མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དམག་ཞིག་འདས་གྲོངས།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp
 
རང་གི་མི་ཚེ་ཧྲིལ་བོ་བོད་མི་རིགས་དང་བསྟན་པ་ཆབ་སྲིད་ཆེད་དུ་ཞབས་འདེགས་བསྒྲུབས་མཁན་གྱི་ཆབ་སྲིད་བཙོན་ཟུར་ཞིག་འདས་གྲོངས་སུ་ཕྱིན་འདུག
དེ་རིང་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་བཙོན་ཁང་དུ་མི་ལོ་ ༡༨ རིང་བཞུགས་མྱོང་བའི་ཆབ་སྲིད་བཙོན་ཟུར་བུ་བཟང་ལགས་དྷ་སར་འདས་གྲོངས་སུ་ཕྱིན་འདུག ད་ལྟ་ཁོང་དགུང་ལོ་ ༨༠ ཡིན་པ་དང་། ཁོང་ནི་ ༡༩༦༠ ལོར་ཨ་རིར་དམག་སྦྱོང་དུ་ཕྱིན་རྗེས་ཕྱིར་བོད་དུ་ལོག་སྟེ་རྒྱ་དམག་དང་དམག་འཐབ་ལན་མང་བྱས་མྱོང་མཁན་ཞིག་ཀྱང་ཡིན་འདུག  

ཚེས་ ༢༦ ཉིན་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི

ས་ཁོང་ལ་མྱ་ངན་འཚམས་འཕྲིན་ཞིག་ཕུལ་བའི་ནང་བཀོད་དོན། བུ་བཟང་ལགས་ནི་ཆུང་དུས་ནས་བོད་ཀྱི་རྩ་དོན་དང་མི་མང་གི་ཆེད་དུ་སྙིང་སྟོབས་ཞུམ་པ་མེད་པ་ཞིག་ཡིན་པས། ང་ཚོས་ཁོང་གི་བྱས་རྗེས་ལ་བསྟོད་བསྔགས་དང་ཕྱི་མར་དལ་རྟེན་ཡག་པོ་ཞིག་འཐོབ་པར་སྨོན་ལམ་འདེབས་ཀྱི་ཡོད་ཅེས་དང་། ཁོང་ནི་ ༡༩༣༠ ལོར་སྙེ་མོ་རྫོང་དུ་ཡབ་ལྷ་དབང་ནོར་བུ་དང་ཡུམ་ཚེ་རིང་གཡུ་སྒྲོན་གྱི་བུ་རུ་སྐྱེས་ཤིང་། ༡༩༤༢ ལོར་བོད་གཞུང་གི་དམག་ཁོངས་སུ་ཞུགས་ཡོད་ལ་དེ་ནས་སྨན་རྩིས་ཁང་དུ་ལོ་ ༧ ལ་སློབ་གཉེར་བྱས།   ༡༩༥༩ ལོ་ནས་ཐོག་མར་ལྷ་ས་དང་དེ་ནས་ལྷོ་ཁ་དང་བསམ་ཡས། རྩེ་ཐང༌། ལྕེ་བདེ་ཞོལ། ལྷུན་རྩེ་རྫོང་སོགས་སུ་དམག་འཐབ་བྱས་ཡོད་ལ། རིམ་བཞིན་རྟ་དབང་དང་ཨ་སམ། སྒང་ཏོག་ཕྱོགས་སུ་ཐོན།   ༡༩༦༠ ལོའི་ཟླ་ ༣ པའི་ནང་ཨ་རིར་གསང་སྟབས་ཀྱིས་དམག་སྦྱོང་དུ་སོང་ཡོད་པ་དང་། ༡༩༦༡ ལོའི་ཟླ་ ༣ ཚེས་ ༡༥ ཉིན་གནམ་གྲུ་ནས་བོད་སྨར་ཁམས་རྫོང་དུ་གནམ་མཆོང་ཀྱིས་བོད་ནང་ཏར་གཏོང་དང༌། དམག་འཐབ་ནང་ཞུགས་ཀྱང་མཐར་ལམ་ལྷོང་མ་བྱུང་བར་འཛིན་བཟུང་བྱས་ཏེ་མི་ལོ་ ༡༨  རིང་བཙོན་ཁང་ནང་དཀའ་སྡུག་མྱངས་ཡོད་པ་རེད།  ༡༩༧༨ ལོར་ཁོང་བཙོན་གྲོལ་ཐོབ་པ་དང་ ༡༩༨༠ ལོར་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་བ་རེད། བཙན་བྱོལ་དུ་ཕེབས་རྗེས་སུའང་བོད་གཞུང་བདེ་སྲུང་ལས་ཁུངས་ནང་སྲི་ཞུ་བསྒྲུབས་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 17

  1. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    སྙིང་རྗེ་ཁཽང་ཡང་སྐུར་དྲག་ཞིག་གི་བུ་ཚབ་བྱས་རྗེས་ཅན་ཞིག་ཡིན་པ་འདྲ་ཨོ་མ་ནེ་པད་མེད་ཧོམ།

    Reply
  2. གངས་རླུངས says:
    ལོ་ 16 སྔོན།

    དམ་པ་ཁོང་དང་ཁོང་ལྟ་བུ་བོད་མི་རིགས་ཀྱི་ཆེད་དུ་ལྷག་བསམ་དག་པ་དང་རང་སྲོག་ལེགས་སྐྱེས་སུ་འབུལ་མཁན་དག་ལ་འུ་ཅག་ཚོས་མྱ་ངན་གུས་འདུད་དང་དུས་ནམ་ཡང་རྗེས་དྲན་བྱེད་དགོས་
    ཨོཾ་མ་ཎི་པདྨེ་ཧྭུྃ། སྐྱེ་བར་ཕྱི་མ་ཡང་བོད་མི་རིགས་ཆེད་དུ་ལེགས་སྐྱེས་འབུལ་མཁན་ཞིག་ཏུ་སྐྱེ་བར་ཤོག

    Reply
  3. karma dorje says:
    ལོ་ 16 སྔོན།

    སྐྱེ་བ་ཕྱི་མར་འཚེ་མེད་ཞི་བའི་ལམ་དུ་ཞུགས་མཁན་ཨང་དང་པོའི་གྲས་སུ་སྐྱེས་བར་ཤོག

    Reply
  4. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 16 སྔོན།

    འདས་པོ་ཁྱོད་ལ་ལྟ་བུ་ལ་མྱལ་ངན་གུས་འདུད་ཡོད་་་་་་་་་་་་་་སྐྱེ་བར་ཕྱི་མ་ཡང་ཕོ་རྒོད་ཞིག་གི་ལུས་བརྟེན་ཐོབ་ནས་མི་རིགས་འདི་ཉིད་ལ་བྱ་བཟང་རེ་བསྒྲུབ་པའི་སྨོན་ལམ་ཡོད།

    Reply
  5. ཤིང་རྟ། says:
    ལོ་ 16 སྔོན།

    གངས་ཅན་བོད་ཀྱི་ཕོ་རྒོད་ཁྱེད་ངན་འགྲོའི་སྡུག་བསྔལ་མཐའ་དག་ལས་མྱུར་དུ་གྲོལ་ཏེ་བླ་མེད་བྱང་ཆུབ་འཐོབ་པའི་བསྔོ་སྨོན་ཡོད། ་ཨོཾ་མ་ཎི་པདྨེ་ཧཱུྃ།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དམག་མི་ཡང་དག་པ་ཞིག་ཡིན་ན་རྒྱལ་ཁ་ལེན་དགོས་པ་རེད། ཡང་མིན་ན་གཡུལ་ས་རུ་ཤི་དགོས་པ་རེད།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    དམ་པ་ཁོང་ལྟ་བུ་རེ་རེ་བཞུད་པ་ནི་རང་རེའི་ལོ་རྒྱུས་ཀྱི་ལེའུ་རེ་རེ་སྣུབ་པ་དང་མཚུངས།

    Reply
  8. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    མི་ཤིག་པའི་སྤོབས་པ་བདེགས་ནས།
    མི་འཇིག་པའི་ཞབས་རྗེས་སྤར་ནས།
    མི་ནུབ་པའི་འདུན་པ་སྒུམ་ནས།
    གངས་དཀར་པོའི་དབུ་རྩེ་ནས་གཡས་སྐོར་རྒྱག་པའི་སེང་ཆེན་ལགས།
    ཁྱོད་ཀྱིས་་རྨིས་མྱོང་བའི་རྨི་ལམ་གྱི་འཇིག་རྟེན་རེ་རེ།
    ཁྱོད་ཀྱིས་གཏོར་མྱོང་བའི་རྔུལ་ཁྲག་གི་ཐིག་པ་རེ་རེ།
    ང་ཚོས་སེམས་ཁོངས་ན་རྟག་བརྟན་གྱི་རྡོ་རིང་བཞིན།
    ཁྱོད་དང་ཁྱོད་ཚོའི་གཟུགས་བརྙན་ལ་འདྲེས་ཏེ།
    བུ་རབས་ཚ་རྒྱུད་ཚོའི་གཞིས་ཁྱིམ་འདེགས་པའི་ཀ་བ་རུ་འགྱུར་ངེས།

    ཁྱོད་དང་ཁྱོད་ཚོས་རྔུལ་ཁྲག་གི་ཐིགས་པས་བསྒྲུབ་པའི་ལྡུམ་ར་ན།
    ཁྱོད་དང་ཁྱོད་ཚོས་རྟག་ཏུ་རྨི་་ལམ་ནས་མཐོང་བའི་མེ་ཏོག་བཞདལ་ཉེ།
    ཉིནམོ་དེར་ཁྱོད་དང་ཁྱོད་ཚོ་ཕེབས་ཤོག་ཨང་།
    ངེད་ཅག་གིས་འུ་ཚང་གི་སྒོ་འགྲམ་ནས་སྒུག་ངེས།
    ཉིན་མོ་དེར་ཁྱོད་དང་ཁྱོད་ཚོ་སླར་ཡང་ཕེབས་ཤོག་ཨང་།

    Reply
  9. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    མི་ཤིག་པའི་སྤོབས་པ་བདེགས་ནས།
    མི་འཇིག་པའི་ཞབས་རྗེས་སྤར་ནས།
    མི་ནུབ་པའི་འདུན་པ་སྒུམ་ནས།
    གངས་དཀར་པོའི་དབུ་རྩེ་ནས་གཡས་སྐོར་རྒྱག་པའི་སེང་ཆེན་ལགས།
    ཁྱོད་ཀྱིས་་རྨིས་མྱོང་བའི་རྨི་ལམ་གྱི་འཇིག་རྟེན་རེ་རེ།
    ཁྱོད་ཀྱིས་གཏོར་མྱོང་བའི་རྔུལ་ཁྲག་གི་ཐིག་པ་རེ་རེ།
    ང་ཚོས་སེམས་ཁོངས་ན་རྟག་བརྟན་གྱི་རྡོ་རིང་བཞིན།
    ཁྱོད་དང་ཁྱོད་ཚོའི་གཟུགས་བརྙན་ལ་འདྲེས་ཏེ།
    བུ་རབས་ཚ་རྒྱུད་ཚོའི་གཞིས་ཁྱིམ་འདེགས་པའི་ཀ་བ་རུ་འགྱུར་ངེས།

    ཁྱོད་དང་ཁྱོད་ཚོས་རྔུལ་ཁྲག་གི་ཐིག་པས་བསྒྲུབ་པའི་ལྡུམ་ར་ན།
    ཁྱོད་དང་ཁྱོད་ཚོས་རྟག་ཏུ་རྨི་་ལམ་ནས་མཐོང་བའི་མེ་ཏོག་བཞདལ་ཉེ།
    ཉིནམོ་དེར་ཁྱོད་དང་ཁྱོད་ཚོ་ཕེབས་ཤོག་ཨང་།
    ངེད་ཅག་གིས་འུ་ཚང་གི་སྒོ་འགྲམ་ནས་སྒུག་ངེས།
    ཉིན་མོ་དེར་ཁྱོད་དང་ཁྱོད་ཚོ་སླར་ཡང་ཕེབས་ཤོག་ཨང་།

    Reply
  10. གཡང་ལགས། says:
    ལོ་ 16 སྔོན།

    དམ་པ་ཁོང་རང་ལྷག་བསམ་དཀར་ལ་ཡོ་འཁྱོག་མེད་པ་ཚེ་གང་དད་པ་མི་ཕྱེད་པའི་ལམ་ལ་བློ་རྩེ་གཅིག་གིས་ཕེབས་གནང་འདུག་པས་དལ་རྟེན་བྱོན་ཤག་ཤག་རེད། ང་རང་ཚོས་ཀྱང་སྨོན་ལམ་དང་མ་ཎི་འདོན་དགོས། དེང་སྐབས་འཛམ་གླིང་ཁྲ་ཁྲ་སིལ་སིལ། མི་སེམས་ཡ་མེ་ཡོམ་མེ་ཡིན་པས་ཁོང་ལྟ་བུ་ལྷག་བསམ་དཀར་ལ་དམ་ཚིག་གཙང་མ་དེ་འདྲ་དཀོན་ནས་དཀོན་དུ་རེད། ང་ཚོས་ཀྱང་ཁོང་ལྟ་བུའི་ལྷག་བསམ་དང་སྙིང་སྟོབས་ཁ་ཞེ་གཉིས་མེད་ཀྱི་བསམ་སྤྱོད་ལ་ཡི་རང་དང་གུས་བཀུར་ཞུ་རྒྱུ་ཡིན་ལ། ཁོང་རང་གི་བསམ་སྤྱོད་བཟང་པོ་བསམ་པའི་རྟེན་དང་སྤྱོད་པའི་དཔེ་རུ་བྱས་ནས་རང་ཉིད་ལ་རེ་བ་ནན་པོ་དང་སྐུལ་ལྕག་བྱེད་དགོས་པ་འདུག ང་ཚོ་བོད་མིའི་ལྷག་བསམ་དང་སྤྱོད་བཟང་བོད་མི་ཀུན་གྱི་རྒྱུད་ལ་ཡུན་དུ་འཇགས་པའི་སྨོན་འདུན་དང་བཅས། དམ་པ་ཉིད་དལ་རྟེན་བཞེས་ལ་ཆོས་ལྡན་ཞིང་དུ་རྩ་བའི་བླ་མའི་སྐུ་འཁོར་དུ་འཁྲུངས་ཏེ་མཐར་ཐུག་ཐར་ལམ་གཤེགས་པར་ཤོག །

    Reply
  11. སྟོབས ། says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུན་ལགས་བདེ་མོ ། དེ་རིང་འདི་ནས་ཐུག་པ་ཡིད་ལའང་ཤར་སོང་ ། མི་ཚེ་འུ་ཅག་གི་བདེ་སྡུག་གི་ཆེད་དུ་ཕུལ་པའི་རྒྱལ་གཅེས་པོ་ཞིག་གི་དུར་ས་ནས་འུ་གཉིས་འཕྲད་སོང་ ། དང་པོར་འུ་གཉིས་ཀྱིས་དཔའ་བོའི་འདས་མཆོད་སྒྲུབ ། རྗེས་སུ་ཁོང་དང་ཁོང་འདྲ་བའི་དཔའ་བོ་མང་དག་ཅིག་གི་མཛད་རྒྱས་གླེང་ །

    Reply
  12. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅།། ས་ལམ་གྱི་རྟོགས་པ་རིམ་གྱི་བརྒྱུད་དེ་སྐུ་བཞིའི་གོ་འཕང་མྱུར་དུ་ཐོབ་པར་ཤོག

    རྒན་རབ་པ་ཚོ་འདི་ལྟར་ལམ་ལ་ཆས་འགྲོ
    ནམ་ཞིག་གཞོན་རབ་པ་ཚོའི་བསམ་ཡུལ་ལས་འདས་བས་ཁུར་པོ་ཞིག་གིས་བཙིར་རྒྱུ་རེད་ཡ

    Reply
  13. སྲས་མོ་མེ་ཏོག says:
    ལོ་ 16 སྔོན།

    རྒྱལ་དཔའ་བོ་འདས་གྲོངས་སུ་ཕྱིན་པ་ལ་མྱི་ངན་ཞུ

    Reply
  14. སྲས་མོ་མེ་ཏོག says:
    ལོ་ 16 སྔོན།

    འདས་པོ་རྣམ་ཤེས་ཕྲ་མོ །
    འདི་ནས་ཕྱི་ལམ་བསྙེག་ཀྱང་།
    སླར་ཡང་གངས་རིའི་ཡུལ་དུ།
    སྐྱེ་བའི་སྨོ་ལམ་འདེབས་ཆོག །
    མི་ཚེ་གཅིག་གི་མཛད་རྒྱས །
    དཔའ་བོའི་རྡོ་རིང་བཞེས་ཀྱིན།
    མི་རབས་གསར་བའི་སེམས་ལ།
    སྙིང་སྟོབས་གོ་ཆ་སྐྲུན་ཡོད

    Reply
  15. སྲས་མོ་མེ་ཏོག says:
    ལོ་ 16 སྔོན།

    འདས་པོ་རྣམ་ཤེས་ཕྲ་མོ །
    འདི་ནས་ཕྱི་ལམ་བསྙེག་ཀྱང་།
    སླར་ཡང་གངས་རིའི་ཡུལ་དུ།
    སྐྱེ་བའི་སྨོ་ལམ་འདེབས་ཆོག །
    མི་ཚེ་གཅིག་གི་མཛད་རྒྱས །
    དཔའ་བོའི་རྡོ་རིང་བཞེས་ཀྱིན།
    མི་རབས་གསར་བའི་སེམས་ལ།
    སྙིང་སྟོབས་གོ་ཆ་སྐྲུན་ཡོད

    Reply
  16. Sopa Lhatse says:
    ལོ་ 16 སྔོན།

    མཛད་རྗེས་ལ་རྗེས་ཡིད་རང་དང་། སྐུ་འཚེའི་འཕེན་པ་རྫོགས་པར་མྱང་ངན་གུས་འདུད་དང་། ཕྱི་མར་མངོན་མཐོའི་རྟེན་བཟང་རིམ་རྒྱུད་འཚེ་རབ་ཀུན་ཏུ་འཕགས་མཆོག་སྤྱན་རས་གཟིགས་རྗེས་སུ་འཛིན་ངེས། མ་ཎི་པདྨེ་ཧཱུ༎༎

    Reply
  17. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ༸འཕགས་མཆོག་ཕྱག་ན་པདྨོའི་མཉེས་ཤིང་རྗེས་སུ་བཟུང་སྟེ། སྐུ་བཞིའི་བདག་ཉིད་ ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་དུ་འཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ།

    ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ །ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ། ཨོཾ་མ་ཎི་པདྨེ་ཧྭུྃ།
    ༸རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོས།
    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།
    གཅེས་པའི་ལུས་སྲོག་ལོང་སྤྱོད་ཡོངས་བཏང་སྟེ།
    དཀའ་བ་བརྒྱ་ཕྲག་སྒྲུབ་པའི་སྐྱེ་བོ་རྣམས།
    གྲུ་འཛིན་མགོན་དེར་ཐུགས་རྗེས་སྐྱོང་བར་མཛོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese