མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་བཞི།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཉི་མ་ལྷ་སྒྲོན་བློ་བཟང་གི་འཁྲིས་སུ་འབྱོར་མ་ཐག ཕོ་གསར་རྨ་བྱ་འདྲ་བོ་ང་སྒུག་ནས་བསྡད་འདུག་ཟེར་ནས་དགད་མོ་དགོད་ཞོར་དུ། ཡ་འགྲོ ང་རང་དངོས་ནས་སྐེས་འཛེགས་སྒང་དུ་ཡར་འགྲོ་རྒྱུར་ལ་དངོས་ནས་དཀའ་ངལ་འདུག ཁྱེད་རང་གིས་ང་རང་འཐེན་ནས་སོང་ན་འགྲིག་གི་རེད་དམ་ཟེར་ཞོར་དུ་བློ་བཟང་གི་རྒྱབ་ལོག་ནས་སྐེ་རེག་ལ་འཐམ་པ་རེད།

བློ་བཟང་གིས། དེ་བས་ཀྱང་སེམས་སུ་ཚ་ཤད་ཅིག་རྒྱག་གི་ཡོད་ཀྱང་། ངོ་གདོང་ཡོངས་སུ་འཛུམ་མདངས་ཤིག་དང་བཅས་དེ་འགྲིག་དང་འགྲིག་ཟེར་བཞིན་སྐེས་འཛེགས་སྒང་དུ་གོམ་པ་རེ་རེ་བཞིན་སྤོས་པ་རེད། སྐབས་དེར་མི་ཞིག་གིས་ཁོ་གཉིས་ཀྱི་རྒྱབ་ལོག་ནས་མཐོང་བ་ཡིན་ན་ནི། དེ་ནི་གསར་དུ་ངོ་ཤེས་མ་ཐག་པའི་ཕོ་མོ་གཉིས་ཡིན་པ་གཏན་ནས་ཤེས་མི་ཐུབ་པ་མ་ཟད། དེ་ནི་དངོས་ནས་བརྩེ་བ་ཟབ་པའི་ཕོ་མོ་གཉིས་ཡིན་པར་འཁྲུལ་ངེས་ཡིན་པ་རེད། འོན་ཀྱང་། ཉི་མ་ལྷ་སྒྲོན་ནི་དངོས་ནས་བུད་མེད་ཁ་ཁོག་མེད་པའི་གཤིས་རྒྱུད་འཇམ་པའི་བུད་མེད་ཅིག་ཡིན་པ་བློ་བཟང་གི་སྔ་ས་ནས་ཤེས་ཡོད་པ་རེད་ལ། ཕོ་གསར་མང་བོ་ཞིག་གི་རེ་བ་རྒྱག་ས་ཡང་ཆགས་ཡོད་ཀྱང་། དེ་དག་གི་ལག་པར་ལས་སླ་བོ་ཡོང་གི་མེད་པ་རེད།

རི་སྒང་སྐྱ་བོ་དེ་ནས་འཁྲབ་ཚན་དངོས་སུ་མགོ་འཛུགས་པ་བྱས་པ་དང་། ངལ་གསོའི་སྐབས་སུ་བློ་བཟང་ལ་ཁོ་རང་གི་གྲོགས་པོ་རང་གྲོལ་གྱིས་ཀ་ར་ཞིག་སྤྲད་དེ། ཨ་རོགས། ཁྱེད་རང་ལ་རླུང་རྟ་རྒྱུགས་བཞིན་འདུག ཉི་མ་ལྷ་སྒྲོན་གྱིས་སྤྲད་སོང་ཞེས་བཤད་དུས། བློ་བཟང་གིས་གྲོགས་པོ་རང་གྲོལ་ལ་ཀུ་རེ་མ་རྩེད་ཅེས་བཤད་པ་རེད།

གྲོགས་པོ་རང་གྲོལ་གྱིས། ཀུ་རེ་མིན། མི་རློམ་ན་ཕར་བལྟས་ཤིག ཉི་མ་ལྷ་སྒྲོན་གྱིས་ཁྱེད་རང་ལ་ལྟ་བཞིན་ཡོད་པ་མཐོང་མ་སོང་ངམ་ཞེས་བཤད་མ་ཐག བློ་བཟང་གིས་ག་ལེར་བུད་མེད་ལས་ཀ་བ་དག་གི་ཁྲོད་དུ་ག་ལེར་བལྟས་དུས་སུ། ཉི་མ་ལྷ་སྒྲོན་གྱིས་ཁོ་རང་གི་ཕྱོགས་སུ་མགོ་བོ་སྡེབས་ཀྱིན་པའི་ངང་ཚུལ་དང་མཐོང་རྗེས་སུ་གཟོད་ནས་གྲོགས་པོ་རང་གྲོལ་གྱིས་ཀུ་རེ་བྱེད་ཀྱི་མེད་པ་རྟོགས་པ་རེད།

ཉིན་མ་རེ་རེ་བཞིན་འཁྲབ་ཚན་འདྲ་མིན་གྱི་བར་གསེང་དུ་ཁོང་ཚོ་གཏན་ནས་ཁོམ་གྱི་མེད་པ་རེད་ལ། དེ་དང་འགྲོག་ནས་བློ་བཟང་དང་ཉི་མ་ལྷ་སྒྲོན་གཉིས་ཀྱི་བར་ཐག་ཡང་ཉེ་ནས་ཉེ་རུ་འགྲོ་བཞིན་ཡོད་པ་རེད། བློ་བཟང་དང་ཉི་མ་ལྷ་སྒྲོན་གཉིས་ནི་ཟ་ས་རུ་མཉམ་དུ་སླེབས་ཡོད་པ་དང་འཐུང་ས་ན་ལྷན་དུ་ཡོད་པ་དང་། ངལ་གསོ་བྱེད་ས་རུ་ཡང་ལྷན་དུ་འདུས་ཡོད་པ་རེད། འོན་ཀྱང་། ཁོ་གཉིས་ལ་ཐུན་མོང་གི་དགའ་ཕྱོགས་ཤིག་ཡོད་པ་དེ་ནི་ཕན་ཚུན་གྱི་འདས་པ་དག་ལ་ཕན་ཚུན་གྱི་མྱོང་བ་དག་གླེང་མོལ་བྱེད་རྒྱུ་དེ་ཡིན་པ་ཁོ་གཉིས་ཀྱི་ཉེ་འཁོར་གྱི་མི་སུས་ཀྱང་ཤེས་ཀྱི་མེད་པ་རེད།

དོན་དངོས་ཐོག་ཉི་མ་ལྷ་སྒྲོན་ནི་བཟའ་ཚང་བྱས་ཟིན་པའི་བྱིས་པ་གཅིག་གི་ཨ་མ་ཡིན་པ་མ་ཟད། ཁོ་རང་གི་བཟའ་ཚང་ཡང་གཞིས་གྲོང་དེ་ནས་སྤྱི་ལེ་བཞི་བཅུ་ལྔ་བཅུའི་མཚམས་ཀྱི་དམག་སྒར་ཞིག་གི་ནང་དུ་ཡོད་པ་རེད། ཁོ་མོ་ནི་ལོ་ན་བཅུ་དགུ་ཡིན་དུས་སུ་ཆང་ས་བརྒྱབ་པ་དང་། ལོ་ཉི་ཤུའི་སྒང་དུ་བྱིས་པ་དེ་སྐྱེ་བ་ཡིན་པ་རེད། བློ་བཟང་གིས་སེམས་ནང་དུ་དམ་བཅའ་ཞིག་ཡོད་པ་དེ་ནི་བྱིས་པ་ཞིག་གི་ཨ་མར་གྱུར་ཟིན་པའི་བྱམས་བརྩེ་ལྡན་པའི་ཁྱིམ་གཞི་ཞིག་གི་བདག་མོ་དེ་ལ་ལུས་འབྲེལ་གཏན་ནས་མི་འཇོག་པ་དེ་ཡིན་ཡང་། ཉེ་ཁོར་གྱི་མི་དག་གིས་ཁོ་གཉིས་ལ་ལུས་འབྲེལ་ཡོད་པར་ཐག་གཅོད་བྱེད་ཀྱི་ཡོད་པ་མ་ཟད། ཉིན་རེ་ནས་ཉིན་རེ་མྱི་ཁ་ཡང་ཆེ་རུ་འགྲོ་བཞིན་ཡོད་པ་རེད།

སྐབས་དེ་འདྲ་ཞིག་ལ་ཁོ་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས། བློ་བཟང་། ཉི་མ་ལྷ་སྒྲོན་ནི་དངོས་ནས་བུད་མེད་ཡ་རབས་ཤིག་རེད། ཁྱེད་རང་གི་མི་ཚེ་ཡི་གཏན་གྲོགས་དེ་འདྲ་ཞིག་རེག་པ་ཡིན་ན་དངོས་ནས་ཡག་པོ་རེད། འོན་ཀྱང་། ཁོ་མོ་ལ་བཟའ་ཚང་ཡོད་པ་དང་བྱིས་པ་ཞིག་གི་ཨ་མ་ཡང་ཡིན་པས་བསམ་བློ་བཏང་ན་ཡག་པོ་རེད་སྙམ། ཡིན་ཡང་། ཁྱེད་རང་གི་ག་རེ་བསམ་གྱི་ཡོད་མེད་ནི་ངས་ཀྱང་མི་ཤེས།

བློ་བཟང་གིས་རང་གི་གྲོགས་པོ་དེ་ཡི་སྐད་ཆ་གོ་བ་དང་དགད་མོ་ཤུགས་ཆེན་པོ་དང་བཅས་དེ་དགོད་ཞོར་དུ། མི་གཞན་གྱིས་དེ་འདྲ་བསམ་ན་འགྲིག་གི་རེད། ཁྱེད་རང་གིས་དེ་འདྲ་བསམ་ན་ནི་དངོས་ནས་དགོད་སྤྱད་རེད། ཁྱེད་རང་གི་མཐོང་གསལ་རེད། འུ་གཉིས་ད་ལྟ་བར་དུ་ཁང་བ་གཅིག་གི་ནང་དུ་བསྡད་པ་རེད། ང་རང་མཚན་མོ་གཅིག་ལ་ཡང་ནང་དུ་མ་ཡོང་བ་དེ་འདྲ་ཁྱེད་རང་གི་དྲན་གྱི་འདུག་གམ། ཁོ་མོ་འདི་རུ་ཡོང་ནས་བསྡད་པ་དེ་འདྲ་ཡང་ཁྱེད་རང་ལ་དྲན་གྱི་འདུག་གམ། ད་དུང་། ངེད་གཉིས་ཀྱིས་ཕན་ཚུན་ལ་སྐད་ཆ་ཕན་ཚུན་ལ་སྣང་བ་འགྲོ་བའི་སྐོར་གླེང་བ་སོགས་ཐོས་མྱོང་ཡོད་དམ།

རྡོར་རྗེ་སྐྱབས་ཀྱིས། དེ་འདྲ་བཤད་ན། དེ་ཡང་བདེན་པ་རེད། ངས་ནམ་ཡང་ཁྱེད་རང་ནང་དུ་ལོག་མ་ཡོང་བའི་མཚན་མོ་ཞིག་བཤད་རྒྱུ་དངོས་ནས་མེད། རེད་དེ། ཁྱེད་རང་མཚན་མོ་ཕྱིར་ནང་དུ་ཡོང་བ་འཕྱི་བོ་དེ་འདྲ་མང་བོ་ཞིག་བྱུང་བ་མ་ཟད། ཁྱེད་རང་གིས་དངོས་སུ་མཚན་མོ་མི་ཉུང་བ་ཞིག་ལ་ཁོ་མོ་དང་ལྷན་དུ་ཁ་བརྡ་བྱེད་ཀྱིན་པ་ངས་མཐོང་མྱོང་ཡོད། ལུས་འབྲེལ་འཇོག་པ་ལ་ཡིན་གཅིག་མིན་གཅིག་ཁང་བ་འདིའི་ནང་དུ་ཡིན་དགོས་དོན་མེད་པ་རེད། དེ་འདྲ་མ་རེད་དམ། གང་ལྟར། ཁྱེད་གཉིས་ལ་ལུས་འབྲེལ་མེད་པ་ཡིན་ན་ཡག་པོ་འདུག འོན་ཀྱང་། ལུས་འབྲེལ་འཇོག་རྒྱུ་འདྲ་ཡིན་ན་བྱིས་པ་མ་ཆགས་པ་བྱས་ན་བཟང་གི་རེད། ཁོ་མོའི་མི་ཚེ་ལ་ཡང་འགན་ཞིག་འཁུར་ན་འགྲིག་གི་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། ཉིད་རང་སྒྲུང་གཏམ་འདི་འགོ་བཙུགས་པ་ནས་ཧུར་བརྩོན་བྱས་དེ་འདི་རུ་ཕེབས་པ་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་སྒྲུང་མཇུག་ལ་སླེབས་རེག་བར་དུ་ཕེབས་རྒྱུ་མ་བརྗེད་ཅིག

    Reply
  2. chentsasopa says:
    ལོ་ 17 སྔོན།

    ཨ་རོགས་ཤ་ཁྲག ད་དྲ་ཐོག་ལ་ཤོག་དང་དཀའ་ངལ་དེ་མི་འདུག་ཡ། ཕལ་ཆེར་སྤྱི་འཐུས་གྲོས་ཚོགས་གྲོལ་སོང་བས་ཡིན་ས་རེད་ཡ། ང་ཚོས་དྲ་ཐོག་ནས་གྲོས་ཚོགས་དང་ཚོགས་སྒེར་བ་རེར་སྐྱོན་བརྗོད་དང་ཚིག་རྩུབ་བཤད་རྒྱུ་མང་དྲག་པས་སྲུང་མ་དམར་ནག་གཉིས་ཀྱིས་མཐུ་བཏང་དང་ནེ་ཨེ་ཡིན་ནམ་འདོད་ཀི ད་གང་ལྟར་དྲ་བར་འཇུག་པར་དཀའ་ངལ་ཅང་མི་འདུག

    Reply
  3. chentsasopa says:
    ལོ་ 17 སྔོན།

    ཤ་ཁྲག་ལགས། སྒྲུང་རིང་འདི་ནམ་ཞིག་ལ་མཇུག་རྫོགས་ཀྱི་རེད། ངས་སྔོན་ཆད་ཁྱོད་ལ་༼ལེའུ་བརྒྱ་བ༽འམ་ཡང་ན་ ༼སྒྲུང་གཏམ་ལེའུ་བརྒྱ་མ༽ཞེས་བཤད་མྱོང་། དོན་དུ་ལེའུ་བརྒྱ་བྲིས་མཚམས་མཇུག་རྫོགས་རྒྱུ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese