མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} གོ་དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་བདེ་འཚོ་ཁོ་མོའི་ནང་དུ་བསྐྱལ་ནས་འགྲོ་བཞིན་པའི་ལམ་བར་དུ། ཁོ་མོ་ནམ་རྒྱུན་ཡིན་ན་ལས་ཀ་བྱེད་ས་ནས་བུད་མེད་གཞན་དག་དང་ལྷན་དུ་གུར་ཆུང་ཞིག་ཞིག་ཡོད་པ་དེ་ཡི་ནང་དུ་ཉལ་གྱི་ཡོད་པ་དང་། ལས་ཀའི་གུང་གསེང་ཉིན་མོ་གཅིག་བུ་ནང་དུ་ཉལ་བར་འགྲོ་བ་དང་། ཁོ་མོའི་ནང་དུ་ཕ་མ་གཉིས་ཀ་མེད་པ། སྤུན་མཆེད་ཁ་ཤས་ཀྱི་བསྐྱེད་སྲུང་འོག་ནས་ཁོ་མོ་ཆེན་པོ་ཆགས་པ། ལས་ཀ་དེ་ནི་ཁོ་མོ་ཁྲོམ་ས་ནས་ནམ་རྒྱུན་ཁ་གྲགས་རེས་ཡོད་པའི་ཁ་ཆེ་ཕོ་གསར་དེ་བརྒྱུད་ནས་ཡོང་བ་སོགས་ཁོ་མོའི་ལོ་རྒྱུས་མདོར་བསྡུས་ཤིག་རྒྱུས་ལོན་བྱས་པ་རེད།

གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས། དངོས་ནས་མཚམས་སྐྱིད་ཟེར་བའི་བུད་མེད་དེ་ནི་ལས་སླ་བོ་ཞིག་རེད་མི་འདུག ངས་ཕར་ལ་སྐད་ཆ་ཚིག་གཅིག་མ་བཤད་གོང་དུ། ཁོ་མོས་ང་ལ་སྐད་ཆ་ཚིག་གཉིས་བཤད་ཀྱི་འདུག དེ་ནས་ངས་ཁོ་མོ་སྡུག་དམོད་མི་ཉུང་བ་ཞིག་བྱས་པ་མ་ཟད། ཁྱེད་རང་གིས་བློ་བཟང་ཡག་པོ་བྱས་དེ་འདུག་གི་བཅུགས་ན་ཡག་པོ་ཡོད་པ་རེད། དེ་མིན་ན་ཁྱེད་རང་ལ་མཇུག་འབྲས་ཡག་པོ་ཞིག་མེད་ཁོ་ཐག་རེད་ཅེས་བཤད་པ་ཡིན།

བློ་བཟང་གིས། ད་ནི་སང་ཉིན་ཁ་པར་ཏན་ཏན་ཡོང་ངེས་ཡིན། ད་ངས་ཁོ་མོ་ལ་སྐད་ཆ་གང་ཞིག་བཤད་ཀྱང་གནས་ལུགས་དུ་མི་འགྲོ་བ་ཁོ་ཐག་ཡིན་ལ། ཁོ་མོའི་འདོད་ཐོག་དུ་མ་བཞག་པ་ཡིན་ན། གཏན་ནས་ཁ་རོག་གེར་མི་བསྡོད་ཁོ་ཐག་ཡིན་པ་རེད། ཡིན་ཡང་། ངས་ཁོ་མོ་ལ་སེམས་ཐག་སྔ་ས་ནས་བཅད་ཡོད་པ་རེད། ཁོ་མོས་ཀྱང་། དེ་ཤེས་ཡོད་ངེས་རེད།

མཚམས་སྐྱིད་ནི་དངོས་ནས་བློ་བཟང་ལ་དངོས་ནས་སེམས་གཏིང་ནས་དགའ་བཞིན་ཡོད་མེད་མི་ཤེས་ཀྱང་། བློ་བཟང་ཁ་རོག་གེར་མི་འཇོག་པ་དེ་ནི་དངོས་ནས་བདེན་པ་ཆགས་ཡོད་པ་རེད། བློ་བཟང་ཁ་པར་ཁང་དུ་སོང་ནས་ཁོ་མོའི་སླེབས་པའི་ཁ་པར་ཡར་བཀྱགས་མ་ཐག

མཚམས་སྐྱིད་ཀྱིས། ཁྱེད་རང་མི་མ་རེད། ཁ་སང་ངེད་གཉིས་ཀྱི་དུས་ཚོད་འགོས་ཡོད་ཀྱང་། ཁྱེད་རང་མི་ཡོང་བར་རོགས་པ་ཞིག་བསྔགས་ནས་ང་ལ་སྡུག་དམོད་བྱེད་དུ་བཅུགས། དོན་དངོས་སུ་ཁྱེད་རང་གི་གྲོགས་པོ་དེ་ང་རྗེས་མ་ཐུག་གི་རེད། དེ་དུས་རྩིས་རྒྱག་ཆོག འུ་གཉིས་བར་གྱི་དོན་དག་འུ་གཉིས་ཀྱིས་ཐག་གཅོད་བྱེད་དགོས་པ་ཡིན་དུས། ཁོ་རང་ལ་གཏན་ནས་ཇུས་འདོག་གང་ཡོད་པ་རེད། ཁྱེད་རང་གིས་ང་ལ་ཁོའི་མིང་ཤོད་དང་།

བློ་བཟང་གིས། ཁྱེད་རང་གི་ཁྲོང་ཁྲོ་མི་ཟ་ཟེར་ནས་ཉེ་སྔོན་ཁས་བླངས་ཡོད་པ་མ་ཡིན་ནམ། རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ངས་ཁྱེད་རང་དང་ལྷན་དུ་མི་ཚེ་མི་བསྐྱེལ་བའི་ཐག་གཅོད་སྔ་ས་ནས་བྱས་པ་རེད། ཁྱེད་རང་གིས་སྐད་ཆ་ཞོགས་པ་བཤད་པ་ཕྱི་དྲོ་མེད་པ་ཞིག་ཡིན་དུས། ངས་ཁྱེད་རང་དང་ལྷན་དུ་མི་ཚེ་བསྐྱེལ་ཟེར་བ་དེ་ནི་དངོས་ནས་ང་རང་གི་རང་སྲོག་གཅོད་ཀྱི་ཡོད་པ་དང་གཅིག་པ་རེད། ད་ནས་བཟུང་ཁྱེད་རང་གིས་ང་ལ་ཁ་པར་མ་གཏོང་། ངས་ཁ་པར་ལེན་གྱི་ཡང་མིན། ད་ནི་འུ་གཉིས་རང་རང་ས་ནས་ལྷོད་ལྷོད་བྱས་དེ་འདུག

མཚམས་སྐྱིད་ཀྱིས། ཁྱེད་རང་གི་སྐྱིད་པོ་དྲན་གྱི་འདུག དགོས་དུས་རྩེད་མོ་རྩེད་སྤྱད་བྱས། མི་དགོས་དུས་གཡུགས་ཆོག་ཆོག་ཞིག་གང་དུ་ཡོད། ལྟད་མོ་ལྟོས་དེ་བསྡོད། ང་རང་ས་ཁུལ་དེར་སླེབས་མི་ཐུབ་པ་ཞིག་གཏན་ནས་མ་རེད། ང་ཡོང་ཁོ་ཐག་ཡིན།

བློ་བཟང་གིས། ཁྱེད་རང་ལ་ངའི་སྲོག་དགོས་ན་འདི་རུ་ཤོག ངས་ཁྱེད་རང་ལ་སྤྲོད་ཆོག དེ་མིན་མི་ཚེ་གཅིག་ལ་བཟའ་ཚང་ཟེར་བ་དེ་འདྲའི་སྐོར་ལ་ཁྱེད་རང་གི་བསམ་བློ་གཏོང་གི་མ་འདུག ད་དུང་འདི་ཕྱོགས་སུ་ཡོང་རྒྱུར་བསམ་བློ་མ་གཏོང་། འདི་ཁུལ་དུ་ཡོང་བ་ལ་སྐྱབས་བཅོལ་ལག་ཁྱེར་ཡང་དགོས་པ་རེད། མ་བསམ་ས་ནས་ཁྱེད་རང་བཙོན་དུ་བཅུགས་ཡོང་།

མཚམས་སྐྱིད་ཀྱིས། ང་རང་དེ་རུ་ཡོང་མ་ཐུབ་ཀྱང་། ངས་རྡ་ས་ནས་ཁྱེད་རང་ཕྱིར་སླེབས་རེག་བར་དུ་སྒུག་ནས་ཡིན། རིང་ན་ཁྱེད་རང་ལོ་གཅིག་འགོར་སྲིད། དེ་ལ་ཧ་ལས་རྒྱུ་གང་ཡང་མེད། ལྟད་མོ་ལྟོས།

བློ་བཟང་གིས་ཁྱེད་རང་གི་འདོད་པ་བྱོས། ངས་ཁྱེད་རང་ལ་ག་རེ་བཤད་ཀྱང་ཁྱེད་རང་གི་ཉན་མི་སྲིད་པ་ངས་ཤེས་ཡོད། ཡིན་ཡང་། ད་ནས་བཟུང་ང་རང་ལ་གཏན་ནས་འདི་ཁུལ་ལ་ཁ་པར་མ་གཏོང་། ངས་ལས་ཀར་བར་ཆད་བྱེད་ཀྱི་འདུག ངས་ཀྱང་གཏན་ནས་ཁྱེད་རང་གི་ཁ་པར་མི་ལེན་ཁོ་ཐག་ཡིན། ད་བདེ་མོ་བྱོས།

ཉིན་མ་དེ་ནས་བཟུང་མཚམས་སྐྱིད་ཀྱིས་ཁ་པར་ཞིག་གཏན་ནས་མ་སླེབས་པ་རེད། འོན་ཀྱང་། ཉིན་ཞིག་ཁོ་རང་བསྡོད་སའི་མགྲོན་ཁང་ནང་དུ་ཁོ་རང་གི་གུས་གསེང་ཉིན་མོ་དེར་ཁོ་རང་གི་ཕུ་བོ་ཟླ་བས་རྡ་ས་ནས་ཁོ་རང་ལ་ཁ་པར་འབྱོར་བ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese