མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} དགུ་བཅུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།

ཉིན་མ་ཁ་ཤས་ཤིག་གི་རྗེས་སུ་བློ་བཟང་ལ་འཕྲིན་ཡིག་ཞིག་འབྱོར་བ་རེད། འཕྲིན་ཡིག་དེ་སྐུར་མཁན་ནི་མཚམས་སྐྱིད་ཡིན་པ་དང་། ཡིག་སྐོག་དེ་ཡི་ནང་དུ་འདྲ་དཔར་གཉིས་དང་ཡི་གེ་ཐུང་ཐུང་ཞིག་ལས་མེད་པ་རེད། འདྲ་དཔར་དེ་གཉིས་ཀྱི་གཅིག་གི་སྟེང་དུ་ཁོ་མོའི་འགྱིག་བཟོའི་བྱིས་པ་ཞིག་བཟུང་ཡོད་པ་དེ་ཡི་འོག་དུ་བློ་བཟང་གི་བྱིས་པ་དང་རྒན་མོ་མཚམས་སྐྱིད་ཟེར་ནས་བྲིས་ཡོད་པ་རེད། འདྲ་དཔར་གཞན་དེ་ནི་ཁོ་མོ་བསྡོད་སའི་ཉལ་ཁང་ཡིན་པ་དང་ལས་ཀ་བྱེད་ས་ཡང་དངོས་ནས་སྐྱིད་པོ་འདུག ཁྱེད་རང་ཡོང་བ་ཡིན་ན། ལས་ཀ་རེག་རྒྱུར་དཀའ་ངལ་མི་འདུག་ཞེས་བྲིས་ཡོད་པ་རེད།

བློ་བཟང་གིས་ཡིག་སྐོག་དེ་ཕྱིར་ཡིག་སྐོག་གསར་བ་ཞིག་གི་ནང་དུ་བསྡུས་དེ། འཕྲིན་ལན་ཐུང་ཐུང་འདི་འདྲ་ཞིག་དང་ལྷན་དུ་མཚམས་སྐྱིད་ལ་སྐུར་བ་རེད། མཚམས་སྐྱིད། ཁྱེད་རང་གིས་དེ་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པ་དང་བདེ་ཐང་ཡིན་པ་ཐོས་ནས་དངོས་ནས་དགའ་བོ་བྱུང་། ཡིན་ཡང་། འུ་གཉིས་ཀྱི་བར་ན་ཕོ་མོའི་འབྲེལ་བ་མེད་པ་ཁྱེད་རང་གིས་ཤེས་གསལ་རེད། རྗེས་ཕྱོགས་ང་རང་ལ་འདྲ་དཔར་དེ་འདྲ་སྐུར་མ་ཡོང་། འཕྲིན་ཡིག་ཀྱང་མ་སྐུར་ན་ཡག་པོ་འདུག ད་ནི་ཁྱེད་རང་ཁྱེད་རང་གི་ས་ནས་སྐྱིད་པོ་བྱོས་དེ་བསྡོད།

ཉིན་གྲངས་མང་བོ་ཞིག་མ་འགོར་བར་བློ་བཟང་ལ་སླར་ཡང་གྲོགས་པོའི་ཁ་པར་སྟེང་ལ་མཚམས་སྐྱིད་ཀྱིས་ཁ་པར་སླེབས་ནས། ངས་ཁྱེད་རང་དྲན་གྱི་འདུག ང་རང་མགྱོགས་པོ་རྡ་སར་ཕྱིར་ཡོང་རྒྱུ་ཡིན། ཁྱེད་རང་འཐད་མིན་ལ་ངས་མི་བལྟ། ང་རང་དངོས་ནས་ཡོང་གི་ཡིན། ཁྱེད་རང་གིས་ང་དེ་ལྟར་གཡུགས་ཐུབ་རྒྱུ་རེད་འདོད་ཀྱི་ཡོད་དམ། རྩེད་མོ་རྩེད་ཚར་ནས།

བློ་བཟང་གིས་ཁ་པར་དེ་ལ་ཉན་རྗེས་སུ། ད་ནི་དངོས་ནས་མཚམས་སྐྱིད་འདིས་མི་བྱེད་པ་གང་ཡང་མི་འདུག་སྙམ་བཞིན། རང་གི་གྲོགས་པོ་ཞིག་ལ་རྡེ་ར་སྒྲོང་དུ་འབྲེལ་བ་བྱེད་དུ་བཅུགས་ནས་ཁོ་མོའི་དེ་ཁུལ་ག་རེ་བྱེད་ཀྱི་ཡོད་མེད་སྐོར་ཞིག་འདྲི་རུ་བཅུགས་པ་རེད།

བློ་བཟང་གི་ཁོ་རང་ཡང་ཉིན་འགའི་སྔོན་དུ་ལས་ཀ་གཞན་ཞིག་རེག་ཡོད་པ་དེ་ནི་དངོས་ནས་ལས་ཀ་རླབས་ཆེན་ཞིག་ཡིན་ཟེར་ན་མི་འགྲིག་པ་མེད་ལ། དེ་ཡི་སྐོར་ཡང་མཚམས་སྐྱིད་ཀྱིས་གོ་ཡོད་པ་མ་ཟད། ཁ་པར་ནང་ནས་ཁྱེད་རང་ལ་གོ་སྐབས་དེ་འདྲ་རེག་སྟབས། ང་རང་གཏན་ནས་དྲན་གྱི་ཡོད་པ་མ་རེད་སོགས་གླེང་བ་སོགས་བསམ་བློ་འདྲ་མིན་འཁོར་བཞིན་བསྡད་ཡོད་པ་དང་། ལས་ཀ་དེ་འདྲ་ཞིག་རེག་ཡོད་ཀྱང་། དེ་བྱེད་དུ་འགྲོ་རྒྱུའི་དུས་ཚོད་ལ་སླེབས་རྒྱུར་ད་དུང་ཉིན་མ་བཅུ་ཙམ་ཡོད་པ་རེད།

བློ་བཟང་ལ་གྲོགས་པོ་ཞིག་གིས་གནས་ཚུལ་བཤད་པ་ལྟར། མཚམས་སྐྱིད་ཀྱིས་རྡེ་རེ་སྒྲོང་ནས་རྡ་ས་བར་དུ་འགྲོ་བའི་རླངས་འཁོར་འཛིན་བྱང་ཉོ་རོགས་ཀྱང་། བློ་བཟང་གི་གྲོགས་པོ་དེ་ཡི་ངོ་ཤེས་ཨ་ཅག་ཞིག་གིས་བྱས་འདུག་པ་དེ་ཡི་སྟབས་ཀྱིས་བློ་བཟང་ལ་གནས་ཚུལ་གསར་བ་འབྱོར་བ་རེད། བློ་བཟང་གིས་ད་ནི་རང་གི་ལས་ཀ་དེ་ལ་བར་ཆད་ཡོང་ཁོ་ཐག་རེད། དོ་ནུབ་ང་རང་ལྡི་ལུ་རུ་ལམ་དུ་ཆས་ནས་ལྡི་ལུ་ནས་ཉིན་མ་ཁ་ཤས་དེ་བསྐྱལ་བ་ལས་ཐབས་ཤེས་མི་འདུག་སྙམ་ནས། རང་གི་ལག་དུ་ཧིན་སྒོར་བརྒྱ་ལག་ལས་མེད་པས་ཁོ་རང་གི་ལས་ཀ་བྱེད་སའི་གྲོགས་པོ་དེ་ལ། ང་རང་ལ་ཧིན་སྒོར་གཅིག་སྟོང་གི་སྔ་གཞུག་གནོང་དང་། ངས་ཁྱེད་རང་ལ་གོང་ནས་གཡར་བའི་སྒོར་མོ་དེ་དག་གི་བུ་ལོན་དང་བཅས་དེ་ལྷན་དུ་ང་རང་ལས་ཀ་དེ་འགྲུབ་ནས་ཕྱིར་ཡོང་དུས་སྤྲོད་ཆོག

ང་རང་ག་དུས་ཕྱིར་སླེབས་ཀྱང་། ཁྱེད་རང་ཡོད་སར་ལས་ཀ་མུ་མཐུད་དུ་བྱེད་ངེས་ཡིན། དེ་བྱས་པ་ཡིན་ན་འགྲིག་གི་འདུག་གམ། ང་རང་འདི་ནས་བསྡད་པ་ཡིན་ན། སང་ཉིན་མོ་རང་འདིར་སླེབས་ཁོ་ཐག་རེད་ལ། ཁོ་མོ་འདི་རུ་སླེབས་ཚེ། ང་རང་ལས་ཀ་དེ་བྱེད་དུ་འགྲོ་ཐུབ་མི་ཡོང་བ་ཡིན། དེ་ཡིན་དུས་ང་རང་གི་ལས་དོན་མང་བོ་ཞིག་གི་གོ་སྐབས་ཀྱང་ཤོར་འགྲོ་བ་ཁྱེད་རང་གིས་ཤེས་གསལ་རེད།

གྲོགས་པོ་དེས། ཁོ་རང་ལ་ཡིན་དང་ཡིན། འགྲིག་གི་རེད། དོ་ནུབ་སོང་། ངས་ཁྱེད་རང་ལ་ལོས་གཡར། དེ་ཙམ་གྱིས་འགྲིག་གི་འདུག་གམ།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣
Mobile App

ངས་སྲས་མོ་ཁོང་ལ་འོས་འཕེན་དགོས་དོན།

༢༠༢༦/༠༢/༡༣
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་དང་སྦིར་ས་གནས་གཞོན་ནུའི་ཚོགས་གཙོ་བློ་གྲོས་དཔལ་ལྡན་ལགས་རྣམ་གཉིས་ཀྱིས་བོད་དོན་སྦག་སྦག་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

ཉིན་གྲངས་ ༩༠ ཡི་བོད་དོན་སྦག་སྦག་སྐོར་སྐྱོད་མོན་གྷོ་གཞིས་ཆགས་སུ་འབྱོར།

༢༠༢༦/༠༢/༡༢

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཉི་འབུམ་ལགས། སྐུ་ཉིད་འདི་རུ་གསར་དུ་འབྱོར་བ་ཞིག་ཡིན་དུས། སྒྲུང་འདིས་མགོ་ནས་ཞིབ་དུ་ཀློག་ཐུབ་ན་ད་གཟོད་སྐུ་ཉིད་ལ་ལན་ཞིག་རེག་ངེས་ཡིན། དེ་ནས་རྣམ་པ་གཉིས་ཕེབས་པ་དགའ་ཡོད།

    Reply
  2. Dawaa says:
    ལོ་ 16 སྔོན།

    གྲྭ་བ་བྱེད་པ་དེ་སྦྱིན་བདག་ཐོབ་ཆེད་ཡིན་ན་སྐྱོ་བ་་ལ། གནའ་ཁྱོད་ཀྱི་བསམ་
    བློ་དེ་འདྲ་བ་ཞིག་འཁོར་མྱོང་ངམ།

    Reply
  3. beri Palden Namgyal says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་བཀླགས་ཟིན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese