མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་ཡི་མི་རབས་བསྐྱར་སྒྲིག

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཀ་ཡི་མི་རབས་གློག་བརྙན་བཟོ་སྐྲུན་པ་བསོད་ནམས་དབང་ཕྱུག་ལགས་ཀྱིས་ཕྱི་ཚེས་ ༣༠ ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ཀ་ཡི་མི་རབས་ཞེས་པའི་གློག་བརྙན་དེ་ཕྱི་ཚེས་ ༢༨ ཉིན་གྱི་དགོང་མོར་བོད་གཞུང་ཟློ་གར་ཁང་དུ་མང་ཚོགས་ལ་སྤྱན་འབུལ་ཞུས་སྐབས། བོད་གཞུང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིགས་ཆོག་གིས་དག་ཆ་ནོར་བ་དང་སྒྲ་གདངས་ནོར་བ་ཁ་ཤས་འདུག་ཅེས་གསུངས་སྟབས། ད་ལྟ་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཆུང་ཚེ་རིང་ལགས་གདན་ཞུས་ཀྱིས་བསྐྱར་སྒྲིག་བྱེད་ཀྱིན་ཡོད། ཅེས་དང་།   

 

ཉིན་དེར་ཁོང་གིས་ཀ་ཡི་མི་རབས་ནང་དུ་དམིགས་དོན་གཙོ་བོ་བོད་མི་རིགས་ཀྱི་སྐད་ཡིག་སྟེང་དུ་དམིགས་ཡོད་ལ། གློག་བརྙན་ནང་བོད་ལྗོངས་དག་ཆ་འགྲན་བསྡུར་ཟེར་ནས་སློབ་གྲྭ་ནང་ཁུལ་དུ་དག་ཆ་འགྲན་བསྡུར་བྱས་པ་ཞིག་འཁྲབ་སྟོན་བྱས་ཡོད། དེའི་ནང་དུ་མ་སུ་རི་བོད་ཁྱིམ་དང་སྤོན་ཌའི་སམ་བྷོ་ཌ་སློབ་གྲྭ། བདེ་སྐྱིད་གླིང་སློབ་གྲྭ་བཅས་སློབ་གྲྭ་ཁག་ནང་ཁུལ་གྱི་འགྲན་བསྡུར་ཞིག་བྱས་པའི་རྣམ་པའི་ཐོག་ནས། རྫོང་དང་མངའ་སྡེ་རིམ་པ་བྱས་ཏེ་འགྲན་བསྡུར་གྲུབ་རྗེས། བོད་ལྗོངས་ཞེས་རྒྱ་ཆེ་རུ་སོང་ཡོད། ལྷག་པར་དུ་དེའི་ནང་དུ་ཆབ་སྲིད་དྲིལ་བསྒྲགས་ཀྱི་རིགས་གང་ཡང་མེད་པར་བོད་ནང་དུ་ལྟ་ཐུབ་རྒྱུའི་དམིགས་ཡུལ་བཟུང་ཡོད་ལ། གཞིས་ལུས་བོད་མི་ཚོས་ལྟ་དུས་བཙན་བྱོལ་ནང་དུའང་སྐད་ཡིག་དང་རིག་གཞུང་ད་དུང་ཡག་པོ་བྱས་ནས་ཉར་ཚགས་བྱས་ཡོད་པར་བལྟ་ཐུབ་ཆེད་ཡིན། དེའི་ཆེད་དུ་གློག་བརྙན་འདིའི་གཤམ་དུ་འགྲེལ་བཤད་ Subtitel བོད་ཡིག་ཐོག་བཟོས་ཡོད། སྤྱིར་བཏང་སྐད་ཡིག་དེ་དབྱིན་ཡིག་ནང་བཟོས་ཡོད་ཚེ་ཕྱི་ལ་སྟོན་དུས་ཕྱི་ལོགས་ཀྱི་མིས་ཀློག་ཐུབ་རྒྱུར་ཅུང་ཙམ་ཕན་ཐོགས་ཡོད་ནའང་། གློག་བརྙན་འདི་མདོ་སྟོད་དང་མདོ་སྨད་ཕྱོགས་ཀྱི་མི་རྣམས་ཀྱིས་ལྟ་དུས་ང་ཚོ་དབུས་པའི་སྒྲ་གདངས་དེ་མ་གོ་ནའང་། ཡི་གེ་ཀློག་ཐུབ་ཀི་རེད། དེ་ནི་ངས་བོད་ཡིག་ཐོག་བཟོ་དགོས་པའི་རྒྱུ་མཚན་ཡིན་ཞེས་བརྗོད་བྱུང་།  

 

གློག་བརྙན་དེ་ལོ་སྔོན་མའི་ཕྱི་ཟླ་ ༡༠ ཙམ་ནས་འཁྲབ་མགོ་བརྩམས་ཏེ་ད་ལྟའི་བར་ཟླ་བ་ ༥ ཙམ་ཕྱིན་ཡོད་པ་དང་། དེའི་རིང་ཚད་ལ་ཆུ་ཚོད་གཅིག་དང་སྐར་མ་བཅུ་ཡིན་ཞིང་། གློག་བརྙན་འཁྲབ་སྟོན་པ་གཙོ་བོ་མི་སྣ་བཞི་ཡིས་གྲུབ་འདུག གློག་བརྙན་བཟོ་སྐྲུན་པས་གློག་བརྙན་འདི་ཟླ་བ་དྲུག་ནང་ཚུན་དུ་སྤྱི་ཚོགས་ཁྲོད་དངོས་སུ་དགྲམ་ཐུབ་པ་བྱ་རྒྱུ་ཡིན་ཟེར། ང་རང་གིས་རྒྱ་གར་ནང་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་སྐད་བོད་ཡིག་ཤེས་ཀྱིན་ཡོད་ཀྱང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འཚར་ལོངས་འབྱུང་བཞིན་པའི་བོད་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་ཡིག་ཤེས་ཀྱི་མི་འདུག་ལ། ཕ་མས་སློབ་གསོ་བརྒྱབ་པའང་འདང་གི་མེད་པས་བོད་རིགས་གཞོན་སྐྱེས་རྣམས་འཕྲོ་བརླག་ཏུ་འགྲོ་བཞིན་འདུག དེ་ལ་འཕངས་སེམས་ཆེན་པོ་ཡོད་སྐོར་ཡང་ནན་གྱིས་བརྗོད་བྱུང་།

 

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 14

  1. གཡག་རྒོད says:
    ལོ་ 16 སྔོན།

    ཕྲན་གྱི་མཆན་དེའི་ནང་དུ་ཡིག་ནོར་མང་བོ་ཤོར་འདུག་པས་བཟོད་གསོལ་ཞུ།

    Reply
  2. ཐོ་རེངས་སྐར་ཆེན། says:
    ལོ་ 16 སྔོན།

    ཀ་ཡི་མི་རབས་བསྐྱར་སྒྲིག་ཞེས་པའི་གློག་བརྙན་འདིའི་དོན་བདག་ནི།
    ༼གཞིས་ལུས་བོད་མི་ཚོས་ལྟ་དུས་བཙན་བྱོལ་ནང་དུའང་སྐད་ཡིག་དང་རིག་གཞུང་ད་དུང་ཡག་པོ་བྱས་ནས་ཉར་ཚགས་བྱས་ཡོད་པར་བལྟ་ཐུབ་ཆེད་ཡིན༽ ཞེས་བཀོད་འདུག་ལ། དེ་ནི་ཧ་ཅིང་སྐྱོ་འོས་གཏམ་ཞིག་རེད། བཙན་བྱོལ་ནང་དུ་བོད་མི་རྣམས་ཀྱི་བོད་སྐད་ཡིག་ཤེས་མི་ཤེས་བཤད་ཚད་ལ་ཐོན་ཡོད་ན། དེ་ནི་གཞི་ལུས་བོད་མི་ཚོ་ལ་བློ་ཕམ་སྐྱེ་བའི་རྒྱུ་ཞིག་རེད་མ་གཏོགས་ངོམ་རྒྱུ་ཞིག་མ་རེད། གཞི་ལུས་བོད་མི་ཚོའི་ཁྱེད་ཚོ་ལ་རེ་བ་དེ་ལས་མཐོ་ཞིག་བཅང་ཡོད་པ་འདྲ།

    Reply
  3. གཡག་རྒོད says:
    ལོ་ 16 སྔོན།

    སྐུ་ཞབས་བསོད་ནམས་དབང་ཕྱུག་ལགས་ལ་རྟེན་འབྲེལ་ཞུ། སྐུ་ཞབས་ཁུང་ཕྲན་གྱི་ངོ་ཤེས་ཀྱིན་ཡོད། ཁོང་ནི་ཊོ་རིང་ཊོའི་བོད་ཀྱི་སྤྱི་ཚོགས་ནང་དུ་བོད་ཀྱི་ཆབ་དཔལ་རིག་གསུམ་ལ་ཕན་པའི་ཕྱག་ལས་མང་བོ་གནང་ཡོད་མཁན་ཞིག་ཡིན།
    ༡ སྐུ་ཞབས་ཁུང་གིས་འབད་འབྲས་ལ་བརྟེན་ནས། མི་རིགས་དང་རིག་གནས་མང་བའི་ཊོ་རིང་ཊོ་སྤྱི་ཚོགས་ནང་དུ། ཉིན་རེ་རེའི་ཞོག་པར། རྒྱལ་སྤྱིའི་གནས་ཚུལ། བོད་གནས་དང་ས་གནས་ཀྱི་གནས་ཚུལ་སོགས། བོད་སྐད་ཐོག་གསར་འགྱུར་དུས་ཚོད་གཅིག་གི་རིང་ལ་རྒྱང་སྲིང་བྱེད་ཀྱིན་ཡོད་པ་རེད།
    ༢ ཁོང་གིས་ས་གནས་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱི་ཚོགས་གཞོན་གནང་མྱོང་བ་དང་། ལས་འགུལ་མང་བོ་སྤེལ་མྱོང་ཡོད། ཆབ་སྲིད་ཀྱི་ལྟ་བའི་ཐོག་རང་བཙན་གཙང་མའི་ཐོག་ལ་བསམ་བློ་སྒེར་ཚུགས་ཡོད་མཁན་ཞིག་རེད། ཁོང་གིས་ནམ་རྒྱུན་གོང་ས་གཆོག་ལ་དད་པ་ཡོད་པའི་བོད་མི་ཞིག་ཡིན་ན། སྤྱི་ཚོགས་ཞབས་ཞུ་དང་བོད་དོན་འཐབ་རྩོད་ལ་འབད་དགོས་ཟེར་མཁན་ཞིག་ཡིན་ཤིས་ཀྱིན་ཡོད།
    ༣ ཕྱི་རྒྱལ་དུ་གནས་བཞུགས་བོད་མི་ཕལ་ཆེ་བ་ལྟར། རང་དོན་གཉེར་མི་ཤེས་མཁན་ཞིག་མིན་ཡང་། ཐབས་སྐྱོ་བའི་བོད་ཀྱི་གནས་སྟེངས་འདི་འདྲའི་འོག་དུ་སྤྱི་དོན་རང་དོན་ལས་གལ་ཆེ་བར་འཛིན་པའི་བོད་མི་སྙིང་སྟོབས་ཅན་ཞིག་ཡིན་པ་ཤེས་ཀྱིན་ཡོད། ཁོང་རང་ལ་ལས་ཀ་ཡག་ཐག་ཆོད་ཡོད་ནའང་། སྤྱི་ཚོགས་ཐོག་ཏུ་གློག་བསྙན་གྱི་གཙོས་གསར་འགྱུར་བརྒྱུད་ལམ་ལ་ཤུགས་རྐྱེན་ཆེ་བར་མཐོང་སྟེ། སློབ་གྲྺ་མང་བོ་འགྲིམས་ནས་དཀའ་ལས་མང་བོ་རྒྱབ་ཡོད་པ་ཤེས་ཀྱིན་ཡོད་པས། ངྷ་སའི་མི་མང་གིས་རྒྱབ་སྐྱོར་གནང་དགོས།
    བོད་ཡིག་ལ་ཞུ་དག་གནང་གིན་ཡོད་པ་ཧ་གོ་དུས་དངོས་གནས་དགའ་སོང་།

    ཁོང་གི་གྲོགས་པོ་ཞིག་མིན་མོད། སྤྱི་དོན་དང་འབྲེལ་བའི་ལས་ཀ་ཆུང་ཆུང་རེ་མཉམ་དུ་ལས་མྱོང་། ཁ་ན་ཊ་ནས་གཡག་རྒོད་ཀྱིས།

    Reply
  4. འབྲོང་བུ་ཟླ་བ། says:
    ལོ་ 16 སྔོན།

    གློག་བརྙན་གང་འདྲ་ཞིག་བསྒྱུར་ཡོད་དམ། བལྟ་འདོད་ཀྱི་སེམས་པ་འདུག གང་ལྟར་ཀ་ཡི་མི་རབས་ལ་མྱུར་དུ་བལྟ་ཐུབ་པའི་སྨོན་ལམ་འདེབས། འཐུས་ཤོར་གྱི་ཆ་བསྐྱར་སྒྲིག་བྱེད་བཞིན་ཡོད་པ་ནི་རྗེས་སུ་ཡི་རངས་བྱེད་དགོས་པ་ཞིག་འདུག

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    ༅༅། །རིག་གཞུང་ལ་དུང་བ་ཟབ་ཅིང་ཁ་ཡོད་ལག་ཡོད་ཀྱི་ཕན་བདེ་བསྐྲུན་མཁན་སྐུ་ཞབས་ཆུང་ཚེ་རིང་ལགས་ཀྱིས་གྷོལྜ་སི་ཌེེན་དང། བཀྲ་ཤིས་ཚེ་རིང། སའི་བྷན་ཤུ་བཅས་ཀྱི་བརྩམས་པའི་དབྱིན་དེབ་(The Struggle for Modern Tibet)ཟེར་བ་སྐུ་ངལ་ཁྱད་བསད་ཀྱི་བོད་བསྒྱུར་གནང་ནས་ལེགས་གྲུབ་ཀྱིས་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་བསྐྲུན་གནང་བ་ཀློག་རྒྱུའི་གོ་སྐབས་བྱུང་བར་ངས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་ནས་རྩོམ་པ་པོ་དང་། བསྒྱུར་པ་པོ། དཔར་བསྐྲུན་བྱ་མཁན་ཚང་མར་སྙིང་ཐག་པ་ནས་བཅོས་མིན་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།

    ཐུགས་རྗེ་ཆེ།།

    Reply
  6. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཀ་ཡི་མི་རབས་ཞེས་པར་གོ་དོན་གང་ཡིན་ནམ། དེ་ལས་ཀ་ཡེ་མི་རབས་ཞེས་འབོད་སྒྲ་ཞིག་སྦྱར་ན་བོད་ཀྱི་བརྡ་དག་དང་མཐུན་པས་ལེགས་པ་མེད་དམ།

    Reply
  7. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཀ་ཡི་མི་རབས་ཞེས་པར་གོ་དོན་གང་ཡོད་དམ། དེ་ལས་ཀ་ཡེ་མི་རབས་ཞེས་འབོད་སྒྲ་ཞིག་སྦྱར་ན་བོད་ཀྱི་བརྡ་དག་མཐུན་པས་ལེགས་པ་མེད་དམ།

    Reply
  8. རྒྱལ་བསྟན། says:
    ལོ་ 16 སྔོན།

    བསོད་ནམས་དབང་ཕྱུག་ལགས་ཀྱི་ཕྱག་ལས་དེ་འདྲ་ཞིག་གནང་བར་ཐུགས་རྗེ་ཆེ།
    དེང་སྐབས་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གིས་བོད་སྐད་ལྡང་གི་མི་འདུག་
    གློག་བརྙན་དེ་འདྲ་མང་ཙམ་བཟོ་ཐུབ་ན་ཕན་པ་ཆེན་པོ་ཡོང་ས་རེད།

    Reply
  9. karma dorje says:
    ལོ་ 16 སྔོན།

    ཀ་ཡི་མི་རབས་ཟེར་ན། བོད་མི་ནང་ཁུལ་བོད་སྐད་ཐོག་སྐད་ཆ་ཤོད་སྟངས་སྐོར་གློག་བརྙན་ཞིག་དང་། སྐད་ཆའི་གཤམ་འོག་ཏུ་ཐད་ཀར་ཐད་ཀར་བོད་ཡིག་མཆན་བུ་ཡང་བྲིས་ཡོད་པ་འདྲ།

    Reply
  10. ཐོས་དགའ། says:
    ལོ་ 16 སྔོན།

    ཀ་ཡི་མི་རབས། ཟེར་ན་གང་རེད། དངོས་གནས་ཤེས་མ་སོང་བས་མཁྱེན་མཁན་ཡོད་ན་འགྲེལ་བཤད་ཅིག་གནང་རོགས།

    Reply
  11. karma dorje says:
    ལོ་ 16 སྔོན།

    ཀ་ཡི་མི་རབས་བསྐྱར་སྒྲིག་ལ་ཐུགས་རྗེ་ཆེ། ད་དུང་ཁ་ཡི་མི་རབས་སོགས་ཐོན་རེ་ཡོད།

    Reply
  12. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    ནོར་བཅོས་ ད་ཐེངས་ཡང་པོ་ཞེས་པ་་་་ཡག་པོ་་་་ལ་བཅོས་རོགས།

    Reply
  13. དུས་ཀྱི་དགོས་མཁོ། says:
    ལོ་ 16 སྔོན།

    ༅།། སྐུ་ཞབས་བསོན་ནམས་དབང་ཕྱུག་ལགས་ལ་བསྔགས་བརྗོད་དང་གུས་ཞབས་ཡོད། ད་ལྟའི་དུས་འདིར་སྤྱི་ཚོགས་ནང་ཁྱེད་ལྟ་བུའི་མདུན་དུ་ལང་ཐུབ་མཁན་གྱི་སྙིང་སྟོབས་ཅན་དང་སྐྱོན་ཡོད་པ་ངོས་ལེན་གྱིས་འགྱུར་བ་གཏོང་ཐུབ་མཁན་གྱི་ཁོག་ཆེན་པོ་དེ་འདྲ་དགོས་ཀྱི་འདུག སྐྱོན་མེད་པ་ལ་སྐྱེས་བུ་དམ་པ་ཞེས་མི་ཟེར། སྐྱོན་ལ་ངོས་ལེན་དང་འགྱུར་བ་གཏོང་བའི་མདུན་པ་ཅན་ལ་ནི་སྐྱེས་བུ་དམ་པར་འབོད།
    ༑ གལ་ཏེ་བསོན་ནམས་དབང་ཕྱུག་ལགས་ཀྱིས་འདི་གཟིགས་ནའམ་ཡང་གཞན་རེས་ཟིན་བྲིས་འདི་མཐོང་ན་ཁོང་ལ་གསུང་རོགས།
    ད་ཐེངས་ཡང་པོ་ཞིག་ཆགས་རྒྱུའི་རེ་བ་དང་། རྗེས་སུ་གློག་བརྙན་བཟོ་དུས་གང་ཞིག་གི་སྐོར་བཟོ་ཡི་ཡོད་པ་དེའི་སྐོར་ལ་ཉམས་མྱོང་ཡོད་མཁན་ཚོར་ངེས་པར་དུ་བསྟན་རོགས།

    Reply
  14. བསེ་རུ། says:
    ལོ་ 16 སྔོན།

    དགྲེམ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese