོག་ཇོ་ལོག་འདི་ཚོའི་སེམས་ན།།
    བརྩེ་བ་འདོད་ཆགས་གཉིས་ཀ་གཅིག་ཡིན།།
    ཚང་མ་ཁ་དོག་དཀར་བོའི་རིགས་ཡིན།།

    Reply
  3. chokri nyima says:
    ལོ་ 17 སྔོན།

    བློ་བཟང་ལགས།
    ཕོ་རྒྱུས་མེད་ས་མཐའ་འཁྱམས་ཉིན་མོར། མོ་ཁ་བཤད་མ་དང་མ་ཐུག་དགོས།ཞེས་ཟེར་སྲོལ་རེ་ཡོད་ཡ།

    Reply
  4. free sopu says:
    ལོ་ 17 སྔོན།

    བུ་མོ་འདི་ཁ་ཁར་བྱེད་བསམ་ན་རང་དབང་རེད་དགའ་བསུ་ཡོད།
    བློ་བཟང་ལ་དགའ་རོགས་མང་མེད་ན་ཉུང་མེད་དུ་རེད་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese