མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} བརྒྱ་དང་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༤/༠༧
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


ཞོགས་པ་དེར་བློ་བཟང་དང་བདེ་འཚོ་གཉིས་ཉལ་ནས་བསྡད་ཡོད་པའི་སྐབས་དེར་བློ་བཟང་གི་གྲོགས་པོ་རྡོར་རྗེ་སྐྱབས་ཕྱིར་མགྲོན་ནང་དུ་སྔ་བོ་སླེབས་པ་དང་ཁོ་གཉིས་ཀྱི་ག་ལེར་ཡར་བླངས། དེ་དུས་བློ་བཟང་གིས་ཁྱེད་རང་དེ་འདྲའི་སྔ་བོ་ཞིག་ལ་ཕྱིར་ཡོང་དོན་གང་ཡིན། ཉལ་ས་བདེ་བོ་མ་བྱུང་ནི་མིན་ན། ཀུ་རེ་དང་བསྒྲགས་ནས་བཤད་པ་རེད།

གྲོགས་པོ་རྡོར་རྗེ་སྐྱབས་ཀྱིས། འདང་ནུབ་ང་རང་ལ་གྲོགས་པོ་སུ་གང་གིས་ནང་དུ་ཡང་ཉལ་ས་མ་རེག་པར་ཕར་ཕྱོགས་ཀྱི་ཁང་སྟོང་ཞིག་གི་ནང་དུ་ཉལ་བ་ཡིན། ཉལ་ཆས་ཀྱང་དྲོན་པོ་ཞིག་མེད་སྟབས། གཉིད་ཡག་པོ་ཞིག་འཁུགས་ཐུབ་མ་སོང་། དེ་ནས་ད་སྔ་བོ་ནས་ཡོང་བ་ཡིན།

བློ་བཟང་གིས་སྐད་ཆ་དེར་གོ་བ་དང་ངོ་གནོང་བཞིན། དངོས་ནས་ཁྱེད་རང་ལ་དཀའ་ངལ་སྤྲད་པ་དེར་དགོངས་དག ད་སྐྱིད་པོ་བྱས་དེ་རང་གི་ཉལ་སའི་ནང་དུ་ཉལ་རོགས། ངེད་གཉིས་ཡར་བླངས་དེ་ཕྱི་རོལ་དུ་འཆམ་འཆམ་ཞིག་བྱེད་ཞོར་དུ་ཞོགས་ཇ་འཐུང་དུ་འགྲོ་ཡི་ཡིན། ཁྱེད་རང་ལ་ངས་ཟ་རྒྱུ་ཞིག་ཁུར་ནས་ཡོང་།

མཚན་མོ་དེར་བློ་བཟང་གིས་བདེ་འཚོའི་རེ་འདོད་ལྟར། ཁོ་གཉིས་བར་དུ་ལུས་འབྲེལ་བཞག་མེད་པ་མ་ཟད། ཁོ་གཉིས་ཀྱིས་ཕན་ཚུན་ལ་ག་ལེར་བརྟག་དཔྱད་བྱས་རྗེས་སུ། ཕྱོགས་གཉིས་སུ་རྙོག་དྲ་གང་ཡང་མེད་སོང་བ་ཡིན་ན། ད་གཟོད་མི་ཚེ་ཡི་ལམ་ཁར་ལྷན་གཅིག་དུ་བགྲོད་རྒྱུའི་ཕྱོགས་སུ་གྲོས་ཁ་འཆམ་པ་རེད།

བློ་བཟང་གིས། ཁྱེད་རང་གིས་ཤེས་གསལ་རེད། ངས་སྔོན་ཆད་ཉི་མ་ལྷ་སྒྲོན་ལ་ཡང་བཤད་མྱོང་ཡོད། ང་ལ་དེང་སྐབས་མཚམས་སྐྱིད་ཟེར་བའི་བུ་མོ་ཞིག་གིས་རྙོག་དྲ་བཟོ་བཞིན་ཡོད་པ་དང་གཅིག་བྱས་ན་ང་རང་རྡ་སར་སོང་དུས་ཁོ་མོས་སྒུག་ནས་ཡོད་སྲིད་པ་ཡིན་ལ། དེ་དུས་དོན་དག་དེ་ཡང་ལེགས་པོའི་སྒོ་ནས་ཐག་གཅོད་མ་ཐུབ་པ་ཡིན་ན། འུ་གཉིས་ཀྱི་མི་ཚེ་ལ་བར་ཆད་ཡོང་སྲིད་པ་རེད། དེ་ཐག་གཅོད་བྱུང་མིན་སྐོར་ལ་ང་རང་རྡ་སར་འབྱོར་ནས་ཁྱེད་རང་ལ་ཁ་པར་གཏོང་ཆོག་གི་རེད། དེ་ཡི་བར་དུ་འུ་གཉིས་ཀྱི་བར་དུ་ལུས་འབྲེལ་མ་བཞག་པ་ཡིན་ན་དངོས་ནས་འཚམ་པོ་རེད། ངས་ཀྱང་ཁྱེད་རང་གི་མི་ཚེའི་ནང་དུ་བར་ཆད་གཏོང་འདོད་མེད།

བདེ་འཚོས། ཁྱེད་རང་གིས་དེ་འདྲའི་བསམ་བློ་སྡུག་ཐུག་དེ་འདྲ་གཏོང་དགོས་དོན་ཡོད་པ་མ་རེད། ངས་ལོ་ངོ་ག་ཚོད་ཅིག་ལ་སྒུག་དགོས་ཀྱང་སྒུག་ཐུབ་ཀྱི་ཡོད། ཁྱེད་རང་གི་ཕྱོགས་ནས་ང་རང་ལ་དངོས་ནས་སེམས་ཐག་ཆོད་པོའི་ལན་ཞིག་སླེབས་སོང་བ་ཡིན་ན། ང་རང་གི་རེ་བ་ལ་ཁྱེད་རང་གིས་བུ་མོ་དེ་དང་ཐག་གཅོད་ཡག་པོ་ཞིག་བྱེད་ཐུབ་རྒྱུ་རེད་འདོད་ཀི ཡིན་ཡང་། ཁྱེད་རང་གི་བཤད་ཚུལ་བལྟས་པ་ཡིན་ན་དངོས་ནས་བུ་མོ་དེ་ནི་ཁྱེད་རང་ལ་སེམས་གཏིང་ནས་དགའ་བཞིན་ཡོད་པ་འདྲ།

བློ་བཟང་གིས། རེད། རེད། ངས་ཀྱང་སྔོན་ཆད་ཁོ་མོ་དངོས་ནས་ང་རང་ལ་སེམས་གཏིང་ནས་དགའ་མཁན་ཞིག་རེད་བསམ་མྱོང་ཡོད། སྔོན་ཆད་དེང་སྐབས་ཁོ་མོས་བཤད་སྟངས་བྱེད་སྟངས་ཚང་མར་བརྟག་དཔྱད་བྱས་རྗེས་སུ། ང་རང་ཁོ་མོའི་དགའ་སྟངས་དེ་ལ་དོགས་པ་ཡོང་གི་འདུག་ལ། ཁོ་མོའི་དགའ་བ་དེ་ནི་སྒེར་སེམས་ཁོ་ན་ལས་ཕྱོགས་གཉིས་ཀྱི་མི་ཚེ་ལ་བསམ་བློ་གཏོང་བའི་དགའ་བ་ཞིག་གཏན་ནས་རེད་མི་འདུག དེ་ཡི་སྟབས་ཀྱིས་དགའ་སྟངས་འདིའི་རིགས་ལ་བརྩེ་དུང་ཟབ་མོ་ཞིག་ཡོད་མི་སྲིད་པ་ཡིན། གང་ལྟར། ཁྱེད་རང་གིས་ཕྱོགས་ཡར་མར་མང་བོ་ལ་བསམ་བློ་མ་གཏོང་། ངས་ཁྱེད་རང་ལ་འབྲེལ་བ་བྱེད་ཁོ་ཐག་ཡིན། ད་དུང་ངེད་གཉིས་ལ་འདི་ནས་འགྲོག་ཡུན་ཡང་བདུན་ཕྲག་གཉིས་གསུམ་ཞིག་འདུག ག་ལེར་བཤད་ཆོག་གི་རེད།

ཁོ་གཉིས་ལག་པའི་ནང་དུ་ལག་པ་བཞག་ནས་གློག་བརྙན་ལས་ཁུངས་ཀྱི་ར་སྐོར་ནང་དུ་འབྱོར་དུས་སུ། ཉི་མ་ལྷ་སྒྲོན་ཡང་གུང་སེང་གི་དུས་ཚོད་རྫོགས་པ་དང་ཁོ་མོའི་ཁྱོ་ག་ཡང་ཕྱིར་དམག་སྒར་དུ་སོང་ཟིན་པ་དང་ཁོ་མོ་ཕྱིར་ལས་ཀར་ཡོང་བ་དང་འཕྲད་པ་རེད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༡༦ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༢༡ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

མཆན། 3

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་གཉིས་ཕེབས་པ་དགའ་ཡོད། དྲི་བ་གཅིག་དེར་ལན། མི་དེ་ནི་མ་རེད་ལགས།

    Reply
  2. salygyal says:
    ལོ་ 16 སྔོན།

    དེང་སྐབས་ཨ་ཁུ་གཞི་བདག་གིས་མཆན་མི་དོན་ཅི་ཡིན།
    དྲི་བ་གཅིག་ཡོད། དངོས་སྒྲུང་འདིའི་ནང་གི་རྡོ་རྗེ་སྐྱབས་ཟེར་བ་དེ་རྒན་རྒྱའི་རྡོ་རྗེ་སྐྱབས་ཨེ་རེད། ཨ་ལགས་ཚང་། འཇམ་དབྱངས་བཞད་པ་ཞེས་ཚིག་རེའི་མགོ་ལ་མནའ་ཚིག་རེ་ཨེ་འཇོག་གི།

    Reply
  3. free sopu says:
    ལོ་ 16 སྔོན།

    ཉི་མ་ལྷ་སྒྲོན་གྱི་གུང་གསེང་རྫོགས་ཀྱང་ད་བློ་བཟང་ལ་རེ་བ་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese