མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷག་དཀར་དམ་བཅའ།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

ལྷག་དཀར་དམ་བཅའ།

༡༽ ལས་གཞི་འདིའི་ངོ་བོ།
ལྷག་དཀར་དམ་བཅའ། ཞེས་བའི་ལས་གཞི་ཆུང་ཆུང་འདི་ནི་བོད་ཕྱི་ནང་གཉིས་ནས་མ་སྐུལ་དང་བླང་གིས་བྱུང་བའི་། ང་བོད་ཡིན། ཞེས་པའི་སྒྲུབ་བྱེད་ལས་འཕྲོས་བའི་ཉིན་རེ་འཚོ་བའི་ནང་དུ་རང་ཉིད་བོད་རིགས་གཙང་མ་ཞིག་ཡིན་པའི་དྲན་ཐོ་ལྟ་བུ་ཡིན་ལ། ལས་འཆར་ཆུང་ཆུང་འདི་རྒྱུད་ནས། ད་ལྟའི་ཆར་རང་ཉིད་ལ་བོད་མིའི་ངོ་བོ་དང་ཁྱད་ཆོས་གང་ཡོད་པ་། ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་བཏང་ནས་རང་གི་མི་རབས་ཚ་རྒྱུད་དང་བཅས་པའི་བོད་གངས་ཅན་པའི་ངོ་བོ་སྐལ་བའི་བར་ཏུ་སྐྱོང་བའི་ཐབས་ལམ། ལས་སླ་དོན་ལྡན་ཞིག་ཡིན།
༢༽ རེ་བ།
གཞིས་ལུས་རྒྱ་ཆེ་མི་དམངས་ཀྱི་རེ་འདུན་དྲག་པོ་ལྟར་དུ།  ཕྱི་རྒྱལ་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་རྒྱ་ནང་ཁག་ན་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ནད་བརྒྱ་སྨན་གཅིག་ཏུ་དགོངས་ནས་ལྷག་དཀར་གྱི་ལས་གཞི་འདི་དབུ་བརྙེས་བ་ཡིན་ལ། བོད་མི་སྤུན་ཟླ་གང་མང་ལས་འཆར་འདིའི་ནང་དང་བླང་གིས་འཛུལ་ཞུགས་གནང་རྒྱུ་དང་། གཞུང་སྒེར་གཉིས་ཕན་གྱི་དམ་བཅའ་བདུན་ཡོངས་སུ་སྲུང་བའམ། ཡང་ན་སྣ་གཅིག་ཙམ་ཡིན་ཡང་གཙིགས་སུ་བཟུང་ནས་དང་ལེན་བྱེད་རྒྱུར། པུས་མོའི་ལྷ་ང་ས་ལ་བཙུགས་ནས་ལག་ཟུང་གི་ཐལ་མོ་སྙིང་ཁར་སྦྱར་ཏེ་རེ་འདུན་གྲང་མེད་བྱེད་ཀྱིན་ཡོད།
ལྷག་དཀར་དམ་བཅའ་ཁག
    •    ང་བོད་ཡིན། དེ་རིང་ནས་བཟུང་ངེད་གྱི་མི་ཚང་ནང་བོད་སྐད་གཙང་མ་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་ང་རང་བོད་མི་དང་འཕྲད་སྐབས་བོད་སྐད་གཙང་མ་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་མ་ཤི་བར་དུ་རང་ཉིད་བོད་མི་ཞིག་ཡིན་པ་ཉིན་རེར་དྲན་པ་བྱེད་ རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་གཟའ་ལྷག་པའི་ཉིན་བོད་ལ་གོན་ནས་འགྲོ་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་གཟའ་ལྷག་པའི་ཉིན་བོད་སྐད་བཤད་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་ངའི་བོད་ཡིག་སྦྱང་རྒྱུ་ཡིན།
    •    ང་བོད་ཡིན། དེ་རིང་ནས་བཟུང་བོད་པར་བཏང་པའི་འཕྲིན་ཡིག་དང་ཁ་པར་གང་ཡིན་ཡང་བོད་སྐད་དང་བོད་ཡིག་བེད་སྤྱད་བྱེད་རྒྱུ་ཡིན།

ལྷག་དཀར་ནས།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

མཆན། 22

  1. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ཀརྨ་རྡོ་རྗེ་ལགས་ཁྱེད་ཀྱི་ངོ་སྤྲོད་ཀྱི་མིང་བོད་ཡིག་ཐོག་ལ་འབྲི་བའི་བསམ་ཚུལ་ཡོད།

    Reply
  2. ལྷ་མ་ཡིན། says:
    ལོ་ 16 སྔོན།

    ང་ལ་ཚང་མ་ཚང་གི་འདུག །གསར་དུ་དམ་བཅའ་མི་དགོས་སོ། །

    Reply
  3. karma dorje says:
    ལོ་ 16 སྔོན།

    ལྷ་ དཀར་ དམ་ བཅའ།

    ལྷག་པའི་གཟའ་འདི་༧ རྒྱལ་བའི་བླ་གཟའ་དང་། །
    དཀར་པོའི་ཆོས་རྣམས་བོད་ དོན་གཅིག་ཡིན་པ། །
    དམ་པ་དགོངས་མས་ཞལ་ནས་ཐོས་ བྱུང་བས། །
    བཅའ་དགོས་ཁྲིམས་ཤིག་ད་ནི་ བཅའ་རན་འདུག །

    ལྷ་དཀར་དམ་བཅའ་ཕྱོགས་ཀུན་འཕེལ་གྱུར་ཅིག །

    Reply
  4. karma dorje says:
    ལོ་ 16 སྔོན།

    ང་ཚོ་བོད་མིའི་བོད་སྐད།

    ང་བོད་མི་ཡིན།
    ང་སྐྱེས་ས་བོད་ཡིན།
    ང་འཚོ་ས་བོད་ཡིན།
    ང་འཆི་ས་བོད་ཡིན།

    ང་བོད་པ་ཡིན།
    ངའི་ཕ་བོད་པ་རེད།
    ངའི་ཕ་ཡུལ་བོད་རེད།
    ངའི་ཡུལ་སྐད་བོད་སྐད་རེད།

    ང་རྩམ་ཟན་པ་ཅིག་ཡིན།
    ང་འབྲོག་ལས་བྱེད་མཁན་ཅིག་ཡིན།
    ང་ཞིང་ལས་བྱེད་མཁན་ཅིག་ཡིན།
    ང་བོད་སྐད་རྒྱག་མཁན་ཅིག་ཡིན།

    ང་གངས་ཅན་པ་ཡིན།
    ངའི་ཨ་མ་བོད་མི་རེད།
    ངའི་མ་ཡུལ་བོད་རེད།
    ངའི་མ་སྐད་བོད་སྐད་རེད།

    ང་ཁ་བ་ཅན་པ་ཞིག་ཡིན།
    ངའི་ཕ་མ་ཁ་བ་ཅན་ནས་རེད།
    ངའི་སྤུན་གཉེན་ཁ་བ་ཅན་ནས་ རེད།
    ངའི་ཁ་སྐད་དེ་བོད་སྐད་འདི་རེད།

    ང་ཚོ་བོད་རིགས་ཤིག་ཡིན།
    ང་ཚོ་ཏྰ་ལའི་རྗེས་འབྲངས་ཤིག་ཡིན།
    ང་ཚོ་མདོ་དབུས་ཁམས་གསུམ་ནས་ཡིན།
    ང་ཚོའི་སྐད་དེ་བོད་སྐད་འདི་ཡིན།

    ང་ཚོ་བོད་ལ་སྡོད་མཁན་ཅིག་ཡིན།
    ང་ཚོ་ཁག་ཅིག་བཙན་བྱོལ་བ་ཡིན།
    ང་ཚོ་ཁག་ཅིག་ཚོང་རྒྱག་མཁན་ཡིན།
    ང་ཚོའི་ཚོང་སྐད་དེ་བོད་སྐད་འདི་ཡིན།

    ང་ཚོ་གྲངས་ཉུང་མི་རིགས་ཅིག་ཡིན།
    ང་ཚོ་ཞི་བའི་འཐབ་རྩོད་པ་ཅིག་ཡིན།
    ང་ཚོ་དྲང་བདེན་འཐབ་རྩོད་པ་ཅིག་ཡིན།
    ང་ཚོའི་འབོད་སྒྲ་དེ་བོད་སྐད་འདི་ཡིན།

    Reply
  5. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ལྷག་པ་ཚེ་རིང་གིས་གསུང་པ་ལྟར་ང་ཚོ་ཚང་མས་བྱེད་དགོས་རེད།

    Reply
  6. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    ངེད་བོད་རིགས་ཚང་མས་རང་དོན་རང་གཅེས་ཀྱིས་ལས་གཞི་འདི་རིགས་ཕྱོགས་གང་ས་ནས་གང་ཐུབ་ཀྱིས་སྤེལ་ན་མི་རིང་བར་བོད་སྐད་ཀྱི་ཟུངས་གསོས་ཤིང་རིག་གཞུང་གི་སྟོབས་སྔར་བཞིན་རྒྱས་ངེས་ཡིན་པས་ཕྲན་གྱིས་རྗེས་སུ་ཡིད་རངས་ཙམ་མིན་པར། རྗེས་སུ་འབྲངས་ཏེ་ལག་སྟར་བྱེད་དོ༎

    Reply
  7. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ཕྲན་གྱིས་ཡི་གེ་འགའ་ཤས་ཆད་འདུག་པས་དགོངས་དག་ཞུ།

    Reply
  8. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    གངས་ཁྲོད་ཀྱི་བྱིས་པ་ལགས་དང་པོ་རང་ཉིད་ཀྱིས་གོམ་པ་སྤོ་དགོས་ཞེས་པ་ནི་ལྷག་དཀར་དམ་བཅའི་ལས་ཀྱི་སྣེ་མོ་བ་རྣམས་ལ་ཞུ་ཡི་ཡོད། དེས་དེང་སང་སྤྱི་སྒེར་མང་པོའི་ཚོགས་པའི་ལས་སྣེ་དུ་མས་སྐད་ཆ་རྫིག་པོ་བཤད་པ་ལས་རང་ངོས་ནས་ལག་སྟར་བྱེད་ཀྱི་མེད། དེ་ལྟར་མི་ཡོང་བའི་འབོད་བསྐུལ་ཞུས་པ་ལས་ཕ་སྐད་གཙང་མ་བོད་མི་བྱེ་བྲག་འགའ་ཤས་ལས་གངས་པ་ཐུན་མོང་གིས་ལོངས་སུ་སྤྱོད་མི་དགོས་ཞེས་བཤད་རྒྱུ་མ་བྱུང་། ད་ཁྱེད་ལ་ཐུགས་དོགས་ཅི་མཆིས་ལགས།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ལྷག་དཀར་ཟེར་བའི་ཚིག་སྡུད་རྒྱག་སྟངས་དེར་གཅིག་ལྟོས་དང་། ཁྱོད་ཚོས་ང་བོད་ཡིན་མི་ཟེར་བའི་དཔང་རྟགས་གཙང་མ་བསྟན་ཚར་འདུག་གོ། ལྷག་དཀར་ཡིན་ནམ་དེ་ག་རེ་རེད།

    Reply
  10. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་རེད།
    ཕྱི་ཕྱོགས་ནས་བོད་གཞུང་གི་ལས་ཁུངས་ཁག་གཙོས་ཚོགས་སྡེ་དང་མི་མང་གིས་ཀྱང་ལས་དོན་འདིར་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད།

    Reply
  11. བསྟན་འཇམ says:
    ལོ་ 16 སྔོན།

    ང་མི་ཡིན ། ང་མི་ཡི་བྱེ་བྲག་ཞིག་ཡིན མི་ཡི་བྱེ་བྲག་བོད་མི་ཞིག་ཡིན། ཤ་དང་རུས་པ་བོད་མི་ལས་མཆེད་པའི་བུ་ཕྲུག་ཞིག་ཡིན

    Reply
  12. བློ་བཟང་ཐུབ་བསྟན་ says:
    ལོ་ 16 སྔོན།

    ཉེ་ཆར་བོད་དུ་སློབ་བུ་རྣམས་ཀྱི་འདི་ལྟ་བུ་ལས་འགུལ་དཔེལ་གྱི་ཡོད་རེད་ཧ་ཅང་
    གི་རྗེས་སུ་ཡིད་རང་ཞུ་བཞིན་ཡོད་
    དེའི་སྐོར་གློ་བརྙན་མཐོང་རྒྱུ་འདུག་དེ་མཐོང་སྐབས་དངོས་ནི་སེམས་ལ་ཚ་ཧུར་
    ཧུར་བྱེད་ཀྱི་འདུག་
    བོད་ས་གང་སར་ཕེབས་ནི་ཁྱེད་བོད་པ་ཡིན་ནམ་ཡིན་ན་གཞན་དང་མི་འདྲ་བའི་
    ཁྱེད་ཆོས་གང་ཡོད་བཅས་དྲི་ཀྱི་འདུག་
    ལན་ང་བོད་ཡིན་ངས་མ་ནི་འདོན་གྱི་ཡོད་མགའ་ང་བོད་ཡིན་བོད་ཀྱིས་ལུག་རྫི་
    ཡིན་མགའ་ངས་རྩམས་པ་ཟ་ཀྱི་ཡོད་མགའ་ང་བོད་ལ་དགའ་ལེན་སྣ་ཚོགས་རྒྱབ་བཞིན་འདུག་

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ང་བོད་ཡིན། དེ་རིང་ནས་བཟུང་བོད་པའི་མཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ལ་གཅེས་སྤྲས་བྱེད་ཀྱི་ཡིན།

    Reply
  14. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    ལས་དོན་འདི་དང་ངའི་སེམས་པའི་བར་ཐག་ཧ་ཅང་ཉེ་འདུག་བསྟབ་མོས་མཐུན་ཡོད་འདི་འདྲའི་ཚོགས་པ་ལ་ཞུགས་པའི་འདོད་འདུན་ཡོད་ཀྱང་གོ་སྐབས་དེ་ཧ་ཅང་ཕྲ་གི་་་་་་་་་་་་་་་་་་་ཡིན་ད་བོད་པ་ཚོ་་་་་་་་་་དོན་གྱི་བོད་པ་ཞིག་ཡིན་ན་ངོ་མ་འདི་ལྟ་བུ་ཡིན་དགོས་་་་་་་་་་་ཁྱེད་རྣམས་པའི་ལས་དོན་འགྲུབ་པའི་སྨོན་འདུན་ཡོད་་་་་་་་་་་་་་་་འགྲུབ་

    Reply
  15. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ལ་འུ་ཚོ་སུ་ཞིག་ཡིན་ནའང་། གཞན་གྱིས་བྱ་བ་ཆེ་ཆུང་ཅི་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་ན། དེ་ལ་དམའ་འབེབ་དང་ཟུར་ཟ་ཕྲག་དོག་སོགས་རུལ་སུངས་ཀྱི་བྱ་སྤྱོད་སྐྱུག་བྲོ་བོ་དག་འུ་ཅག་གི་ཀླད་པའི་ཟ་དང་ཟུར་ཀུན་ལ་སྦྲང་ནག་གི་ཁྱུ་བཞིན་ལྡིང་སྐོར་བྱེད་ཀྱིན་པ་འདི་མ་ཡིན་ནམ།

    Reply
  16. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ལྷག་དཀར་དམ་བཅའ་འདི་དག་ང་ཚོ་བོད་མི་མི་རེ་ངོ་རེའི་གཞི་རྩའི་ལས་འགན་གཡོལ་མེད་ཅིག་ཏུ་སེམས། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ལྷག་དཀར་དམ་བཅའ་བས་ཀྱང་ད་ལྟའི་ང་ཚོའི་སྐུ་ངོ་ཚོ་དང་དབང་གྲགས་ཅན་འགའ་ཤས་ཀྱི་སྤྱོད་ཚུལ་ལྟར་རང་གིས་དམ་བཅའ་ཙམ་ལས་ཁོས་དབང་སྒྱུར་ཐུབ་པའི་ནུས་པའི་ཁྱབ་ཁུངས་སུ་ཡོད་པའི་རང་ཉིད་ཀྱི་ཤ་ཆད་བུ་ཕྲུག་རྣམས་དང་། ནང་མི་ཉེ་འབྲེལ་སོགས་ཀྱིས་དེ་ལྟར་བྱེད་པའི་དམ་བཅའ་ཕར་ཞོགས་མཐའ་ན་འབོད་བསྐུལ་བྱེད་པའི་དམ་བཅའི་ཚིག་ཟིར་ཙམ་ཡང་མི་འདུག་པ་འདི་ད་ལྟའི་སྐུ་ངོ་འགའ་ཤས་ཀྱི་སྤྱོད་ཚུལ་ལས་མ་འདས་བ་ཞིག་ཏུ་སེམས་སོ།།

    Reply
  17. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    ང་བོད་ཡིན། དེ་རིང་ནས་བཟུང་རང་སྐད་གཙང་མ་བཤད་སའི་ཁོར་ཡུག་ཅིག་ལ་འབད་རྒྱུ། ང་བོད་ཡིན། དེ་རིང་ནས་བཟུང་ཐ་སྙད་གསར་བའི་དེབ་ཆུང་བློ་འཛིན་ཨེ་ནུས་བལྟ། ང་བོད་ཡིན། དེ་རིང་ནས་བཟུང་གཞན་གྱིས་སྦྲགས་སྐད་བཤད་པར་ཟུར་ཟ་བྱ་རྒྱུ་ཡིན། ང་བོད་ཡིན། དེ་རིང་ནས་བཟུང་རང་རིགས་ལ་གཅེས་སྐྱོང་ཨེ་ཐུབ་བལྟ་རྒྱུ། དྲ་གྲོགས་ཚོ། འུ་ཚོ་ཚང་མ་བོད་ཡིན། དེ་རིང་ནས་བཟུང་ང་ཚོས་ཅི་ཞིག་བྱ་ཐུབ་བམ།

    Reply
  18. གངས་ཁྲོད་ཀྱི་བྱིས་པ། says:
    ལོ་ 16 སྔོན།

    ཁ་བའི་འོད་མདངས། ལགས། ཁྱེད་ཀྱི་ དེ་ཡང་དང་པོ་སོ་སོའི་ངོས་ནས་གོམ་པ་སྤོ་དགོས་པ་ནི་ཤིན་ཏུ་གལ་ཆེ། ཞེས་པ་དེ་སུ་ཞིག་ལ་ལབ་ཀྱི་ཡོད་དམ། ངེད་གངས་ཅན་པའི་ཕ་སྐད་གཙང་མ་ཞིག་དང་ཕ་ས་བུ་བརྒྱུད་བསྙེགས་རྒྱུ་དེ་ནི་གངས་ཅན་པའི་ལས་འགན་ཞིག་རེད་མ་གཏོགས་བོད་མི་བྱེ་བྲག་པ་ཞིག་ལ་དབང་བ་མིན། ལྷག་དཀར་དམ་བཅའི་རེ་སྨོན་ཞིག་དང་དྲན་གསོ་གནང་བ་དེ་ངས་རྗེས་སུ་ཡིད་རུང་དང་དེ་རིང་ནས་བཟུང་ངས་བོད་སྐད་གཙང་མ་ཞིག་ལ་བསྐྱོད་རྒྱུ་ཡིན། ངས་དེ་རིང་བོད་པ་ཞིག་འཕྲད་དུས་བོད་སྐད་གཙང་མ་ཞིག་བཤད་རྒྱུ་ཡིན།

    Reply
  19. རྒྱ་མིའི་སོ་བ། says:
    ལོ་ 16 སྔོན།

    ལས་འགུལ་འདི་ལ་རྗེས་སུ་ཡི་རིང་ཡོད།

    Reply
  20. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    ཁྱེད་རྣམས་པས་འདི་ལྟ་བུའི་ཕྱག་ལས་གནང་བར་བཀྲ་ཤིས་བདེ་ལེགས་དང་རྒྱུན་མཐུད་ཐུབ་པའི་སྨོན་འདུན་ཞུ། དེ་ཡང་དང་པོ་སོ་སོའི་ངོས་ནས་གོམ་པ་སྤོ་དགོས་པ་ནི་ཤིན་ཏུ་གལ་ཆེ།

    Reply
  21. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་དཀར་ནག་ཅེས་པར་གོ་རོགས།

    Reply
  22. གནས་ཚང་། says:
    ལོ་ 16 སྔོན།

    ༼ང་བོད་ཡིན། དེ་རིང་ནས་བཟུང་བོད་ཀྱི་བག་ལེབ་ལས་རྒྱ་དགར་ནག་གང་གང་གི་བག་ལེབ་ཀྱང་མི་མཆོད༽ཅེས་པ་ཞིག་ཀྱང་ཁར་སྣོན་མ་འོས་པ་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese