མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་མོའི་འཁྲབ་གཞུང་འདི་བོད་པའི་མགྲིན་པར་མ་གཏོཊ་མི་འཐོན།

བོད་ཀྱི་དུས་བབ།
༢༠༡༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp

ལྷ་མོའི་གཞུང་འདི་ནི་བོད་པ་གཅིག་པུར་མ་གཏོགས་གཞན་སུ་གང་ལའང་མེད་པའི་གཞུང་ཁྱད་པར་བ་ཞིག་ཡིན། སྤྱིར་བཏང་གི་གླུ་གཞས་ཞབས་བྲོ་ལྟ་བུར་མཚོན་ན། འཛམ་གླིང་གི་མི་ཚང་མས་ལད་ཟློས་བྱ་ཐུབ་པ་ཞིག་དང་འཁྲབ་ཐུབ་པ་ཞིག་རེད། དེ་དག་མིའི་རྒྱུད་དུ་ཉོན་མོངས་འཕེལ་བྱེད་ཅིག་ཀྱང་ཆགས་ཀྱི་ཡོད། བོད་པའི་ལྷ་མོའི་གཞུང་འདི། བོད་པ་རང་གི་མགྲིན་པ་ལས་མ་གཏོགས་ལུང་པ་གཞན་སུ་གང་གིས་ཀྱང་ལད་ཟློས་བྱེད་མི་ཐུབ་པ་ཞིག་ཆགས་ཡོད་ཟེར།

བོད་གཞུང་ཟློས་གར་ཚོགས་པས་ལྔ་བཅུའི་དུས་དྲན་གྱི་ཆ་ཤས་སུ་ཉེ་ཆར་ཕྱི་ཚེས་ ༢༧ ནས་མགོ་འཛུགས་ཀྱིས་ཞོ་སྟོན་རྒྱས་པ་ཐེངས་ ༡༥ བ་དེ་དབུ་འཛུགས་བྱས་ཡོད་ཅིང་། ཕྱོགས་མཐའ་ཁག་ནས་ཆེད་ཕེབས་གནང་བའི་ལྷ་མོའི་ཚོགས་པ་བརྒྱད་ཀྱིས་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་དཀྱུལ་སྙིང་དུ་བཟུང་སྟེ། བཞུགས་སྒར་ཉེ་འཁོར་གྱི་སློབ་གྲྭ་ཁག་ཏུ་ལྷ་མོའི་འཁྲབ་གཞུང་སྣ་ཚོགས་གཟིགས་འབུལ་ཞུས་ཡོད། དེ་རིང་སྔ་དྲོར་བོད་གཞུང་ཟློས་གར་ཚོགས་པའི་ཐང་ཆེན་དུ་མཇུག་སྡོམ་མཛད་སྒོ་བསྡུས་ཡོད། མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གཙོས་པའི་དམངས་གཙོའི་ཀ་བ་གསུམ་གྱི་སྐུ་ཚབ་དང་གཞུང་ཞབས་ལས་བྱེད་ཆེ་ཕྲ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་འཁྲབ་སྟོན་པ་རྣམ་པ། དེ་བཞིན་བཞུགས་སྒར་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་འདུ་འཛོམས་སར་བོད་གཞུང་ཟློས་གར་ཚོགས་པས་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་མཐར་འཁྲབ་སྟོན་བྱས་སོང་།

 

ཉིན་རྒྱབ་ཆུ་ཚོད་ ༤ སྟེང་ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་མཆོག་གིས་མཇུག་སྡོམ་གྱི་གསུང་བཤད་གནང་དོན། ང་ཚོ་ཚང་མ་བཙན་བྱོལ་དུ་སླེབས་ཡོད་པ་རེད། ང་ཚོར་ལས་འཁུར་ཆེན་པོ་ཞིག་ཡོད་པ་ནི་བོད་དོན་བདེན་མཐའ་གསལ་ཐབས་སུ་འཐབ་རྩོད་ཀྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན། ལས་འགུལ་སྣ་ཚོགས་ལས་རྩ་བ་དང་གལ་ཆེ་ཤོས་དེ་ན་གཞོན་ཚོས་ཤེས་ཡོན་སློབ་སྦྱོང་དང་། བོད་པའི་རིག་གཞུང་སྲུང་སྐྱོབ་དེ་རེད། དེར་བརྟེན། ཟློས་གར་ཚོགས་པ་འདིས་རྐང་འགན་བཞེས་པའི་ཐོག་ནས་གཞིས་ཆགས་ཁག་ཏུ་ལྷ་མོའི་ཚོགས་པ་བཙུགས་ཡོད། འདི་དག་གིས་བོད་དོན་བདེན་མཐའ་གསལ་ཐབས་ལ་ལས་འགུལ་རླབས་པོ་ཆེ་ཞིག་གྲུབ་ཡོད། ང་ཚོ་བཙན་བྱོལ་དུ་ཡོང་དགོས་དོན་གཙོ་གྲས་ཤིག་ཀྱང་། བོད་རང་གི་ཆོས་དང་རིག་གཞུང་མ་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་རེད། སྤྱིར་ཟློས་གར་རིགས་དང་། ཡང་སྒོས་ལྷ་མོའི་གཞུང་དེ་བོད་མི་རིགས་ཀྱི་འཚོ་བ་དང་བོད་མི་རིགས་ཀྱི་བསམ་བློའི་འཁྱེར་སོ། བོད་མིའི་རིག་གཞུང་མཚོན་བྱེད་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། དཔེར་ན། དྲི་མེད་ཀུན་ལྡན་ལྟ་བུར་ཆ་བཞག་ན། བོད་པའི་རིག་གཞུང་ཟམ་དུ་མ་ཟད། ཆོས་དང་འབྲེལ་བའི་བསླབ་བྱ་དང་ལས་རྒྱུ་འབྲས། མི་རྟག་པའི་སྐོར། བཟང་སྤྱོད་ཀྱི་བསླབ་བྱ་སོགས་ཀྱི་གཞུང་ཞིག་ཆགས་ཡོད། ལྷ་མོའི་གཞུང་འདི་ནི་བོད་པ་གཅིག་པུར་མ་གཏོགས་གཞན་སུ་གང་ལའང་མེད་པའི་གཞུང་ཁྱད་པར་བ་ཞིག་ཆགས་ཡོད། སྤྱིར་བཏང་གི་གླུ་གཞས་ཞབས་བྲོ་ལྟ་བུར་མཚོན་ན། འཛམ་གླིང་གི་མི་ཚང་མས་ལད་ཟློས་བྱ་ཐུབ་པ་ཞིག་དང་འཁྲབ་ཐུབ་པ་ཞིག་རེད། དེ་དག་མིའི་རྒྱུད་དུ་ཉོན་མོངས་འཕེལ་བྱེད་ཅིག་ཀྱང་ཆགས་ཀྱི་ཡོད། བོད་པའི་ལྷ་མོའི་གཞུང་འདི། བོད་པ་རང་གི་མགྲིན་པ་ལས་མ་གཏོགས་ལུང་པ་གཞན་སུ་གང་གིས་ཀྱང་ལད་ཟློས་བྱེད་མི་ཐུབ་པ་ཞིག་ཆགས་ཡོད། ཅེས་གསུངས་སོང་།

 

ཁོང་གིས་མུ་མཐུད་དུ་ལྷ་མོ་ཚོགས་པ་ཁག་གིས་འཁྲབ་གཞུང་སྣ་གཅིག་རེ་གཙོ་འདོན་གྱིས་སྦྱང་གལ་ཆེ་སྐོར་གསུངས་དོན། སྔོན་མ་ཞོ་སྟོན་སྐབས་ཤིག་ལ་༧གོང་ས་མཆོག་གིས་བཀའ་སློབ་ཅིག་གནང་འདུག ལྷ་མོའི་འཁྲབ་སྟོན་དེ་ཡར་རྒྱས་སུ་གཏོང་རྒྱུར་ཐབས་ཤེས་མང་པོ་ཡོད་པ་རེད། ཐབས་ཤེས་དེ་དག་ནང་མང་ཚོགས་ཀྱི་དོ་སྣང་འདྲེན་དགོས་པའི་རིགས་ཤིག་དང་། ལྷག་པར་དུ་སློབ་ཕྲུག་ཚོར་ལྷ་མོའི་ཟློས་གར་མཐོང་ཐུབ་པ་དང་ཐོས་ཐུབ་པའི་ལམ་ཁ་ཞིག་བཟོ་ཐུབ་པ་ཡིན་ན། རིམ་གྱིས་གོམ་འཇགས་སུ་སོང་སྟེ་དོ་སྣང་སླེབས་པ་རེད། ཅེས་བཀའ་གནང་འདུག ཐེངས་འདིར་ཟློས་གར་ཚོགས་པས་ཕྱོགས་མཐའ་ཁག་གི་ལྷ་མོའི་ཚོགས་པ་ཁག་ལ་འགྲོ་སོང་བཏང་སྟེ་མགྲོན་འབོད་བྱས་པ་ལྟར། ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ནང་ལྷ་མོ་འཁྲབ་སྟོན་བྱས་འདུག དེ་ནི་རྒྱལ་བའི་བཀའ་བསྒྲུབས་པ་རེད། ཕྱི་ལོ་ ༡༩༩༦ ལོའི་ཞོ་སྟོན་སྐབས་༧གོང་ས་མཆོག་གིས་བཀའ་གནང་བཞག་པ་ཞིག་ད་དུང་ཡང་ལག་བསྟར་ཐུབ་ཀྱིན་མི་འདུག ལྷ་མོ་འཁྲབ་མཁན་སྐྱིད་སྡུག་ཚོགས་པ་ཁག་སོ་སོར་འགྲོ་སྟངས་འདྲ་མི་འདྲ་མང་པོ་ཡོད་པ་རེད། དེ་དག་ལས་སོ་སོས་སྣ་གཅིག་རེ་གཙོར་འདོན་བྱས་ཏེ་བདག་པོ་རྒྱག་ཐུབ་པ་ཡིན་ན་ཡག་པོ་རེད། ཅེས་བཀའ་གནང་འདུག ད་ལྟའི་ཆར་མང་ཆེ་བ་ཕྱོགས་གཅིག་ཡིན་པའི་བཟོ་འདྲ་བོ་འདུག སྔོན་མ་བོད་ནས་འཁྲབ་མྱོང་མཁན་ཡོད་ན། དེ་དག་ནང་ཏན་ཏན་བསྐྱར་གསོ་གནང་རྒྱུ་ཡོད་པ་རེད་སྙམ། ཐེངས་འདིར་ཕྱོགས་མཐའ་ནས་ཕེབས་མཁན་ཁྲོད་ལོ་གཞོན་མང་པོ་འདུག དེ་དག་རྣམ་འགྱུར་གསར་པ་ཞིག་དང་རེ་བ་གསར་པ་ཞིག་རེད། ཡང་དགུང་ལོ་དྲུག་ཅུ་བརྒལ་ཡོད་པ་འགའ་རེ་དང་། དགུང་ལོ་ ༩༠ སོན་པའི་འཁྲབ་སྟོན་པ་ཞིག་ཀྱང་ཡོད་རབས་འདུག འདི་དག་གཟི་བརྗིད་ཆེན་པོ་རེད། ཁོང་ཚོའི་སེམས་ཤུགས་དང་འཁྲབ་སྟོན་གནང་སྟངས་ཀྱིས་ན་གཞོན་ཚོར་མིག་དཔེ་ལྟ་ས་དང་སེམས་ཤུགས་འཕར་བྱེད་ཆགས་ཡོད། ཅེས་གསུངས་བྱུང་།

 

མཇུག་མཐར་ཁོང་གིས་ཟློས་གར་ཚོགས་པའི་ཚོགས་མི་ཚོ་གཅིག་ཐོན་གཉིས་ཐོན་མི་བྱ་རྒྱུར་འབོད་སྐུལ་གནང་དོན། ཞོ་སྟོན་ལ་ལྟ་སྐབས་ང་རང་གི་སེམས་ལ་འདི་འདྲ་ཞིག་འཁོར་མྱོང་ཡང་། ངས་ལྷ་མོ་འཁྲབ་སྟངས་མི་ཤེས་སྟབས་བཤད་རྒྱུའི་སྤོབས་པ་མི་འདུག་མོད། ༧གོང་ས་མཆོག་གི་བཀའ་སློབ་ཅིག་ཏུའང་བཀོད་འདུག ལྷ་མོ་འཁྲབ་པའི་བར་མཚམས་རེར་བཞད་བགད་སློང་རྒྱུ་ཞིག་འདུག དེ་ལ་ཅུང་ཙམ་ལེགས་བཅོས་གཏོང་རྒྱུ་མེད་དམ་སྙམ་སོང་། ལྷག་པར་དུ་ལྷ་མོ་འཁྲབ་སྐབས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མིང་སྨོས་དགོས་སྟབས། དེ་དག་ལ་དམའ་འབེབས་མི་འགྲོ་བ་དང་སྐྱུག་བྲོ་བོ་མ་ཡིན་པ་ཞིག་གནང་དགོས། ༧གོང་ས་མཆོག་གི་བཀའ་སློབ་ནང་། རྣམ་མཐར་དེ་དག་ལ་བཟོ་བཅོས་རྒྱག་དགོས་པ་མེད་པའི་བཟོ་འདྲ་བོ་རེད། འོན་ཀྱང་། གཏམ་བརྗོད་རིགས་ཁ་ཤས་དེ་རིང་ཁ་སང་གི་གནས་ཚུལ་དང་མཐུན་པར་ཏོག་ཙམ་ཚད་ལོང་པ་ཞིག་ལ་བཅོས་དགོས་པ་གལ་ཆེན་པོ་འདུག ཅེས་གསུངས་འདུག ཅེས་དང་།

 

བོད་གཞུང་ཟློས་གར་ཚོགས་པ་ཟེར་ན་འདྲ་ལ། ལྷ་མོའི་ཚོགས་པ་ཟེར་ནའང་འདྲ། བཞུགས་སྒར་ངྷ་རམ་ས་ལར་ཡོད་པའི་ཚོགས་པ་འདི་སྡོང་བོ་ལྟ་བུར་མཚོན་ན་རྩ་བ་ཆགས་ཡོད། འདི་སྲ་ཐག་ཐག་ཅིག་དང་ཡག་པོ་ཞིག་བྱུང་ན། ཕྱོགས་མཐའ་ཁག་གི་ལྷ་མོའི་ཚོགས་པ་ཚོས་དཔེ་ལྟ་ས་དང་སློབ་སྦྱོང་བྱ་ཡུལ་དུ་ཕན་ཐོགས་པ་རེད། དེའི་སྐོར་ལ་༧གོང་ས་མཆོག་གིས། ཟློས་གར་གྱི་མ་རྩ་ལྟ་བུ་དེ་ཟློས་གར་ཚོགས་པ་འདིའི་ཚོགས་མི་ཆགས་ཡོད། ཚོགས་མི་གཅིག་ཐོན་གཉིས་ཐོན་བྱས་ན་སྡོང་བོ་དེ་ཡར་རྒྱས་ལ་འགལ་རྐྱེན་དུ་འགྲོ་བ་རེད། འདིར་ཡོད་པ་ཚོས་མུ་མཐུད་ཤུགས་བརྒྱབས་ཏེ་ཚོགས་པ་འདི་ཡར་རྒྱས་སུ་གཏོང་དགོས། ཅེས་གསུངས་འདུག ང་རང་གིས་གོ་ཚོད་བྱས་པ་ཡིན་ན། ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁ་ཤས་ལ་དགེ་རྒན་མེད་པ་འདྲ། གཞིས་ཆགས་ཁག་ནང་ཞེ་དྲག་དཀའ་ངལ་ཡོད། ཚང་མ་སོ་སོའི་ཉིན་རེའི་འཚོ་བའི་ཆེད་དུ་རྒྱུགས་དགོས་པ་རེད། འོན་ཀྱང་། འགན་ལེན་ཐོག་དེ་རིང་འདིར་ཞོ་སྟོན་གཟིགས་འབུལ་གྱི་གོ་སྐབས་བྱུང་བ་རེད། འདི་དག་རླབས་ཆེན་རེད། དགེ་རྒན་མེད་པ་དག་ལ་དབུས་དང་ས་གནས་ཁག་མཉམ་རུབ་ཐོག་དཀའ་ངལ་སེལ་ཐབས་བྱ་དགོས་པ་རེད། ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Front Slider

གོ་སྟོན་དང་འབྲེལ་བའི་སེམས་ཚོར།

ཆུ་ཚོད་ ༡༢ སྔོན་ལ།
སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

༢༠༢༥/༠༦/༢༤
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

༢༠༢༥/༠༦/༢༤
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣

མཆན། 14

  1. བཙན་པོའི་བུ། says:
    ལོ་ 15 སྔོན།

    http://www.youtube.com/watch?v=VfdD2X2_F8c&feature=related

    Reply
  2. མིག་དམར་ཚེ་རིང་ says:
    ལོ་ 15 སྔོན།

    བོད་གཞུང་ཟློས་གར་ཚོགས་པར་རྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། ཁྱེད་རྣམས་པས་བོད་ཀྱི་མཐུན་མོངས་མ་ཡིན་པའི་སྲོལ་རྒྱུལ་གྱི་རིག་གཞུང་ཁག་རྒྱུན་འཛིན་གྱི་ཕྱག་ལས་རླབས་པོ་ཆེ་གནང་བར་དངོས་གནས་ཡིད་རངས་ཞུ་དགོས་པ་ཞིག་རེད། འདིར་གསར་གཏོད་ལ་དགའ་བའི་ཟིན་བྲིས་ཁ་ཤས་ཀྱི་སེམས་ནས་གང་དྲན་གྱིས་ཟིན་བྲིས་དུ་བཀོད་པ་དེ་ཚོར་ཆ་འཇོགས་དང་སེམས་འཛིན་བྱ་རྒྱུ་གང་ཡང་མེད་། ཁོང་ཟིན་བྲིས་པ་དེ་རྣམས་ནི་ལྕམ་སྐུ་ཞབས་ཀྱི་འགྲོ་སྟངས་མ་ཤེས་པར་རང་སོ་སོའི་འགྲོ་སྟངས་ཤོར་ཟིན་པ་ཤ་སྟག་ཡིན།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ༼ དགོད་ཀྱང་ཤོར་ལ་ངུ་ཡང་བྲོ་བའི་མཆན་བུ་གཅིག ༽
    བོད་ཀྱི་ལྷ་མོའི་ཁྲབ་གཞུང་གི་དབྱངས་རྟ་དེ་བོད་པའི་མགྲིན་པ་མ་གཏོགས་སུས་ཀྱང་མི་འཐོན། རྒྱུ་མཚན། ཐང་སྟོང་རྒྱལ་པོ་དགུང་ལོ་བདུན་ཅུའི་ནང་ལ་སླེབས་སྐབས། ན་གཞོན་ཕོ་མོ་སྐོར་ཞིག་ལ་དབྱངས་རྟ་དེ་ཁྲིད་པ་རེད། དེ་དུས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དགུང་ནའི་བབ་ཀྱིས་གསུང་སྐད་འདར་མ་འདར་ཞིག་མ་གཏོགས་མེད་པས། སློབ་མ་རྣམས་ཀྱིས་ཀྱང་འབད་བརྩོན་སྣ་དགུ་བྱས་ཏེ། འདར་མ་འདར་གྱི་དབྱངས་རྟ་དེ་བསླབས་པ་རེད། དེར་བརྟེན་བོད་ཀྱི་ལྷ་མོའི་ཁྲབ་གཞུང་གི་དབྱངས་རྟ་ཚུལ་བཞིན་ཤེས་དགོས་ན། རྒན་རྒོན་ལོ་བདུན་ཅུ་བརྒྱད་ཅུར་སླེབས་པ་རྣམས་ལ་སློབ་དང་ཅུང་ཤེས་སླ། དེ་མིན་ན་གཞོན་ཕོ་མོ་རྣམས་ཀྱི་མགྲིན་པར་ཡོང་བ་ཤིན་ཏུ་ཁག་པོ་རེད། ད་ལྟ་ང་ཚོས་བོད་ཀྱི་ལྷ་མོའི་ཁྲབ་གཞུང་གི་དབྱང་རྟར་ཉན་ཚེ། ངུ་ངག་གི་དབྱངས་རྟ་ཁོ་ན་ལས་གཞན་ཅི་ཡང་གོ་རྒྱུ་མེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།།

    Reply
  4. རྭ་ལོ། says:
    ལོ་ 15 སྔོན།

    ཡུན་རིང་དྲ་ཐོག་ལ་ཡོང་ཐུབ་མ་སོང་། དོན་དག་མང་པོ་བྱུང་ཚར་འདུག བཤད་ནས་བརྩད་ནས་ཐག་ཆོད་པ་དང་མ་ཆོད་པ་མང་པོ་འདུག

    དེ་རིང་ཨ་ཅེ་ལྷ་མོའི་སྐོར་ཡིན་པ་འདྲ།

    གཞོན་སྐྱེས་ཚོའི་བློ་ངོར་འཚམ་པོ་མེད་པ་ཁག་མེད།

    ད་འགྱུར་བ་ཞིག་གཏོང་རྒྱུ་ཡོད་ན་གཏོང་རན་རེད། དཔེར་ན། ཨ་ཅེ་ལྷ་མོ་ཚོས་རྗིན་དོར་མ་དོག་པོ་དེ་འདྲ་གོན་པའམ་ཡང་ན་ཉེ་དུས་དར་ཤུགས་ཆེ་ཞིང་མར་ལྷུང་ལ་ཁལ་དང་འཕོང་མགོ་ཕྱིར་ཐོན་པའི་དོར་མ་དེ་འདྲ་གྱོན་དུ་བཅུག

    ཉི་མ་ཚ་དུས་མིག་ཤེལ་ནག་པོ་གྱོན།

    ལྟད་མོ་བ་དག་གི་མིག་དབང་ཡོངས་སུ་འཕྲོག་ཐུབ་པའི་ངོམ་སྟོན་ expose མང་ཙམ་བྱེད་དགོས་ཀྱི་འདུག

    གཞས་དེ་ཚོའང་མཚམས་རེར་མི་ནག་ཚོའི་འཆད་གཞས་འདྲ་བོ་དང་། དབུགས་ཐེངས་མཚམས་མ་ཆད་པར་ཚིག་རྐང་རིང་པོ་རེ་འདོན་པ་སོགས་བྱ་དགོས་ས་རེད།

    དེ་ནས་གོ་རྒྱུ་དང་ལྟ་རྒྱུ་ཡོད་མེད་བསམ་ཚུལ་བསྡུ་ལེན་བྱེད་དགོས་པ་འདྲ། ནང་དུ་ཞུགས་མཁན་གྱི་འཕེལ་ཚད་ལའང་ལྟ་རྒྱུ་ཡོད་ངེས།

    དེང་སྐབས་རྒན་རྒོན་ཚོས་འདར་མ་འདུར་གྱིས་འཁྲབ་ཀྱིན་པའི་ཨ་ཅེ་ལྷ་མོ་ཟེར་བ་འདི་གཞོན་སྐྱེས་ཀྱི་རིག་གཞུང་ཞིག་ཏུ་འགྱུར་སྲིད།

    ཨ་ཅེ་ལྷ་མོའི་རླུང་རྟ་དར་བར་ཤོག

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བོད་གཞུང་ཟློས་གར་ཚོགས་པ་འདི་བཞིན་བོད་ཀྱི་རིགས་གཞུང་སྲུང་སྐྱོབས་བྱེད་པའི་ཚོགས་པ་ཞིག་ཡིན་པའི་་ཁུལ་ཡིན་ནའང་དེའི་ནང་དུ་རྒྱ་གར་ནང་འཚར་ལོང་བྱུང་བའི་བུ་དང་བོུ་མ་གཏོགས་པ་མ་ཚུད་པ་དངོས་ཉིད་བློ་ཕམ་རེད་ཅི་སྟེ་རེ་གཉིས་ཡོད་སྲིད་ཀྱང་དེ་ནི་ལོ་བཅུ་ལྔ་དང་ཉི་ཤུ་སྔོན་གྱི་བུ་དང་བུ་མོ་ཡིན་པ་ལས་དེང་གི་ཆར་བོད་ནས་འབྱོར་བ་ཚོར་སྐད་དང་གང་ཐད་ནས་ཆ་རྐྱེན་ཚང་ནའང་འཛུལ་མི་ཐུག་པ་དངོས་ཡོད་ཀྱི་གནས་ཚུལ་རེད་འདུག་བྱས་ཙམ་དེ་འདྲའི་ཕྱག་ལས་གནང་དུས་ཁོང་ཚོ་དུས་སྟོན་གང་འདྲ་ཞིག་གནང་ཡང་ཡར་མཚན་ཆེ་རྒྱུ་གང་ཡང་མི་འདུག་སྙམ།

    Reply
  6. མགོ་རུལ། says:
    ལོ་ 15 སྔོན།

    ལྷ་མོའི་འཁྲབ་གླུ་འདི་ལ་ཧོབ་སྟེ་ཉན་ན་བོང་བུར་ཆགས་པ་ལངས་དུས་ཀྱི་མགྲིན་གླུ་ལྟ་བུ་ཞིག་དང་ཡང་ན་ཁྱི་དང་ཝ་མོ། ཅེ་སྤྱང་དང་འུག་པ་སོགས་མཉམ་གཅིག་ཏུ་གླུ་ངག་འགྲན་བསྡུར་ལ་ཞུགས་པ་ལྟ་བུ་ཞིག་ཡོད་ཀྱང་། སེམས་པ་ལྷོད་ནས་ཡང་དང་སྐྱར་དུ་ཉན་ན། ལོ་ངོ་དྲུག་བརྒྱ་ཡས་མས་སྔོན་གྱི་བོད་པའི་བླ་མ་བགྲེས་པོ་ཞིག་གི་ལྷག་བསམ་གྱི་རང་མདངས་དང་། ཁོང་ལ་རྩེ་གཅིག་ཏུ་དད་པ་དང་རྒྱབ་སྐྱོར་བྱེད་པའི་ན་གཞོན་ཕོ་མོ་སྐོར་ཞིག་གི་དཀའ་སྤྱད་འབད་བརྩོན་གྱི་རྔུལ་ཆུས་བཞེངས་པའི་ལྕགས་ཀྱི་ཟམ་པ་རིང་མོ་ཞིག་མིག་ལམ་དུ་འཆར་རྒྱུ་ཡོད་ཅིང་། འཁྲབ་གླུ་དེའི་གདངས་གྱ་གྱུ་མ་འདི་ལ་གཞས་གདངས་ལྕགས་ཐག་མ་ཞེས་བོས་ན་མི་ཆོག་པ་མེད་པ་སྟེ། གྲུབ་ཐོབ་ཐང་སྟོང་རྒྱལ་པོས་ཟམ་པ་གསར་བཟོ་བྱེད་དུས་ཀྱི་ལྕགས་ལོང་མུ་སྦྲེལ་གྱི་ལྕགས་ཐག་དེའི་དབྱིབས་ཅན་གྱི་གཞས་གདངས་ཤིག་བརྩམས་པ་ཡིན་པས། གཞས་དེ་ལེན་དུས་ཀྱང་མིད་པའི་ནང་ནས་གཞས་གདངས་ལྕགས་ཐག་གྱ་གྱུའི་དབྱིབས་ཅན་དེ་ཕྱིར་དབྱུང་དགོས་པས། ཨ་འུ་ཨ་འུ་ཞེས་ལན་མང་ཐོན་པ་རེད། ངས་འདི་ལྟར་བསམས་ཀྱང་ཁྱེད་ཅག་གི་རྣ་བར་འགྲོ་མིན་མི་ཤེས།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    བོད་ཀྱི་ལྷ་མོའི་འཁྲབ་སྟོན་ཞེས་འདི་ད་ཕྱིན་ཆད་ཧ་ཅིང་རྩ་ཆེན་པོ་དང་བྱིན་རླབས་ཅད། བོད་ཀྱི་གསང་ཆོས་ཞིག་ཡིན་རྒྱུ་བྱས་དེ་ཁྲོམ་བསྒྲགས་སོགས་མ་བྱས་པར་གསང་བའི་སྒོ་ནས་འཁྲབ་སྟོན་བྱས་མི་ལེགས་སམ།

    Reply
  8. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ལགས། ང་ཚོས་ཡིན་གཅིག་རང་རེའི་སྲོལ་རྒྱུན་ལ་དམའ་འབེབས་བྱེད་དགོས་དོན་ག་རེ་ཡིན་ནམ། གཙོ་བོ་དེའི་ནང་དོན་དང་ལོ་རྒྱུས་ལ་ཞིབ་འཇུག་ཏོག་ཙམ་བྱེད་དགོས་པ་རེད། འདི་འདྲའི་འཁྲབ་གཞུང་ཞིག་སྲོལ་གཏོད་གནང་སྐབས་མ་མཐའ་མེས་པོ་གོང་མ་དེ་ཚོས་དཀའ་ལས་ཏོག་ཙམ་བརྒྱབ་ཡོད་པ་རེད་ཨང་། གལ་སྲིད་དྲ་གྲོགས་རྣམས་ཀྱིས་འདིའི་སྐོར་ནས་རགས་རིམ་ཙམ་ཤེས་འདོད་ན་བདག་གི་ཟིན་བྲིས་སུ་ཕེབས་དང་ཉིན་འགའི་སྔོན་ལ་དེའི་སྐོར་གྱི་ས་བོན་ཙམ་བཀོད་ཡོད།

    Reply
  9. ཤེས་རབ་འབྱུང་གནས། says:
    ལོ་ 15 སྔོན།

    རེད།  ཤེས་རིག་བཀའ་བློན་ཐུབ་བསྟན་ལུང་རིག་གིས་བཤད་པ་བདེན་པ་རེད།   བོད་ཀྱི་ལྷ་མོའི་ཁྲབ་གཞུང་གི་དབྱངས་རྟ་དེ་བོད་པའི་མགྲིན་པ་མ་གཏོགས་སུས་ཀྱང་མི་ཐོན།   
    རྒྱུ་མཚན་ཐང་སྟོང་རྒྱལ་པོ་དགུང་ལོ་བདུན་ཅུའི་ནང་ལ་སླེབས་སྐབས།   ན་གཞོན་ཕོ་མོ་སྐོར་ཞིག་ལ་དབྱངས་རྟ་ཁྲིད་པ་རེད།   དེ་དུས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དགུང་ནའི་བབ་ཀྱིས་གསུང་སྐད་འདར་མ་འདར་ཞིག་མ་གཏོགས་མེད་པས།   སློབ་མ་རྣམས་ཀྱིས་ཀྱང་འབད་བརྩོན་སྣ་དགུ་བྱས་ཏེ།   འདར་མ་འདར་གྱི་དབྱངས་རྟ་དེ་བསླབས་པ་རེད།   དེར་བརྟེན་བོད་ཀྱི་ལྷ་མོའི་ཁྲབ་གཞུང་གི་དབྱངས་རྟ་ཚུལ་བཞིན་ཤེས་དགོས་ན།   རྒན་རྒོན་ལོ་བདུན་ཅུ་བརྒྱད་ཅུར་སླེབས་པ་རྣམས་ལ་སློབ་དང་ཅུང་ཤེས་སླ།    དེ་མིན་ན་གཞོན་ཕོ་མོ་རྣམས་ཀྱི་མགྲིན་པར་ཡོང་བ་ཤིན་ཏུ་ཁག་པོ་རེད།
    ད་ལྟ་ང་ཚོས་བོད་ཀྱི་ལྷ་མོའི་ཁྲབ་གཞུང་གི་དབྱང་རྟར་ཉན་ཚེ།   ངུ་ངག་གི་དབྱངས་རྟ་ཁོ་ན་ལས་གཞན་ཅི་ཡང་གོ་རྒྱུ་མེད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།།

    Reply
  10. མཁས་དབང་བློ་བཟང་ཐུབ says:
    ལོ་ 15 སྔོན།

    བདག་ནི་ལྷ་མོ་འཁྲབ་སྟོན་བྱེད་རྒྱུ་རེད་བོད་པ་ཚོ་འུར་ལངས་སྐབས་ངོ་ཚ་གྱིན་འདུག འཁྲབས་སྟོན་དེ་ལ་བཟློས་གར་དང་གླུ་ཚིགས་ངོ་མཚར་བ་སོགས་མེད་པ་མ་ཟད། ཐ་ན་བྲོ་གར་གྱི་སྣམ་པའི་གོམ་སྟབས་ཡག་པོ་གཅིག་ཀྱང་མེད་ལ། འཛམ་གླིང་གི་མི་མང་མདུན་དུ་འདི་ནི་བོད་ཀྱི་བཟློས་གར་ངོ་མཚར་ཆེ་ཤོས་ཡིན་ཞེས་ཡིན་མདོགས་ཁ་ཕོ་བྱེད་སྐབས་སུ་དེང་སང་གི་རྒྱུ་རྩལ་བ་ཚོས་ཞེ་ཁྲེལ་ནས་གད་མོ་བྱེད་སྐབས། འཁྲབ་སྟོན་པ་ཚོའི་དངོས་ཡག་པོ་ཡིན་ཙང་མི་རྣམས་ཚོ་མཚར་བའི་གད་མོ་རེད་སྙམས་ནས་ངུ་སྐད་ཀྱི་འུར་སྒྲ་ལྷང་ལྷང་མཐོ་རུ་གཏོང་ཀྱིན་ཡོད།
    འདི་ལ་བྱིན་རླབས་དང་ནུས་ཡོད་པར་ཡིད་ཆེས་བྱེད་མཁན་ཚོ་ནི་བོད་མི་རྒན་ཁོག་ཁ་ཤེས་རེད་མ་གཏོགས་གཞན་པ་སུས་ཀྱང་ཁས་མི་ལེན།

    Reply
  11. ཨ་ཁུ་སྟོན་པ། says:
    ལོ་ 15 སྔོན།

    ༄། །ལྷ་མོའི་རྒན་ལགས་སམ་གཞན་སུ་འདྲ་ཞིག་ཡོད་ཀྱང༌། བློ་རྨོངས་བ་གུས་པའི་རེ་འདུན་ལ། ལྷ་མོའི་ཁྲབ་གཞུང་གི་ལོ་རྒྱུས་སམ་དེའི་བྱུང་རབས་འདིར་དུས་འབབ་ནང་བཀོད་ཐུབ་པ་ཡིན་ན། ལྷ་མོའི་ཁྲབ་གཞུང་གི་ཤེས་རྨོངས་བ་ང་དང་ང་འདྲ་བ་རྣམས་ལ་ཕན་ཐོག་རྒྱ་ཆེར་ཡོང་བར་ངེས་སོ།།

    Reply
  12. གོང་ཐུབ། says:
    ལོ་ 15 སྔོན།

    ཕྱི་ནང་མང་མང་གིས་”དང་པོ་མི་གཅིག་ངུས་ནས་དེ་ནས་མི་ཚང་མ་ངུ་གི་འདུག”ཟེར། ང་ལའང་དེ་ལས་གཞན་ཅི་ཡང་མི་འདུག

    Reply
  13. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    ལྷ་མོའི་འཁྲབ་སྟོན་ཞེས་དེ་ལ་བྱིན་རླབས་འདྲ་ཡོད་མ་གཏོགས་འགྱུར་ཁུག་འདེགས་འཇོག་སོགས་གླུ་གཞེས་ཀྱི་ཉམས་མེད་པ་མ་ཟད་བཟློས་གར་གྱི་བྲོ་བ་ཅི་ཡང་མེད་པའི་ཉོབ་ཐོ་ཞིག་རེད། དེའི་ཕྱིར་ན་མི་རིགས་གཞན་དང་འཛམ་གླིང་གི་གླུ་བ་གླུ་མ་གྲགས་ཆེན་ཚོའི་འདི་ལེན་རྒྱུ་མ་རེད།
    ཁྱེད་འདི་ལ་དེ་འདྲ་དགའ་བོ་ཡོད་ཉིན་མཚན་ཀུན་ཏུ་ལྷ་མོ་འཁྲོབ་དང་འགྲིགས་རྒྱུ་རེད།

    Reply
  14. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། བསྟོད་པ་ཤ་སྟག་འཐེན་ནས་སྡོད་ཨཱ། ཨ་ལ་རྩེད་མོ་ཡིན།

    ཨ་རིག་འགྱུར་མེད་ལགས་ཀྱིས། མཆན་འདེབས་དུས་སྐྱོན་བརྗོད་ཀྱི་རིགས་སྤང་རོགས། གལ་སྲིད་དེའི་རིགས་བྱུང་ཚེ་དགོས་དབང་གིས་གསུབ་གྱིན་ཡོད་ལ། ད་སྔ་མཆན་མི་ཉུང་བ་ཞིག་གསུབ་དགོས་འཁེལ་བྱུང་། ཅེས་གསུངས་འདུག
    ༡ མཆན་འདེབས་དུས་ཁུངས་མེད་སྐྱོན་བརྗོད་ཀྱི་རིགས་བསུབ་དགོས་ངེས་ཀྱང་། ཁུངས་ཡོད་ལ་སྐྱོན་ཡང་ཡིན་པའི་སྐྱོན་བརྗོད་བྱེད་མི་ཆོག་ན་མཆན་འདེབས་སའི་ས་ཆ་འདི་བསྟོད་པ་འཐེན་སའི་ཆེད་དུ་ཡིན་ས་རེད།
    ༢ སྐྱོན་བརྗོད་ཀྱི་རིགས་བསུབ་ཀྱི་ཡོད་ན་བསྟོད་པ་འཐེན་བཞིན་སྡོད་པ་དེ་རིགས་ཀྱང་བསུབ་དགོས་ཀྱི་རེད་བསམ་གྱི་འདུག སྐྱོན་བརྗོད་མི་ཆོག་ན་བསྟོད་པ་བརྗོད་ཆོག་དགོས་པའི་རྒྱུ་མཚན་མི་འདུག
    ༣ ཡང་འགའ་ཞིག་ལ་སྐྱོན་བརྗོད་བྱས་པ་བསུབ། འགའ་ཞིག་ལ་སྐྱོན་བརྗོད་བྱས་པ་འཇོག་གི་ཡོད་པ་དེ་འདྲ་ནི་ཡིན་རྒྱུ་མ་རེད་བསམ་གྱི་ཡོད།
    ༤ མཆན་འདེབས་མཁན་གྱི་མི་འདི་དག་བོད་ཀྱི་དུས་བབ་ཀྱི་ངོས་ནས་ངེས་པར་དགོས་ས་ཞིག་ལ་བརྩིས་སྤྲོད་བྱེད་རྒྱུ་ཡོད་པ་ཞིག་དང་པོ་ནས་བྱེད་དགོས་ཀྱི་རེད་མ་གཏོགས་ཟིན་བྲིས་པ་དང་། མཆན་འདེབས་མཁན་དྲ་འབུ་ཚོ་སུ་ཡིན་ཁུངས་ཙམ་ཡང་སྟོན་རྒྱུ་མེད་ན་ཏག་ཏག་བསྡད་ཡོད་མ་རེད་བསམ་གྱི་འདུག
    ༥ ཟིན་བྲིས་པ་དང་མཆན་འདེབས་པའི་ཁུངས་ལུངས་སྟོན་རྒྱུ་ཡོད་པའི་གནས་བབ་ཀྱི་འོག་ནས་མཆན་འདེབས་མཁན་ཚོར་ག་རེ་བཤད་རྒྱུ་འདུག་ན་བཤད་བཅུག་ན་འགྲིག་གི་རེད་བསམ་གྱི་འདུག སོ་སོས་བཤད་པ་དེ་སོ་སོས་འགན་ཁུར་དགོས་བྱེད་ཀྱི་རེད། དེ་འདྲ་བྱུང་ན་བོད་ཀྱི་དུས་བབ་ཀྱི་ངོས་ནས་བྱ་བདེ་བྱེད་བདེ་ཡོང་གི་རེད་དྲན་གྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese