མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གྱ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༣
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


མཚམས་སྐྱིད་ཀྱིས་རང་གི་ནང་མི་དག་གི་གོ་སྒྲིག་ལྟར། རྡེ་ར་སྒྲོང་དུ་ཁོ་རང་གི་ཕུ་བོ་ངོ་ཤེས་ཤིག་གི་ཡེ་ཤུའི་ཆོས་ཚོགས་ཤིག་གི་ནང་དུ་ལས་ཀ་བྱེད་ཀྱི་ཡོད་པ་དེ་རུ་འགྲོ་དགོས་པར་སྐུལ་བ་ལྟར། ཁོ་མོ་དེ་རུ་འགྲོ་རྒྱུའི་གྲྭ་སྒྲིག་བྱས་པ་དང་བློ་བཟང་གིས་ཀྱང་རྡེ་ར་སྒྲོང་དུ་འགྲོ་བའི་རླངས་འཁོར་འཛིན་བྱང་ཉོས་པ་རེད།

མཚམས་སྐྱིད་ཀྱིས། འུ་གཉིས་བཟའ་ཚང་མི་ཡོང་ན་ཡང་། ང་རང་རྒྱ་གར་དུ་བསྡོད་ཡུན་རིང་འུ་གཉིས་ལོ་གཅིག་གཉིས་ཤིག་གི་རིང་གི་དགའ་རོགས་བྱས་དེ་བསྡད་ན་འགྲིག་གི་རེད། དེ་ཁྱེད་རང་གི་ཁས་ལེན་མ་བྱས་པ་ཡིན་ན་ང་རང་འགྲོ་ཡི་མིན།

བློ་བཟང་ཧང་སངས་ཞོར་དུ། འུ་གཉིས་ཀྱིས་སྐད་ཆ་གཙང་མ་བཤད་ཟིན་པ་ཡིན་མོད། ད་ནི་ཁྱེད་རང་སླར་ཡང་འགྱུར་བ་འགྲོ་དོན་ཅི་རེད། དེ་ལས་ཁྱེད་རང་དོ་ནུབ་ལམ་དུ་ཆས་ན་རེད། ངས་ཁྱེད་རང་ལ་ལམ་འཇུག་བྱེད་ཆོག ཉིན་མ་དེ་རིང་ནས་བཟུང་དེ་འུ་གཉིས་ངོ་ཤེས་ཡིན་པ་ལས། དགའ་རོགས་དང་ཚེ་གྲོགས་སོགས་ཀྱི་འབྲེལ་བ་གཏན་ནས་མེད་པ་དེ་ཁྱེད་རང་གི་སེམས་སུ་ཡོད་པ་དེ་ལྟར་ཡིན། ངས་ཁྱེད་རང་ལ་གོ་སྐབས་མ་སྤྲད་པ་མིན། ཁྱེད་རང་གིས་གཏན་ནས་མ་བླངས་པ་རེད།

མཚམས་སྐྱིད་ཀྱིས། དེས་ན་ང་རང་གིས་ཁྱེད་དང་འགྲོག་ནས་ལོ་ངོ་གཅིག་ཙམ་འགྲོ་བཞིན་ཡོད་པ་འདི་ཡི་ཆེད་དུ་དྲན་རྟེན་ཞིག་ལེན་འདོད་འདུག ཁྱེད་རང་གིས་ང་ལ་དྲན་རྟེན་དེར་སྟེར་འཕོད་ཀྱི་ཡོད་དམ།

བློ་བཟང་གིས། ཁྱེད་རང་ལ་གང་དགོས་པ་དེ་ང་རང་གི་ཐུབ་པ་ཞིག་ཡིན་ན། ཁྱེད་རང་སྤྲོད་ཆོག དེ་འུ་གཉིས་ལོ་ངོ་གཅིག་གི་རིང་ཙམ་ལ་འགྲོག་ནས་ཟེར་ན་རེད། ངོ་ཤེས་ནས་ཟེར་ན་རེད། དེ་ལ་ངས་ཁྱེད་རང་གི་འདོད་པ་ལོས་སྐོང་། ག་རེ་དགོས།

མཚམས་སྐྱིད་ཀྱིས། དེ་ན་ཁྱེད་རང་གི་ལག་ནང་གི་ཐ་མག་དེ་ངའི་ཁྱེད་རང་གི་ལག་པའི་ཤ་སྟེང་བསྲེག་འདོད་འདུག དེ་འགྲིག་གི་རེད་དམ། དེ་བྱས་པ་ཡིན་ན། ཁྱེད་རང་གི་ང་མི་ཚེ་བཀང་བོར་བརྗེད་ཀྱི་མ་རེད།

བློ་བཟང་གིས། དངོས་ནས་ཁྱེད་རང་ལ་དེ་འདྲའི་འདོད་པ་ཞིག་ཡོད་ན་ལོས་འགྲིག འདི་ཟེར་ནས་རང་གི་ལག་ནང་དུ་ཐ་མག་གི་མགོ་ནས་དུ་བ་ཕར་གཡུགས་ཀྱིན་ཁོ་མོ་སྤྲད། ཁོ་མོའི་ཐ་མག་ལག་དུ་བླངས་པ་དང་བློ་བཟང་གི་ལག་མགོར་འཇུས་དེ་ཐ་མག་དེ་ཤ་སྟེང་དུ་བཙུགས་ནས་སྐར་ཆ་གཉིས་གསུམ་གྱི་རྗེས་སུ་ཕྱིར་འཐེན་ནས་བལྟ་ཙམ་བྱས་དེ། ཨོ་་་་ ཡག་པོ་དོད་མི་འདུག ཡང་བསྐྱར་གཅིག་བྱས་ན་འགྲིག་གི་རེད་དམ།

བློ་བཟང་གིས་མིག་གི་ཕར་ཕྱོགས་སུ་བལྟ་བཞིན། འགྲིག་གི་རེད། ཁྱེད་རང་གི་འདོད་པ་འཁེང་བ་ཞིག་བྱེད་རོགས་ཞུ། དེ་དུས་ཁོ་མོའི་སླར་ཡང་ཐ་མག་དེ་བློ་བཟང་གི་ལག་སྟེང་དུ་བཙུགས་ནས་སྐར་ཆ་བཅུ་ཙམ་ལ་བསྡད།

བློ་བཟང་གིས་ཕྱི་དྲོ་དེར་ཁོ་མོ་ལམ་འཇུག་བྱས་དེ་ཕྱིར་ནང་དུ་ཡོང་དུས། ཁོ་རང་གི་གྲོགས་པོའི་དགའ་རོགས་མ་ཨ་རི་ནས་ཡིན་པའི་སྒྲ་ནས་ཡལ་གྱིས་བློ་བཟང་གི་ལག་མགོའི་རྨ་ཤུལ་གསར་བ་དེ་གཉིས་མཐོང་དུས། འདི་ག་རེ་བྱས་པ་རེད།

བློ་བཟང་གིས་དགོད་ཞོར་དུ། ཅུང་མ་རེད། ཐ་མག་གི་མེ་ཤུལ་རེད། སྐྱོན་མི་འདུག་ཞེས་བཤད་ཀྱང་། སྒྲ་ནས་ཡལ་གྱིས་ཨུ་ཚུགས་བྱས་པ་དེར་ངོ་མ་ལྡོག་པར་བྱུང་རིམ་ཞིབ་དུ་བཤད་པ་རེད། ཨ་རི་ནས་ཡིན་པའི་སྒྲ་ནས་ཡལ་གྱི་བྱུང་རིམ་དེ་ཉན་རྗེས་སུ། སྨྱོན་མ་རང་རེད། སྨྱོན་མ་རང་རེད། དེ་འདྲ་ལ་བརྩེ་བ་ཟེར་མི་སྲིད་ཅེས་བཤད་པ་དང་བློ་བཟང་ལ་སེམས་གསོ་བཏང་བ་རེད།

བློ་བཟང་གིས། དེ་ནི་ཁོ་རང་ལ་ཡང་ནོར་འཁྲུལ་ཡོད་པ་སོགས་བཤད་ནས་དགོང་མོའི་ཁ་ལག་བཟོས་རྗེས་སུ། ཁོའི་གྲོགས་པོ་སླེབས་པ་དང་ཁོང་ཚོ་གསུམ་གྱིས་ལྷན་དུ་ཁ་ལག་ཟོས་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༦ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 5

  1. sha tak ri sim says:
    ལོ་ 17 སྔོན།

    ཁྱེད་ཅག་ཕེབས་པ་དགའ་ཡོད། བསམ་ཚུལ་གསུངས་པ་ཐུགས་རྗེ་ཆེ། རྗེས་ཕྱོགས་ཀྱང་ཁོམ་ན་ཕེབས་རྐྱང་གནོང་རོགས།

    Reply
  2. kangbu says:
    ལོ་ 17 སྔོན།

    གོང་གི་དེ་ཡང་འདི་དང་གཅིག་མཚུངས་རེད་འདོད་ཀི

    Reply
  3. ttshamba says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས།
    དུས་བབ་ནང་མུ་མཐུད་དུ་འབད་པ་བྱེད་བཞིན་པ་མཐོང་ནས་སྤྲོ་ཡོད།
    ཉིད་ཀྱི་བྱ་བ་དག་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ།
    གཞན་སྒྲུང་རིང་འདི་བར་མཆ༹མས་ཞིག་ནས་ཀློག་ཐུབ་མ་སོང་།
    རྗེས་སུ་ཆ་ཆ༹ང་ཞིག་མཉམ་དུ་ཀློག་གི་ཡིན།

    Reply
  4. chentsasopa says:
    ལོ་ 17 སྔོན།

    དཔེར་ན། སྒོ་རྡུང་བའི་སྒྲ་ཐོས་མ་ཐག་ང་སོང་ནས་སྒོ་ཕྱེས་པ་ཡིན། བློ་བཟང་ཡིན་པ་ཤེས་པས་མ་སོང་ནས་སྒོ་ཕྱེས་པ་ཡིན། ཟེར་ན་ཚིག་དོན་གཉིས་ཀ་ཉིས་བརྩེགས་ཐེབས་མི་འདུག་གམ། གོང་གི་དེ་ཡང་འདི་དང་གཅིག་མཚུངས་རེད་འདོད་ཀི

    Reply
  5. chentsasopa says:
    ལོ་ 17 སྔོན།

    ང་ཡོང་ཐེངས་གཅིག་པོ་ནས་སྐྱོན་བཙལ་བ་མིན་ཏེ། འདི་འདྲ་ཞིག་རེད། ཆེས་མཐའ་མའི་དུམ་ཚན་དེར་ལྟོས་དང་།
    ༼བློ་བཟང་གིས། དེ་ནི་ཁོ་རང་ལ་ཡང་ནོར་འཁྲུལ་ཡོད་པ་སོགས་བཤད་ནས་དགོང་མོའི་ཁ་ལག་བཟོས་རྗེས་སུ། ཁོའི་གྲོགས་པོ་སླེབས་པ་དང་ཁོང་ཚོ་གསུམ་གྱིས་ལྷན་དུ་ཁ་ལག་ཟོས་པ་རེད། ༽
    འདི་འདྲ་བ་ནི་ཚིག་དོན་གཉོས་ཏད་ནས་ཆེས་མཛེས་པས་ན་རྣམ་ཤེས་ཅུང་དམ་དུ་བཏང་ནས་འབྲི་རོགས་ཞུ། ངས་ནི་ཚོད་ཚོད་ལ་བསྟོད་བསྔགས་འདྲ་བྱས་ནས་འཇོག་མི་འདོད་ཀི
    དེ་ཙམ་ཡིན། ཞིབ་ཏུ་ཀློག་ཁོམ་མི་འདུག དེང་སྐབས་གྲོས་ཚོགས་སྐོར་ལ་ཐད་གཏོང་བརྙན་འཕྲིན་བརྒྱུད་ནས་ལྟ་བཞིན་པའི་སྒང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese