མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གིས་རྒྱ་གར་སྨན་ཁང་ཆུང་ཆུང་དེ་ཡི་ནང་ནས་འགྱིག་ཤུབ་ཤོག་ཐུམ་ཆུང་ཆུང་ཞིག་ལ་ཧིན་སྒོར་བཅོ་ལྔ་སྤྲད་དེ་ཨམ་ཕྲག་ནང་དུ་བསྡུ་ཞོར་དུ་འཇམ་དབྱངས་འཚོ་མོས་རྗེས་སུ་ག་ལེར་ཁང་ཆུང་དེ་ཡི་ནང་དུ་སོང་བ་རེད།

ཁང་ཆུང་དེ་ཡི་ནང་དུ་དངོས་ནས་མི་ཡུན་རིང་བོ་ཞིག་དུ་བསྡད་མྱོང་མེད་པ་ནི་ཕར་བལྟས་ཚོད་ཀྱི་ཡག་པོ་ཤེས་ཀྱི་ཡོད་པ་དང་། བློ་བཟང་གིས་ཉལ་ཁྲི་རྙིང་བ་ཞིག་གི་སྒང་དུ་གདན་རྙིང་བ་ཞིག་ཡོད་པ་དེ་ཡི་སྟེང་དུ་བཙོག་ནས། འདི་ཁྱེད་ཚང་གི་ཁང་བ་ཡིན་ན་ནང་དུ་མི་འདུག་མཁན་མེད་དོན་གང་རེད།

སྔོན་ཆད་ངའི་རྒན་པོ་ཡོད་དུས། འུ་གཉིས་འདི་ནས་བསྡད་པ་རེད། རྒན་པོ་སོང་ཤུལ་ནས་ང་རང་ཕ་མ་གཉིས་ཀྱི་སར་གནས་སྤོ་བྱས་དེ་ཁང་བ་འདི་ཁང་སྟོང་དུ་སྐྱུར་བ་རེད། མི་རིང་བར་ཁང་བ་འདིའི་ནང་དུ་སླར་ཡང་གནས་སྤོ་བྱེད་དགོས་ན་ཐང་།

བློ་བཟང་གིས་ཁོ་མོའི་ལག་མགོ་ནས་ཚུར་འཐེན་ཞོར་དུ། ཁོ་མོའི་དོར་མའི་ཁ་གྲོལ་ནས་ག་ལེར་རང་གི་དོར་མ་འཕུད་དེ། ཟླ་ངོ་ཁ་ཤས་ཀྱི་རིང་དུ་སྐམ་རུད་དུ་གྱུར་བའི་མཇེ་ངན་བཀག་དུ་བླངས་ཡོད་པ་དེ་ཡི་མགོ་ལ་འགྱིག་ཤུབ་གཅིག་སྐོན་དུས། འགྱིག་ཤུབ་ལ་རྒྱུས་མངའ་མེད་པས་ཡིན་ནམ། ཡང་ན། ཉོ་ས་ནས་མགོ་སྐོར་བཏང་བ་གང་ཡིན་མ་ཤེས་པར། འགྱིག་ཤུབ་དངོས་ནས་སྙི་མོ་ཞིག་རེད། གཅིག་བྱས་ན་ཕྲ་འགྲོ་ན་ཐང་ས་རེད། གཉིས་བརྩེགས་རྒྱག་དགོས་ས་རེད་སྙམ་བཞིན་འགྱིག་ཤུབ་གཉིས་བརྩེགས་བརྒྱབ་པ་རེད།

ཕོ་མོའི་བདེ་བ་ནི་ཕོ་མོ་གཉིས་ཀ་ལྷན་སྤྱོར་བྱེད་པ་ལས་འོང་ཟེར་བ་ལྟར། བློ་བཟང་གིས་ཁོ་མོའི་སྟེང་ནས་ཟླ་ངོ་ཁ་ཤས་རིང་དུ་མྱོང་མ་ཐུབ་པའི་ཕོ་མོའི་བར་གྱི་བདེ་བ་རོལ་རྗེས་སུ། མཇེ་ངན་དེ་ཚུར་ལེན་ཞོར། འཇམ་དབྱངས་འཚོ་མོ་ལ། ད་འགྲིག་མ་སོང་། འགྱིག་ཤུབ་རལ་འདུག་ཟེར་ནས་ཀུ་རེ་ཞིག་རྩེད་ན་ཡང་། དོན་དངོས་ཐོག་འགྱིག་ཤུབ་རལ་ཡོད་པ་རེད།

འཇམ་དབྱངས་འཚོ་མོས། ད་སྐྱོན་ནི་མ་རེད། བྱིས་པ་མི་ཆགས་རྒྱུའི་རེ་བ་ཡོད། འོན་ཀྱང་། བྱིས་པ་ཞིག་ཆགས་ཀྱང་མི་རིང་བར་ང་རང་ཡང་བཟའ་ཚང་སླར་ཡང་བྱེད་རྒྱུ་ཡིན་དུས་སྐྱོན་ནི་མ་རེད། ཕོ་གསར་སྟག མོ་གསར་གཟིག སྐྱིད་པོ་བྱེད་དགོས་པ་རེད། སྐྱིད་པོ་བྱས་ཚར་བ་རེད།

བློ་བཟང་གིས་སྐད་ཆ་དེ་གོ་བ་དང་དངོས་ནས་སེམས་ཁྲལ་མེད་པར་བཏང་བ་རེད། འཇམ་དབྱངས་འཚོ་མོ། ཁྱེད་རང་ལ་དངོས་ནས་ཐུགས་རྗེ་ཆེ། ངས་བུད་མེད་མི་ཉུང་བ་ཞིག་དང་ངོ་ཤེས་སྒྲིག་མྱོང་ན་ཡང་། ཁ་གཏད་དུ་སྐད་ཆ་བཤད་དེ་ལུས་འབྲེལ་བཞག་པ་ཁྱེད་རང་དང་བོ་ཡིན་ལ། དྲང་མོ་བཤད་ན་ངས་མི་ཚེ་ནང་དུ་ལུས་འབྲེལ་བཞག་མྱོང་བའི་བུད་མེད་མང་བོ་མེད། ངོ་ཤེས་ནས་ཡུན་རིང་འགོར་སོང་བ་ཡིན་ན། ཕན་ཚུན་སུས་ཀྱང་ཤོད་ཐུབ་ཀྱི་མི་འདུག་སྟབས། ངས་ཉེ་སྔོན་ཁྱེད་རང་ལ་ཁ་གཏད་དུ་བཤད་པ་ཡིན། དེ་དུས་ཁྱེད་རང་གིས་ཀྱང་ཁ་གཏད་དུ་ལན་འདེབས་གནང་བ་དེ་ནི་དངོས་ནས་ངས་སྣང་བ་འགྲོ་སོང་། དེ་མིན་བོད་ཀྱི་བུད་མེད་མང་ཤོས་ཤིག་གིས་རང་ཉིད་ལ་འདོད་པ་ཡོད་པ་གཏིང་བརྗེད་དུ་སོང་བ་ལྟར། ཕོ་གསར་འདོད་པ་ཡོད་ས་རེ་ཡིས་རེ་སྐུལ་བྱས་ཀྱང་མ་ཤེས་ཁུལ་བྱས་དེ་འཇིག་རྟེན་འདིའི་སྟེང་གི་ལང་ཚོའི་འདོད་འཇོའི་དུས་ཚོད་ཤོར་བཞིན་ཡོད་པ་རེད།

འཇམ་དབྱངས་འཚོ་མོས། ཁྱེད་རང་གི་བཤད་པ་དངོས་ནས་བདེན་པ་རེད། ང་ཚོ་བོད་ཀྱི་བུད་མེད་ཆེས་མང་ཤོས་ཤིག་གིས་ང་རང་ལྟ་བུའི་བུད་མེད་དག་གི་སྤྱོད་པ་ལ་དགའ་བོ་མི་བྱེད་པ་རེད། ཡིན་ཡང་། དོན་དངོས་ཐོག གྱོང་རེག་ས་དེ་ནི་ཁོང་ཚོ་ལས་ང་རང་ལྟ་བུ་དག་ཆགས་ཀྱི་མི་འདུག ཁ་ཤས་ཀྱི་ང་རང་ལ་ཁྱེད་རང་ལ་གྱོང་རེག་འདུག བྱིས་པ་ཞིག་གི་ཕ་རྒན་གྱིས་བཞག་ནས་སོང་བ་རེད་ཟེར་གྱི་འདུག ངས་བསམ་ན་དེ་ནི་བདེན་པ་མ་རེད། ང་རང་ནི་ང་རང་གི་འདོད་པ་དང་རང་གི་ཕ་མ་དང་རང་གི་བུ་ཕྲུག་གི་མི་ཚེ་འདམ་ནས་ཁོས་རྗེས་སུ་མ་སོང་བ་ཡིན།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

ཆུ་ཚོད་ ༧ སྔོན་ལ།
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

ཆུ་ཚོད་ ༧ སྔོན་ལ།
26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༡ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༤
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

༢༠༢༦/༠༦/༢༤
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

༢༠༢༦/༠༦/༢༤

མཆན། 7

  1. lobsang59 says:
    ལོ་ 16 སྔོན།

    སྒྲུང་གཏམ་ཡག་པོ་ཞིག་རེད།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    བདུན་ཕྲག་གཅིག་ལྷག་གི་རིང་དུ་གནའ་བོའི་འཚོ་བ་ཞིག་གི་གུང་གསེང་དུ་ཕྱིན་ནས། གློག་དང་ཁ་པར། གློག་ཀླད་ཀྱི་མཐུན་རྐྱེན་མེད་སའི་རི་ལུང་ཞིག་ལ་བོད་རིགས་སྤུན་ཟླ་འགའ་དང་ལྷན་དུ་ཕྱིན་ནས་དེ་རིང་ཕྱིར་འབྱོར་ཡོད། སྤུན་ཟླ་ཁྱེད་ཅག་གིས་ཀྱང་སྔར་བཞིན་ངེད་ཚང་དུ་ཕེབས་པ་དེར་དགའ་ཡོད།

    Reply
  3. Dre Sha Zen says:
    ལོ་ 16 སྔོན།

    བོད་དུ་ཕྱིར་ལོག་བྱེད་མཁན་རྣམས་ལ་སྔོན་བརྡ་ཞིག་ཡོད།
    ཉེ་ཆར་བོད་ནས་གསར་དུ་འབྱོར་བའི་བོད་མི་ཞིག་གིས་བརྗོད་དོན་ལྟར་ན། ཁམས་རྟའུ་རྫོང་ནས་ཡིན་པའི་ཕོ་གཞོན་གཉིས་སྔོན་ཆད་བཙན་བྱོལ་དུ་འབྱོར་ནས་ལོ་ཤས་རྗེས་སུ་ཕྱིར་རང་ཡུལ་དུ་ལོག་ཡོད་པ་དང་། ཁོང་གཉིས་ཕ་ཡུལ་སླེབས་ནས་ཟླ་དྲུག་གི་རྗེས་སུ། རྒྱ་ནག་དམར་གཞུང་ཉེན་རྟོག་པས་ཁོང་གཉིས་རྒྱ་གར་ནས་ཡོང་བ་ཤེས་པ་དང་གློ་བུར་དུ་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་འདུག་ལ། ཕ་མ་སྤུན་མཆེད་རྣམས་ཀྱིས་ཁོང་གཉིས་གང་དུ་ཡོད་མེད་དང་འབྲེལ་གཏུག་བྱ་ཐབས་ལ་འབད་པ་བྱས་ཡོད་ན་ཡང་། ད་ལྟའི་བར་ཁོང་གཉིས་བཙོན་ཁང་གང་དུ་ཡོད་མེད་དང་ཤི་གསོན་གྱི་གནས་ཚུལ་གང་ཡང་རག་མེད་པའི་ཛ་དྲག་གི་གནས་སུ་ལྷག་ཡོད་ཞེས་ཁོང་གིས་འགྲེལ་བརྗོད་བྱས་སོང་།
    ད་དུང་ཁོང་གིས་ཡིད་མུག་དང་འཇིགས་སྐྲག་བཅས་བརྗོད་དོན། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱ་གཞུང་གིས་མཐའ་འཁོབ་ཀྱི་ཕྱེ་ཐང་ཞིག་ཏུ་གཡུག་བཞིན་ཡོད་པའི་གནས་ཚུལ་ཡང་ཐོས་འདུག འོན་ཀྱང་འདི་ནི་གཅིག་བྱས་ན། དཀྲོག་གཏམ་ཞིག་གམ་ཡང་ན་འཇིགས་བསྐུལ་དང་བྲེད་ཤ་བསློང་གི་ཡོད་པ་མིན་ནམ་བསམ་པ་བྱུང་ལ། གང་ལྟར་ཁོང་གིས་སེམས་གཏིང་ནས་དེ་འདྲ་ཞིག་བཤད་སོང་།
    ༡
    མི་རིགས་སུ་འདྲ་ཞིག་ཡིན་ཡང་རང་ཡུལ་དྲོད་མོ་དེ་དང་ཕ་མ་སྤུན་མཆེད་གཙོའི་མེས་པོ་སྤུན་ཟླ་ལས་ལྷག་པའི་སྙིང་ལ་མཛའ་བ་ཞིག་འཛམ་གླིང་ཡུལ་གྲུ་གཞན་ནས་འཚོལ་དུ་མེད་པ་ནི་ཤིན་ཏུ་བདེན་ཞིང་གནས་ལུགས་ལྡན་པ་ཞིག་ཡིན་ཕྱིར།
    དེའི་རྐྱེན་པས་ང་ཚོ་གཞན་ཡུལ་འདིར་བཙན་བྱོལ་བ་གང་མང་ཞིག་ཀྱང་རྒྱུས་མེད་ཀྱི་གནས་སུ་རྒྱུན་རིང་འགོར་སོང་བ་དང་། མི་ཡུལ་གྱི་འཚོ་བའི་དཀའ་ཁག་དག་ལ་བཟོད་སྒོམ་མི་ཐུབ་པ་ཅེ་མང་དུ་འགྲོ་བཞིན་པ་དང་། དེ་དང་ཆབ་ཅིག་ཏུ་བོད་འབྱོར་བ་མང་པོ་ཞིག་ཐབས་ཤེས་སྣ་ཚོགས་སྤྱད་དེ་རང་ཡུལ་དུ་ཕྱིར་ལོག་བྱེད་མཁན་མང་པོ་ཆག་གི་ཡོད། སྐབས་དེར་ང་ཚོས་སྔར་ཞུགས་ཏུ་བསམ་གཞིག་ནན་མོ་གནང་དགོས་པ་གཅིག་ནི། ད་ལྟའི་ཆར་རྒྱ་ནག་དམར་གཞུང་གིས་བཙན་བྱོལ་ཡུལ་གྱར་བ་རྣམས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་སྐྱོན་འཛུག་དང་དྲིལ་བསྒྲགས་བསྟུན་མར་བྱེད་བཞིན་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་མ་ཟད། ཉེས་མེད་བཙོན་འཇུག་གི་གནས་ཚུལ་ཡ་ང་བ་མང་པོ་རྒྱུན་མ་ཆད་པར་མྱོང་དགོས་ཐུག་གི་ཡོད་ཅིང་། དེ་དག་དོན་མེད་དུ་མྱོང་མི་དགོས་ཐབས་ལ་རང་གཞན་ཚང་མའི་གལ་སྲིད་རང་ཡུལ་ལ་ལོག་འདོད་ལྡོག་མ་ཐུབ་ན་ཡང་། དུས་ཚོད་ནར་འགྱང་ཅིག་གམ། རང་གི་ཚེ་སྲོག་ལ་བདག་གཅེས་དང་རིན་ཐང་ཡོད་པ་བྱེད་རྒྱུ་གལ་ཆེ་ཞིང་། ད་སྐབས་རང་ཡུལ་ལ་སླེབས་ཀྱང་རང་རེ་རྣམས་ཀྱི་མགོ་ཐོག་ཏུ་སྡུག་བསྔལ་གང་འདྲ་ཞིག་ལྷུང་ཡོང་མིན་ནི་ཚང་མའི་མཁྱེན་གསལ་རེད། རྒྱུ་མཚན་དེ་རྣམས་ལ་གཟིགས་ནས་ལྷག་དོན་དུ་ཐུགས་གཟབ་གནང་དགོས་ངེས་རེད་འདོད་ནས། གནས་ཚུལ་འདི་བསྡུས་ཙམ་བཤད་འདོད་པ་ཡིན་ནོ།།

    Reply
  4. jisay says:
    ལོ་ 16 སྔོན།

    ངེད་ཚང་གི་སྦྲ་ནག
    ལོ་ངོ་སྟོང་གི་དུས་བཞིའི་འགྱུར་ལྡོག་ཐོད་ཀྱིས་བསུས་ཤིང་།
    ཚ་ཚ་མོའི་རིགས་རྒྱུད་མཐོ་སྒང་གི་ལུག་ཁྱུ་བཞིན་བཀྲམ་པའི།
    ངེད་ཚང་གི་སྦྲ་ནག ཁྱིམ་ཚང་འདིའི་ངོ་སོ་སྲུང་ནས་ལོ་ངོ་ག་ཚོད་སོང་།

    Reply
  5. phuntsok says:
    ལོ་ 16 སྔོན།

    ཨ་ཨ་ཨ་ ་་ད་ཆོག་གི་ཡ་
    ད་མཚམས་ཤིག་འཇོག་ཚད་རེད་དྲན་གྱི་འདུག་་་་དེ་མིན་ན་ཉོག་འགྲོ་ས་རེད་དྭ།་་་ཧ་ཧཧ་ཧཧཧ

    Reply
  6. free sopu says:
    ལོ་ 16 སྔོན།

    བློ་བཟང་འདི་ཡཡཡཡཡཡཡཡཡཡཡཡཡ་ད་ཡིན་རྒྱུ་རེད་ལོ་ཆུང་རེད།
    ཤ་ཁྲག་ལགས་ཉིན་མ་འདི་དག་ལ་མཐོང་རྒྱུ་མེད་ནོ་ཅི་རེད།

    Reply
  7. samkhar says:
    ལོ་ 16 སྔོན།

    བློ་བཟང་གིས་རྙོག་དྲ་བཟོས་ཚར་སོང་།
    འཇམ་དབྱངས་མཚོ་མོར་ཡང་བསྐྱར་ཕྲུ་གུ་ཞིག་འཁོར་གྱི་རེད།
    ད་ཡང་ཤ་ཁྲག་རུས་གསུམ་གྱིས་སྡིག་པ་བསགས་སོང་། ཁོ་གཉིས་ཀྱི་བར་དུ་རྙོག་དྲ་གསར་པ་ཞིག་ཡོང་རྒྱུ་ཡིན་པ་རེད། བློ་བཟང་ཁོ་གལ་སྲིད་ང་ཡིན་ན་ངས་དྲ་གྲོགས་ཁྱེད་ཀྱི་སྐུ་གམ་དུ་ངེས་པར་དུ་བཅར་ངེས་རེད། ཧ་ཧ་ཧ།
    མ་མཇལ་ཡུན་རིང་། སྒྲུང་རིང་འབྲི་རོགས། གླིང་གེ་སར་རྒྱལ་པོའི་སྒྲུང་ལྟ་བུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese