སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་དམིགས་མི་གྲངས་ ༡༣ གྱི་མཚན་གཞུང་བཏོན་འདུག
ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༣ པའི་ཚེས་༡༤ནས་༡༦བར་ གྱི་ཉིན་གྲངས་གསུམ་རིང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ཞིག་ སྐོང་འཚོགས་ཀྱིས་ས་གནས་ཁག་གི་འགན་འཛིན་དང་འཐུས་ཚབ་རྣམས་མཉམ་འཛོམས་ཀྱི་སྒོ་ནས་མང་མོས་འོས་འདེམས་ བརྒྱུད་རྩེ་བཏོག་གིས་མི་གྲངས་བཅུ་གསུམ་ཕྱི་ལོ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མིར་འདེམས་ཐོན་བྱུང་།
འོས་མི་དེ་དག་ནི། ༡༽བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤན་པ་ཚེ་རིང་། ༢༽སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། ༣༽བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༤༽དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ༥༽སྐྱབས་རྗེ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༦༽བཀའ་བློན་བསྟན་པ་ཚེ་རིང་། ༧༽མཁས་དབང་བློ་བཟང་སེང་གེ། ༨༽བཀའ་བློན་ཐུབ་བསྟན་ལུང་རིགས། ༩༽བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ། ༡༠༽བཀའ་ཟུར་ཀིརྟི་རིན་པོ་ཆེ། ༡༡༽བཀའ་ཟུར་རྗེ་བཙུན་པདྨ། ༡༢༽བཀའ་བློན་འབྲོང་ཆུང་དངོས་གྲུབ། ༡༣༽སྤྱི་ཟུར་ཧོར་གཙང་འཇིགས་མེད།
སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་མང་མོས་འོས་འདེམས་བརྒྱུད་གཏན་འབེབས་ཚད་འཛིན་བྱས་ཡོད་འདུག
མདོ་སྨད་མི་དམངས་ཀྱིས་བདམས་པའི་བཀའ་ཁྲིའི་འོས་གཞིའི་ནང་དུ་ལོ་བདུན་ཅུའི་ཡན་གྱི་མི་རབས་རྒན་པ་དག་མ་བཞག་ན་ཡག་གི་རེད།
་ད་དུང་མི་འོས་མཁན་གཅིག་ལྷག་འདུག དེ་མཁས་དབང་འཇམ་དབྱངས་ནོར་བུ་རེད། མི་འོས་མཁན་ཁོང་རྣམས་ལ་ངས་འོས་ཤོག་འཕེན་ངེས་ཡིན། ཁ་དྲོ
མདོ་སྨད་སྤྱི་མཐུས་ཧོར་ཙང་འཇིག་མེད་དང་། མདོ་སྟོད་སྤྱི་མཐུས་བསོད་ནམས་སྟོབ་རྒྱལ། བཀའ་ཟུར་རྒྱལ་ལོ་དོན་འགྲུབ་ལས་ལྷག་པའི་བཀའ་བློན་ཁྲི་བ་འོས་པ་ཟིག་གདམས་རྒྱུ་མི་རྙེད་ཀི་ཧེཧེཧེཧེ།། བོད་ཀྱི་སྤྱི་ཚོགས་འདིའི་ནང་དུ་བཀའ་བློན་ཁྲི་བ་མི་འོས་མཁན་ཕལ་ཆེར་མེད་ཀི། མི་འོས་མཁན་མི་བཞི་རང་འདུག དེ་བཞི་ནི། དམིགས་གསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེ་དང་། རྔ་བ་ཚེ་རྒྱམ། བློ་བཟང་སེངྒེ། དབུས་ཙང་སྤྱི་མཐུས་ཀརྨ་ཆོས་འཕེལ་བཅས་རེད། ད་མང་པོ་ཞིག་མི་ཞུ།
༸གོང་ས་མཆོག་ལ་ལོ་རྒྱུས་ཀྱི་ནག་ཉེས་བཀལ་མི་འདུག་གམ། ཟེར་བའི་བསམ་ཚུལ་ཞིག་ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས་སྤེལ་འདུག བསམ་ཚུལ་དེ་དྲ་གྲོགས་ཚོས་ངེས་པར་ཞིབ་ཀློག་བྱེད་དགོས་པ་འདུག རྩོམ་ཡིག་དེ་ནག་ཉེས་བཀལ་མི་འདུག་གམ། ཟེར་བའི་འགོ་བརྗོད་འོག་དུས་བབ་དྲ་ཚིགས་འདིའི་མདུན་ངོས་སུ་ཐོན་འདུག
འདིར་སྤེན་པ་ཚེ་རིང་གི་བདེན་པའི་ལོ་རྒྱུས་མཁྱེན་མཁན་ཡོད་དམ།
ཡོད་ན་གང་འགྱོགས་འདིར་བཀོད་རོགས་གནང་།
སྐུ་མཁྱེན།
བོད་སྤྱི་བའི་དོན་ཡིན།
ཁོང་སྔོན་མ་ཟམ་གདོང་བླ་མས་བཀའ་བློན་གྱི་འོས་གཞིར་བཏོན་དུས་དེ་ལུགས་འགྲོ་ཐུབ་མི་འདུག་པས་གང་གིས་ཉེས་སོང་བ་རེད།
དེའི་སྐོར་ཀ་གསལ་ཞིག་བཀོད་རོགས།
ད་རུང་ཨ་རིག་དགེ་མཐོང་ཟེར་བ་འདིས་ཁྱད་གསོད་དང་
ང་རྒྱལ་གྱི་གཏམ་ཞིག་བཤད་ཡོང་གི་འདུག
དེ་ནི་༼ཁྱེད་ཅག་འགའ་ཤས་ཀྱི་འདོད་པ་དུས་རབས་འདིར་འགྲུབ་ཐབས་ཡོད་མ་རེད༽ཟེར་བ་འདི་རེད།
ཟུར་ཟའི་གཏམ་འདི་བོད་མི་རིགས་ལ་བཤད་པ་རེད་དམ།
དེ་མིན། མདོ་སྨད་ཆོལ་ཁ་མིན་མཁན་གྱི་ཆོལ་ཁ་གཞན་གཉིས་ལ་སྡིག་པ་རེད།
ད་བྱེད་དུས་འོས་གཞི་འདི་ཚོ་ལ་ཤུགས་སྣོན་རྒྱག་མཁན་བྱེད་གཏེ་གཅི་ངོས་ཟིན་སོང་ང།
ཕྱི་རྒྱལ་མི་སེར་ཡིན་མིན་ལ་བལྟ་གི་མེད་ན་ད་དུང་འོས་གཞི་འགའ་ལུས་འདུག དཔེར་ན།
མཁས་དབང་འཇམ་དབྱངས་ནོར་བུ།
བཀའ་ཟུར་བློ་བཟང་སྙན་གྲགས།
སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ།
བོད་རིགས་པ་བ་ཚེ་རིང་ཤཱཀྱ།
མཁས་དབང་སྐད་བསྒྱུར་བ་ཐུབ་བསྟན་སྦྱིན་པ།
ད་དུང་བཙལ་ན་མང་པོ་འདུག
དེ་རིང་དེ་ཙམ་ཡིན།
༸གོང་ས་མཆོག་ལ་ལོ་རྒྱུས་ཀྱི་ནག་ཉེས་བཀལ་མི་འདུག་གམ། ཟེར་བའི་བསམ་ཚུལ་ཞིག་ནགས་ཕྲན་པ་བསོད་ནམས་ཚེ་རིང་གིས་སྤེལ་འདུག བསམ་ཚུལ་དེ་དྲ་གྲོགས་ཚོས་ངེས་པར་ཞིབ་ཀློག་བྱེད་དགོས་པ་འདུག རྩོམ་ཡིག་དེ་ནག་ཉེས་བཀལ་མི་འདུག་གམ། ཟེར་བའི་འགོ་བརྗོད་འོག་དུས་བབ་དྲ་ཚིགས་འདིའི་མདུན་ངོས་སུ་ཐོན་འདུག
༄༅།། སྟོབས་ལགས་ཁ་སྔོན་ཞིག་ནས་མཐོང་རྒྱུ་མེད་ནོ་ཅི་རེད།སྐུ་གཟུགས་བདེ་མོ་ཡིན་ནམ
ཨ་རིག་དགེ་མཐོང་གིས་་་་་་༼འདི་ས་གནས་སོ་སོའི་མི་མང་གི་འོས་གྲངས་ལ་གཞིག་ནས་ཐག་བཅད་པ་མ་གཏོགས་མི་སྒེར་བ་མིན་དུས༽གསུངས་འདུག་།་ འདིའི་དོན་ཁ་གསལ་ཞིག་བཤད་རོགས་གནང། དགེ་མཚན་མཐོ་སར་ནས་ལེན་་སྐྱོན་ཆ་འཔངས་ཐོགས་ཏུ་བཞག་ན་བདེ་མོ་ཞིག་མ་རེད།
མང་པོ་ཞིག་གིས་མི་རབས་གསར་པ་ཟེར་གྱིས་ཡོད་ཀྱང་མང་ཆེ་བ་དེ་མི་རབས་རྒན་པ་འདེམས་འདུག།
རིག་གནས་མཁས་པ་ཧོར་གཙང་ལགས་འོས་མིར་འདེམས་ན་བཀའ་ཟུར་བློ་བཟང་སྙན་གྲགས་ད་ལྟ་ཨ་རིའི་སྐུ་ཚབ་དོན་གཅོད་ལྟ་བུ་མིག་བཙུམ་ནས་འདམ་ན་མ་འགྲིག་པ་མ་རེད། ངོ་ནས་མདོ་སྨད་ཀྱི་མིང་སྤྱད་ནས་ཕྱོགས་རེས་རང་བྱས་འདུག འདི་ལ་མདོ་སྨད་མི་མང་གིས་ངོས་ལེན་མེད་ཐག་ཆོད་རེད། མི་དེ་ཚོར་སྤྱི་དོན་དང་ཆོལ་ཁའི་མིང་རྩེད་སྤྱད་བྱས་པའི་ནག་ཉེས་ངོས་ལེན་དང་། བོད་རིགས་མི་མང་ལ་དགོངས་སེལ་ཞུ་འོས་མཐོང་།
གོང་གི་བྱེད་སྟངས་འདིར་མདོ་སྨད་མི་མང་གིས་ངོས་ལེན་མེད་ཐག་ཆོད་རེད། རྒྱུན་ལས་འདྲ་བོ་ལྐུག་པ་ཁ་ཤས་ཡོད་ས་རེད། མི་དེ་ཚོ་སུ་སུ་རེད་དམ།
གུས་མོས་དེང་རྨི་ལམ་ཞིག་གཏོང་བཞིན་ཡོད། མ་གཞི་རྨི་ལམ་ནི་རྨི་ལམ་རང་རེད། འོན་ཀྱང་རྨི་ལམ་འདི་མངོན་འགྱུར་ཡོང་རྒྱུར་རེ་བ་ཅུང་ཟད་ཅིག་སེམས་ལ་ཉར་ཡོད། ཡོང་རྒྱུའི་བཀའ་ཁྲི་དེ་ཚོགས་པ་སྐྱིད་སྡུག་དང་ཆོལ་ཁ་ཆོས་རྒྱུད། དགོན་སྡེ་གྲྭ་ཚང་སོགས་ནས་འོས་གཞི་བཏོན་དེ་དྲིལ་བསྒྲགས་བྱས་ནས་ཡོང་བའི་འཆར་གཞིའི་འོག་གི་མི་སྣ་ཞིག་གཏན་ནས་མིན་པའི་རྨི་ལམ་ཞིག་གཏོང་བཞིན་ཡོད། ངའི་རྨི་ལམ་ནང་གི་ཡོང་རྒྱུའི་བཀའ་ཁྲི་དེ་རང་ཉིད་ཀྱི་ནུས་པ་དང་སྤོབས་སེམས་ཁུར་ནས། ཤེས་འཇོན་དང་བློ་རྩལ་ངོམ་བཞིན། མང་ཚོགས་ཀྱི་དཀྱིལ་དུ་རང་ཉིད་བཀའ་ཁྲིར་འོས་པའི་རྒྱུ་མཚན་དང་རྒྱབ་ལྗོངས་རྣམས་ཁྱེར་དེ་ཐོན་ལ་ཉེ་བའམ་ཐོན་རྒྱུ་ཡིན་པའི་རྨི་ལམ་ཞིག་གཏོང་བཞིན་ཡོད། རྨི་ལམ་འདི་ཐེངས་གང་མང་ལ་རྨིས་པའི་རེ་བ་བྱེད་བཞིན་ཡོད་ལ། རྨི་ལམ་དེ་རྨིས་ཐེངས་རེར་རྨི་ལམ་ནང་གི་ཡོང་རྒྱུའི་བཀའ་ཁྲི་ཡང་རྨི་ལམ་བཞིན་ཡོང་བའི་རེ་སྨོན་བྱེད་བཞིན་ཡོད།
འདི་ཐམས་ཅད་འོས་བླུགས་ནས་ཐོབ་པ་ཡིན་དུས་ཁྱེད་ཅག་གི་ཕ་ཡུལ་གཅིག་པ་དང་གཉེན་ཉེ་ཚོ་་ནང་དུ་ཡོང་མ་ཐུབ་པ་ལ་ཐབས་ཤེས་མི་འདུག མདོ་སྨད་པའི་མི་ལས་མི་མཐོང་བའི་དྲ་འབུ་ཚོ་སྡུག་གྱོང་ཞེས་པའི་མིང་ཚིག་དེ་ཕུལ་ན་ལེགས་སོ།།
འདི་ས་གནས་སོ་སོའི་མི་མང་གི་འོས་གྲངས་ལ་གཞིག་ནས་ཐག་བཅད་པ་མ་གཏོགས་མི་སྒེར་བ་མིན་དུས་ཁྱེད་ཅག་འགའ་ཤས་ཀྱིས་འདོད་ཚུལ་དུས་རབས་འདིར་འགྲུབ་ཐབས་དཀའ་བར་མཐོང་བྱུང་ལོ།
བཀའ་ཁྲིའི་འོས་མི། རྒྱ་རི་རིན་པོ་ཆེ། ཟབ་གདོང་རིན་པོ་ཆེ། སྤེན་པ་ཚེ་རིང་།
མཆན་འདེབས་མཁན་ཚོ་ལ་ཞུ་གསོལ།
མི་སྒེར་དང་ཚོགས་པ་གང་རུང་གིས། ཕྱོགས་རེས་བྱེད་ཀྱིན་ཡོད་པ་དང་རང་སྣང་ལ་ཡོད་པར་སྣང་བ་སོགས་རྒྱུ་མཚན་དུ་བྱས་ནས། རང་ཉིད་ལམ་དེ་ཞུགས་ན་རང་ཉིད་བླུན་པོ་ཡིན་པ་ཕྱིར་མངོན་མིན་ནམ།
ང་ཚོའི་རྒྱལ་ཁབ་ད་དུང་ཡང་དགྲ་ལག་ཏུ་ཡོད་པ་མ་བརྗེད་པའི་ཐོག་ནས། བོད་དོན་འཐབ་རྩོད་ཀྱི་ལས་ཀ་གལ་ཆེན་འདི་མི་སུས་ལག་ཏུ་བཞག་ན་འོས་འཚམ་ཡིན་མིན་མུ་མཐུད་ནས་གསུང་རོགས།
ང་ཚོ་ཚང་མས་ཚིག་ངན་དང་ཟུར་ཟ་མི་བྱེད་པར་དངོས་ཡོད་དང་མཐུན་ཐབས་ཀྱི་སྒོ་ནས་བགྲོ་གླེང་བྱེད་དགོས། གཞན་དུ་ན་ཚིག་རྩོད་དང་ཕྱོགས་ཞེན་གྱིས་སྒྲིབ་ཏེ་རྒྱུ་མཚན་ཡང་དག་མི་བརྗོད་པ་དང་བརྗོད་ཀྱང་མི་ཉན་པར་དུས་ཚོད་ཆུད་ཟོས་སུ་འགྲོ་བ་ལས་དྲྭ་ཐོག་ཏུ་དུས་ཚོད་བཏང་བ་དོན་མེད་རེད།
མི་སུམ་ཅུ་བསམ་པ་སུམ་ཅུ། །མཛོ་སུམ་ཅུ་རྭ་ཅོ་སུམ་ཅུ། །ཟེར་བ་ལྟར་ཚང་མ་གཅིག་མཐུན་གྱི་བྱ་བ་ཡོང་མི་སྲིད་པས་མདོ་སྨད་ཚོགས་པས་བཀའ་ཁྲིའི་འོས་གཞི་གདམས་པ་ཡག་པོ་རེད། ད་དུང་སྤྱི་སྒེར་གཞན་གྱིས་ཀྱང་བཀའ་ཁྲིའི་འོས་གཞི་གདམས་ཏེ་རང་གཞན་ཀུན་གྱིས་ཕྱོགས་ལྷུང་མེད་པར་དྲང་བདེན་གྱི་ངང་ནས་བགྲོ་གླེང་བྱེད་རྒྱུ་ནི་གལ་ཆེ།
གསང་གཏོར་གྱི་སྐད་ཆ་ལ་གོ་རྒྱུ་འདུག
མཆན་འདེབས་མཁན་ཚོ་ལ་ཞུ་གསོལ།
མང་གཙོ་ཡིན་པའི་ཆ་ནས། ས་ོསོ་ལ་འཇོན་ཐང་ཡོད་ན། འོས་དམིགས་ལ་སུ་བཏོན་ཡང་ཆོག། བོད་དོན་ལ་སེམས་ཁུར་བླངས་ནས་འོས་དམིགས་བཏོན་ན། རང་ཉིད་ལ་ཆ་རྒྱུས་ཡོད་མཁན་ཞིག་དང་ཡིད་གཏད་ཡོད་ས་ཤིག། ཤེས་འཇོན་གཉིས་ལྡན་གྱི་བོད་མི་ཚད་ལྡན་ཞིག་ལ་དམིགས་དགོས།
གཏམ་བརྗོད་རང་དབང་རང་ཉིད་ཀྱི་ཐོབ་ཐང་ཡིན་པའི་ཆ་ནས། ལྷག་བསམ་རྣམ་དག་གིས་རང་ཉིད་ཀྱི་འདོད་ཚུལ་ཤེད་སྣང་མེད་པའི་ཐོག་ནས་གླེང་དགོས། འོན་ཅང་མཇུག་འབྲས་ལ་སྔ་ནས་བསམ་བློ་གཏོང་དགོས་པ་མ་ཟད།བོད་མིའི་གཅིག་སྒྲིལ་ལ་གནོད་པའི་སྐད་ཆ་ནམ་ཡང་མི་བཤད་པའི་དམ་བཅའ་རང་ཉིད་ཀྱི་སེམས་ལ་འཇོག་དགོས་པ་གལ་ཆེ་བར་མཐོང་།
རྒྱ་རྡེའུའི་དགེ་འདུན་ལགས་ད་རུང་བཞུགས་འདུག་པ་ངོ་མ་དགའ་ཡོད ། མ་འོང་བཀའ་བློན་ལ་སུ་འོས་དང་འདི་མི་འོས་ཞེས་རྩོད་པ་ཆེན་པོ་བྱེད་ཀྱི་འདུག ང་རང་གི་ངོས་ཐད་ནས་བཤད་ན་ལོ་གཞོན་་ཤེས་འཇོན་གཉིས་ལྡན་གྱི་གང་ཟག་ཡིན་པ་མ་ཟད་༧་གོང་ས་མཆོག་གི་བཀའ་དགོངས་ཅི་བཞོན་དུ་སྒྲུབ་ཐུབ་མཁན་ཞིག་ཡོང་རྒྱུ་གལ་ཆེན་རེད་བསམ་འདུག དེ་ལྟར་བྱས་ན་རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་སྟོན་ཐུབ་པ་རེད་འདུག་སྙམས ། རྒྱུ་མཚན་ནི་རྒྱ་ནག་གིས་མི་རྒན་པ་ཁག་ཅིག་གིས་འདོད་རེད་མགཏོགས་ན་གཞོན་ཚོ་ཏྰ་ལའི་བླ་མའི་ལྟ་བ་འདོད་པ་ཡོད་ནི་རེད་ཞེས་འཁྱོགས་བཤད་དེ་རྩ་མེད་གཏོང་ཐུབ །
༄༅།་ཁྱོད་ལྟར་ན་་་་བོད་སྐད་ཀྱང་བཤད་མི་ཤེས་མཁན་ཞིག་བྱུང་ཡང་སྐྱོན་མེད་དེ་་་་་་ངེས་པར་དུ་བོད་སྐད་བཤད་མི་དགོས་སོ
ད་ཡིན་ཚར་འདུག མདོ་སྨད་ཀྱིས་བཀའ་ཁྲི་འོས་གཞི་ལ་བལྟས་པ་ཡིན་ན། བཀའ་ཁྲི་འོས་པའི་མི་དེ་མདོ་སྐད་ལ་མ་གཏོགས་མེད་པ་འདྲ། ལྷག་པར་ཧོར་འཇིགས་དང༌། ཨ་ཀྱྰ་རིན་པོ་ཆེ། རྒྱལ་དོན། རྗེ་མརྩུན་པདྨ་་སོགས་ནས་བཙན་བྱོལ་ནང་མི་ཟད་སོང་ཁོ་ཚོ་འོས་འདེབས་མ་བྱེད་རང་བྱེད་རེད་གཞན་མ་གཏོགས་ཁོ་ཚོ་འདྲ་པོ་བཀའ་ཁྲིར་འོས་འདེབས་བྱེད་མཁན་བྱུང་མི་དེའི་སེམས་ཁམས་ན་སྐྱོན་ཡོད་པ་སྨོས་མེད་རེད། བཀའ་ཁྲིར་འོས་འདེམས་དང་མི་འགྲོ་སོགས་ལ་ཕྱོགས་རེས་བྱས་ན་རྒྱུ་མཚན་གང་ཡང་མ་མཐོང༌། ལྷག་པར་ཆོལ་ཁ་ཞིག་བཀའ་ཁྲི་འོས་གཞི་ཡིན་པ་འདྲ་གམ། ད་དུང་མི་གཉིས་ལྷག་འདུག་པ་དེ་ཨ་ལགས་འཇིགས་མེད་དང་བསྟན་འཛིན་མགོན་པོ་གཉིས་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་གད་བརྒྱ་ཐམ་པ་ཡོད།
འོས་གཞི་བཏོན་རྒྱུ་གཙོ་བོ་མ་རེད། འོས་གཞི་བཏོན་པའི་མི་སྣ་དེ་དག་གི་དམིགས་དབེན་དང་ཕུགས་སེམས་ལ་རྒྱུ་ལོན་དང་ཞིབ་བརྡར་གཏིང་ཟབ་ཞིག་བྱས་ཏེ་ཕྱོགས་ཞེན་དང་འཐེན་་འཁྱེར་གྱིས་དབང་དུ་མ་སོང་བའི་བོད་སྤྱི་ལ་ལྷག་བསམ་རྣམ་དག་ཡིན་པའི་མི་ཞིག་འདེམས་རྒྱུ་གལ་འགངས་ཆེན་པོ་རེད།
ཕྱི་རྒྱལ་མི་སེར་ཡིན་མིན་ལ་བལྟ་གི་མེད་ན་ད་དུང་འོས་གཞི་འགའ་ལུས་འདུག དཔེར་ན། མཁས་དབང་འཇམ་དབྱངས་ནོར་བུ།
བཀའ་ཟུར་བློ་བཟང་སྙན་གྲགས།
སྐུ་སྒེར་དྲུང་ཆེ་ཟུར་པ་བློ་བཟང་སྦྱིན་པ།
བོད་རིགས་པ་བ་ཚེ་རིང་ཤཱཀྱ།
མཁས་དབང་སྐད་བསྒྱུར་བ་ཐུབ་བསྟན་སྦྱིན་པ།
ད་དུང་བཙལ་ན་མང་པོ་འདུག
དེ་རིང་དེ་ཙམ་ཡིན།
ད་སྐབས་འོས་གཞི་སྟོན་པ་ལས་འོས་ཤོག་བླུགས་པ་མིན་པས་ཧ་ཅང་ཚམ་ཚོམ་བྱེད་དགོས་མ་མཆིས། ཧོར་གཙང་འཇིགས་མེད་མཆོག་ལ་ཆབ་སྲིད་ཀྱི་གོ་རྟོགས་དང་ཉམས་མྱོང་གང་འདྲ་ཡོད་མེད་ཇི་བཞིན་མི་ཤེས་མོད་བོད་ཀྱི་སུམ་རྟགས་དག་གསུམ་དང་སྙན་ངག་ཐོག་ནས་བཀའ་ཁྲིའི་འོས་གཞིར་རུང་ཡང་གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་དང་ཆོལ་ཁ་དང་ཆོས་ལུགས་བར་ལ་ཕྱོགས་རིས་ཧ་ཅང་ཆེ་དྲག་པས། གལ་ཏེ་ཁོང་ལ་རྐུབ་བསྟེགས་ཤིག་ཐོབ་ན་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་མཐུན་སྦྲེལ་བཟང་པོ་རྣམས་མི་མངོན་པའི་དབྱིངས་སུ་གཏོང་ཉེས་ཆེ།
དྲྭ་རོགས་ཚོ། འོས་གཞི་འདི་ཚོ་ཚོགས་པ་སོ་སོས་བསམ་བློ་མང་པོ་བཏང་། དཔྱད་ཞིབ་གྲོས་བསྡུར་གང་ཙམ་བྱས་ཏེ་བཏོན་པ་རེད། དེར་བརྟེན་ལམ་སེང་ལྡོག་ཕྱོགས་ནས་བསམ་བློ་མ་བཏང་བར། གཟུ་བོའི་བློས་སྒྲུབ་ཕྱོགས་ནས་བསམ་བློ་བཏང་ནའང་ཡག་པོ་ཡོད། དེ་མིན་འོས་གཞི་ཐོན་ཚད་ལ། ཆོལ་ཁའི་ཞེན་འདུག་མིན་ན་ཉམས་མྱོང་མི་འདུག ཉམས་མྱོང་ཡོད་ན་རྒན་དྲག་འདུག་ལྟ་བུ་བཤད་བསྡད་ན། དངོས་གནས་བཀའ་ཁྲིའི་འོས་མ་རྙེད་པའི་མུ་གེ་འབྱུང་ཉེན་ཡོད། དཔེར་ན། ཁྱེད་ཚོས་དགག་སའི་ཧོར་གཙང་འཇིགས་མེད་ལ་མཚོན་ན། ཆོལ་ཁའི་དུག་ཞེན་ཡོད་པའི་སྐད་ཆ་ཞིག་ཡོངས་གྲགས་རེད་ལ་ཁོ་རང་གི་དེབ་དེ་ཚོའི་ནང་ལའང་དེ་འདྲའི་ལབ་རྙོག་མང་ཐག་ཆོད་བྲིས་འདུག འོན་ཀྱང་དེ་དག་ཞིབ་འཇུག་བྱེད་སྐབས་ཀྱི་ལྟ་སྟངས་ཤིག་ཡིན་གྱི་རེད་མ་གཏོགས། ཆོལ་ཁའི་ཕྱོགས་སུ་ལངས་ཏེ་ཆོལ་ཁ་གཞན་ལ་གནོད་བསྐྱལ་བ་འདྲ་བོ་བྱས་རབས་མེད། རིག་གཞུང་ཞིབ་འཇུག་དང་རྩོམ་རིག་གསར་རྩོམ་གྱི་ཐད་ནས་གྲུབ་འབྲས་ཀྱང་ཅུང་ཡོད་པ་རེད། སྤྱི་འཐུས་ཀྱང་ལོ་མང་བྱས་པ་རེད། བོད་གཞིས་བྱེས་གཉིས་རྒྱུས་ཡོད་རེད། དེར་བརྟེན་དགྲ་མཐོང་མཐོང་བྱེད་དོན་འདུག་གམ།
ངས་བལྟས་ན་ད་དུང་ཆོལ་ཁ་ཁག་གི་ནང་ཞིབ་འཇུག་བྱས་ན་འདི་ཚོ་ལས་ལྷག་ཅིག་རེག་ཁོ་ཐག་རེད་
གྲངས་ཀའི་གོང་འོག་ལ་ཁྱད་པར་ཅི་ཡོད་་་་གཙོ་བོ་ཤེས་འཇོན་ལྡན་དགོས་ནི་རེད་ལོ་་་་གླེན་པ་རེད་སྙིང་རྗེ་་་གྲངས་ཀ་འོག་ཅིག་གིས་སེམས་མ་བདེ་བར་བསྡད་འདུག་
བློ་བཟང་སེང་གེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བོད་བསྒྱུར་བྱས་པ་དེ་བོད་མ་ཤེས་པར་བསྒྱུར་ཨེ་རེད་་་་་་་་བཀའ་ཁྲིཏ་བོད་ཡིག་མི་ཤེས་མཁན་ཞིག་བྱུང་ཡང་སྐྱོན་ཡོད་པ་མ་རེད་་་་བཀའ་ཁྲིས་སྙན་ངག་སོགས་རྩོམ་ཡིག་འབྲི་དགོས་ནི་མ་རེད་་་་་དེའི་སྐོར་ལ་སེམས་ཁྲལ་མ་བྱེད་ལོ
མདོ་སྨད་་ཀྱིས་བཀའ་སློན་ཁྲི་པའི་འོས་དམིགས་ཀྱི་མཚན་གཞུང་སྟོན་འདུག་པ་
པ་དགའ་པོ་བྱུང་ཡིན་ན་ཡང་ང་རང་འདོད་པ་འཚིམ་མ་བྱུང་
གང་ཡིན་ཞེ་ན་མཁས་དབང་བློ་བཟང་སེང་གེ་འོས་དམིགས་གྲངས་བདུན་པ་
བཀོད་འདུག་དངོས་ནས་བྱས་ན་འོས་དམིགས་གྲངས་དང་པོ་བཀོད་དགོས་ཀྱི་རེད་གུས་པས་དེ་སྐོར་བསམ་ཇི་ཙམ་བཏང་ཀྱང་བློ་བཟང་སེང་གེ་ཡི་ལེགས་པ་
ཞིག་མ་མཐོང་
བོད་མི་རྣམས་ཀྱི་ཁོང་གི་ལོ་རྒྱུས་ལ་ཐུགས་སྣང་གནང་རོགས་
ངས་བལྟས་ན་ཟ་ལེ་རྒྱལ་ཞིག་བྱུང་ན་ཡག་པོ་རེད་་་་གང་ཡིན་ཞེ་ན་་རྗེས་ཕྱོགས་གསར་འབྱོར་ཚོ་དང་་་མེག་ལོའི་འཚོ་བ་སྐྱོ་བོ་ཚོ་མཐོང་གི་རེད་་ཧཧཧ
༄༅།། བློ་བཟང་སེ་གེ་དང་ཚེ་རྒྱམ་་གང་རུང་ཡག་ཤོས་རེད
འོན་ཀྱང་མཁས་དབང་་བློ་བཟང་སེང་གེ་བོད་ཡིག་གང་འདྲ་ཡིན་ནམ
སྟོབས་ལ་འཚམས་འདྲི་ཞུ
དབང་ཆ་ཆེན་པོ་ཞིག་ལག་ཏུ་བཞག་ན་སུ་ཡིན་ཡང་དབང་ཆ་དེ་བེད་སྤྱོད་གཏོང་ཐུབ་ནི་རེད་་་་་་་དེར་བརྟེན་ང་བཀའ་ཁྲིར་བཞག་ན་མི་འཇོན་བསམ་པ་ཞིག་འཆར་གྱི་མི་འདུག་་་་་་དངོས་གནས་བཤད་ན་གོང་གི་འོས་མི་དེ་ཚོའི་གྲས་ནས་བློ་བཟང་སེང་གེ་མ་གཏོགས་གཞན་སུ་ལའང་འོས་ཆོས་ཚང་ས་མ་རེད་་་གལ་སྲིད་ཡིན་གཅིག་མིན་གཅིག་འདེམས་དགོས་བྱུང་ན་་་ཧོར་གཙང་འཇིགས་མེད་བདམས་ན་ཅུང་དྲག་པ་ལས་གཞན་དག་ལ་ལྟ་ས་ཞིག་དངོས་གནས་མི་འདུག་ཡཱ
ཅིག་ཅིག་ཅིག་མེད་ལུགས་བཤད་སྡོད་་་མཁན་་་ཚོ་ནི་་་་རང་རང་གི་་་་་་་་་་་་་་་་་་་་་་་་་་་་་ཞེས་ནོར་བཅོས་གནང་རོགས
འདིར་ཧོར་འཇིགས་ལ་ཕྱོགས་ཞེན་ཆེ་ལུགས་དང་རྒྱལ་ལོ་དོན་གྲུབ་ལ་ཅིག་ཅིག་ཅིག་མེད་ལུགས་བཤད་སྡོད་མཁན་ཚོས་རང་རང་གི་བྲང་ཁར་མཛུབ་མོ་བཙུགས་ནས་བསམ་བློ་གཏོང་མི་ཤེས་པའི་ཕྱོགས་ཞེན་དུག་གི་ནགས་ཀློང་ནས་འཚར་བ་ཞེ་གཅིག་རེད་འདུག
ངའི་བཀའ་ཁྲིའི་འོས་མི་ནི་་་ ཧོར་གཙང་འཇིགས་མེད་དང་། བཀའ་བློན་ལས་ཐོག་པ་འབྲོང་ཆུང་དངོས་གྲུབ། དེ་ནས་་་་ ད་ང་རང་ཉིད་བཅས་ཡིན།
སྤྱིར་སོ་སོའི་བསམ་ཚུལ་རེད་དེ་ཆོལ་ཁ་གསུམ་ནས་འོས་དམིགས་གྲངས་ཚད་ཆ་སྙོམ་བྱུང་ན་ནང་ཁུལ་མཐུན་ལམ་ལ་ཕན་ངེས། ད་ལྟའི་འོས་གཞིའི་ནང་ཨ་མདོ་བ་བརྒྱད་དང་མདོ་སྟོད་པ་གསུམ་དབུས་གཙང་ནས་གཉིས་ལས་མི་འདུག་པ་འདིས་མིའི་སེམས་ལ་རང་བཞིན་གྱིས་དོགས་པ་རྣམ་རྟོག་ཞིག་ཡོང་གི་རེད། ང་ཚོར་དགོས་རྒྱུ་དེ་བཀའ་ཁྲི་མཁྱེན་འཇོན་དང་ལྷག་བསམ་ཅན་ཞིག་དགོས་པ་ལས་སོ་སོའི་ཡུལ་ཕྱོགས་གཅིག་པ་ཞིག་དགོས་པ་མིན། དེ་ཚང་མས་དགོངས་པར་འཇགས་དགོས།
རྒྱན་ཤོག་ཅིག་ཨེ་ཐོབ་སྙམ་ནས་འདི་འདྲའི་མང་པོ་བདམས་པ་མིན་ན་ཅི་བྱེད་་་་འོས་འཚམ་ཞིག་གཅིག་ཀྱང་མི་འདུག་་་མང་དགོས་ན་མེག་ལོར་ཉུལ་ན་ཨ་མདོའི་ཟ་ལེ་རྒྱལ་མང་པོ་ཡོད་པ་རེད་་་་་་འདི་འདྲ་ག་ཚད་དགོས་ན་འདུག་་་་འདི་ཚོ་ལས་ང་བདམས་ན་ཡག་་ས་རེད་་་་་རེ་ཟུང་རྒས་འཁོགས་ཀྱི་དབང་དུ་སོང་ནས་མི་དཀྱོགས་་་ཁ་ཤས་ཕྱོགས་རེས་ཀྱི་དབང་དུ་སོང་ནས་མི་རུང་་་རེ་འགའ་རང་འདོད་ཆེ་བས་འདི་ཚོ་སུ་ཡང་མི་འོས་་་་་་ཉིན་གསུམ་ལ་འཚོགས་ནས་འདི་འདྲ་ཞིག་ལས་མ་རེག་པ་ཡིན་ན་་་ད་མེད་པར་བསྒྲགས་ན་ཡག་ཤོས་མ་རེད་དམ་་་་་
ཨ་ཡོ་་་་ཁྱོད་ཅིག་མི་འདུག་ཡཱ་་་
བློ་བཟང་སེང་གེ་དང་རྔ་བ་ཚེ་རྒྱམ། སྤེན་པ་ཚེ་རིང་དང་ཧོར་གཙང་འཇིགས་མེད་སོགས་ལོ་ན་གཞོན་ཞིང་ཡོན་ཏན་གྱིས་ཕྱུག་པ། རང་རེའི་སྤྱི་ཚོགས་ནང་ཆེ་མཐོང་དང་གུས་བརྩི་ཡོད་པ། བོད་ཀྱི་ཆབ་དཔལ་རིག་གསུམ་ལ་ཤ་ཞེན་དང་ཐུགས་རྒྱུས་ཟབ་པ་སོགས་ཕྱི་ནང་གི་ཆ་རྐྱེན་ཡོངས་སུ་འཛོམས་པའི་མི་སྣ་འདི་དག་བཀའ་ཁྲིའི་འོས་གཞིར་ཐོན་པ་ཤིན་ཏུ་འཚམས།
ད་དུང་ཨ་མདོ་བ་འབྲས་སྤུངས་མ་བྱན་དེའང་ནང་སྲིད་བཀའ་བློན་དུ་བསྐོ་འཇོག་གིས་བོད་བར་འདུམ་སོགས་འབངས་མི་ཁ་བདེ་འདི་དག་ལ་ཁ་ཁྲིམས་ལྕི་མོ་ཞིག་བཅད་ན་བཟང་།
སེམས་ཤུགས་དང་འཇོན་ཐང་ཤེས་ཡོན་ཡོད་མཁན་ལོ་ཆུང་ཞིག་མི་རག་དོན་ཅི། ལོ་རྒན་ལག་པས་ཁྱོག་ཚད་མང་དག་ཅིག་ཨ་མ་མ་མ་མ་མ་་་
དྲ་གྲོགས་ཚོ་ཡིག་མགོ་བེད་སྤྱོར་གཏང་རོགས།
༄༅།། ཧོར་འཇིག་ལ་ཕྱོགས་རིས་ཡོད་རེད་ཟེར་བ་སྔར་ཡང་གོ་མྱོང་འདིར་ཡང་མང་སྡང་པོ་བྱེད་འདུག ཕྲན་གྱི་བློ་ངོར་ནི་རྒྱལ་ལོ་དོན་གྲུབ་ལས་འོས་པ་ཞིག་མི་འདུག
སྤྱིར་ལོ་ན་མཐོ་ཡང་ད་དུང་ཕྱག་ལས་གནང་མི་ཐུབ་དེ་འདྲ་མི་འདུག་སྙམ། འོས་གཞི་མང་དྲག་གཏན་ནས་མི་འདུག་ངས་བལྟས་ན་ཉུང་དྲག་འདུག ཉི་ཤུ་གསུམ་ཅུ་རེད་ཡོད་ན་མི་དམངས་ལ་བསམ་བློ་གཏང་སར་ཕན་སྙམ་མོ།།
ཁྱེད་ཚོ་ཁ་བདེ་མོ་འདུག་ཡ། ཧ་ཧ་ཧ་ཧ་ཧ་ཧ་ཧ་
དྲྭ་གྲོགས་ར་བཟི་ལྷག་པ་ལགས་ཀྱི་ཁོ་བོ་བཀྲ་ཤིས་མི་ཤིས་པ་གྲལ་དུ་འཇོག་འདོད་འདུག་འོན་ཀྱང་ཁྱོད་ཀྱི་ཇི་ལྟ་བརྩིས་རུང་བདག་ནི་དྲང་བདེན་ལ་གཞི་བཅོལ་ཏེ་རང་དབང་གི་གླེང་མོ་བྱ་རྒྱུ་ནི་ངའི་གཤིས་ཀ་རེད་ཡ།
དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚནདང་མཁས་དབང་བློ་བཟང་སེང་གེ་གཉིས་ལས་འོས་མེད།
སྨར་དྷི་ལགས། ཁྱེད་བཀྲ་ཤིས་དང་མི་ཤིས་གསུང་མཁན་ཞིག་ལ་ངོས་འཛིན་ན་གང་འདྲ་འདུག།
ཕལ་ཆེར་བཀྲ་ཤིས་བརྩེགས་པ་མང་པོ་བཀློག་མྱོང་ཡོད་པར་འདྲ།།
གནམ་ལྕགས
འོས་གཞི་ཞིག་ནང་དུ་གནམ་ལྕགས་འཇོག་དགོས་ཁོང་ནི་རང་སྣང་ཆེ་བ་མ་སྲིད་རང་ཉིད་ཀྱང་སུ་ཡིན་པ་མི་ཤེས །
དམངས་གཙོ་ཚོགས་པ་དང་མདོ་སྨད་གཉིས་ཀས་མི་བཀྲ་ཤིས་པ་རིགས་ཅན་མང་པོ་ཞིག་བཀའ་བློན་ཁྲི་པའི་འོས་གཞི་ལ་བཙན་གྱི་སྐུལ་གྱི་འདུག་དེ་ནི་གང་ཡིན་ཤེས་མ་སོང་ཡང་ན་ཆབ་སྲིད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་སྲིད།
༄༅།། མི་རྒན་ལག་པའི་ཆོག་ཚད་རེ་འོས་མིར་སླེབས་འདུག
ཚེ་རྒྱམ་མ་གཏོགས་སེམས་གཏད་ས་མི་འདུག་
ཡག རྒྱ་ལོ་ད་དུང་ཡང་ཤི་མི་འདུག། མདོ་སྨད་ཚོ་༰གོང་ས་མཆོག་ཀྱང་ཕ་ཡུལ་གཅིག་པ་ཡིན་དུས་འོས་མི་ལ་བཞག་ན།།
རྦད་དེ་མང་དྲག་འདུག གཉིས་ནས་ཧོར་གཙང་ཆོལ་ཁའི་ཕྱོགས་རིས་ཆེ་བས་མི་ཡོང་། ཚེ་རྒྱམ་ཉམས་མྱོང་མེད་པས་མི་ཡོང་། རྒྱལ་ལོ་དོན་གྲུབ་ལོ་ནའི་བབ་ཀྱིས་མི་ཡོང་།
གཞན་ཞུ་འོས་མ་མཆིས།
འོས་གཞི་མང་དྲགས་འདུག