མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་བརྒྱད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཀྱི་སྐུར་བའི་ལག་སྐྱེས་དང་ཁོ་རང་གི་ལག་སྐྱེས་དག་ཉི་མ་ལྷ་སྒྲོན་ལ་སྤྲོད་ཞོར་དུ་ཁོ་རང་གི་གྲོགས་པོ་ཡོང་མ་ཐུབ་པའི་སྐོར་ཞིབ་དུ་བཤད་རྗེས་སུ། ཉི་མ་ལྷ་སྒྲོན་གྱིས། ཁྱེད་གཉིས་ཀྱིས་འདི་འདྲའི་ལག་སྐྱེས་མང་བོ་ཞིག་ཉོས་དེ་གང་བྱེད་ཟེར་བཞིན་རང་གི་ཨ་ལ་ཁོ་གཉིས་ཀྱིས་ཉོས་པའི་ལག་སྐྱེས་དག་བསྟན་པ་རེད།

ཁོང་ཚོས་ཉིན་གུང་གི་ཁ་ལག་ཟས་རྗེས་སུ་ཉི་མ་ལྷ་སྒྲོན་དང་བདེ་འཚོ་ཁོང་གསུམ་ཕྱིར་བློ་བཟང་བསྡོད་སའི་མགྲོན་ཁང་གི་ཕྱོགས་སུ་ཡོང་བཞིན་ལམ་ཁར། གཞིས་གྲོང་དེ་ཡི་འདབས་སུ་ཆུ་རྐ་ཞིག་ཡོད་དེ་ཡི་འགྲམ་དུ་འབྱོར་མ་ཐག ཉི་མ་ཡང་ཚ་བོ་ཡོད་སྟབས། ཉི་མ་ལྷ་སྒྲོན་གྱིས་དེ་རིང་དངོས་ནས་ཆུ་རྩེད་བྱས་པ་ཡིན་ན་སྐྱིད་ས་རེད་ཅེས་བཤད་མ་ཐག བློ་བཟང་གིས་དེས་ན་ང་ཚོ་ཆུ་རྩེད་བྱེད། ཁྱེད་གཉིས་ཀ་བྱོས། ང་གཅིག་བུ་བྱེད།

བློ་བཟང་གིས་རང་གི་ལྷམ་མགོ་འཕུད་དབང་ཡང་མ་ཕྱིན་པར། རྒྱབ་ལོག་ནས་སུ་ཞིག་འཕུད་རྒྱག་བྱས་པ་མ་ཤེས་པར་ཁོ་རང་ཆུ་རྐ་ནང་དུ་གཡུགས་པ་རེད། ཆུ་རྐ་དེ་ནི་དེ་འདྲའི་གཏིང་རིང་བོ་ཞིག་མེད་ཀྱང་། མི་ཞིག་གི་གོན་པ་རློམ་པ་བཟོ་བ་ལ་གཏན་ནས་དཀའ་ངལ་མེད་པ་ཡིན་དུས། བློ་བཟང་གི་གོན་པ་ཡོངས་རྫོགས་བརློན་པ་བཟོས། ཁོ་རང་ག་ལེར་ཆུ་རྐ་དེ་ལས་ཡར་བླངས་དུས་སུ། ཆུ་རྐ་དེ་ཡི་འགྲམ་དུ་ཉི་མ་ལྷ་སྒྲོན་དང་བདེ་འཚོ་གཉིས་དགད་མོ་དགོད་ཀྱིན་བསྡད་པ་རེད།

བློ་བཟང་གིས་རང་ཉིད་ཆུ་རྐའི་ནང་དུ་གཡུགས་མཁན་དེ་ནི་སུ་ཡིན་ཕྱིར་མགྲོན་ཁང་དུ་སླེབས་གྲབས་ཡོད་དུས་སུ་མ་གཏོགས་ཤེས་མེད་པ་རེད། མགྲོན་ཁང་དུ་འབྱོར་དུས་སུ། ཁོ་རང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས་མགྲོན་ཁང་གི་ར་སྐོར་གྱི་རྩྭ་ཐང་སྟེང་དུ་ནར་ནས་བསྡད་ཡོད་པ་ཁོས་བློ་བཟང་མཐོང་མ་ཐག དམྱལ་བ་བོ། ག་རེ་བྱས་སོང་།

བློ་བཟང་གི་དགོད་ཞོར་དུ། ཆུ་ནང་དུ་ལྷུང་བ་རེད་ཟེར་བཞིན་ཉི་མ་ལྷ་སྒྲོན་དང་བདེ་འཚོ་གཉིས་ཀྱིས་གདོང་ལ་བལྟས་པ་རེད། སྐབས་དེར་། ཉི་མ་ལྷ་སྒྲོན་གྱིས། བདེ་འཚོའི་ཆུ་ནང་དུ་གཡུགས་པ་རེད། ང་ཚོ་ཆུ་རྩེད་བྱས་དེ་ཁོ་རང་ཤོར་བ་རེད། དེས་ན་ཁྱེད་རང་ངེད་ཚང་ལ་མི་ཡོང་དོན་ཅི་ཡིན།

བདེ་འཚོས་རང་གི་ནོར་འཁྲུལ་ཞིག་བྱས་པ་ལྟར། བློ་བཟང་ལ། ཁྱེད་རང་གི་གོན་པ་དེ་ཚོ་བརྗེ་བོ་རྒྱོབས་དང་། ངས་ཕར་སོང་ནས་དཀྲུས་དེ་འོང་། དེ་མིན་ན་འདི་ནས་ད་ལྟ་རང་དཀྲུས་ན་འགྲིག་གི་རེད་ཅེས་བཤད་དུས་སུ། བློ་བཟང་གིས་སྐྱོན་མེད་ཀི དཀྲུ་དགོས་པ་མ་རེད། ངས་གོན་པ་ཞིག་བརྗེ་བོ་བརྒྱབ་དེ་འདི་ནས་ཉི་མར་སྐམ་པ་ཡིན་ན་འགྲིག་གི་འདུག

ཁོང་ཚོ་ག་ལེར་བློ་བཟང་དང་རྡོར་རྗེ་སྐྱབས་གཉིས་ཀྱི་འདུག་ཁང་དུ་སོང་ནས་ཁ་བརྡ་བྱས་པ་དང་རྩེད་མོ་འདྲ་རྩེད་བ་དང་། རང་རང་གི་བསམ་ཚུལ་འདྲ་མིན་གླེང་ནས་བསྡད། ཕྱི་དྲོ་བློ་བཟང་ཁོ་མོ་གཉིས་དང་མགྲོན་ཁང་འགྲམ་གྱི་གློག་བརྙན་འཁྲབ་མཁན་ཚོའི་ཁ་ལག་ཟ་སའི་ཕྱོགས་སུ་ཕྱིན་པ་དང་། ཁོང་ཚོ་འདུག་ཁང་དང་མ་གྱེས་པའི་སྔ་རོལ་དེར། རྡོར་རྗེ་སྐྱབས་ཀྱིས་ང་རང་མི་འགྲོ བློ་བཟང་ཁྱེད་རང་གིས་ཚུར་ཡོང་དུས་བདེ་འཚོས་བཤད་ན་དོ་ནུབ་ཤ་མོག་མོག་བཟོ་ཡི་འདུག་ཟེར། དེ་ཡིན་ན་ང་རང་ལ་མང་ཙམ་ཁུར་ནས་ཤོག བདེ་འཚོ་ཁྱེད་རང་ཐབ་ཚང་དུ་འདུག་མཁན་རེད་མོད། མང་བོ་ཞིག་བཟོ་ཡི་མེད་ན། དེ་ནས་ང་ལ་ཟུར་དུ་བཞག་ནས་བློ་བཟང་ལ་སྐུར་རོགས།

ཕར་འགྲོ་བའི་ལམ་ཁ་ནས་ཉི་མ་ལྷ་སྒྲོན་ཁོ་གཉིས་དང་བྲལ་ནས་འགྲོ་ཁར། ཉི་མ་ལྷ་སྒྲོན་གྱིས་བློ་བཟང་ལ་ང་རང་ཉིན་ཁ་ཤས་ཤིག་ལ་ལས་ཀ་གུང་གསེང་འདུག ཉིན་གཉིས་ཀྱི་རྗེས་སུ་ངའི་རྒན་པོ་ཡང་སླེབས་ཀྱི་ཡོད། ཁོ་རང་སླེབས་ན་ང་རང་འདི་རུ་ཡོང་ཐུབ་མིན་ཡང་མི་ཤེས། འོན་ཀྱང་། ཉིན་མ་མང་བོ་ཞིག་ལ་ཁོ་རང་གི་གུང་གསེང་ཡོད་རབས་མི་འདུག དེ་ནས་ང་ཚོ་སླར་ཡང་ཐུག་ཡོང་ཟེར་ནས་བུད་སོང་བ་རེད།

ཟ་མ་ཟ་རན་ལ་ད་དུང་སླེབས་མེད་པ་དང་། བདེ་འཚོ་དེ་ཉིན་གུང་གསེང་ཡིན་ན་ཡང་། བློ་བཟང་ལ་འུ་གཉིས་ཐབ་ཚང་དུ་སོང་ནས་ངའི་ལས་རོགས་ཚོ་ལ་ཐུག་ཙམ་བྱས་དེ་རོགས་པ་འདྲ་བྱས་པ་ཡིན་ན་ག་འདྲ་འདུག

ཁོ་གཉིས་ཐབ་ཚང་དུ་འབྱོར་དུས་སུ། ཐབ་ཚང་ནང་དུ་ཁ་ཆེ་ཕོ་གསར་གྱི་ཐབ་ཚང་གི་འགན་འཛིན་ཞིག་ཡོད་པ་དེས་བདེ་འཚོ་མཐོང་མ་ཐག ཧ་ཅང་དགའ་སྣང་ཆེན་པོས་སྒོ་ནས་ཁོ་མོའི་སར་ཡོང་ནས་དེ་རིང་ཁྱེད་རང་གུང་གསེང་ཡིན་ན་ཡང་། ང་ཚོ་ལ་རོགས་པ་བྱེད་དུ་ཡོང་བ་དངོས་ནས་དགའ་བོ་བྱུང་ཟེར་ནས་གུས་གུས་ཞུམ་ཞུམ་འདྲ་བྱེད་པ་དང་བདེ་འཚོ་ལ་ཡང་ཡང་སྐོར་ཉུལ་བྱེད་ཀྱིན་པ་དེ་ཡི་བློ་བཟང་གི་སེམས་ལ་མི་བདེ་བའི་ཚོར་བ་ཞིག་སྤྲད་པ་དང་། བདེ་འཚོ་འདི་སྙམ་ཞོར་དུ། བསམ་བློ་མང་བོ་ཞིག་གཏོང་འདོད་མེད་པར། བདེ་འཚོ་ལ་ཁོ་རང་ཟ་མ་ཟ་བར་འགྲོ་རན་འདུག ཁྱེད་རང་གིས་འདི་ནས་ད་དུང་ལས་རོགས་བྱེད་རྩིས་ཡིན་ནམ།

བདེ་འཚོས། ཁྱེད་རང་ཕར་ཕྱོགས་སུ་སོང་ནས་ཟ་མ་ཟ་དགོས་དོན་ཡོད་པ་མ་རེད། འདི་ནས་ཟོས་ན་ག་འདྲ་འདུག ངས་ཀྱང་འདི་ནས་ཁ་ལག་ཟོས་རྗེས་སུ་ཕྱིར་ནང་དུ་འགྲོ་རྒྱུ་ཡིན། ཁྱེད་རང་ཁོམ་པ་ཡོད་ན་ང་རང་ནང་དུ་བསྐྱེལ་རོགས། དེ་མིན་ན་ངས་མི་གཞན་ཞིག་ལ་ང་རང་ནང་དུ་བསྐྱེལ་རོགས་ཟེར་ནས་ཞུ་བ་མི་འཐེན་ཐབས་མེད་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist