མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་ཆུ་རྫོང་དུ་ཡང་བསྐྱར་ཡར་ལངས་བྱས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ཉེ་ཆར་ཕྱིར་འབུད་བཏང་བའི་སློབ་གཙོ་རྣམ་གཉིས་དང་ལས་བྱེད་མི་སྣར་ལས་གནས་སྤྲོད་རྒྱུའི་ངོས་ལེན་མ་བྱས་སྟབས། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཡོངས་ནས་ངོ་རྒོལ་བྱས་ཡོད་འདུག

རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་ཀྱིས་གསར་ལམ་དུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༣ པའི་ཚེས་ ༡༤ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་༧གོང་ས་མཆོག་སྐུ་ཚེ་བརྟན་པ་དང་། བོད་ལ་རང་བཙན་དགོས་ཞེས་རྨ་ཆུ་རྫོང་ཐོག་ཏུ་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གཞུང་གིས་བོད་ཡིག་སློབ་འབྲིང་གི་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་རྡོ་རིས། དེ་བཞིན་རྫོང་ཉེན་རྟོག་པའི་འགན་འཛིན་བཅས་གནད་ཡོད་མི་སྣ་ཁག་ཅིག་ལས་གནས་ནས་ཕྱིར་འབུད་བཏང་ཡོད་པར་མ་ཟད། སློབ་གཙོ་གཞོན་པ་ཆོས་སྐྱོང་དབང་ཕྱུག་ལགས་འཛིན་བཟུང་བཀག་ཉར་བྱས་ཏེ་འདྲི་གཅོད་ནན་མོ་བྱས་ཡོད་འདུག  ཉེ་ལམ་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་ས་གནས་འབྲེལ་ཡོད་ལས་བྱེད་མི་སྣར་ཐེངས་མང་སྙན་ཞུ་ཕུལ་ཏེ་སློབ་གཙོ་རྣམ་གཉིས་དང་དགེ་རྒན་དག་ལ་ལས་གནས་ཕྱིར་སྤྲོད་བྱ་དགོས་པའི་རེ་འདུན་ཐེངས་མང་བཏོན་ཡོད་ཀྱང་། ས་གནས་རྫོང་དཔོན་དང་དམར་ཤོག་དྲུང་ཆེ་བཅས་འབྲེལ་ཡོད་ལས་བྱེད་སོགས་སློབ་གྲྭར་དངོས་སུ་བཅར་ཏེ། སློབ་གཙོ་ཕྱིར་འབུད་བྱས་པ་དེ་གོང་རིམ་གྱི་བཀའ་ཡིན་པ་དང་བཅོས་ཐབས་མེད་ཚུལ་སོགས་བརྗོད་པ་དང་། ཟླ་གཅིག་རིང་ཆབ་སྲིད་ཀྱི་སློབ་སྦྱོང་སྤྲོད་རྒྱུ་སོགས་བརྗོད་ཡོད་སྟབས།   ཟླ་ ༤ པའི་ཚེས་ ༣ ཉིན་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱིས་སློབ་གྲྭའི་རྭ་བའི་ནང་སློབ་གཙོ་རྣམ་གཉིས་དང་ལས་བྱེད་མི་སྣར་ཕྱིར་ལས་གནས་སྤྲོད་དགོས་པའི་རེ་འདུན་དང་བཅས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག  ད་ལྟའི་ཆར་དྲག་ཆས་དམག་མི་དང་ཉེན་རྟོག་མི་སྣས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་མཐའ་བསྐོར་ཏེ་དམ་དྲག་ཤུགས་ཆེར་བྱེད་ཀྱིན་ཡོད་པར་མ་ཟད། རྨ་ཆུ་རྫོང་ནང་གི་མི་མང་གི་འགྲོ་འོང་གི་ཐད་ལའང་བཀག་རྒྱ་དང་ལྟ་རྟོག་ནན་མོ་བྱེད་ཀྱིན་ཡོད་པའི་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢༢ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 5

  1. ཐོ་རེངས་སྐར་ཆེན། says:
    ལོ་ 16 སྔོན།

    མདོ་ཁམས་གཉིས་ཀྱིས་རང་ཉིད་ངོས་ཟིན་དགོས། ཡར་ལང་བྱས་ནས་ཅི་བྱེད། བོད་གཞུང་ནས་རང་བཙན་དང་རང་སྐྱོང་སོགས་བརྩད་ཀྱིན་ཡོད་པ་རེད་མ་གཏོགས། ཨམ་མདོ་དང་ཁམས་སྔར་ནས་བོད་གཞུང་གི་ཁྱབ་ཁོངས་མིན་ལ། ང་ཚོའི་མདོ་ཁམས་གཉིས་ཀྱི་བོད་རིགས་ཚོ་ལ་དགོས་རྒྱུ་དེ་ནི་ཆོས་ལུགས་རང་དབང་རེད་མ་གཏོགས་དེ་ལས་གཞན་དེང་གི་རྒྱལ་ཁབ་འོག་ནས་བསྒལ་འདོད་མེད་ལ། ང་ཚོ་ནི་ཀྲུང་དཔའ་མི་དམངས་ཀུན་ཁྲན་དེང་ཡིན། དེ་ནི་ང་ཚོའི་གཟི་བརྗིད་ཞིག་ཡིན། འདི་ནི་ང་ཚོའི་རྒྱལ་ཁབ་ཡིན་ལ་རྒྱལ་དར་ཡང་ཡིན།

    Reply
  2. བདེན་པའི་གཅེར་བུ་མ། says:
    ལོ་ 16 སྔོན།

    རེད་རེད་གོང་གི་གྲོགས་པོ་འདི་གཉིས་ཀྱིས་གསུངས་པ་འགྲིག་འདུག
    ད་དབུས་པ་ཞིག་གིས་ཁ་གྲག་ན་རེད།འུ་ཅག་གིས་འདི་མོ་འདི་བརྩད་ནས་ཉི་མ་གཏོང་ཐབས་མི་བྱེད་ལ་ཅི་བྱེད།རྩོམ་རུས་པ་ཅན་ཞིག་མི་ཕྲིས། གཞན་གྱིས་བྲིས་པར་མི་དགའ།དད་པ་ཡོད་མེད། དག་སྣང་ཆེ་མིན། མིང་ཚིག་འགའ་རེ།ཚིག་འཕྲུལ་འགའ་རེ་ལས་ཅི་ཞིག་རྩོད།གྲོགས་པོ་དག་གིས་དེ་ཕན་ཆད་ཀྱི་རྩོམ་འབྲི་བར་ཡང་མི་ཕྱོགས་ལ།འབྲི་སའི་ཁོར་ཡུག་ཀྱང་མི་འདུག ཁང་སེར་སོགས་ལ་གླེན་རྟགས་ཆེ་བས་ན་ཟུག་ཕྱི་ལ་ཕུད་པ་ཙམ་རེད། སྙིང་རྗེ་ཁོ་ཚོས་མགོ་མ་འཚོས་པ་རེད། ཁོར་ཡུག་འདི་གང་རེད། ཀློག་པ་པོ་འདི་དག་སུ་རེད།

    Reply
  3. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ། ཡིག་ནོར་ལ་ཐུགས་བསམ་རེ་བཞེས་ན་མི་ལེགས་སམ། ཁ་བའི་མེ་ཏོག་གི་བསམ་འཆར་དེ་ལ་ལྟོས་དང་ག་འདྲ་འདུག

    Reply
  4. ཁ་བའི་མེ་ཏོག། says:
    ལོ་ 16 སྔོན།

    རིགས་ཞིག་གི་འཐབ་བརྩོད་བྱས་བཏང་འདིར་མདོ་ཁམས་ཁམས་པའི་དཔལ་བོ་དཔལ་མོ་རྣམས་ཀྱིས་སྔར་རྗེས་བར་གསུམ་དུ་བོད་བསྟན་སྲིད་ཀྱི་ཆེད་དུ་ཤ་ཁྲག་འགྲོ་སོང་གཏོང་དང་བཏོང་བཞིན་པ་ལ་ཞིབ་ན་ཁམས་པའི་གཞོན་སྐྱེས་རྣམས་ཀྱིས་རྒྱལ་དམག་གོང་ཁྲིམ་གྱི་འཁོན་འཛིན་ཆེ་པོ་བཟོ་པར་འདི་དག་ལ་ཡར་བ་མེད་པའི་བློ་སྟོབས་དང་མཚུངས།

    Reply
  5. lamayeshi says:
    ལོ་ 16 སྔོན།

    བོད་མདོ་ཁམས་སྨད་ཀྱི་ཕྱོགས་འདི་བོད་བཙན་པོའི་རྒྱུད་དང་དཔའ་པོའི་སྡེ་ཡིན་པ་དངོས་གནས་རེད་འདུག་ག།
    ངས་ཕྱོགས་ལྷུང་བྱས་པ་མིན། ན་ནིང་ལས་འགུལ་གྱི་འགོ་རྩོམ་ས་དང་མེ་བཞིན་འབར་བའི་ས་ཁུལ་དང་མི་སྣ་དག་གཙོ་བོ་གང་རེད་དམ།
    ད་ལོ་ཡང་རྔ་བ་ནས་ལོ་གསར་སྐབས་ངོ་རྒོལ་བྱུང་ཞིང་། དེ་ནས་རྨ་ཆུ་དང་། གཙོད། བླ་བྲང་དང་། འབར་ཁམས་ཕྱོགས་ཀྱི་སློབ་གྲྭ་ཁག་ནས་མེ་དབུང་འདིའི་མཇུག་མཐུད་ཀྱི་མི་འདུག་གམ།

    ཐ་ན་རྨ་སྡེ་ཆུ་ཁ་མའི་བྱིས་པ་ལོ་བཅུ་གཉིས་ཅན་ཞིག་ཀྱང་མི་རིགས་ཀྱི་ཆེད་དུ་གདུག་རྩུབ་ཆེ་བའི་སྲིད་གཞུང་གི་ངོ་གདོང་དུ་ལངས་པ་མ་ཟད། རང་ལ་བཀའ་དྲིན་ཆེ་བའི་དགེ་རྒན་དང་ཕ་མའི་བཀའ་བཀོད་ཀྱང་དང་ལེན་མ་བྱས་པར་བོད་མི་རིགས་ཀྱི་ཚབ་བྱས་ནས་སྐད་སྒྲ་བསྒྲགས་ཡོད།

    རེད་རེད་་་་ས་ཁུལ་འདི་དག་གི་མི་རྣམས་ཀྱི་ཁོག་ན་ཁོག་ན་སྙིང་འདུག སྙིང་ལ་དྲོད་འདུག ཤ་གསེང་ན་རུས་པ་འདུག རུས་གསེང་ན་རྐང་མར་འདུག

    དེ་མིན་ཁྱི་སྡེ་དང་ཝ་རིགས་དག་གིས་ནང་ལོགས་ནས་གུང་ཁྲན་ཏང་ལ་སྟོད་གླུ་ལེན་བཞིན་ཡོད། ཕྱི་ལོག་ནས་རྒྱལ་པ་རིན་པོ་ཆེའི་དང་ཁོང་གི་ལམ་སྟོན་དང་དགོངས་དོན་ལ་རྒྱབ་འགལ་བྱེད་ཀྱི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese