མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོ་སོས་སོ་སོར་གསོལ་བ་འདེབས་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp
འདི་ལོའི་བོད་ཀྱི་ཞོ་སྟོན་དུས་ཆེན་ཐོག་ཏུ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་བོད་མི་ཚོར། བོད་གངས་ཅན་ལྗོངས་སུ་སྐྱིད་པའི་ཉི་མ་ཞིག་འཆར་དང་མི་འཆར་ཟེར་བ་དེ། དཀོན་མཆོག་གསུམ་དང་ཆོས་སྐྱོང་སྲུང་མར་རག་ལས་པ་ཙམ་མིན་པར་ང་ཚོ་ཚང་མར་རག་ལས་སྟབས། ཆོས་སྐྱོང་སྲུང་མ་དང་དཀོན་མཆོག་གསུམ་གཅིག་པུར་གསོལ་བ་བཏབ་པ་ཙམ་མིན་པར། སོ་སོས་སོ་སོར་གསོལ་བ་འདེབས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
ཕྱི་ཚེས་ ༢༧ ཉིན་བོད་གཞུང་ཟློས་གར་ཚོགས་པའི་ཐང་ཆེན་དུ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༡༥ སྲུང་གཙི་བྱས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་གཙོས། བོད་མི་མང་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཅིག་གི་འགན་འཛིན་དང་དྲུང་ཆེ་སོགས་གདན་ཞུ་གནང་ཡོད་འདུག
བོད་གཞུང་ཟློས་གར་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས། བོད་གངས་ཅན་པ་རྣམས་ཀྱི་ཕ་མེས་ནས་རྒྱུད་འཛིན་དར་སྤེལ་གནང་བའི་ཐུན་མོང་མ་ཡིན་པའི་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས་དང་འབྲེལ་བའི་དུས་དྲན་དུ་མ་ཞིག་ཡོད་པའི་ཁྲོད་ནས་ལྷ་མོའི་རིག་གཞུང་ནི་ཐུན་མོང་མ་ཡིན་པའི་རྣམ་པ་ཐོན་པ་ཞིག་ཡིན་པ་དང་། དེ་རིང་ནི་ལྷ་མོའི་གཞུང་འཁྲབ་སྟོན་བྱེད་པའི་དུས་ཆེན་གལ་འགངས་ཆེ་བ་ཞིག་ཡིན་ཞེས་དང་། བོད་ཀྱི་ཞོ་སྟོན་ཐེངས་བཅོ་ལྔ་བའི་སྟེང་བོད་གཞུང་ཟློ་གར་ཚོགས་པ་དང་སྦེལ་ཀོབ་ལྷ་མོའི་ཚོགས་པ། མོན་གྷོ་དང་ཨོ་རིའི་ས། བྷན་ཌ་ར། མན་པ་ཌི། མ་སི་རིའི་བོད་ཁྱིམ་སོགས་ཀྱི་ལྷ་མོའི་འཁྲབ་སྟོན་པ་རྣམས་མཉམ་ཞུགས་གནང་སྟེ། ཟླ་ ༣ ཚེས་ ༢༧ ནས་ཟླ་ ༤ ཚེས་ ༦ བར་སྲུང་གཙི་བྱ་རྒྱུ་དང་ཉིན་དང་བོ་དང་མཐའ་མའི་ཉིན་གསུམ་རིང་བོད་གཞུང་ཟློས་གར་ཁང་དུ་ལྷ་མོའི་གཞིས་སྣ་གཟིགས་འབུལ་བྱ་རྒྱུ་དང་། དེ་མིན་ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ཏུ་རིན་མེད་ཐོག་གཟིགས་འབུལ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
མཛད་སྒོའི་ཐོག་༧དཔལ་རྒྱལ་བ་ཀརྨ་མཆོག་གིས། དེ་རིང་ནི་བོད་གངས་ཅན་ལྗོངས་ཀྱི་སྲོལ་རྒྱུན་གྱི་ཆ་ཤས་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་ཅིང་། བོད་ཀྱི་ཞོ་སྟོན་རྒྱས་འཛོམས་འདི་ལྟ་བུ་ཞིག་གི་སྐབས་བོད་གཞུང་ཟློས་གར་ཚོགས་པ་དང་གཞིས་ཆགས་ཁག་ནས་ཕེབས་པའི་ལྷ་མོའི་ཚོགས་པ་ཁག མ་སི་རི་བོད་ཁྱིམ་ལྷ་མོའི་ཚོགས་པ་བཅས་ཚོགས་པ་མང་བོ་ཞིག་འདིར་མཉམ་དུ་འཛོམས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་ལྷ་མོའི་སྒྱུ་རྩལ་ཐོག ཚང་མའི་སྤྱན་ལམ་དུ་དོན་སྙིང་ལྡན་པའི་གཞས་སྣ་གཟིགས་འབུལ་ཞུས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཚང་མས་རང་རང་སོ་སོའི་ལས་དོན་ལ་མ་བལྟས་པར་བོད་ཀྱི་སྲོལ་རྒྱུན་རིག་གཞུང་འདི་ལྟ་བུ་ཞིག་མ་ཉམས་རྒྱུད་འཛིན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
དེ་རིང་འདིར་སྐུ་མགྲོན་མང་བོ་འཛོམས་ཡོད་པ་དང་ལྟད་མོ་བ་ཡང་མང་བོ་ཕེབས་ཏེ་ལྷ་མོའི་འཁྲབ་སྟོན་ལ་སྤྱན་གཟིགས་གནང་སྟབས། ལྷ་མོའི་འཁྲབ་སྟོན་པ་ཚོར་ཡང་སྐུལ་ལྕག་ཐེབས་པ་དང་ཕྱོགས་གཅིག་ནས་བོད་མི་རིགས་ཤིག་ཡིན་པའི་ངོས་ནས་སོ་སོའི་མི་རིགས་ཀྱི་རིག་གཞུང་དང་། སོ་སོའི་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་དེ་ལ་ངོས་འཛིན་གསལ་བོ་ཡོད་པ་ཞིག་དང་གོང་བཀུར་དང་བརྩི་མཐོང་བྱས་པ་ཞིག་མཚོན་ཐུབ་ཀི་རེད་ལ། མང་ཚོགས་ཚོས་རང་མི་རིགས་ཀྱི་གོམས་སྲོལ་དང་རིག་གཞུང་ཐོག་གི་ལས་འགུལ་གང་འདྲ་ཞིག་ཡིན་ནའང་། འཕྱར་གྲུ་མཉམ་འདེགས་གནང་རྒྱུ་དང་། ལྷག་པར་དུ་ང་ཚོའི་གཞོན་སྐྱེས་ཚོས་རང་གི་མི་རིགས་ཀྱི་རིག་གཞུང་དང་སྲོལ་རྒྱུན་གོམས་གཤིས་ལ་ངོས་འཛིན་གསལ་བོ་བྱེད་ཐུབ་པ་བྱུང་ན། ཏན་ཏན་བོད་མི་རིགས་ཤིག་ཡིན་པའི་བག་ཆགས་ཟབ་མོ་ཞིག་འཇོག་ཐུབ་ཀྱི་རེད་བསམ་གྱི་འདུག དེ་ཚང་མའི་ཐུགས་ལ་འཇོག་རོགས་གནོངས་ཞེས་གསུངས་ཡོད།
ཡང་ཁོང་གིས། གཙོ་ཆེ་བ་ང་ཚོ་ཚང་མའི་སྐྱབས་དང་མགོན་དུ་གྱུར་བའི་༧གོང་ས་མཆོག་གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་རིག་གཞུང་དང་སྲོལ་རྒྱུན་གྱི་ཆ་ཤས་ཕྲ་མོ་ཚུན་ཆད་ཀྱང་ཐུགས་དགོངས་སུ་ཉར་ཏེ། ལམ་སྟོན་བཀའ་སློབ་ཕེབས་པ་དང་སྐུ་གསུང་ཐུགས་གསུམ་གྱི་སྒོ་ནས་མཛད་པ་འཕྲིན་ལས་བསྐྱངས་དང་སྐྱོང་བཞིན་པ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ཀྱི་རིགས་རྒྱུད་དུ་སྐྱེས་པའི་བོད་པ་ཞིག་ཡིན་པའི་ངོས་ནས་སོ་སོའི་མི་ཚེའི་ནང་ག་ཚོད་ཐུབ་ཐུབ་ཀྱིས་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཆ་ཤས་བླངས་ཏེ། ཚང་མས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་བོད་མི་རིགས་ཤིག་ཡིན་པ་དང་། བོད་མི་རིགས་ཆེས་གཉན་ཕྲང་ཆེ་བའི་སྐབས་འདིར་ཚང་མས་དགོངས་པ་ཆེར་བཞེས་གནང་སྟེ། ཐུགས་བསམ་ཏན་ཏན་བཞེས་དགོས་པ་གལ་ཆེན་པོ་རེད། སྤྱིར་བོད་གཞུང་གི་དབུ་ཁྲིད་རྣམ་པའི་ལམ་སྟོན་བཀའ་སློབ་གལ་ཆེན་པོ་མང་བོ་ཕེབས་བསྡད་ཀྱིན་ཡོད་ལ། ༧གོང་ས་མཆོག་གཙོ་བོར་གྱུར་བའི་བླ་ཆེན་རྣམ་པ་ཚོས་བཀའ་སློབ་རྒྱུན་དུ་ཕེབས་བསྡད་ཀྱིན་ཡོད་པ་རེད། དེ་ལས་ལྷག་ཅིག་ངས་ཞུ་ཤེས་ཀྱི་མི་འདུག དེ་མིན་ལྷ་མོའི་འཁྲབ་སྟོན་ཚོགས་པ་ཁག་གི་ནང་དུ་སྐུ་བགྲེས་པོ་མང་བོ་ཞེ་དྲག་འདུག་ལ། ཁོང་ཚོ་རིག་གཞུང་གི་སྲོག་རྩ་མཐུད་གནང་མཁན་ཡིན་སྟབས། ང་ཚོ་བོད་མི་རིགས་ལ་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་། གོམས་སྲོལ་བཅས་ལ་ལེགས་སྐྱེས་བཟང་བོ་ཕུལ་གནང་བ་རེད། དེ་ཚང་མར་རྗེས་སུ་ཡི་རངས་ཞུ་འོས་པ་དང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད། ཁོང་ཚོར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
མཇུག་མཐར་ཁོང་གིས། སྤྱིར་བཏང་འཛམ་གླིང་སྤྱི་ཡོངས་ཀྱི་གནས་ཚུལ་མགོ་ཉོག་པོ་དང་ཕྱི་ནང་གི་འགལ་རྐྱེན་མང་བོ་ཞིག་འབྱུང་བསྡད་ཀྱིན་ཡོད་ནའང་། ང་ཚོ་ཚང་མར་རེ་བ་རྟ་རྔ་ཙམ་མེད་པ་མིན་དུས་བཟང་ཕྱོགས་སུ་རེ་བ་ཞིག་བརྒྱབ། རེ་བ་བརྒྱབ་པ་ཙམ་དུ་མ་ཟད་སོ་སོའི་ལུས་ངག་ཡིད་གསུམ་གྱིས་རེ་བ་བརྒྱབ་པ་ལྟར་འབད་བརྩོན་དང་ནུས་པ་འདོན་ཐུབ་པ་བྱུང་ན། སྤྱིར་འཛམ་བུ་གླིང་དང་ནང་སྒོས་གངས་ཅན་ལྗོངས་སུ་སྐྱིད་པའི་ཉི་མ་ཞིག་འཆར་བའི་དུས་ཤིག་ཏན་ཏན་ཡོང་གི་རེད་བསམ་གྱིན་འདུག དེ་ལྟར་ཡོང་དང་མི་ཡོང་ཟེར་བ་དེ་དཀོན་མཆོག་དང་ཆོས་སྐྱོང་སྲུང་མར་རག་ལས་པ་གཅིག་པུ་ཙམ་ཡིན་རྒྱུ་མ་རེད། དེ་ང་ཚོ་ཚང་མར་རག་ལས་པ་ཞིག་ཡིན་སྟབས་ཆོས་སྐྱོང་སྲུང་མ་དང་དཀོན་མཆོག་གསུམ་གཅིག་པུ་ལ་གསོལ་བ་བཏབ་པ་ཙམ་མིན་པར། སོ་སོས་སོ་སོར་གསོལ་བ་འདེབས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད་ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

སྐར་མ ༡ སྔོན་ལ།
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

སྐར་མ ༣༦ སྔོན་ལ།
སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢

མཆན། 15

  1. losang says:
    ལོ་ 15 སྔོན།

    རྒྱལ་ཀརྨ་པའི་ཁྱད་ཆོས་ཡོངས་རྫོགས་ཚང་པའི་སྒོ་ནས་དོན་གྱི་ཀརྨ་པ་སུ་ཡིན་ན་མངོན་གསལ་གྱིས་སྒོ་ནས་འཛམ་གླིང་ཐཽག་ཏུ་ཐོན་ཤོག ང་ཅག་གདུལ་བྱ་རྣམས་ཀྱིས་བསྔགས་བརྗོད་བྱ་ཆོག

    Reply
  2. losang says:
    ལོ་ 15 སྔོན།

    ཨ་ཁུ་སྟོན་པ་དང་། དོན་གྲུབ་བཀྲ་ཤིས་གཉིས་ལ་དངོས་གནས་ཐུགས་ཁྲལ་ཆེན་པོ་ཡོད་ཚོད་འདུག ཕག་པ་ས་ཟད་སེམས་ཁྲལ་དང་། །རི་བོང་གནམ་རྡེག་སེམས་ཁྲལ་དཔེ་ལྟར། སོ་སོས་རང་མགོ་ཐོན་ན་ལྷ་རབས་རེད། གཞན་པ་ཀརྨ་པའི་སྐོར་གཡོགས་ཞོག དོན་གྱི་ཀརྨ་པ་ནི་བསྟན་འགྲོར་ཕན་ཐུབ་མཁན་སུ་ཡོད་ན་དེའི་ཕྱོགས་སུ་འགྲོ་རྒྱུ་ལས། རང་ཅག་སོ་སྐྱེས་རྣམས་ཀྱིས་བྱིས་པ་འགས་སྐད་ཆ་ལྟ་བུ་བཤད་ན་ཕན་ཐུབ་གང་ཡོང་།

    Reply
  3. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    ༅། །གྲགས་པ་རྒྱ་མཚོ་ལགས། ཁྱེད་རང་གིས་གསུངས་པ་དེ་ལ་བརྒྱ་ཆ་བརྒྱ་ཐམས་པ་རྒྱབ་སྐྱོར་ཡོད་དོ།། བླ་མ་གྲྭ་པའི་ལས་འགན་ནི། སངས་རྒྱས་ཀྱི་བསྟན་པ་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གནང་དགོས་ཀྱི་ཡོད། དེ་བྱེད་པ་ལ་རང་ཉིད་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་མཐར་ཕྱིན་པ་ཞིག་གནང་དགོས། དེའི་ཆེད་དགོན་སྡེ་ཁག་ལ་བཤད་སྒྲུབ་ཀྱི་སྡེ་ཉམས་གུད་མེད་པ་ཞིག་སྤེལ་ཐུབ་པ་ཡིན་ན་སངས་རྒྱས་ཀྱི་བསྟན་པ་སྤེལ་བ་ཡང་དེའི་འཐུས། བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཞབས་འདེགས་བཞུས་པ་ཡང་དེའི་འཐུས་པ་ཡིན་ནོ། །དེར་བརྟེན། ཐུགས་རྗེ་གཟིགས།
    བླ་མ་གྲྭ་པའི་རིགས་བཀའ་བློན་ཁྲིད་པའམ་ཆབ་སྲིད་ཀྱི་ཕྱག་ལས་གནང་དགོས་དོན་མེད། དེའི་ཐད་ཇུས་གཏོགས་མ་གནང་ན་ཡག་ས་རེད། ང་རང་ཚོ་བོད་པ་ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་སྐྱ་བོ་ཕོ་མོ་ས་ཡ་ཁ་ཤས་ཡོད། བླ་གྲྭ་རིགས་དེ་ཐད་ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས། །ཐུགས་རྗེ་ཆེ། །

    ༄། །དམིགས་བསལ་གྱི་༧དཔལ་རྒྱལ་བ་ཀརྨ་པ་ལ་གསོལ་འདེབས་ཞུ་རྒྱུ་ལ། ཁྱེད་ཀརྨ་པ་རྣམ་པ་གཉིས་ནང་འཁྲུགས་མེད་པར་མཐུན་འབྲེལ་གང་མགྱོགས་ཡོང་བར་མཁྱེན། །༧དཔལ་རྒྱལ་བ་ཀརྨ་པ་སངས་རྒྱས་ཀྱི་རྣམ་སྤྲུལ་ཞིག་ཡིན་དུས། སངས་རྒྱས་སྤྲུལ་པ་སྟོང་ཡོང་གི་ཡོད་པས། ཀརྨ་པ་ཡང་སྐུ་གསུང་ཐུགས་ཀྱི་སྤྲུལ་ཡིན་ཆོག །ཐུགས་རྗེ་ཆེ། །

    Reply
  4. གྲགས་པ་རྒྱ་མཚོ། says:
    ལོ་ 15 སྔོན།

    Dhamchoe @Tommy Thokme
    དབྱིན་ཡིག་མིང་ཅན་ལགས་སུ་ཆེད་ཞུ། རྒྱལ་བ་ཀརྨ་པ་མཆོག་ད་ལྟ་དགུང་ལོ་ཆུང་དྲག་པ་དང་། ཕྱོགས་གང་ཅིར་འཐད་ཉམས་མྱོང་ཞན་པ་སོགས་ཀྱིས་བཀའ་བློན་ཁྲི་པ་མི་འཇོན་པ་ཐག་བཅད་ཆོག ད་ལྟ་སློབ་སྦྱོང་ལ་ཧུར་བརྩོན་གནང་ན་ལེགས་ཤོས་རེད། དབང་ལུང་མན་ངག་རྣམས་ལ་ཐོས་བསམ་གནང་ན་ཡག་ཤོས་མིན་འགྲོ།

    Reply
  5. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Look at our future leader! So handsome!

    I would like to please every brothers and sisters to vote Karmapa for the Kalon Tripa.He is the number one for Kalon Tripa for long term.

    So I am here to urge the parliament in exile to change the law for age of Kalon Tripa.

    Reply
  6. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    ༅། །སོ་སོས་སོ་སོར་གསོལ་བ་འདེབས་རྒྱུ་གལ་ཆེན་པོ་རེད། ༧ཀརྨ་པ་མཁྱེན། བློ་རྨོངས་ཉམ་ཆུང་གུས་པས་༧དཔལ་རྒྱལ་བ་ཀརྨ་པ་ཁྱེད་ལ་གསོལ་འདེབས་བཞུ་རྒྱུ་ལ། ༧དཔལ་ཀརྨ་པ་ཁྱེད་རྣམ་གཉིས་གང་མགྱོགས་གང་མྱུར་ཞིག་ནང་འགྲིག་གམ་མཐུན་འབྲེལ་ཞིག་གནང་བའི་འབོད་སྐུལ་བཞུ་རྒྱུ་དང༌། དེ་ལྟར་གནང་བ་ཡིན་ན། ཡང་སྒོས་ཀརྨ་དཀར་བརྒྱུད་ཀྱི་བསྟན་པ་འདི་ཉིད་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཡོང་བར་ཐེ་ཚོམ་རྩ་བ་ནས་མེད། གོམ་པ་དང་པོ་ཡང་སྒོས་རང་ཉིད་ཀྱི་བསྟན་པ་དེ་ཡིན། ༢ གོམ་པ་གཉིས་པ་བོད་སྤྱིའི་བསྟན་པ་ཆབ་སྲིད་དེ་ཡིན། ང་རང་ཀརྨ་དཀར་བརྒྱུད་ཀྱི་བསྟན་པའི་རྗེས་དྲངས་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་བསྟན་པ་ལ་ཤ་ཚའམ་ཕྱོགས་ཞེན་ཞིག་ཡོད་པས་འདིར་མི་བཞུ་ཀ་མེད་འབྱུང༌། ཐུགས་རྗེ་གཟིགས་ཀརྨ་པ་མཁྱེན། ཁྱེད་ཐམས་ཅད་མཁྱེན་པ་ཡིན་ན་ཀརྨ་དཀར་བརྒྱུད་ཀྱི་བསྟན་ཉམས་གུད་སོང་བ་དེ་མཁྱེན་པར་འཚལ། ཐུགས་ཆུང་རྣམས་ལ་ཕོག་ཐུག་བྱུང་ཡོད་ན། དགོངས་གསོལ་བཞུ། ཐུགས་རྗེ་ཆེ།། །།

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བླ་མར་དབང་ཤུགས་ཆེ་ན་དམངས་གཙོ་མེད །

    Reply
  8. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    བོད་ཀྱི་ཞོ་སྟོན་འདི་ལོ་གསར་ལྟ་བུའི་སྤྲོ་སྐྱིད་གཏོང་ཡ་ཙམ་མ་ཡིན་པར་ཕ་མེས་ཀྱི་རིག་གཞུང་གི་ཆ་ཤས་ཤིག་དར་སྤེལ་གནང་གི་ཡོད་པས་ལྟས་མོ་ཙམ་མ་ཡིན་པར་རིག་གཞུང་ཤིག་གིས་སེམས་ལ་བསྐུལ་འདེད་གཏོང་ཐུབ་པ་གནང་གལ་ཆེ། མ་ཚད་༸དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཡུལ་དུས་དང་གང་ཟག་ལ་སོགས་དུ་མར་གཟིགས་པའི་དཀའ་སློབ་ཟམ་མོ་སྤྱི་བོར་སྩོལ་གནང་བ་དག་ལ་ལག་ལེན་ཐུབ་ཐབས་བྱེད་དགོས། དམིགས་བསལ་དུ་༼སོ་སོས་སོ་སོར་གསོལ་བ་འདེབས་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད༽་ཅེས་པའི་གསུང་འདི་ཧ་ཅང་གལ་ཆེན་ཡིན་པས་རང་གཞན་ཀུན་གྱི་སྙིང་ལ་ཅིས་ཀྱང་འཆང་བར་འོས་པ་མ་ཟད་ལག་སྟར་བྱ་རྒྱུ་དེ་བས་གལ་ཆེ་ལགས།

    Reply
  9. དབྱངས་བུ། says:
    ལོ་ 15 སྔོན།

    བོད་ནང་གི་ཞོ་སྟོན་དང། སྐྱབས་བཅོལ་ནང་གི་ཞོ་སྟོན་གཉིས་ཀྱི་དུས་ཚེས་གཅིག་མིན་པའི་རྒྱུ་མཚན་གང་
    ཡིན་ནམ།

    བོད་ནང་བོད་ཟླ་བདུན་པའི་ནང་ཞོ་སྟོན་གཏོང་སྲོལ་ཡོད་ཀྱང། འདི་ཁུལ་ལ་ཕྱི་ཟླ་གསུམ་པའི་ནང་ཞོ་སྟོན་གཏོང་སྲོལ་འདུག་པ་དེ་གཉིས་ཀྱི་ཁྱད་པར་གང་ཡིན་ནམ།

    Reply
  10. རྟག་ཏུ་སྟུ་ལ་དགའ། says:
    ལོ་ 15 སྔོན།

    འོ་ཡག་གི་ཡ།

    Reply
  11. karma dorje says:
    ལོ་ 15 སྔོན།

    ་་་་་་་བརྩི་མཐོང་བྱས་པ་ཞིག་མཚོན་ཐུབ་ཀི་རེད་ལ། ཀྱིའམ་གི་ཡི་ཚབ་ལ་ ཀི་ བྲིས་པ་འདི་ང་རང་ཧང་དགའ་པོ་བྱུང་། ད་དུང་ཀི་ཡི་ཚབ་ལ་དུས་ད་ལྟ་བ་སྟོན་པའི་ བགྱིད་ ཅེས་འབྲི་དགོས་པའི་དགོས་པ་དང་རྒྱུ་མཚན་ལ་ངེས་པ་རྙེད་པའི་རེ་བའང་ཡོད།

    Reply
  12. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    དགོངས་དག་ཡིག་མགོ་བརྗེད་འདུག ༄༅།། འདི་མགོ་དེར་ཡོད་པར་བསྒོམ་རོགས།

    Reply
  13. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    གལ་ཏེ་དུས་བབས་དྲ་འཛིན་པས་འདི་མཐོང་ན། རིག་པ་བཏོན་པའི་ཟླ ཚེས་ཙམ་མ་ཡིན་པར་དུས་ཚོད་ཀྱང་གསལ་ན་ཉམས་ཇེ་ཆེར་མི་འགྲོ་འམ།

    Reply
  14. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    ༄༅།། རྒྱ་རྡེའུའི་དགེ་འདུན་གྱིས་གསུང་པར་ཉན་རྒྱུ་འདུག རིག་གཞུང་སྙིང་པ་འཛིན་དགོས་པ་བདེན་རྒྱུ་རེད། འོནད་ཀྱང་། རིག་གཞུང་གཞིར་བཟུང་གིས་དུས་དང་གཞོན་ནུ་ཚོས་བསྟུན་ཏེ་གསར་གཏོད་རང་བཞིན་གྱི་གཞས་ཞབས་བྲོའང་ཡོད་ན། གསར་བུ་གསར་མོ་ཚོས་དབྱིང་ཞུགས་ནས་མ་སྐུལ་དང་ལངས་ཀྱིས་རིག་གཞུང་འཛིན་སྤེལ་བྱེད་འགྲོ་སྙམ། དེ་མིན་རྙིང་པ་ཁོ་ནས་བསྐྱར་ཟློས་ཡང་ཟློས་བྱེད་བསྡད་ན་རྒྱུན་རིང་པོར་འགྲོ་ཐུབ་རྒྱུ་དཀའ་མོ་རེད། རིག་གཞུང་འཛིན་པ་དང་གོང་འཕེལ་དུ་འགྲོ་བར་དེར་སྤྲོ་སྣང་ཡོད་དགོས་པ་ལས་ཁྲལ་ལྟ་བུ་བྱེད་ན་རིམ་བཞིན་མི་རིང་བར་ཡལ་ངེས།
    ནང་དོན་བརྗོད་ཚིག་དག་ཆ་སོགས་གང་ལའང་མ་འགྲིག་པ་འདུག་ན་སྐྱོན་བརྗོད་ལྷུག་པོར་ཡོང་བར་ཞུའོ།།

    Reply
  15. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅། ལོ་གསར་མ་བཏང་་་་་ཞོ་སྟོན་བྱས་་་་་་་་་་

    གལ་ཏེ་ཞོ་སྟོན་ཟེར་བ་འདི་མདོ་དབུས་ཁམས་སོགས་ལ་ཁྱབས་ཡོད་རྒྱུ་ན།་ ཞོ་སྟོན་འདི་ཡང་ལོ་གསར་བཞིན་ཡིན་རྒྱུ་རེད་་་་་་་་་་་་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese