མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ལྷན་ཚོགས་བཀའ་ཁྲི་འཚོལ་དུ་འགྲོ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་སྐབས་བཅུ་བཞི་བར་བཀའ་བློན་ཁྲི་པ་ཕུལ་དུ་བྱུང་བ་ཞིག་ཕེབས་ཆེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་ལོའི་ཕྱི་ཟླ་ ༧ པ་ནས་ལོ་རྗེས་མའི་ཕྱི་ཟླ་ ༦ པའི་བར་མི་མང་ལ་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་བརྩམ་རྒྱུ་ཡིན་པ་མ་ཟད། མང་ཚོགས་ལ་བཀའ་ཁྲིའི་འོས་གཞི་འོས་འདེམས་བྱེད་དུ་བཅུག་སྟེ་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག འོན་ཀྱང་བུད་མེད་ལྷན་ཚོགས་རང་ལ་བཀའ་ཁྲིའི་འོས་གཞི་དམིགས་འཛུགས་མེད་ཟེར།

 

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་རམ་ས་ལའི་བདེ་དོན་ཚོགས་ཁང་དུ། དབུས་བོད་ཀྱི་བོད་མེད་ལྷན་ཚོགས་ཀྱིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། སྔོན་མ་ ༢༠༠༦ ལོར་བཀའ་བློན་ཁྲི་པའི་འོས་བསྡུའི་ནང་ཞུགས་མཁན་བཙན་བྱོལ་བོད་མིའི་མི་འབོར་གྱི་བརྒྱ་ཆ་ ༢༦།༨ ལས་བྱུང་མེད་སྟབས། འབྱུང་འགྱུར་ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་བསྡུའི་སྐབས། བརྒྱ་ཆ་ ༧༥ ལས་བརྒལ་ཐུབ་པ་བྱ་རྒྱུ་ཡིན་ཟེིར། བྱ་བཞག་དེའི་ཐད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་ལོའི་ཕྱི་ཟླ་ ༧ ནས་མགོ་བཙུགས་ཏེ། རྒྱ་གར་དང་བལ་ཡུལ་ནང་གི་ས་གནས་ ༣༦ ཙམ་གྱི་མི་མང་ཚོར་གོ་རྟོགས་སྤེལ་བའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་ཞིང་། ད་ལོའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་བཀའ་བློན་ཁྲི་པའི་འོས་གཞི་འོས་འདེམས་བྱས་ཏེ། ཕྱི་ཟླ་ ༧ པའི་ནང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་བའི་ཐོག་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

 

བུད་མེད་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས་དེའི་ནང་། ཕྱི་ལོ་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་འདེམས་ཐད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་འཆར་དང་ཐབས་ཇུས་ཁག་གསུམ་བཀོད་དོན། དང་པོ། མི་མང་ནང་ཐད་ཀར་གོ་རྟོགས་སྤེལ་ཆེད། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ས་གནས་ཁག་ཚང་མའི་ནང་ལས་གཞི་ཞིག་དབུ་འཛུགས་བྱ་རྒྱུ་ཡིན། བཀའ་ཁྲིའི་སྔོན་འགྲོའི་འོས་བསྡུ་མ་བྱུང་གོང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ད་ལོའི་ཕྱི་ཟླ་ ༧ ནས་ལོ་རྗེས་མའི་ཕྱི་ཟླ་ ༦ བར་དབུས་རྒྱུན་ཚོས་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ ༣༦ ཙམ་གྱི་ནང་། བཀའ་ཁྲིའི་འོས་བསྡུ་དང་འབྲེལ་བའི་གོ་རྟོགས་སྤེལ་རྒྱུ་དང་། ཕྱི་རྒྱལ་ཁག་གི་ས་གནས་ ༡༦ ཙམ་གྱི་རྒྱུན་ལས་རྣམ་པས་ཀྱང་སོ་སོའི་ཁྱབ་ཁོངས་ནང་གོ་རྟོགས་སྤེལ་རྒྱུ་ཡིན།

 

གཉིས་པ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་ཁང་དང་། ས་གནས་ཁག་ནས་འདི་ལོའི་འཁྲུངས་སྐར་དུས་ཆེན་ཉིན། རྒྱ་ཆེའི་མང་ཚོགས་ལ་བཀའ་ཁྲིའི་འོས་མི་འོས་འདེམས་བྱ་རྒྱུ་དང་། དེ་དག་ཕྱོགས་ལྷུང་མི་འབྱུང་ཆེད་བུད་མེད་ལྷན་ཚོགས་ཀྱི་ངོས་ནས་འོས་མི་དམིགས་འཛུགས་མི་བྱེད། འོས་འཕེན་མཁན་སོ་སོས་རང་འདོད་ལྟར་འོས་འཕེན་དགོས། བརྒྱུད་རིམ་དེ་དག་ལས་བྱུང་བའི་གྲུབ་འབྲས་ད་ལོའི་ཕྱི་ཟླ་ ༧ པའི་དཀྱིལ་ཙམ་ལ། མཱ་ན་ལིར་ཚོགས་གཏན་འཁེལ་བའི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་སྐབས་ ༡༠ སྟེང་གསལ་བསྒྲགས་བྱ་རྒྱུ་ཡིན།

 

གསུམ་པ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འོས་འདེམས་བྱས་པའི་འོས་མི་དག་ལས་རྩེ་ཕུད་ ༡༠ བདམས་ཏེ། བརྙན་འཕྲིན་བརྒྱུད་ད་ལོའི་དམངས་གཙོའི་དུས་དྲན་ཐེངས་ ༥༠ བའི་སྟེང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་བགྲོ་གླེང་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན། ལས་གཞི་དེས་བཀའ་ཁྲིའི་འོས་འདེམས་ཀྱི་བརྒྱུད་རིམ་དང་འོས་མི། གནད་དོན་བཅས་ལ་དོ་སྣང་ཆེ་རུ་འགྲོ་བར་ཕན་པ་མ་ཟད། ལས་འགུལ་དེ་རིགས་ངེས་ཅན་རང་བཞིན་དང་ཚད་འཛིན་རང་བཞིན། བྱ་བཞག་རང་བཞིན། དངོས་ཡོད་རང་བཞིན། དུས་ཐོག་རང་བཅས་ཡིན་པ་ནི་ ༢༠༡༡ ལོའི་བཀའ་ཁྲིའི་འོས་བསྡུའི་སྔོན་འགྲོ་དང་དངོས་གཞིའི་སྐབས། འོས་འཕེན་གྱི་གྲངས་འབོར་བརྒྱ་ཆ་ ༧༥ ལས་བརྒལ་ཐུབ་པར་ཤུགས་སྣོན་མང་ཚོགས་ཁྲོད་མངོན་གསལ་དོད་པོ་ཆགས་རྒྱུ་དང་། གསར་གཏོད་ཀྱི་རང་བཞིན་ལྡན་པའི་བརྙན་འཕྲིན་བརྒྱུད་ལམ་ནས་བཀའ་ཁྲིའི་འོས་མི་རྣམས་དང་བགྲོ་གླེང་བྱ་རྒྱུ། ས་གནས་ཁག་ ༤༡ ཙམ་གྱི་མི་མང་ཚོར་འོས་འཕེན་གྱི་གོ་སྐབས་བསྐྲུན་རྒྱུ། ཚོད་ལྟའི་འོས་བསྡུ་དང་བགྲོ་གླེང་གཉིས་ཕྱི་ཟླ་ ༧ ནས་ཟླ་ ༩ བར་གྱི་ཟླ་གཉིས་ནང་ཚུད་དུ་འགྲུབ་པ་བྱ་རྒྱུ་ཡིན། ཞེས་བཀོད་འདུག

 

མཇུག་ཏུ། བོད་ཀྱི་བུད་མེད་ལྷན་ཚོགས་ནས་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་། འོས་བསྡུའི་ཐོབ་ཐང་གཉིས་པོ་དེ་བོད་མིའི་འཚེ་མེད་ཞི་བའི་མངོན་ཚུལ་ཞིག་ཡིན་པའི་ཐད་ལངས་ཕྱོགས་སྲ་བརྟན་ཡིན། དེ་ལྟ་བུའི་ལས་གཞི་དེས་བུད་མེད་ལྷན་ཚོགས་ལ་སྔར་ལས་ལྷག་པའི་སྙིང་སྟོབས་དང་། བཙན་བྱོལ་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུར་བསྐུལ་འདེད་གཏོང་བཞིན་འདུག བོད་ཀྱི་བུད་མེད་ལྷན་ཚོགས་ནས་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་མི་ཡོད་དོ་ཅོག་གིས་ང་ཚོའི་བཀའ་ཁྲིའི་ལས་གཞི་འདིར་དོ་སྣང་སྤྲོད་རྒྱུ་དང་། གོ་རྟོགས་སྤེལ་རྒྱུ། དངོས་སུ་འཛུལ་ཞུགས་གནང་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 33

  1. lobsang says:
    ལོ་ 15 སྔོན།

    དང་ཐོག

    Reply
  2. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ཚོགས་པའི་སྤྱི་ཚོགས་སྟེང་འགན་བཞེས་ནས་ཕྱག་ལས་གནང་བར་རྗེས་སུ་ཡིད་རང་ཞུ། འོན་ཀྱང་བཀའ་འཁྲི་མ་བཙལ་གོང་བོད་དགེ་ཞིག་འཚོལ་རོགས། རེ་བ་ཡིན་སོ་སོའི་ཕྲུག་གུ་རྣམས་ལ་ཡང་དམིགས་སྟོན་ཡག་པོ་ཡོངས༎

    Reply
  3. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ཕེབས་ཤོག་བུད་མེད་ཤེས་འཇོན་གཉིས་ལྡན་ཅན་ཕེབས་ཤོག་ ང་ཚོས་ཆ་ཅན་དང་ལྡན་པའི་ཕོ་མོ་སུ་ཡིན་རུང་བཀའ་བློན་ཁྲི་པ་གདམ་ངེས།

    Reply
  4. ཐོ་རེངས་སྐར་ཆེན། says:
    ལོ་ 15 སྔོན།

    གནས་ཚུལ་འདི་ལ་བལྟས་ན་བཙན་གཤོལ་བོད་ཀྱི་བུད་མེད་ཚོའི་ལུང་པ་རྒྱ་ལག་ཏུ་ཤོར་བ་མ་ཟད་སྐད་ཡིག་ཕྱི་རྒྱལ་ལག་ཏུ་ཤོར་ནས། ད་བཀའ་ཁྲི་རྒྱ་མིན་བོད་མིན་ཕོ་ལི་མོ་མིན་ཞིག་འཚོལ་གྱིན་ཡོད་པ་འདྲ།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    བུད་མེད་ཚོགས་པ་བཀའ་ཁྲི་འཚོལ་དུ་འགྲོ་བ་ཨེ་ཡིན་མི་ཤེས་ཏེ་ ཁ་ཟས་འཚོལ་དུ་འགྲོ་བ་ཡིན་གྱི་རེད།

    Reply
  6. karma dorje says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཕྲེད་དར་ཐོག་ལ་དབྱིན་ཡིག་མ་གཏོགས་བོད་ཡིག་མེད་ཚུལ་ལ་བལྟས་ན། བོད་སྐད་དང་བོད་ཡིག་མི་ཤེས་མཁན་ཅིག་བཀའ་ཁྲིར་འཚོལ་བགྱིན་ཡོད་པ་འདྲ། ཡང་ན། བོད་ཀྱི་བུད་ལྷན་ཚོགས་ནང་ལ་བོད་ཡིག་འབྲི་ཤེས་མཁན་མེད་པ་འདྲ།

    Reply
  7. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Those Tibetan women prefer English’s cock;that’s why front of them you can not see a Tibetan letter.With Tibetan cocks no much money.

    Reply
  8. ཐོ་རེངས་སྐར་ཆེན། says:
    ལོ་ 15 སྔོན།

    ཨོ་རེད་ཡ། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་འཕྲེད་དར་ཐོག་ལ་དབྱིན་ཡིག་མ་གཏོགས་བོད་ཡིག་མེད་ཚུལ་ལ་བལྟས་ན། བོད་ཀྱི་བཀའ་ཁྲི་དབྱིན་ཅིའི་མི་ཞིག་འཚོལ་གྱིན་ཡོད་པ་འདྲ།

    Reply
  9. སྨར་ཁམས་བུ། says:
    ལོ་ 15 སྔོན།

    གལ་སྲིད་བོད་ཀྱི་བུ་མེད་ཚོས་རྒྱལ་སྤྱིའི་ཕོ་མོའི་འདྲ་མཉམ་རྩོད་ཀྱི་ཡོད་ན། རྒྱལ་སྤྱིའི་བུ་མེད་ཀྱི་འཇོན་ཐང་ནང་བཞིན་སྟོན་རོགས། རྟག་ཏུ་ཁ་རྐུབ་རྐྱང་པ་བརྡར་ནས་མ་བཞུགས་རོགས་ཞུ།

    Reply
  10. དགྲ་འདུལ་གཉེན་སྐྱོང༌། says:
    ལོ་ 15 སྔོན།

    བོད་ཀྱི་བུ་མེད་ལྷན་ཚོགས་བཀའ་ཁྲི་འཚོལ་དུ་འགྲོ་ས་རེད། ཚོགས་འདུའི་མདུན་གྱི་འཕྲད་དར་དེ་ལ་གཅིག་ལྟོས་དང་བོད་ཡིག་”ཀ”་ཞིག་ཀྱང་མཐོང་རྒྱུ་མི་འདུག ངོ་མ་ཡིད་སྐྱོ་བའི་གནས་ཞིག་རེད། ད་དུང་ཆོས་དང་རིག་གཞུང། ༸གོང་ས་མཆོག་གི་བཀའ་དགོངས། མ་ཎི་བགྲང་བགྲང་བྱེད་སྡོད་པ་ལས་རང་ཉིད་ནས་འགོ་བཙུག་ན་མིས་སྨོན་རང་སྐྱིད་དང། དུས་ཐོག་ཆར་པ་ཞིག་ལུས་ཡིན།

    Reply
  11. བཀྲ་ཤིས། ། says:
    ལོ་ 15 སྔོན།

    ལྟག་སྒོ་བརྒྱུད་ནས་གྲོད་ཁོག་བརྒྱག་ནི་ཡིན་འགྲོ ད་བུད་མེད་ཚོགས་པས་བོད་དོན་ལ་ལྷག་བསམ་གྱིས་བཀའ་ཁྲི་འཚོལ་གྱིན་ཡོད་མིན་མི་ཤེས། དངོས་གནས་བུད་མེད་ཚོགས་པ་ལ་བཀའ་ཁྲི་འཚོལ་འདོད་ཡོད་ན་ད་སྐབས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་འདི་ན་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་ལས་ལྷག་ཅིག་ནམ་ཡང་མེད་ངེས་རེད། དེ་རྗེས་བློ་བཟང་སེང་གེ་ཡང་ཡག་པོ་འདུག འདི་ངས་བུད་མེད་ཚོགས་པ་ལ་སྐད་བསྐུར་བ་ཡིན་པས་ཡིད་ལ་ཟུངས་ཤིག

    Reply
  12. བཀྲ་ཤིས། ། says:
    ལོ་ 15 སྔོན།

    བུད་མེད་ཚོགས་པས་ཡང་བསྐྱར་ལྟག་སྒོ་བརྒྱུད་ནས་བཀའ་བློན་ཁྲི་པ་ཞིག་ཚོལ་འདོད་ཡོད་པ་འདྲ། བུད་མེད་ཚོགས་པའི་བྱ་བ་དང་ལས་ཀ་འདི་ཚོ་དུས་ནམ་ཡང་རྙོག་དྲའི་ནང་ནས་བུད་དུ་མེད་པའམ་འབུད་དུ་མེད་པས་ན་བུད་མེད་ཚོགས་པ་རེད། ལྟག་སྒོ་བརྒྱད་ནས་ཁེ་བཟང་འཚོལ་མཁན་ཚང་ཟིག་རེད་མོ།

    Reply
  13. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    བུད་མེད་ཚོགས་པས་བཀའ་ཁྲི་འཚོལ་བ་ཧ་ཅང་ཡག་པོ་རེད།དེ་ལ་རྗེས་སུ་ཡི་རང་ཡོད།མ་གཞི་བཀའ་ཁྲི་འཚོལ་ཟེར་ཁུལ་ཡང་རྩེ་གཏོགས་བུད་མེད་རེ་གཉིས་འཚོལ་ཟིན་པ་ཐག་ཆོད་ཆོག་་ཡིད་མ་ཆེས་ན་་་མདོ་སྨད་དབུས་རྒྱུན་གྱིས་བཀའ་ཁྲི་འཚོལ་སྟངས་ལྟོས་ན་ཤེས་པས་རེད།་

    Reply
  14. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    སྒྲོལ་མ་ལགས། གོང་གི་པར་རིས་དག་ལས་ལག་པ་གཡོན་པའི་ངོས་ཀྱི་དང་བོ་འོག་འཇུག་དམར་བོ་ཅན་གྱི་བུད་མེད་དེ་ཚོགས་གཙོ་གཞོན་པ་བསམ་གཏན་ལགས་རེད། དེའི་ཟུར་ན་ཡིག་ཆ་སྙན་སྒྲོན་ཞུ་བཞིན་པའི་བུད་མེད་དེ་དྲུང་ཆེ་ཚེ་དབྱངས་ལགས་རེད། དེའི་ཚུར་ཕྱོགས་གསུམ་པའམ་དཀྱིལ་མ་དེ་ཚོགས་གཙོ་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་རེད། དེའི་ཟུར་གྱི་བཞི་བ་དེ་དབུས་བུད་མེད་ཚོགས་པའི་ཉམས་ཞིབ་པ་ཟླ་སྒྲོན་ལགས་རེད། ཆེས་མཐའ་མ་དེ་ཤེས་མ་སོང་། དེ་ལྟར་ཡིན། གོང་གི་པར་རིས་སྒང་གི་མཛངས་མ་འདི་དག་དག་ནི་བོད་ཀྱི་བུད་མེད་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་པ་རྐྱང་རེད། འདི་ནི་ངས་ཤེས་པ་དེ་ཡིན།

    Reply
  15. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 15 སྔོན།

    ད་ནི་བུད་མེད་ལྷན་ཚོགས་ཙམ་མིན་པར་བོད་མི་ཚང་མ་བཀའ་ཁྲི་འཚོལ་དུ་འགྲོ་དགོས་འདུག ཆེས་ཕུལ་དུ་འབྱུང་བའི་བཀའ་ཁྲི་ཞིག་རྙེད་ཐབས་ལ་འགྲོ་དགོས་འདུ ག བོད་མི་ཤེས་ལྡན་དང་ཡིག་རྨོངས། སྐྱེས་པ་དང་བུད་མེད། འབྱོར་ལྡན་དང་འབྱོར་མེད། མཁས་དབང་དང་བླུན་རྨོངས་ཐམས་ཅད་འགྲོ་རན་འདུག། ལས་འགན་འདི་ནི་བོད་མི་ཚང་མའི་ཕྲག་སྟེང་ན་འབབ་འདུག་པས་མྱུར་དུ་འགྲོ་དགོས་འདུག།  ཕུལ་འབྱུང་བཀའ་ཁྲི་འཚོལ་དུ་འགྲོ་དགོས་འདུག

    Reply
  16. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    བུད་མེད་ཚོས་བཀའ་ཁྲི་འཚོལ་རྒྱུ་སྔ་མ་དྲགས་ཀྱང་ཕྱི་མི་འདུག

    Reply
  17. སྒྲོལ་མ། says:
    ལོ་ 15 སྔོན།

    གུས་མོས་རེ་འདུན་ཞུ་རྒྱུར། གསར་འགོད་པ་དང་ཀློག་པ་པོ་གང་རུང་ཞིག་ནས། གོང་གི་སྟེགས་བུའི་སྟེང་བཞུགས་ཡོད་པའི་བུད་མེད་དེ་དག་གི་མིང་དང་གོ་གནས་སོགས་མཚམས་སྦྱོར་ཞིག་གནང་རོགས། དེ་གར་བུད་མེད་ལྷན་ཚོགས་ཟེར་བ་ཞིག་དང་། དེ་ལ་འདི་ལྟ་བའི་རང་དབང་གི་འཁོར་སྐྱོད་ཅིག་དང་། རླབས་ཆེ་བའི་ལས་དོན་ཞིག་ཡོད་པར་སྤྲོ་སེམས་འཁོལ་བ་ཞིག་རེད།

    Reply
  18. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    གླེན་པ་ལུག་གི་ལུག་རང་རེད།
    བུད་མེད་ལྷན་ཚོགས་ནང་དུ་བོད་ཡིག་ཤེས་མཁན་མེད་སྟབས། དབྱིན་ཡིག་གཡག་རོ་ཙམ་ཞིག་འབྲི་དགོས་བྱུང་བ་རེད། དེ་མི་འགྲིག་པ་ཞིག་མི་འདུག དབྱིན་ཡིག་ཡག་པོ་ཤེས་ན་ཡག་པོ་རེད།

    Reply
  19. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 15 སྔོན།

    དེང་སང་ཚང་མ་ཕྱོགས་རིས་ཀྱི་དབང་དུ་སོང་བསྡད་ཡོད་སྟབས། བུད་མེད་ལྷན་ཚོགས་ཀྱིས་བཀའ་ཁྲི་བུད་མེད་ཅིག་བདམ་རྒྱུ་ཡིན་གྱི་རེད། གང་ཡིན་ཟེར་ན། བུད་མེད་གཅིག་པ་རེད།
    ཚོགས་གཙོ་དེ་ལ་གཅིག་ལྟོས་དང་། གྲོས་ཚོགས་ནང་དུ་འགན་ཆ་ཚང་༧གོང་ས་མཆོག་ལ་ཡར་གཡུགས་ནས་ད་དུང་དད་པ་ཆེ་མདོག་དང་། གུས་ཞབས་ཆེ་མདོག་བྱེད་མཁན་ཞིག་མིན་ནམ། ངས་ཁ་བཏང་བ་མིན། དངོས་ཡོད་གནས་ཚུལ་ཞིག་བརྗོད་པ་ཡིན།

    Reply
  20. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    འོནད་ཀྱང་ལས་འགུལ་སྤེལ་བ་ཡག་པོ་རེད། དེ་ལ་དགག་པ་རྒྱབ་པ་མིན།

    Reply
  21. དུས་ཀྱི་དགོས་མཁོ། says:
    ལོ་ 15 སྔོན།

    གླེན་པ་ལུག་་་་ཁྱོད་གླེན་པ་ནི་གླེན་པ་རང་རེད། ཕ་གིར་ཚོགས་བཞིན་པ་དེ་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་མ་རེད། ཕྱི་རྒྱལ་གྱི་བུ་མེད་ལྷན་ཚོགས་རེད། མི་མང་ལ་གོ་རྟོགས་མ་སྤེལ་སྔོན་སོ་སོའི་གོ་རྟོགས་སད་ན་དགའ།

    Reply
  22. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    ཡག་པོ་འདུག་རྗེས་སུ་ཡི་རང་ཡོད་་་ཐུགས་རྗེ་ཆེ།
    གྲོང་གསེབ་དག་ན་འཚོལ་དུ་མ་འགྲོ་མི་རྐྱང་ཚོས་བཙན་གཡེམ་བྱེད་ཀི་རེད་དཱ། ད་དུང་རོགས་པ་མེད་པར་མ་འགྲོ་མ་གཏོགས་བཀའ་ཁྲི་མི་རེག་པར་ཅིག་ཅིག་ཅིག་རེག་ཡོང་་་གཟབ་གཟབ་བྱོས་འཱ་ཧཧཧ

    Reply
  23. གླེན་པ་ལུག says:
    ལོ་ 15 སྔོན།

    ཨོ་་་་་་་་་་་་་་་ཚོགས་གཙོ་བཞུགས་སའི་ཅོག་མདུན་ན་ཐུར་དུ་དཔྱིངས་པའི་དབྱིན་ཡིག་དེ་ཇི་འདྲའི་ཆེ་བ་ལ། ཕལ་ཆེར་རྩིག་ངོས་གཡས་གཡོན་ན་ཡང་བོད་ཡིག་མཐོང་རྒྱུ་མེད་པ་མ་རེད་དམ།

    Reply
  24. གླེན་པ་ལུག says:
    ལོ་ 15 སྔོན།

    ཡུན་རིང་ཞིག་ལ་ཕྱི་ལོགས་སུ་འཁྱམས་ཉུལ་བྱས་རྗེས་གླེན་པ་ལུག་སླར་ཡང་དུས་བབ་དྲ་སྒོར་འཛུལ་བ་ཡིན།
    བུད་མེད་ལྷན་ཚོགས་ཀྱི་བྱེད་སྟངས་དེ་ཧ་ཅང་བཟང་བར་མཐོང་། གོང་དུ་དྲ་གྲོགས་རེ་འགས་བཤད་པ་ལྟར། བུད་མེད་ཚོགས་པར་དབང་ཚད་དམ་ཡང་ན་བྱེད་སྟངས་རེ་ཡོད་པ་ཡིན་ན། རང་བཙན་ལག་དེབ་དེབ་སྐྱེལ་སྐོར་ལ་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་འདྲ། དེ་མིན་བརྒྱ་བཤད་སྟོང་བཤད་ཇི་ལྟར་བྱས་ཀྱང་ཕན་ཐོགས་མེད། བཀའ་ཁྲིའི་འོས་མི་ནི་ད་ལྟ་ནས་ཚ་ཚ་འུར་འུར་ཡིན་སྟབས། ཕལ་ཆེར་དུས་ལ་བབས་ན་ཟིང་སློང་ཆེན་པོ་ཡོང་རྒྱུ་ཡིན་པ་འདྲ། གཙོ་བོ་མང་ཚོགས་ཀྱིས་ཆ་ཤས་ལེན་ཐུབ་པ་ཞིག་བཟོ་རྒྱུ་གནད་འགག་རེད་འདོད།

    Reply
  25. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    སྐབས་འདིར་བོད་ཀྱི་བཀའ་བློན་ཁྲི་བ་བུད་མེད་གཅིག་འདེམས་རྒྱུའི་རེ་བ་ཡོད།

    Reply
  26. གླང་དར་མ། says:
    ལོ་ 15 སྔོན།

    ཡག་པོ་རེད་ལག་ལེན་ཡོང་བར་སྨོན།

    Reply
  27. དབྱངས་བུ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་བསྡུའི་ཆེད་མི་མང་ལ་གོ་རྟོགས་སྤེལ་བ་བཟང་མོད། དེ་བས་བོད་དོན་བསྒྲུབ་ན་དགའ། གསར་འགོད་གསལ་བསྒྲགས་སྤེལ་བ་བཟང་མོད། དེ་བས་ཁ་ཡོད་ལག་ཡོད་ཀྱི་ལས་དོན་གཉེར་ན་དགའ། གྲོས་ཆོད་བཞག་པ་ལེགས་མོད། དེ་བས་གྲོས་ཆོད་རྣམས་སྤྱི་ཚོགས་ཀྱི་འཚོ་བའི་ནང་བཅུག་ན་དགའ།

    Reply
  28. གྲྭ་རྒོད says:
    ལོ་ 15 སྔོན།

    བུ་མེད་ཚོགས་པའི་མི་མང་ལ་གོ་རྟོགས་སྤེལ་བ་ཧ་ཅང་ཡག་པོ་རེད།འོན་ཀྱང་སྤེལ་སྟེང་མ་ནོར་བ་ཞིག་ཡོང་བའི་རེ་བ་ཡོད།བཙན་བྱོལ་བོད་མི་ཡོངས་ནས་ཆ་ཤེས་ལེན་ཐུབ་པ་ཞིག་བྱེད་ན་རང་བཙན་ལག་དེབ་ཐོག་དཀའ་ངལ་མེད་པ་ཞིག་བཟོ་བའི་རེ་བ་ཡོད།

    Reply
  29. གྲྭ་རྒོད says:
    ལོ་ 15 སྔོན།

    འཇམ་དཔལ་རྣོན་པོ་ལགས་ཚིག་བེད་སྤྱོད་བྱེད་སྟེང་ལ་གཟབ་ན་ཡག་པོ་རེད།གང་ཡིན་ཟེར་ན་ཡང་བསྐྱར་བླ་རྒན་སླེབས་ཡོང་ན་ཞེས་པས་ཚིག་འདི་ལྟ་བུ་དགོས་མེད་རེད།དོན་ལ་གང་ལ་གོ་ཡོད་པ་ཤེས་གསལ་རེད།སྤྱི་ཚོགས་ནང་ཁྱེད་ལྟ་བུའི་སྐད་ཆ་གོ་བ་ཙམ་གྱི་ངོ་ཚ་སྐྱེ་ཡོང་གི་འདུག་རང་ཉིད་ལ་བསམ་བློ་རེ་གཏོང་རན་རེད།རང་གི་ཤེས་ཚུལ་དང་གོ་རྟོག་གང་འདྲ་ཡོད་མེད་ལ་རྟོག་དཔྱོད་བྱས་ན་བསམ་ཤེས་ཡོང་བའི་རེ་བ་ཡོད།

    Reply
  30. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བེུད་ལྷན་ཚོགས་ཀྱི་ལས་འགུལ་དེ་ལྟར་སྤེལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།ཁྱོད་རྣམ་པའི་ཕྱག་ལས་ལ་ལམ་འགྲོ་ཡོང་བ་ཤོག་ཅེས་སྨོན་ལམ་དང་ད་ལྟ་རྒྱལ་བ་རིན་པོ་ཆེ་གཙོ་བྱེད་པའི་མི་རྒན་ཁ་ཤས་ལྷག་ཡོད་པའི་སྐབས་སུ་ན་གཞོན་ཞིག་ཡོང་ཐུབ་ན་ལམ་སྟོན་གནང་མཁན་ཡོད་ཙང་ཡག་པོ་ཞེ་དྲག་རེད་དྲན་གྱི་འདུག།དེ་ཡང་མི་སྐྱ་ཞིག་ཡོང་ན་དེ་ལས་བཟང་།

    Reply
  31. སྟོབས ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་གཞི་མ་བཀྲམ་པའི་སྔོན་ལ་རང་བཙན་ལག་དེབ་ཐོག་ལ་ལས་འགུལ་ཞིག་སྤེལ་རྒྱུ་གལ་ཆེ་

    Reply
  32. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅། བུད་མེད་ལྷན་ཚོགས་ཀྱི་ཕྱག་ལས་འདི་ལ་བར་ཆད་མེད་པར་སྨོན
    མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཧ་ཅང་གལ་ཆེན་རེད།
    གཞན་གང་ཡིན་འདི་ཡིན་མེད་པས་མིང་འགའ་རེ་བཏོན་འདུག་ན་ཡང་མཚན་སྙན་ཆེན་པོ་དག་འགའ་ཞིག་ལས་མང་པོ་ཞིག་སེམས་ངོག་ལ་ཤར་རྒྱུ་མི་འདུག་པས་ཕན་པ་དེ་ཙམ་མ་བྱུང་།
    དེས་ན་ཁྱེད་ཅག་གིས་བཀའ་ཁྲིར་འོས་པ་གང་ན་སུ་ཡོད་པ་དག་གིས་འདས་ཟིན་ལོ་རྒྱུས་དང་ད་ལྟའི་བྱ་བའམ་གནས་སྟངས་སོགས་མང་ཚོགས་ལ་གཅིག་དང་གཉིས་བྱས་ནས་ར་སྤྲོད་བྱེད་རོགས་ཞེས་འབོད་སྐུལ་ཞུ།།

    Reply
  33. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་གཞི་ལ་རྗེས་སུ་ཡི་རིང་ཡོད། ད་སྐབས་ང་ཚོའི་སྤྱི་ཚོགས་ཁྲོད་ཞིབ་བལྟས་ཤིག་བྱས་ན་མཁས་དབང་བློ་བཟང་སེང་གེ་ལས་ལྷག་ཅིག་དགོས་ཀྱི་མི་འདུག་ལ། ཁོང་ལས་ལྷག་ཅིག་མེད་ངེས་རེད། གལ་ཏེ་ཡང་བསྐྱར་བླ་རྒན་སླེབས་ཡོང་ན་ཆབ་སྲིད་ཡག་པོ་འགྲུབ་ཀྱི་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese