མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལབ་གླེང་ཉུང་དུ་བཏང་།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༢༧ ཉིན་གྱི་ཞོགས་པར་ངྷ་སའི་ཉེ་འགྲམ་སྙིང་སྟོབས་གླིང་བོད་ཕྲུག་དབང་བོ་སྐྱོན་ཅན་གཅེས་སྐྱོང་ལག་ཤེས་སྦྱོར་བརྡར་ཁྱིམ་ཚང་གིས་གསར་འགོད་པ་ཚོ་བསྐངས་ཏེ། འདས་པའི་མི་ལོ་བཅུ་རིང་གི་སྙིང་སྟོབས་གླིང་གི་ཀྱག་ཀྱོག་གི་བཞུད་ལམ་དང་། ད་ལྟའི་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་རྣམ་པ་ངོ་སྤྲོད་གནང་བྱུང་། སྐབས་དེར་བོད་མི་མང་སྤྱི་འཐུས་དང་སྙིང་སྟོབས་གླིང་གི་འགན་འཛིན་གཅིག་ལྕོགས་ངག་དབང་ལྷ་མོ་ལགས་ཀྱིས་གསུངས་དོན། སྤྱིར་ང་ཚོ་སྙིང་སྟོབས་གླིང་དུ་དབང་བོ་སྐྱོན་ཅན་གྱི་རིགས་མི་འདྲ་བ་གསུམ་ཙམ་ཡོད། རྣ་ཡི་མི་གོ་བ་དང་རྐང་ལག་སྐྱོན་ཅན་ཡིན་ཡང་རིག་པ་རྣོ་པོ་ཡོད་མཁན་ཚོར་སློབ་སྦྱོང་དང་ལག་ཤེས་སློབ་སྦྱོང་དང་། གཞན་ཁག་ཅིག་ལོ་ཆེན་པོ་ཡིན་ཡང་ལོ་ཆུང་གི་རིག་ཚོར་ལས་མེད་མཁན་དེ་དག་ལ་རིག་པའི་རྩེ་གཅིག་ཏུ་སྒྲིམ་ཐུབ་ཆེད་དམིགས་བསལ་སློབ་སྦྱོང་སྤྲོད་ཀྱིན་ཡོད། གཞན་རིགས་ཤིག་ཁ་ཟས་དང་གཅིན་སྐྱག་ལའང་བདག་པོ་རྒྱག་མི་ཐུབ་མཁན་ཁག་ཅིག་བཅས་རེད། ཐོག་མའི་གསར་འཛུགས་ཀྱི་དུས་ནས་ད་བར་དབང་བོ་སྐྱོན་ཅན་ ༢༠༠ ལྷག་སྙིང་སྟོབས་གླིང་དུ་འཛུལ་ཞུགས་བྱས་ཡོད་ཅིང༌། དེའི་ཁྲོད་ཀྱི་བུ་མོ་གཉིས་བོད་ཁྱིམ་དུ་འཛུལ་ཐུབ་པ་དང༌། གཞན་ ༡༠ ལྷག་ཕྱིར་རང་ཁྱིམ་ཏུ་ལོག་ཏེ་རང་ཁ་རང་གསོ་ཐུབ་པ་རུ་གྱུར་པ་མ་ཟད། དབང་བོ་སྐྱོན་ཅན་གྱི་བརྩམས་ཆོས་མང་པོ་ཞིག་ལ་འཛམ་གླིང་དབང་བོ་སྐྱོན་ཅན་ཁྲོད་བྱ་དགའ་ཐོབ་མྱོང་། ཅེས་བརྗོད་བྱུང།

 

སྔར་ལོ་འདས་ལོར་༧གོང་ས་མཆོག་མཁན་སྤྲུལ་རིན་པོ་ཆེའི་དགོན་པར་ཆིབས་བསྒྱུར་གྱི་སྐབས་དང་བསྟུན་ཏེ། འདི་ག་སྙིང་སྟོབས་གླིང་དུ་གཟིགས་སྐོར་གནང་སྐབས། ཕྱི་གསལ་ནང་གསལ་དང་ལབ་གླེང་ཉུང་དུ་གཏོང་དགོས་སྐོར་བཀའ་གནང་དོན་ལྟར། ཐེངས་འདིར་ཁྱེད་ཅག་གསར་འགོད་པ་ཚོར་སྙིང་སྟོབས་གླིང་ཐོག་མར་གསར་འཛུགས་ཀྱི་སྐབས་སུ་གཞན་ལ་བུ་ལོན་གཡར་བ་ནས་བཟུང་སྟེ། འདི་ལོའི་ཕྱི་ཟླ་ ༣ པའི་ཕྱི་ཚེས་ ༣༡ བར་གྱི་ཞིབ་ཕྲའི་རྩིས་ཕྲ་ཆ་ཚང་ཕུལ་ཡོད། ལབ་གླེང་ཉུང་དུ་གཏོང་དགོས་ཞེས་པ་དེ་འདས་པའི་དུས་སུ་ཁང་པ་གསར་རྒྱག་གི་ཐད། རྒྱ་གར་བ་དང་ང་ཚོའི་བར་ལ་ལབ་གླེང་བྱུང་བ་དང༌། ཐོས་བསམ་གླིང་བཙུན་དགོན་གསར་རྒྱག་གི་སྐབས་སུ་ང་ཚོས་ལམ་ཁ་མ་གཡར་ཚུལ། ལ་དྭགས་སྦེ་ཏེ་སློབ་གྲྭའི་འཐུང་ཆུའི་དཀའ་ངལ་དེ་ང་ཚོས་བཟོས་ཚུལ་སོགས་ཀྱི་ཐད། དགོན་པ་དང་སློབ་གྲྭ་དེ་གཉིས་ཀྱི་འགན་འཛིན་གྱིས་ཐད་ཀར་༧གོང་ས་མཆོག་ལ་སྙན་སེང་ཞུས་འདུག ཕྱིས་སུ་སྐུ་སྒེར་གྱི་མི་སྣ་གདན་ཞུ་ཐོག་གནད་དོན་དེ་དག་ང་ཚོ་དང་འབྲེལ་བ་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་འགྲེལ་བཤད་བྱས་པ་ཡིན། ཅེས་གསུངས་བྱུང༌།

 

མཐའ་མར་ཁོང་གིས་ལས་བྱེད་བསྡུ་སྟངས་དང་མ་འོངས་ལས་འཆར་གང་ཡོད་འགྲེལ་བརྗོད་གནང་དོན། སྙིང་སྟོབས་གླིང་བོད་ཕྲུག་དབང་བོ་སྐྱོན་ཅན་གཅེས་སྐྱོང་ལག་ཤེས་སྦྱོར་བརྡར་ཁྱིམ་ཚང་འདི་ནི། ད་ལྟའི་ཆར་ཨམ་རྗེ་གཉིས་དང་སྨན་ཞབས་པ་གཅིག ལྷ་བྲིས་དགེ་རྒན། ཨ་མ་ལ་བཅས་ལས་བྱེད་ ༡༧ དང༌། དབང་བོ་སྐྱོན་ཅན་མོ་ ༡༧ དང་ཕོ་ ༡༦ ཡོད་བཅས་ཁྱོན་བསྡོམས་ ༥༠ ཡོད། ད་ལྟའི་དུས་འདིར་ང་ཚོས་སྨན་པ་དང་སྨན་ཞབས་པ་ལག་འཁྱེར་ཡོད་པ་དང་ཤེས་ཡོན་ཚད་མཐོན་པོ་ཡོད་མཁན་བསྡུ་ཀྱིན་ཡོད་པ་ལས། ལས་བྱེད་གཞན་དག་དབང་བོ་སྐྱོན་ཅན་ལ་དམིགས་ཏེ་ཤེས་ཡོན་ཚད་མཐོན་པོ་དེ་འདྲ་མིན་པར་གཙོ་བོ་ལྷག་བསམ་དང་སེམས་ཤུགས། བྱམས་སྙིང་རྗེ་ཅན། ངང་རྒྱུད་རིང་པ་དེ་འདྲའི་རིགས་བསྡུ་བཞིན་ཡོད་ཅིང་། བཙན་བྱོལ་བོད་མི་གཅིག་པུ་མིན་པར་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་དབང་བོ་སྐྱོན་ཅན་གྱི་རིགས་ཀྱང་བསྡུ་རུབ་བྱེད་ཀྱིན་ཡོད། མ་འོངས་པར་ང་ཚོས་ལས་བྱེད་དང་དབང་བོ་སྐྱོན་ཅན། དེ་བཞིན་ཕྱི་ཕྱོགས་ནས་ཕེབས་པའི་མི་སྣར་དམིགས་ཏེ་བོད་ཕྱི་ནང་གཉིས་ཀྱི་དཔེ་དེབ་སྣ་མང་འཛོམས་པའི་དཔེ་མཛོད་ཁང་ཞིག་གསར་རྒྱག་བྱ་རྒྱུ་ཡིན་ལ། ལུས་རྩལ་སྦྱོང་བརྡར་དང་འཕྲོད་བསྟེན་ལ་ཕན་པའི་འཕྲུལ་ཆས་སོགས་ཀྱི་མཐུན་སྐྱེན་བསྐྲུན་འཆར་ཡོད། ཅེས་ངོ་སྤྲོད་གནང་བྱུང་།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 6

  1. རྒྱལ་བསྟན། says:
    ལོ་ 16 སྔོན།

    དངོས་གནས་་ཕན་ཐོག་ཡོད་པ་རེད། ང་ཚོ་བོད་པའི་ནང་སྤྱི་ཚོགས་ཀྱི་ཞབས་ཞུ་དེ་ལྟར་གནང་ཐུགས་རྗེ་ཆེ།

    Reply
  2. Sopa Lhatse says:
    ལོ་ 16 སྔོན།

    འགོ་བཙུགས་པ་དབྱར་གྱི་མེ་ཏོག་རེད།
    རྒྱུན་སྐྱོང་བ་དགུན་གྱི་འཇའ་ཚོན་འདྲ།
    དུས་བརྟན་དུ་མཐོང་བས་ང་མི་དགའ།
    འབོ་ལུག་ཡང་སེམས་ཕམ་དོན་མེད་རེད།
    ཧཧཧཧཧཧཧ་་

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ཁག་ཡོད་ལག་ཡོད་ཀྱི་ཕན་ཐོག་ལ་ཡི་རང་དང་འབྲེལ་འབྱུང་འགྱུར་ཡང་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་སྨོན་བྱེད་བཞིན་ལགས།

    Reply
  4. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། ངོ་མ་སེམས་དགའ་ནི་ཞིག་རེད་
    འུ་ཅག་བོད་ཚང་གིས་རྒྱན་དང་དོ་བདག་རང་ཉིད་ཀྱི་ཚེ་འདི་ཕྱི་གཉིས་ཕན་རེད་

    ངོ་མ་བཀའ་དྲིན་ཆེ།།

    Reply
  5. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    ཐུགས་རྗེས་ཆེ་འགོ་བཙུགས་པ་ལས་རྒྱུན་སྐྱོངས་བ་གལ་ཆེན་པོ་རེད།

    Reply
  6. རིག་འཛིན། says:
    ལོ་ 16 སྔོན།

    དོན་དངོས་ཐོག་ནས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་འདི་འདྲ་བྱེད་མཁན་རིགས་ལ་དགའ་བསུ་རྒྱབ་སྐྱོར་སླད་མེད་ཡོད་ད་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese