མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༦
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གློག་བརྙན་ལས་ཁུངས་དེ་ཡི་བོད་ཀྱི་ཕོ་གསར་མགྲིན་ཚབ་པ་དེས་ཁ་པར་སླེབས་ནས་སང་ཞོགས་སྔ་བོ་ང་ཚོ་ཁྱེད་རང་ལེན་དུ་ཡོང་ངེས་ཡིན། དེ་དུས་ཁྱེད་རང་ལྡི་ལུ་ས་ཆ་གང་དུ་ཡོད་པ་དེ་ཡི་ས་ཚིགས་ང་ལ་ཤོད་དང་། ངས་སང་ཉིན་རོགས་པ་གཞན་དག་ཡང་རྡ་ས་ནས་ཁྲིད་དེ་འོང་གི་ཡོད།

བྱ་རྒོད་རྟགས་ཅན་གྱི་རླངས་འཁོར་བརྫིག་པོ་ཞིག་གི་ནང་དུ་བློ་བཟང་དང་ཁོ་རང་གི་ལས་རོགས་གཞན་དག་དང་བཅས་ལྡི་ལུ་གསར་བའི་གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་དེ་ཡི་བསྡོད་གནས་སུ་ཕྱིན་པ་དང་། དེ་ནས་ཁོང་ཚོ་ལ་འཚམ་འདྲི་དང་ཁོང་ཚོ་ད་རེབས་ཀྱི་གློག་བརྙན་གསར་བ་འདི་འཁྲབ་པའི་ནང་གི་མི་སྣ་གཙོ་བོ་དག་ཆགས་རྒྱུ་ཡིན་པ་སོགས་གླེང་མཐར། ཁོང་ཚོ་སང་ཞོགས་སྔ་བོ་ཆུ་ཚོད་ལྔ་བའི་སྟེང་ནས་ཡར་བླངས་དེ་གནམ་ཐང་དུ་འགྲོ་དགོས། དེ་ཡི་གོ་སྒྲིག་ཚང་མ་ང་ཚོའི་ཚོགས་པ་འདིས་གོ་སྒྲིག་བྱས་ཟིན་པ་ཡིན། ང་ནི་གློག་བརྙན་འདིའི་འཁྲབ་ཁྲིད་པ་གཞོན་པ་ཡིན་ཟེར་ནས་རྒྱ་གར་ཤ་ཅུང་ཙམ་སྐམ་རུད་དུ་གྱུར་བའི་ཕོ་གསར་དེས་ཁོང་ཚོ་ལ་དེ་ལྟར་འགྲེལ་བཤད་བྱས་པ་རེད།

བློ་བཟང་ནི་ཁོ་རང་གི་མི་ཚེ་ནང་དུ་གནམ་གྲུ་ཞིག་གི་ནང་དུ་འགྲོ་མྱོང་མེད་པ་དང་། ཁོ་རང་གི་གྲོགས་པོ་རེ་ཟུང་ཞིག་ཀྱང་དེ་སྔོན་གནམ་གྲུའི་ནང་དུ་འགྲོ་མྱོང་མེད་མཁན་ཡིན་སྟབས། ཁོང་ཚོ་ཚང་མ་ཡ་མཚར་དང་སྤྲོ་སྣང་སོགས་ཀྱི་འཁང་ནས་གནམ་གྲུའི་དེ་ཡི་ནང་ནས་ལྡི་ལུ་གསར་བའི་མཁའ་དབྱིངས་བརྒྱུད་དེ་ལ་དགས་ཕྱོགས་སུ་འཕུར་བ་རེད།

བློ་བཟང་གིས་བསམ་པར། གནམ་གྲུའི་ནང་དུ་ད་སྔ་བསྡད་མྱོང་མེད་དུས། གནམ་གྲུའི་ནང་གི་གཙང་སྤྱོད་དེ་ཡང་མ་འདྲ་བ་ཞིག་ཡིན་རྒྱུ་རེད། གཅིག་བལྟ་རུ་འགྲོ་བསམ་ནས་གཙང་སྤྱོད་ནང་དུ་སོང་དུས། དངོས་ནས་གནམ་གྲུའི་ནང་གི་གཙང་སྤྱོད་དངོས་ནས་ས་ཐོག་གི་གཙང་སྤྱོད་གཞན་དང་མ་འདྲ་བ་ཞིག་ཡིན་པ་མ་ཟད། ནང་དུ་གློག་སྒོ་སོགས་གང་ཡང་མེད་པའི་སྟེང་ལ། གཙང་སྤྱོད་ནང་གི་བརྩིགས་ངོས་སུ་དབྱིན་ཡིག་གིས་གནོན་ཟེར་བ་དང་། རྒྱོབས་ཟེར་བ་ཞིག་ལས་གང་ཡང་མེད་སྟབས། བློ་བཟང་གིས་རང་གི་བཙོག་པ་བཏང་རྗེས་སུ། གནོན་ཟེར་བ་དེ་ཡི་སྟེང་དུ་གཅིག་གནན་པ་ན། གཙང་སྤྱོད་ཀྱི་ཁ་ཕྱེ་ནས་བཙོག་པ་གར་སོང་ཆ་མེད་དུ་གྱུར་བ་རེད།

བློ་བཟང་ཕྱིར་རང་གི་གྲོགས་པོ་རང་གྲོལ་དང་པ་སངས། རྡོ་རྗེ་སྐྱབས། མིག་དམར་བཅས་ལ་གནམ་གྲུའི་ནང་གི་གཙང་སྤྱོད་ནི་ས་ཐོག་གི་གཙང་སྤྱོད་དང་མི་འདྲ་བའི་སྐོར་ཞིག་བཤད་དུས། ཁོང་ཚོས་ཁྲོད་ནས་པ་སངས་ཅུང་མི་ལས་པར་ཁ་རོག་གེར་བསྡོད་ན་ཡང་། གཞན་དག་གིས་དེ་འདྲ་ཞིག་ཡིན་ན་ང་རང་ཡང་བལྟ་རུ་འགྲོ་དགོས་ཀྱི་ཡོད་ཟེར་ནས་གཅིག་འཕྲོ་གཅིག་གིས་བཤད་བཞིན་པའི་སྐབས་སུ། གནམ་གྲུའི་ནང་ནས་མི་དམངས་ལ་རང་རང་རྐུབ་སྟེགས་སྟེང་ནས་གཏན་པོ་སྲུང་ཐག་གིས་བསྡམ་ནས་འདུག་རོགས། སྐར་མ་ཁ་ཤས་ཀྱི་རྗེས་སུ་གནམ་གྲུའི་ས་ལ་འབབ་རྒྱུ་རེད་ཅེས་བཤད་པ་རེད།

པ་སངས་ཀྱིས། བློ་བཟང་ལ་ལྟ་ཞོར་དུ། ང་རང་སྔོན་ཆད་ང་ཚོའི་ལས་ཁུངས་ཀྱི་འཁྲབ་སྟོན་ཞིག་གི་ཆེད་དུ་ཕྱི་རྒྱལ་དུ་སོང་དུས། གནམ་གྲུའི་འདི་ལས་ཆེ་བ་ཡོད་པ་མ་ཟད། འགྲོ་ཡུལ་གྱི་དུས་ཚོད་ཀྱང་ཧ་ཅང་རིང་བོ་རེད། དེ་དུས་ཀྱི་གནམ་གྲུའི་ནང་གི་ཆ་རྐྱེན་ནི་གནམ་གྲུའི་འདི་དང་བསྡུར་ན་གང་ཡང་མ་རེད། ཁྱེད་ཚོ་བྲེལ་བ་མ་བྱེད་དང་ཕྱིར་ཡོང་དུས་སུ་བལྟ་ཆོག་གི་རེད།

ལ་དགས་ཀྱི་གནམ་ཐང་དུ་འབྱོར་དུས། ཁོང་ཚོ་ལ་བསུ་མ་བྱེད་དུ་ཡོང་མཁན་གྱི་རླངས་འཁོར་བརྫིག་པོ་གཉིས་གསུམ་ཞིག་ཡོད་པ་མ་ཟད། ཁོང་ཚོ་ལ་རྒྱ་གར་གྱི་བུད་མེད་མཛེས་མ་ཞིག་གིས་ཁྱེད་ཅག་ལ་དྭགས་སུ་བདེ་བར་འབྱོར་བ་གློག་བརྙན་ལས་ཁུངས་འདིས་ཚབ་བྱས་དེ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། ད་ང་ཚོ་མགྲོན་ཁང་དུ་འགྲོ ཕྱི་དྲོ་ཁྱེད་ཚོ་འཁྲབ་ཁྲིད་འགན་འཛིན་གྱིས་ཐུགས་འཕྲད་ཅིག་བྱེད་དགོས་ཀྱི་ཡོད་ཟེར་གྱི་འདུག ཁྱེད་ཅག་གིས་མགྲོན་ཁང་ངལ་ཅུང་ཙམ་གསོས་རྗེས་སུ། ང་ཚོས་རླངས་འཁོར་ཞིག་ཁྱེད་ཅག་བསུ་རུ་བསྔགས་ཡོང་།

བློ་བཟང་གིས། ལ་དགས་ཀྱི་ཡུལ་ལྗོངས་ཀྱི་བཀོད་པ་དག་མིག་ལམ་དུ་མངོན་དེ་འོང་དུས་སུ། སྟོད་མངའ་རིའི་ས་ཁུལ་གྱི་རྣམ་པ་ཞིག་ཡིན་པ་ལྟ་བུའི་སྣང་ཚུལ་ཞིག་མིག་ལམ་དུ་ཤར་བཞིན། རླངས་འཁོར་གྱི་སྒེའུ་ཁུངས་ལས་རྒྱང་ལྟ་བྱེད་ཀྱིན་གནམ་ཐང་ནས་མགྲོན་ཁང་ཕྱོགས་སུ་ཤར་རྒྱུགས་བྱེད་ཀྱིན་པའི་རླངས་འཁོར་ནང་ནས་སེམས་པ་ག་ལེར་གཞན་ཞིག་ལ་འཁོར་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༦ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese