མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་ཀྱིས་བསྒྲགས་པའི་བཀའ་ཁྲིའི་འོས་གཞི།

བོད་ཀྱི་དུས་བབ།
༢༠༡༠/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་དམིགས་མི་གྲངས་ ༡༣ གྱི་མཚན་གཞུང་བཏོན་འདུག

ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༣ པའི་ཚེས་༡༤ནས་༡༦བར་ གྱི་ཉིན་གྲངས་གསུམ་རིང་བོད་ལྗོངས་མདོ་སྨད་ཆོལ་ཁའི་དམིགས་བསལ་ཚོགས་ཆེན་ཞིག་ སྐོང་འཚོགས་ཀྱིས་ས་གནས་ཁག་གི་འགན་འཛིན་དང་འཐུས་ཚབ་རྣམས་མཉམ་འཛོམས་ཀྱི་སྒོ་ནས་མང་མོས་འོས་འདེམས་ བརྒྱུད་རྩེ་བཏོག་གིས་མི་གྲངས་བཅུ་གསུམ་ཕྱི་ལོ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མིར་འདེམས་ཐོན་བྱུང་།

འོས་མི་དེ་དག་ནི། ༡༽བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤན་པ་ཚེ་རིང་། ༢༽སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ། ༣༽བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༤༽དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན། ༥༽སྐྱབས་རྗེ་ཨ་ཀྱཱ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། ༦༽བཀའ་བློན་བསྟན་པ་ཚེ་རིང་། ༧༽མཁས་དབང་བློ་བཟང་སེང་གེ། ༨༽བཀའ་བློན་ཐུབ་བསྟན་ལུང་རིགས། ༩༽བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ། ༡༠༽བཀའ་ཟུར་ཀིརྟི་རིན་པོ་ཆེ། ༡༡༽བཀའ་ཟུར་རྗེ་བཙུན་པདྨ། ༡༢༽བཀའ་བློན་འབྲོང་ཆུང་དངོས་གྲུབ། ༡༣༽སྤྱི་ཟུར་ཧོར་གཙང་འཇིགས་མེད།
སྐབས་བཅུ་བཞི་བའི་མདོ་སྨད་དམིགས་བསལ་ཚོགས་ཆེན་ཐོག་མང་མོས་འོས་འདེམས་བརྒྱུད་གཏན་འབེབས་ཚད་འཛིན་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༤ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

༢༠༢༥/༠༥/༡༣
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩

མཆན། 100

  1. ཁམས་པའི་ཕོ་རྒོད། says:
    ལོ་ 14 སྔོན།

    བཀའ་ཁྲིའི་འོས་མི་ཤིས་འཇོན་གཉིས་ལྡན་ཞིག་དགོས་པ་
    དེ་ང་ཚོའི་ཚངས་མས་མངོན་གསལ་རེད ་དེ་ཚོ་ ཚངས་མ་ཚངས་བ་དེ་བློ་བཟང་སེང་དགེ་ལེགས་ཤོས་སུ་མཐོང་ གང་ཡིན་ཞེ་ན་ མཁས་དབང་དང་
    གཞོན་སྐྱིས་ནང་ནས་བོད་དོན་ལ་ཤ་ཞེན་
    དང་ལྷག་བསམ་གཡོ་བ་མེད་པ་ཞིག་མཐོང་།

    Reply
  2. བསོད་ནམས། says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས། ངའི་མིང་ལ་བསོད་ནམས་ཡིན། ངས་མིང་རྫུན་བཟོས་མེད་ལ་དཀྲུགས་ཤིང་དེ་བས་ཀྱང་བརྒྱབ་མེད་མོད། ངའི་མཆན་བུ་སྔ་ཕྱི་ཚང་མ་བསུབ་འདུག དེ་ནི་ཁྱེད་ཅག་གིས་ཁོ་བོ་མི་གཞན་ཞིག་དང་འཁྲུལ་བ་མིན་ནམ། ཞིབ་མོར་བརྟག་པར་མཛོད།

    Reply
  3. བྱམས་པ་དབང་ལྡན། says:
    ལོ་ 15 སྔོན།

    i thinks so choerin korlon thupten loring is so suitable of korlon trpa 2011

    Reply
  4. བྱམས་པ་དབང་ལྡན། says:
    ལོ་ 15 སྔོན།

    in my opinion kalontrpa is lobsang nyidak u s a h h the the dalai lama:s evey

    Reply
  5. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ལྟོ་གོས་གཏམ་གསུམ་ལ་མ་འཇོན་པའི་མི་ཤ་སྟག་བཀའ་ཁྲི་ལ་གང་ནས་ཡོང་། དེང་སྐབས་ཕྱི་རྒྱལ་གྱི་འཇོན་ཐང་གི་ཚད་འཛིན་སའི་རྨང་གཞི་དེ་ཁོ་རང་ནང་ཁྱིམ་གྱི་འཛིན་སྐྱོང་ལ་ལྟ་བཞིན་ཡོད།

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 15 སྔོན།

    མང་བོ་མང་བོ་ཞིག་བཤད་འདུག དོན་ཆེས་ཆེར་ཉུང་ངོ།། བཀའ་ཁྲི་ལེགས་ཤོས་སྤེན་པ་ཚེ་རིང་ཉག་གཅིག་གོ།

    Reply
  7. ལྷ་མ་ཡིན། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་མིའི་ནང་དུ་ཧོར་འཇིགས་འཇོག་པ་ལའང་རྒྱུ་མཚན་གང་ཡང་མ་མཐོང་། ཤེས་རིག་གི་ངོས་ནས་སྙན་ངག་ཀྱག་ཀྱོག་ཅིག་རྩོམ་ཤེས་པ་དང། སྐུ་སྒེར་ཡིག་ཚང་གིས་ཕག་གསོ་གསོ་བྱས་ཏེ། ལོ་རྒྱུས་བསྒྲིགས་མིན་རྩོམ་མིན་ཞིག་འབྲི་ཤེས་པ་ཙམ་གྱིས་བཀའ་ཁྲིའི་འོས་མིར་འཇོག་ན་བོད་མིའི་ཁྲོད་ན་དེ་འདྲ་མང་མེད་ན་ཉུང་མེད། གཞན་དུ་བཀའ་ཁྲིའི་འོས་མིའི་ཆ་རྐྱེན་དུ་རྙིང་མ་བཀའ་བརྒྱུད་སོགས་ལ་སྡང་མཁན་ཞིག་དགོས་ན་ཧོར་འཇིགས་འཇོག་ན་འོས།

    Reply
  8. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ལོང་བ་ལོང་གཏམ་བཤད་པ་དང་འོན་པའི་སྒྲ་མི་ཐོས་མཁས་ང་ཚོའི་སྤྱི་ཚོགས་ནང་མང་པོ་འདུག། ཨ་ཁ་ཁ།

    Reply
  9. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྨར་དྷི་ཟེར་ཞེས་པ་དེ་དེང་སང་ཉལ་ལ་ཤོར་བ་ཡིན་ནམ་ཡང་ན་རང་དབང་དང་བྲལ་བ་ཡིན་མི་ཤེས་གང་ལྟར་ཕེབས་ཡག་མི་འདུག

    Reply
  10. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཟིན་བྲིས་ལ་ཕེབས་མཁན་ཚང་མའི་བོད་རིགས་གིས་ལ་རྒྱ་བཅངས་ནས་གསུང་ན་དགེ་མཚན་ཆེ་སྙམ། དེ་མིན་ཆོལ་ཁ་ཆོས་ལུགས་ནི་ད་ལྟ་བར་གྲ་མ་་འགྲིག་པ་བཟོ་མཁན་ཡིན།།

    Reply
  11. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཁ་བའི་མེ་ཏོག་ལགས་ལ་ཡིད་ཆེས་མ་ཆེས་ཁྱེད་ཀྱི་འདོད་པ་རེད། ངས་དངོས་སུ་མཐོང་པ་དང་དངོས་སུ་ཐོས་པས་མྱོང་འཚོར་བྱུང་བའི་བསམ་ཚུལ་དག་བཤད་པ་ཡིན་ལའང་། བློ་བཟང་སེངྒེ་ལ་ཆ་རྒྱུས་ལེན་རྒྱུའི་འགན་ཡོད་པས་ཡིན། དེ་བས་བཀའ་འཁྲི་འོས་གཞི་ལ་བགྲོ་གླེང་བྱ་རྒྱུ་དང་བསམ་ཚུལ་འདོན་རྒྱུ་སོགས་སྨྲ་བརྗོད་རང་དབང་ཡིན་པ་མཁྱེན་པ་མཛོད་ལ་སྡུག་སྐད་མ་རྒྱག་ལོ།

    Reply
  12. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    བཟོད་པ་ལྷ་རྩེ་ལགས་ཁྱོད་ཀྱི་བྲིས་པའི་ཡིག་ངན་འདི་ལ་ལྟོས་དང་། མི་སུ་འདྲ་ཞིག་གི་ཀློག་ན་དགོད་བྲོ་བའམ་ཁོག་ནས་རྒོད་འཛུམ་ལས་ནང་དོན་ཅི་ཡང་མེད་པའི་ལུང་སྟོང་གི་སྒྲ་དང་མཚུངས། རྒྱལ་སྤྱིར་ཁྲིམས་དོན་མཁས་དབང་བློ་སེང་གིས་སྐད་ཆ་འདི་དག་བཤོད་བ་སུ་ཡེ་ཆད་དམ། ཧཧཧ

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཁ་བརྡ་དྲ་བའི་ནང་བཀའ་ཁྲིའི་འོས་དམིགས་ནང་བགྲོ་གླེང་མང་པོ་གནང་འདུག་འོན་ཀྱང་བསྟན་འཛིན་བདེ་བྱེད་ལགས་ཀྱིས་བློ་སེང་ལ་སྐབས་འཚོལ་རིང་ལུགས་པ་ཞིག་རེད་གསུང་པ་ཇི་བཞིན་དེ་ལྟ་བའི་འཚོ་བ་ང་ལ་ཡང་བྱུང་། ཟླ་ནིང་ལོ་ཞུགས་ལ་རྡོར་གདན་དུ་གོང་ས་མཆོག་གི་གསུང་ཆོས་སྐབས་ཁོང་བཟའ་ཁང་ཞིག་ཏུ་མཇལ་བྱུང་། དེའི་སྔོན་བློ་སེང་བསྐོར་གསར་ཤོག་ཁག་ནས་མཐོང་ལས་མི་དངོསུ་མཐོང་མྱོང་མེད་བཟའ་ཁང་ནང་གི་མི་ཡོད་ཚད་ལ་ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ ང་བློ་བཟང་སེང་གེ་ཟེར་མཁན་དེ་ཡིན་ད་ཞེས་གསུང་མཁན་ཞིག་འདུག་དེ་དུས་རང་ཚུགས་མེད་མཁན་ཞིག་རེད་སྙམ་བྱུང་། གནས་ཚུལ་དེ་མི་མང་པོས་ཤེས་ཀྱི་ཡོད

    Reply
  14. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    མདོ་སྨད་ཆོལ་ཁའི་བཀའ་འཁྲིའི་འོས་དམིགས་སྟོན་པ་ནི་བོད་སྤྱིའི་ལས་དོན་ལ་འགན་བཞེས་པ་ཞིག་དང༌། ལྷག་པར་མདོ་སྨད་པར་འགན་བཞེས་པ་ཞིག་ཡིན་པ་ནི་དངོས་གསལ་དེད་པོ་རེད་འདུག་གོ་ བཀའ་འཁྲིའི་འོས་དམིགས་བརྒྱད་མདོ་སྨད་པ་ཡིན་པས་གྲངས་ཀ་དེ་ཧ་ཅང་ཡག་པོ་འདུག

    Reply
  15. Sopa Lhatse says:
    ལོ་ 15 སྔོན།

    མདོ་སྨད་ཆོལ་ཁའི་བཀའ་འཁྲིའི་འོས་དམིགས་སྟོན་པ་ནི་བོད་སྤྱིའི་ལས་དོན་ལ་འགན་བཞེས་པ་ཞིག་དང༌། ལྷག་པར་མདོ་སྨད་པར་འགན་བཞེས་པ་ཞིག་ཡིན་པ་ནི་དངོས་གསལ་དེད་པོ་རེད་འདུག་གོ་ བཀའ་འཁྲིའི་འོས་དམིགས་བརྒྱད་མདོ་སྨད་པ་ཡིན་པས་གྲངས་ཀ་དེ་ཧ་ཅང་ཡག་པོ་འདུག

    Reply
  16. ཁ་བའི་མེ་ཏོག says:
    ལོ་ 15 སྔོན།

    འདིའི་འོག་ཏུ་ཁ་བའི་མེ་ཏོག་ཟེར་བ་འདིས་ངའི་སྨྱུག་མིང་བེད་སྤྱད་ནས་སྤྱི་ཚོགས་ནང་དཀྲུགས་ཤིང་འཕེན་བཞིན་ཡོད་ན་མ་འོངས་པ་ཟིན་བྲིས་སྟངས་འཛིན་པས་སྟངས་འཛིན་ནན་མོ་བྱེད་རོགས་གནང་། ཐུགས་རྗེ་ཆེ།

    Reply
  17. བྲ་རྡོར says:
    ལོ་ 15 སྔོན།

    མདོ་སྨད་ཚོགས་པའི་བཀའ་ཁྲིའི་འོས་གཞི་བཏོན་པ་ཡག་པོ་རེད།ཡིན་ན་ཡང་ལོ་ཆུང་ནང་ཉམས་མྱོང་ལེན་ཆེད་སྐོས་ཐུབ་བྱེད་དགོས་རེད་བསམ་སོང་།སྤྱི་འཐུས་འོས་ཞིག་ནང་མི་མང་གི་སྐུ་ཚབ་ཕར་ཞོག་མི་གཉིས་ཀྱི་ཚབ་ཡང་མི་འོས་པ་མང་པོ་འདུག་དེ་ཚོ་ཡག་པོ་ལྟ་དགོས་རེད།གལ་ཆེན་དོན་ཆེན་ཡིན་པས།མིང་ཆེ་ནས་ཕན་ཐོག་དེ་ཙམ་མེད་དོན་ངོས་ཐོག་༸གོང༸ས་མཆོག་གི་དགོངས་པ་ལྟར་ཤར་སྤྱོད་བྱེད་མི་ཞིག་དགོས་ངོས་རེད།དྲང་བདེན་དང་ལྷག་བསམ་ཡོད་པ་ཞིག་ངོས་པར་ཐོན་ཐུབ་བྱེད་དགོས།དེ་མིན་རང་གི་འཚོ་བའི་ཆེད་ལས་འགུལ་ཁ་ལ་ཁྱེར་བས་རང་ཚིག་མི་བརྟན་པའི་མི་དག་ལ་ཞིབ་དཔྱོད་ནན་ཏན་བྱེད་དགོས།

    Reply
  18. tenzin Tsongkha says:
    ལོ་ 15 སྔོན།

    མདོ་སྨད་ཀྱི་ནང་ནང་བཀའ་ཁྲི་འཇོན་ཐུབ་པ་ཁ་ཤས་ཀྱི་མིང་འདི་ན་ཡོད།

    ༡༽ སྤྱི་འཐུས་སྤེན་པ་ཚེ་རིང་། ཉམས་མྱོང་། འཇོན་ཐང་། མང་ཚོགས་ཀྱི་རྒྱུས་མངའ་བཅས་ནས་འདེམས་འཐོན་ཐུབ་པའི་རེ་བ་ཆེ།

    ༢༽ བསྟན་འཛིན་སྟག་ལྷ། གོང་བཞིན་ཡིན།

    བོད་ནས་གསར་འབྱོར་ཚེ་རྒྱམ་ལྟ་བུ་ལ་ཆ་རྐྱེན་འགའ་ཤས་ཚང་ཡང་། ཁོང་རྒྱ་གར་ནང་ལ་འཁྲུངས་མེད་སྟབས། རྒྱ་གར་གཞུང་གིས་སྙོན་འཛུགས་ཡོང་རྐྱེན་ཆེ། རྒྱ་གར་གཞུང་གིས་བདེ་སྲུང་དང་གལ་ཆེའི་འཛིན་སྐྱོང་ལ་བོད་ནས་ཕེབས་པ་རྣམས་ལ་འདོད་མ་མེད་པ་གསལ་པོར་གསལ་བཤད་གནང་འདུག

    Reply
  19. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ད་ཡིན་ན་ལྟས་མོ་འདུག། ས་ཟད་རྡོར་ལ་ཐུག་འདུག། རྒྱལ་ལོག་དོན་འགྲུབ་ལྟར་བུ་ལོ་ན་རྒན་པའི་མི་རྒན་ཞིག་བཀའ་ཁྲི་ལ་སླེད་ན་ལྟས་མོ་ཡོད་རེད།

    Reply
  20. གྲྭ་རྒོད says:
    ལོ་ 15 སྔོན།

    མདོ་སྨད་འཚོགས་འདུས་ཐོག་མིང་ཐོ་བཀོད་ཡོད་པ་འདི་དག་ཡག་པོ་རེད།འོན་ཀྱང་མི་མང་ནས་ཤེས་དགོས་པ་ཞིག་ལ་བོད་རྒྱལ་ཁབ་འདི་ཆོས་ལྡན་གྱི་རྒྱལ་ཁབ་ཞིག་ཡིན་པ་དེ་ཤེས་པས་ཐོག་གཞོན་སྐྱེས་ནང་ཆོས་ཀྱི་ཤེས་ཚུལ་གང་ལ་གང་འཚམ་ཡོད་པ་ཞིག་དགོས་ངོས་རེད།དེང་དུས་ཀྱི་ཤེས་ཚུལ་ཡོད་པ།བཤད་ཕོད་པ།སྒྲུབ་ཕོད་པ།ཁོག་རྒྱ་ཆེ་ཞིང་སྤྱི་སེམས་དང་ལྡན་པ།དྲང་པོར་ཐོག་འདེམས་ཐོན་ཡོངས་པའི་རེ་བ་ཡོད།

    Reply
  21. འཚོལ་ཞིབ says:
    ལོ་ 15 སྔོན།

    མདོ་སྨད་ཚང་གི་ག་རི་བསམ་གྱི་ཡོད་ན།་དཔེར་ན་རྔ་བ་ཚེ་རྒྱམ་ལྟ་བུ་ལས་ཀ་ཡག་པ་འདི་འདྲ་ཡོད་རེད་ལ་རྒྱལ་བ་རིན་པོ་ཆེ་ལ་ཞབས་ཕྱི་བླ་ན་མེད་པ་ཞུ་ཐུབ་ཀྱི་ཡོད་མེད།་བཀའ་བློན་ཁྲི་པར་འོས་ཐོབ་རེད་དམ།་དེ་ལས་མི་ཡག་པོ་འདི་ཚོ་གྲས་གསོ་སྐྱོང་བྱེད་ཤེས་ན་ཡག་པོ་རེད།་དོན་སྤྱི་ཚོགས་ནང་མཐོང་ཕྱོགས་མི་བདེ་བ་བཟོས་ག་རི་ཕན་གྱི་འདུག་

    Reply
  22. tasshi says:
    ལོ་ 15 སྔོན།

    གྲྭ་གྲོགས་ཚོ་ལ་ཞུ་རྒྱུ་རིག་པ་འདོན་པ་རེ་ཟུང་ཙམ་མ་གཏོག དོན་མེད་གཏམ་འཆལ་དེ་དགོས་པ་ཆེར་མེད་པས་དེ་རྣམས་ལ་ཐུགས་བསམ་རེ་བཞེས་ན། གཞན་རང་གཞན་གཉིས་ལ་ཕན་པ་དང་བོད་བསྟན་པ་ཆབ་སྲིད་ལ་ཕན་པའི་རིགས་རྣམས་གླིང་ན་དགེ་མཚན་ཆེ་ལགས་

    Reply
  23. གཡག་རྒོད says:
    ལོ་ 15 སྔོན།

    དུས་བབ་གྱིས་བཀའ་དྲིན་ལ་བརྟེན་ནས། ངྷ་སའི་གཙོས་ས་ཕྱོགས་སོ་སོ་ན་ཡོད་པའི་བོད་ཡིག་ཐོག་མཆན་འདེབས་མཁན་གྱི་བོད་རིགས་སྤུན་ཟླའི་བསམ་བློ་ལ་རྒྱུས་ལོན་ཅུང་ཟད་བྱས་པ་ཡིན། འོན་གྱིང་། མཆན་འདེབས་མཁན་རེ་ཟུང་མ་གཏོག་མང་ཆེ་ཤོས་བློ་ཕམ་སྐྱེ་བའི་གནས་རེད།
    ཚོགས་པ་ཞིག་གིས་བཏོན་པའི་བཀའ་ཁྲིའི་འོས་དམིགས་ཚོའི་མི་གཞི་ལ་དེ་འདྲའི་སྐྱོན་བརྗོད་བྱ་དགོས་དོན་འེ་འདུག་གམ། དེ་ལས་སོ་སོའི་འདོད་པ་ལྟར་རང་ལ་འདོད་པ་ཡོད་པའི་འོས་དམིགས་རེ་བཏོན་ན་མི་ལེགས་སམ།

    Reply
  24. སྐྱ་ཀ says:
    ལོ་ 15 སྔོན།

    འདི་ནང་བཞིན་ཆོལ་གསུམ་བོད་མི་ཚོགས་པ་ཁག་གི་༢༠༡༡ལོའི་བཀའ་ཁྲི་བཀོད་བཞག་ཐད་དུ་ཐུགས་ཁུར་ཆེར་བཞེས་ཐོག ད་ལྟར་ནས་གྲལ་སྒྲིགས་གནང་སྟེ་འོས་བབས་ཀྱི་མི་སྡོམ་མཐོན་བྱུང་ཐུབ་པ་བྱས་ན་དེར་ཞིབ་ཕྲའི་སེམས་ཁུར་མི་དམངས་ངོས་ནས་ཞི་བརྟག་ཡོང་བའི་ཐབས་ལམ་བཟང་པོ་གཅིག་མིན་ན་དྲན།

    Reply
  25. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ལྷ་ཆབ་སྦྱིན་པ་ལགས་ལ་ཁག་མི་འདུག ཁ་སྔོན་ཡང་ཁོང་གི་མིང་བེད་སྤྱོད་བྱེད་མཁན་ཞིག་འདུག་ཟེར་ནས་སྐད་ཤོར་འདུག མིང་བརྐུ་བ་འདི་ཧ་ཅང་སྡུག་རེད། མ་གཞི་ནས་བཙན་བྱོལ་རང་དབང་ལུང་པའི་ནང་བཤད་དགོས་པ་དང་། ཞེད་དགོས་པ་གཉིས་ཀ་ཡོང་དགོས་དོན་མེད་པས་སྨྱུག་མིང་ཟེར་བ་བེད་མེད་ཞིག་རེད། སྔར་ང་ལ་ཡང་སྨྱུག་མིང་ཞིག་ཡོད། ལོ་བཅུ་ལྷག་ཕྱིན་སོང་། དེ་བེད་སྤྱོད་གཏོང་མ་མྱོང་། གང་ཡིན་ཟེར་ན། ངས་ག་དུས་ཡིན་ན་བཤད་དགོས་པ་དང་ཞེད་དགོས་པ་གཉིས་ཀ་ཡོང་རྒྱུ་ཡོད་མ་རེད་བསམ་གྱི་ཡོད།
    མ་འོངས་པར་དུས་བབ་དྲ་ཚིགས་ཀྱིས་ཟིན་བྲིས་པ་དང་། དྲ་འབུ་ཚོར་སྟངས་འཛིན་ནན་མོ་བྱེད་དགོས་ཀྱི་འདུག དྲ་འབུ་དེ་ཐོ་འགོད་གང་འདྲ་བྱས་ནས་བྱེད་ཀྱི་ཡོད་རེད། དུས་བབ་ཚང་གིས་དྲ་འབུ་སུ་ཡིན་ཤེས་པའི་ཐོག་ནས་འགན་ཁུར་དགོས་ཀྱི་རེད་བསམ་གྱི་འདུག དེ་མིན་འགན་ཁུར་མེད་པའི་མཆན་བུ་དང་། ཕུ་དཀྲུགས་འདའ་དཀྲུགས་ཀྱི་གཏམ་ཡན་ལུང་པ་གང་བྲིས་ཏེ་རྩ་དོན་ཐོག་གི་བགྲོ་གླེང་ཡང་འགྲོ་བཅུག་གི་མི་འདུག འདི་ཚོ་རྩ་བ་ནས་ཡག་པོ་མི་འདུག

    Reply
  26. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཨ་རོགས་འཇིགས་བྲལ། རྒན་གསོ་ཁང་དག་ལ་ཡང་སྐོར་རྒྱུགས་ཅིག་བྱོས་དང་ཁ་ཤས་རྙེད་སྲིད་པ་རེད། ཧ ཧ ཧ

    Reply
  27. ཉི་འབུམ། says:
    ལོ་ 15 སྔོན།

    མདོ་སྨད་ཆོས་ཁས་བཏོན་པའི་བཀའ་ཁྲིའི་འོས་གཞི་འདི་ལ་འོས་གྲངས་དང་ཆ་རྐྱེན་གང་དག་ཅིས་་གིས་འོག་ནས་ཁོ་ཚོ་གདམ་པ་་རེད། དྲི་འདིའ་ལན་སུས་ཤེས་
    ཀྱང་ལན་གནང་བར་དགའ་བསུ་ཡོད། འདིར་ཉམ་མྱོང་དང་མི་གཞི་གང་གི་ཆ་ནས་ཀྱང་ཞན་ཆ་ཅན་དུ་མ་ཞིག་འདིར་
    འདུག། དེའི་རྒྱུ་མཚན་གྱིས་འདི་དག་འོས་འཚམ་ཞིག་མཐོང་མ་སོང་།

    Reply
  28. གཞིས་ལུས་བོད་པ། says:
    ལོ་ 15 སྔོན།

    དུས་བབ་དང་ཁ་བརྡ་གཉིས་ཀྱིས་མཆན་ལ་སྟངས་འཛིན་བྱེད་པ་འདི་འཕྱི་མེད་ན་སྔ་མི་འདུག མི་ལ་ལ་ཞིག་གིས་དགོས་མེད་ཀྱི་དཀྲོག་གཏམ་དང་དཀྲུག་གཏམ་མང་པོ་འབྲི་གི་འདུག ཁྱད་པར་དུ་གཞན་གྱི་མིང་ཐོག་ནས་མཆན་བཏབ་ན་དེ་ནི་ཧ་ཅང་ཐབས་སྡུག་དང་གང་ཟག་བར་ལ་འགལ་བ་སློང་བའི་མ་རབ་ཀྱི་བྱ་བ་རེད། དེས་ན་མཆན་ལ་སྟངས་འཛིན་བྱེད་པ་ནི་ཧ་ཅང་གལ་ཆེ་སྙམ།

    Reply
  29. བྱམས་རྒྱལ། says:
    ལོ་ 15 སྔོན།

    ད་དུང་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ དཀའ་ལས་ངོ་མ་རྒྱག་མཁན་
    དྲ་གྲོགས་ཚོས་མིའི་སྐྱོན་ལས་ཡོན་ཏན་ལ་མང་ཙམ་བསམ་བློ་གཏོང་ན་ཅི་འདྲ་འདུག་།

    Reply
  30. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    དུས་བབ་རྩོམ་པ་སྒྲིག་ལགས། ཐུགས་རྗེ་ཆེ། གནས་ཚུལ་དེ་ཡག་པོ་ཞེ་དྲག་རེད།

    Reply
  31. བསྟན་པ་ཡར་འཕེལ། says:
    ལོ་ 15 སྔོན།

    ད་ལྟ་ངས་མཆན་མ་བཏབ་སྔོན་ལ་མཆན་ ༨༡ ཏག་ཏག་རེད་འདུག་རྣམ་རྟོག་དེ་མི་ཡོང་ཆེད་མཆན་འདི་བཏབ་པ་ཡིན།

    Reply
  32. བཤད་སྒྲུབ says:
    ལོ་ 15 སྔོན།

    དྲ་བདག་ལགས་གནས་ཚུལ་འདིའི་རིགས་དངོས་གནས་ཡག་པོ་འདུག་མ་གཞི་དྲང་མོ་བཤད་ན་འཆན་འདེབས་མཁན་དེ་དག་ཡོད་ན་ཞི་བདེ་མེད་པའི་རང་དབང་གཅིག་དང་མེད་ན་དངོས་ཡོད་གནས་ལུགས་ཇི་བཞིན་རྟོགས་དཀའ་བའི་བདེ་སྐྱེད་ཅིག་རེད་ཟེར་ཆོག་པ། གང་ལྟར་འཐེན་འཁྱེར་མེད་པའི་ཐོག་དྲང་བདེན་ལམ་དུ་སུ་ཞིག་དེར་འགྲོ་ན་དགའ་བསུ་ཞུ་རྒྱུ་ནི་ངའི་འོས་འགན་ཡིན་
    དེས་ན་ཁྱེད་ནས་དྲང་བདེན་གནང་རྒྱུའི་རེ་བ་ཡོད།

    Reply
  33. འཚོལ་ཞིབ says:
    ལོ་ 15 སྔོན།

    རྩོམ་སྒྲིགས་པ་ལགས།་ཁྱེད་ལ་ཐུགས་ཁག་རྩ་བ་ནས་མེད།་ད་ཡིན་མི་དེ་ཚོས་གང་བྱུང་བཤད་སའི་གླེང་སྟིགས་ཤིག་ཆགས་འདུག་་ཡིན་ནའང་འབྱུང་འགྱུར་གནས་ཚུལ་དང་རྩོམ་ཡིག་སོགས་ཚུལ་ལྡན་འགོད་ན་འདི་རིགས་ཀྱི་གནས་ཚུལ་ཉུང་དུ་འགྲོ་ངེས།་་དེ་ནི་རྩོམ་སྒྲིག་པའི་ལག་ཏུ་ཡོད་པ་ལས་གཞན་སུ་ཡང་ལའང་མེད།་

    Reply
  34. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་ངོས་འདིར་འགན་མི་འཁྱེར་བའི་མཆན་འདེབས་མཁན་དང་། གནས་ལུགས་རྒྱུ་མཚན་གསལ་བོ་མེད་པར་གཞན་ལ་ཟུར་ཟ་བྱེད་མཁན། གཞན་གྱི་དངོས་མིང་དང་སྨྱུག་མིང་སྤྱད་ནས་མཆན་འདེབས་མཁན་རྣམས་རིམ་པར་སྒོ་རྒྱག་གི་ཡོད།

    དེ་རིང་མི་སྐོར་ཞིག་གཏན་དུ་བཀག་ཡོད། གཞན་གྱི་དངོས་མིང་དང་སྨྱུག་མིང་སོགས་མིན་པར། སོ་སོའི་ཐོ་མིང་དེ་སླར་ཡང་དགོས་ན་རྗེས་ཕྱོགས་གང་འདོད་དུ་མཆན་མི་འགོད་པའི་ཁས་ལེན་དང་བཅས་ editor@tibettimes.net ནང་དུ་ཡིག་འབྲེལ་བྱོས་དང་། འདི་ནས་ལྟ་ཞིབ་དང་བཅས་སླར་ཡང་སྒོ་ཕྱེ་ཆོག

    དེ་བཞིན་དྲ་གྲོགས་རྣམ་པས་ཀྱང་། གལ་སྲིད་མི་ཞིག་གིས་དོན་མེད་སྡིགས་ར་དང་བསུན་པོ་བཟོ་བ། བརྙས་གཙེར་བ། དབྱེན་སློང་བ། དེ་བཞིན་ཚད་ལྡན་དང་ཚུལ་མཐུན་མིན་པའི་བྱ་སྤྱོད་སྤེལ་རིགས་ཡོད་ན། གོང་གསལ་གློག་འཕྲིན་ཁ་བྱང་བརྒྱུད་ནས་དུས་ཐོག་གཏུགས་བཤེར་བྱས་ན་འདི་ནས་ཕ་རོལ་བོ་དེར་ཞིབ་བཤེར་དང་བཅས་ཚོད་འཛིན་བྱ་ངེས་ཡིན།

    དུས་བབ་རྩོམ་སྒྲིག་པས།

    Reply
  35. རག་བཟི་ལྷགཔ། says:
    ལོ་ 15 སྔོན།

    བར་འདུམ་ལགས། ཉིད་ནས་གང་འདྲ་ཞིག་དྲན་གི་འདུག ཁྱེད་མིང་དིན་མཚུངས་ན་མདོ་སྨད་ལ་ལྡིག་དགོས་པ་གང་ཡིན།།

    Reply
  36. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཨ་ལ་ལ། ད་མང་པོ་ཞེ་དྲག་འདུག དེ་ལས་འོས་མ་འཐོར་བའི་ཆེད་དྲག་
    ཤོས་དང་རེ་བ་ཡོད་མཁན་གཉིས་ནས་གསུམ་ཙམ་བཏོན་ན་དྲག་ག་མེད་དྲོ།
    ཨ་མདོ་ནི་ཨ་མདོ་རང་རེད།

    Reply
  37. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད། བར་འདུམ་གྱིས་རང་གི་བསམ་ཚུལ་དང་སྦྲགས་ང་ལ་དོན་མེད་ཚིག་ངན་བཤད་ཀི་འདུག འོན་ཀྱང་ཁྱོད་ལ་ཕན་པ་འདུག་ན་དེ་ལྟར་བྱོས་ཤིག

    ལྷ་ཆབ་པས་གྲི་གུག་ཟེར་བ་ཞིག་གིས་ཁོའི་མིང་སྤྱད་སྐོར་བཤད་འདུག་པ་མ་ཟད། གསལ་བཤད་དང་བཅས་གྲི་གུག་གི་མཆན་བུ་དེ་གསུབ་དགོས་པའི་རེ་བ་བཏོན་འདུག དེ་བཞིན་དུ་བསུབ་ཚར་འདུག རྩོམ་སྒྲིག་པའམ་མཆན་བུ་དེ་བསུབ་མཁན་ལགས། ད་ངས་ཀྱང་རེ་བ་ཆུང་ཆུང་ཞིག་ཞུ་འདོད་བྱུང་། ངའི་མཆན་གོང་མ་དེར་ཡང་ཅུང་ཙམ་ཞུས་ཟིན། མཆན་བུ་བསུབ་པ་ཙམ་མ་ཡིན་པར་དེ་སུས་བཏབ་མིན་ཀྱང་ཁོང་གི་མིང་ཐོ་ལ་ཞིག་གཤེར་ཞིག་གནང་རོགས། དེང་སང་དྲ་ཐོག་ནས་བཀའ་ཁྲི་དང་སྤྱི་འཐུས། སྐུ་ཚབ་རྣམ་གཉིས་སོགས་སྐོར་གླེང་ཡོང་དུས་མིང་རྫུན་དང་མིང་གི་སྨྱུག་ཡིན་མིན་གྱི་མི་མང་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་གིས་རང་འདོད་སྣ་ཚོགས་སྨྲ་བཞིན། ཚིག་ངན་རྩུབ་བརྗོད་དང། དོན་མེད་བསྙོན་འཛུགས་དང་སྐྱོན་ཁོ་ན་བརྗོད་པའི་རིག་པ་འདོན་མཁན་ཇེ་མང་ནས་ཇེ་མང་ཡིན་པས། འདི་ཚོ་ཚང་མར་བཤད་ཀིན་མེད་དེ། འགའ་རེར་ཞིབ་གཤེར་ངེས་དུ་བྱེད་དགོས་པར་སྙམ། རིག་པ་འདོན་པ་ཟེར་བ་ཡང་མི་ལ་སྐྱོན་བརྗོད་ཁོ་ན་དང་ཚིག་ངན་གང་ཐུབ་བརྗོད་པ་ཁ་ནས་འཐུས་པ་ག་ན་ཡིན་ཡང་སྙམ།

    Reply
  38. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    ཝེ། ཕ་རོ་ཟ་རྒྱུ་ཚོ། སྐད་ཆ་འགོ་བཙུགས་མ་ཐག་ནས་ཆོལ་ཁ་དང་ཕྱོགས་རིས་སོགས་ཀྱི་སྐད་ཆ་རྐྱང་རྐྱང་མ་བཤད་ན་འགྲིག་གི་མི་འདུག་གམ། བཙན་བྱོལ་སྤྱི་ཚོགས་སྦར་མོ་གང་འདི་གཏོར་རྩིས་ཡོད་དམ།

    Reply
  39. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    རོང་རྒྱལ་ཐང༌ said:”…དོན་དངོས་ཀྱང་དེ་ག་རང་ཡིན་པ་ཉེ་ཆར་འཚོགས་པའི་མདོ་སྨད་ཚོགས་ཆེན་ཟེར་བ་དེར་ཅིག་བལྟས་ན་ཤེས་ཐུབ་པ་ཡིན། ཁོང་ཚོའི་འདོད་ཚུལ་ལ་མིང་གིས་ཚོགས་ཆེན་ལས་དོན་དུ་དགའ་ཉེ་སྤུན་ཆེ་ལྟ་བུའི་རྒྱུན་ལས་ནང་ཁུལ་གྱི་ཚོགས་འདུ་འདྲ་ཞིག་བསྐོངས། དེའི་སྟེང་དུ་ཡིན་མདོག་མདོག་གིས་སྐད་ཆ་ཐ་ན་ཐུན་ནེ་རེ་བཤད། རྫིག་མདོག་མདོག་གིས་པར་འདྲ་བོ་བརྒྱབ། དེ་དྲ་ངོས་དང་ཚགས་ཤོག་སོགས་སུ་བཀྲམས་རྒྱུ་ལྟ་བུའི་དམིགས་ཡུལ་ལས་གཞན་ཅི་གང་ཡང་མེད “.

    What he has said above is true.I know this very well when I was in Dharamsala.

    Reply
  40. རོང་རྒྱལ་ཐང༌། says:
    ལོ་ 15 སྔོན།

    ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྐབས་བཅུ་བཞི་པའི་མདོ་སྨད་དབུས་རྒྱུན་འདི་ཚོས་མདོ་སྨད་མི་མང་ལ་ལམ་སྟོན་སྣེ་འཁྲིད་ཀྱི་ལས་ཀ་ཞིག་བྱེད་ཤེས་ན། མདོ་སྨད་ན་དཔོན་གནས་འཛིན་མི་ནུས་པ་དང༌། སྡེ་མགོ་སྐྱོང་མི་ཐུབ་མཁན་སུ་ཞིག་ཡོད་ཅེས་དེ་རིང་སང་གི་མདོ་སྨད་པ་ཁ་ཐོགས་ཚད་ཀྱིས་བཤད་ཀྱི་འདུག་ལ། དོན་དངོས་ཀྱང་དེ་ག་རང་ཡིན་པ་ཉེ་ཆར་འཚོགས་པའི་མདོ་སྨད་ཚོགས་ཆེན་ཟེར་བ་དེར་ཅིག་བལྟས་ན་ཤེས་ཐུབ་པ་ཡིན། ཁོང་ཚོའི་འདོད་ཚུལ་ལ་མིང་གིས་ཚོགས་ཆེན་ལས་དོན་དུ་དགའ་ཉེ་སྤུན་ཆེ་ལྟ་བུའི་རྒྱུན་ལས་ནང་ཁུལ་གྱི་ཚོགས་འདུ་འདྲ་ཞིག་བསྐོངས། དེའི་སྟེང་དུ་ཡིན་མདོག་མདོག་གིས་སྐད་ཆ་ཐ་ན་ཐུན་ནེ་རེ་བཤད། རྫིག་མདོག་མདོག་གིས་པར་འདྲ་བོ་བརྒྱབ། དེ་དྲ་ངོས་དང་ཚགས་ཤོག་སོགས་སུ་བཀྲམས་རྒྱུ་ལྟ་བུའི་དམིགས་ཡུལ་ལས་གཞན་ཅི་གང་ཡང་མེད། ཡིན་ནའང༌། ཁོང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ། ཁོང་ཚོའི་ཚོགས་ཆེན་ཟེར་བ་དེ་སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་སོགས་མདོ་སྨད་ཀྱི་གྲགས་ཅན་ཤེས་ཡོན་པ་སྐོར་ཞིག་གིས་སྙན་ཞུ་ཞིག་ཕུལ་ཏེ། མདོ་སྨད་ཀྱི་མ་འོངས་ལས་དབང་དང་འབྲེལ་བའི་བསམ་ཚུལ་ལྷུག་བརྗོད་ལ་གོ་སྐབས་ཞིག་དགོས་སྐོར་གྱི་བསམ་ཚུལ་བཏོན་པ་དེས། དབུས་ས་གཉིས་ཀྱི་རྒྱུན་ལས་ཚོར་མགོ་ཡོམ་འཁོར་དུ་བཅུག་པ་དེ་རེད། དངོས་ནས་བཤད་ན། དེ་ནི་དགའ་འོས་པའི་དོན་དག་ཅིག་ལས། དེ་འདྲའི་ཞེད་སྣང་བྱེད་དགོས་པ་ཞིག་གང་ནས་ཡིན། མདོ་སྨད་ལ་མཚོན་ན། ཁོང་ཚོ་ལྟ་བུར་གཏམ་གླེང་གོ་སྐབས་མི་སྤྲོད་ན་གཞན་སུར་སྤྲོད། དེང་གི་འཛམ་གླིང་འདི་ཤེས་ཡོན་པའི་ལག་ན་གསོན་ཡོད་ཅིང༌། མ་འོངས་པར་ཡང་ཤེས་ཡོན་པའི་ལག་ནས་འཇིག་དགོས་པ་དེ་གསལ་པོ་ཡིན། ཤེས་ཡོན་པར་ཁ་ཡ་མི་བྱེད་པ་ནི་རང་གིས་རང་གི་ངོ་ལ་སྐྱག་པ་བྱུགས་པ་དང་ཅིས་མི་མཚུངས། འོན་ཀྱང༌། ཁོང་ཚོར་མཚོན་ན་འདི་ནི་ཆགས་སྒོ་ཞིག་ལ་བརྩིས་སོང་ང༌། གཞན་ཞིག་ནི། ཁོང་ཚོས་བཀའ་ཁྲིའི་འོས་གཞིའི་ནང་ལ་ཧོར་འཇིགས་བཞག་པ་རེད། འདི་ནི་ཧང་སངས་དགོས་པའི་དོན་དག་ཅིག་མ་རེད་དམ། ཆ་རྐྱེན་ག་རེ་ལ་བརྟེན་ནས་ཧོར་འཇིགས་བཀའ་ཁྲིའི་འོས་གཞིར་བཞག་པ་རེད། ཧོར་འཇིགས་འོས་གཞིར་བཞག་པ་འདིས་གཅིག་ནས་མདོ་སྨད་མི་མང་ལ་བརྙས་བཅོས་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད་ལ། གཉིས་སུ། འོས་མི་གཞན་དག་ཚོར་ཡང་ཁྱད་གསོད་བྱས་པ་རེད། ག་རེ་ཟེར་ན། མདོ་སྨད་ལ་ཧོར་འཇིགས་ལས་བཀའ་ཁྲིའི་འོས་མི་ཞིག་མེད་ན། ད་མདོ་སྨད་འདི་ཚར་ཚར་བ་མ་རེད་དམ། ཡང་སྐུ་ངོ་རྒྱལ་དོན་སོགས་ཧོར་འཇིགས་ཀྱི་དཔུང་ཁག་ལ་བཞག་ན་ཁོང་ཚོའི་ཡང་གཤམ་ནས་ག་ཚོད་ཅིག་འཐེན་འདུག་ཨང༌།

    Reply
  41. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ etc very suitable for Kalon Tripa! But I would like to say NO to “བོད་མི་མང་སྤྱི་འཐུས་ཚོགས་གཙོ་”སྤན་པ་ཚེ་རིང་ he just a game player.

    I would like to please every brothers and sisters to vote Karmapa for the Kalon Tripa.He is the number one for Kalon Tripa for long term.

    So I am here to urge the parliament in exile to change the law for age of Kalon Tripa.

    Reply
  42. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། སེམས་ཆུང་སོང་པའི་ཡིན་ནམ་གང་ལྟར་་ད་ངོ་མ་ཡིད་ཐང་ཆད་ནི་ཞིག་རེད།
    ཚོགས་པ་ཁག་གི་འོས་གཞིར་འདོན་ཡག་པོ་རེད།a་་འོན་ཀྱང་་དེ་ལ་ཡང་དགེ་མཚན་ལས་སྐྱོན་མང་པ་མཐོང་གིན་འདུག
    ཆོལ་ཁ་ཞེས་པ་འདི་ཤ་ཆད་ཀྱི་བུ་ཕྲུག་བཞིན་གློ་ལ་བཏག་བཏག་པ་འདུག་དགོས་དོན་ཅི་ཡིན་ནམ།

    དྲ་ངོས་འདིར་ཕེབས་མཁན་གྱི་ཤེས་ལྡན་པ་འགའི་ཡང་སྤྱོད་ཚུལ་ཤེས་ཡོན་པ་ཞིག་གི་བྱ་སྤྱོད་དང་སྦད་དེ་གོ་ཟློག་འདུག
    རང་ཉིད་ཀྱི་མཚན་ཐོག་ནས་གང་ཡང་བསྒྲུབ་མི་ཕོད་པ་མ་ཟད་ད་དུང་མཆན་བུ་རེ་ལ་གང་བྱུང་གིས་མིང་རེ་་་་་་་་་་་་སྐྱེས་བུ་ཕོ་རབ་ཞིག་ལ་ཆད་ཆོས་གསུམ་ཚང་དགོས་ཤིང་དེ་ཚང་ཡོད་འདོད་མཁན་ཡིན་ན་་་མིང་རྫུན་ཞིག་གི་རྒྱབ་དུ་ཡོལ་ནས་ཕོད་པ་གསུམ་ལྡན་ཡིན་མ་རློམ་ན་བཟང་།་་་་་་ངའི་རེ་བ་ལ་་དོན་དམ་པའི་ཤེས་ཡོན་པ་ཞིག་ཡིན་ན་མང་ཚོགས་ཀྱི་ལམ་སྣེ་ཁྲིད་རྒྱུ་དང་རང་ཉིད་ཡང་དར་ཅོག་རླུང་བུ་གང་བྱེད་དུ་མ་སོང་པར་རང་ཚུགས་ཐུབ་པ་ྱེད་རོགས
    དགོངས་འགལ་མེད་པར་མཁྱེན་

    Reply
  43. རྒྱང་རིང་ནས། says:
    ལོ་ 15 སྔོན།

    མདོ་སྨད་མི་དམངས་ནས་བཀའ་ཁྲི་འོས་གཞི་ཡག་པོ་བཙལ་འདུག འོན་ཀྱང་དེའི་ནང་ནས་ཀྱངཤིན་ཏུ་འོས་པ་ནི་༡མཁས་དབང་བློ་བཟང་སེང་གེ་དང་ ༢ རྔ་པ་ཚེ་རྒྱམ་ ༣་ཚོགས་གཙོ་ཟུར་པ་སྐར་མ་ཆོས་འཕེལ་བཅས་གསུམ་པོ་གང་རུང་ལ་ཐོབ་པའི་རེ་ཤིན་ཏུ་ཆེ།

    Reply
  44. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    གྲི་གུག་ཅེས་པའི་མིང་བེད་སྤྱོད་གཏོང་མཁན་ཁྱོད་ཀྱིས་ངེས་པར་དུ་གསལ་བཤད་དང་བསམ་ཤེས་གནང་རོགས་ཞུ། དེ་མིན་འདི་ལྟའི་སྐྱུག་བྲོ་བའི་ལས་ཀ་མི་གནང་བར་ཞུ།

    Reply
  45. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    གྲི་གུག་ཟེར་བ་ལགས་དང་དྲ་གྲོགས་རྣམས་ལ་ཆེད་དུ་གསལ་བཤད།
    གྲི་གུག་ཅེས་པའི་མིང་འདི་བདག་གིས་ལོ་ངོ་བདུན་གྱི་ཡར་སྔོན་ནས་བེད་སྤྱོད་བྱས་ཏེ་དུས་བབ་དང་སྤྱི་ཚོགས་མེ་ལོང་། ད་དུང་དུས་དེབ་དང་ཚགས་ཤོག་གཞན་དུ་ཡང་ནས་ཡང་དུ་བཀོལ་ནས་རྩོམ་ཡིག་མང་བོ་བྲིས་མྱོང་། དེའི་སྟབས་ཀྱིས་གྲི་གུག་ཅེས་པ་བདག་གི་ཡོངས་གྲགས་ཀྱི་སྨྱུག་མིང་ཡིན་པས་དེ་རིང་གློ་བུར་དུ་མིང་འདི་བེད་སྤྱད་ནས་སྤྱི་ཚོགས་ལ་མིང་ཤས་བཟོ་ཡི་འདུག་ན། སྐུ་མཁྱེན་རྗེས་མར་སུ་ཡིན་ན་དེ་ལྟར་མི་གནང་བར་མཁྱེན་ཞུ་རྒྱུ་དང་། གལ་སྲིད་ཤེས་ནས་དེ་ལྟར་བཟོ་མཁན་ཡིན་ན་བདག་ལ་ཐད་ཀར་སྐྱོན་བརྗོད་དང་ཁ་གཏད་གཅོག་ཆོག་པ་སྤྱི་ཚོགས་ལ་དཀྲུག་ཤིང་གི་ལས་ཀ་དེ་འདྲ་མ་གནང་ན་ལེགས་ཞེས་ཞུ་རྒྱུ་ཡིན།

    གཞན་དྲ་བའི་དོ་དམ་པར་ཞུ་རྒྱུ་ཞིག་ལ། གོང་གི་མཆན་བུ་འདི་དེབ་སྐྱེལ་བྱེད་སྐབས་མིང་ག་རེའི་སྒང་ལ་བྱས་ཡོད་མེད་དང་། མཆན་བུ་འདི་ངེས་པར་དུ་སུབ་རོགས་ཞུ་རྒྱུ་ཡིན། གསལ་བཤད་ཞུ་རྒྱུ་ཞིག་ལ། བདག་གིས་གྲི་གུག་ཅེས་པ་འདི་དུས་བབ་དྲ་ཚིགས་སུ་དེབ་སྐྱེལ་བྱས་མེད་ལ། བེད་སྤྱོད་ཀྱང་ལན་གཅིག་ཀྱང་བཏང་མྱོང་མེད་ཞུ་རྒྱུ་ཡིན།

    Reply
  46. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཀའ་ཁྲི་ཟམ་གདོང་དང་རྒྱ་ལོ་དོན་གྲུབ་གཉིས་ངོ་སྤྲོད་མི་དགོས་པར་ཚང་མས་མཁྱེན་གསལ་དང། སྐུ་ཞབས་དཀོན་མཆོག་ཚེ་བརྟན་ནི་ཨ་རིར་སྤྱི་ཚོགས་ཚན་རིག་སྐོར་ལ་ཌོག་ཌར་སློབ་ཐོན་ཟིན་པ་དང་དེང་སྐབས་བོད་གཞུང་འཆར་འགོད་ལྷན་ཁང་གི་འགན་འཛིན་དང་བོད་རྒྱལ་ཞི་མོལ་ཚོགས་ཆུང་གི་ཚོགས་མི་ཡིན།

    Reply
  47. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    རང་རང་གིས་མི་སུ་ཞིག་ལ་འོས་བབ་མཐོང་བ་དེ་འདིར་འོས་གཞི་གདམས་པའི་ཐོང་ཐང་ཡོད་ལ། མི་རེ་ངོ་རེ་ནས་དེ་ལྟར་བྱུང་ན་ད་གཟོད་ལེགས་པ་གདམས་གསེས་བྱ་ཆོག་གི་རེད། དེ་བས་སོ་སོས་མི་སུ་ཞིག་བཀའ་ཁྲིར་འོས་ཆོས་ཚང་བར་འདོད་པ་དེའི་ཁྱད་ཆོས་དང་འཇོན་ཐང་། ལོ་རྒྱུས་སྙིང་བསྡུས་རེ་་འདིར་སྤུངས་ན་གཞི་ནས་མི་དམངས་ཀྱིས་གདམས་གསེས་བྱས་ཆོག་གི་རེད་སྙམ། དེ་མིན་གཞན་གྱིས་འདིར་འོས་གཞིར་གདམས་ཡོད་པའི་འོས་མི་ཚོར་དོན་མེད་ཚིག་རྩུབ་དང་གཞི་མེད་བསྙོན་འདངས་མི་གནང་བའི་འབོད་སྐུལ་ཞུ། ངས་ནི་༡༽བཀའ་ཁྲི་ལས་ཐོག་ཟམ་གདོང་ཡང་བསྐྱར་འོས་མིར་འདོད། ༢༽རྒྱ་ལོ་དོན་གྲུབ། ༣༽འཆར་འགོད་ལྷན་ཁང་གི་སྐུ་ཞབས་དཀོན་མཆོག་ཚེ་བརྟན། བཅས་ཕུལ་བ་ཡིན།

    Reply
  48. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    ངས་དེ་རིང་རྩོམ་ཡིག་འདི་དང་མཆན་བུ་མང་ཆེ་བ་བཀླགས་པ་ཡིན། འོན་ཀྱང་སེམས་ཚོར་ཆེ་ཤོས་དེ་འདིར་དྲ་བ་རྙིང་བ་རེ་ཟུང་གིས་མིང་གསར་པའམ་མིང་རྫུན་རེ་བཏག་ཡོང་ནས་མི་སྒེར་ལ་ཚུལ་མིན་གྱི་སྐད་ཆ་འདྲ་མིན་བཤད་ཀིན་པ་འདི་རེད། དཔེར་ན་ཚོགས་གཙོ་སྤེན་པ་ལ་བྲིས་བ་ལྟ་བུ་རེད། ནམ་རྒྱུན་ངོ་ཐུག་གིས་སྐད་ཆ་བཤད་དུས་འདི་འདྲ་ཞིག་ཨེ་ཡིན་ནམ་སྙམ་ཡང་། མི་གཅིག་གིས་མིང་ཁ་ཤོས་བཟོས་ཏེ་སྐད་ཆ་འདྲ་མིན་བཤད་པ་འདི་དེང་སང་གི་སྐད་ཆ་ལྟར་བཤད་ན། “སྒལ་ཚིགས”འདུ་གདང་མི་འདུག་ཅེས་པར་འགྲེལ་བ་འདུག་སྙམ། བཀའ་ཁྲིས་འོས་མིན་སོགས་ལ་མོ་དད་ཆེ་མིན་སོགས་ཀྱི་ཚུལ་མིན་ཚིག་ངན་དེ་འདྲ་འབྲི་དགོས་དོན་ཨེ་ཡོད་ན། ནམ་རྒྱུན་སྐད་ཆ་བཤད་དུས་”མི་བུ་སྒལ་ཚིགས་ཅན་”ཡིན་དགོས་པ་དང་རང་ཉིད་ཀྱང་དེ་འདྲ་ཡིན་པ་དང་ཡིན་པར་འདོད་པ་ཞིག་གིས་འདི་ལྟར་བཤད་ན་འོས་པར་མ་མཐོང་མོད། སྐད་ཆ་ཅི་ཞིག་ལ་འགན་ཡོད་པའི་ཐོག་ནས་བཤད་རྒྱུ་ཡིན་ན་རང་མིང་འབྲི་རྒྱུ་དང་། རང་གིས་བཤད་པའི་སྐད་ཆེ་ཡང་སུ་ཞིག་གི་མདུན་དུང་བཤད་ཐུབ་པ་བྱུང་ན། མི་བུ་སུས་ཀྱང་གུས་ཤིག་བཀར་གི་རེད་ལ། བཤད་ཟིན་པའི་སྐད་ཆ་དེར་རིན་ཐང་ཡོད་པ་དང་། དེའི་རིན་གི་བདག་པོ་ཡང་རང་ཉིད་རེད།

    Reply
  49. ནགས་མེ། says:
    ལོ་ 15 སྔོན།

    ཨ་ཁ། ཆོལ་ཁའི་འཐེན་འཁྱེར་གྱི་འགད་རྫས་འདིས་ནམ་ཞིག་བོད་གངས་ཅན་རྨེག་མེད་ལ་གཏོང་རྒྱུའི་ཉེན་ཁ་ཧ་ཅང་ཆེ། ངས་བསམས་ན་གོང་ས་མཆོག་ཞལ་བཞུགས་དུས་ནས ༼ ཆོལ་ཁ ༽ ཞེས་པའི་ཐ་སྙད་ཁོ་རང་མེད་པ་གཏོང་ཐུབ་ན་མི་རིགས་འདིའི་རྒྱལ་ཁ་ཆེན་པོ་ཞིག་རེད་འདོད། གཞན་དྲང་ཚུགས་ལ་གནས་པའི་མི་བུ་འདྲ་ཡོད་ན་བསམ་ཚུལ་གང་དགེ་འགོད་རོགས། ཆིག་སྒྲིལ་ལ་བརྩོན་ཤོག བསམ་ཡོད་དྲ་གྲོགས་ཚོ།

    Reply
  50. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གྲོགས་པོ་ཚོ། འདི་འདྲ་རང་ད་ལབ་རྒྱུ་ག་ལ་ཡོད། མི་ཞིག་ལ་སྐྱོན་ཞིག་མེད་མཁན་ཞིག་རྙེད་རྒྱུ་མ་རེད། ལྷག་པར་ཡང་འོས་གཞི་འདེམས་པ་ལ་བཀའ་བཀྱོན་འདི་འདྲ་གནང་ག་ལ་དགོས། འོས་གཞི་མང་ཙམ་སླེབས་ཐུབ་ན་ཡག་པོ་འདུག་ཟེར་གྱིན་ཡོད་པ་མ་རེད་དམ། སྐྱོན་གྱི་ཕྱོགས་ཁོན་ནས་མི་ལྟ་བར་ཡོན་ཏན་གྱི་ཕྱོགས་ནས་ཀྱང་ཅུང་ཙམ་རེ་བརྗོད་དགོས་རྒྱུ་རེད།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese