བུ་ཆུང་ཚེ་རིང་།
ཟླ་ ༤ ཚེས་ ༧ ཉིན་གྱི་ཨ་རིའི་བོད་སྐད་རླུང་འཕྲིན་གྱི་བརྙན་འཕྲིན་ལས་རིམ་ཀུན་གླེང་ཐོག་”བོད་ཡིག་ལེགས་བཅོས་”གླེང་གཞིའི་ཐོག་བཀའ་བསྡུར་གནང་བ་དེ་བལྟས་རྗེས་གུས་པར་ཚོར་བ་འདི་འདྲ་བྱུང་།
ཐོག་མར་བཀའ་བསྡུར་དེ་དུས་ལ་བབ་པ་རེད། དེང་སང་གི་སྤྱི་ཚོགས་གནས་སྟངས་འགྱུར་བ་ཕྱིན་ཡོད་པ་དང་། འཕྲུལ་ཆའི་རིགས་ཡར་རྒྱས་འགྲོ་རྐྱེན་གློག་ཀླད་སོགས་ལ་བོད་ཡིག་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་མང་དུ་ཕྱིན་པའི་དུས་རེད། ཁོར་ཡུག་དེར་བརྟེན་བོད་མི་གཞོན་སྐྱེས་མང་པོས་བོད་ཡིག་ལ་ཐུགས་སྣང་གསར་པ་ཞིག་ཡོང་གི་ཡོད། དེའི་དཔེ་མཚོན་གཅིག་ནི་དྲ་རྒྱའི་ཐོག་ཟིན་བྲིས་དང་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ ཐོག་བོད་ཡིག་བེད་སྤྱོད་གནང་མཁན་ཉིན་རེ་བཞིན་མང་དུ་འགྲོ་ཡི་ཡོད།
ཀུན་གླེང་ཐོག་སྐུ་མགྲོན་བསྟན་འཛིན་བདེ་སྐྱིད་ལཌ་དང་བསོད་ ནམས་རྒྱལ་མཚན་ལགས་གཉིས་ནས་སོ་སོའི་དགོངས་པ་བཞེས་ཕྱོགས་དེ་གསལ་པོ་བཟོས་གནང་སོང་། བསྟན་འཛིན་བདེ་སྐྱིད་ལགས་ནས་གཞོན་སྐྱེས་ཚོས་བོད་ཡིག་བེད་སྤྱོད་ལེགས་པ་ཡོང་ཆེད་འབྲི་སྟངས་ལ་འགྱུར་བ་བཏང་ནས་ཚིག་དབར་བར་སྟོང་འཇོག་རྒྱུ་བཟོ་གནང་དགོས་འདུག་གསུངས། ཁོང་གིས་གསུངས་པ་དེ་ནི་དེང་དུས་ཕྱིའི་སྤྱི་ཚོགས་ནང་འཚར་ལོངས་བྱེད་བཞིན་པའི་བོད་མི་གཞོན་སྐྱེས་བོད་ཡིག་ལ་ཐུགས་སྣང་ཡོད་མཁན་ཞིག་གི་དགོངས་ཚུལ་རེད། ཁོང་གིས་གསུངས་པ་དེ་འདྲ་བྱུང་བ་ཡིན་ན་བོད་ཡིག་ཀློག་བདེ་རུ་འགྲོ་རྒྱུ་ཡིན་པ་གསལ་པོ་རེད། བསོད་ནམས་རྒྱལ་མཚན་ལགས་ནས་འགྱུར་བ་དེ་འདྲ་བཏང་དགོས་པ་མི་འདུག་གསུངས་པ་དེ་ནི་སྔར་སྲོལ་འགྲོ་ལུགས་གཞིར་བཞག་ནས་གསུངས་ཀྱི་ཡོད་འདུག
ངའི་བསམ་པར་ཕྱོགས་གཉིས་ཀའི་བསམ་བློ་དང་མཐུན་པ་དང་བོད་ ཡིག་སློབ་སྦྱོང་བྱེད་རྒྱུར་ཕན་པ་ཡོང་རྒྱུར་བར་སྟོང་བཞག་རྒྱུའི་འགྲོ་ལུགས་དེ་ལམ་སེང་སྤྱི་ཡོངས་སུ་བེད་སྤྱོད་གནང་རྒྱུའི་ཚབ་ཏུ་བོད་ཡིག་སློབ་དགེ་ཚོས་དམའ་རིམ་སློབ་ཕྲུག་ཚོར་སློབ་ཕྲིད་གནང་སྐབས་ལམ་སྟོན་ཆེད་བེད་སྤྱོད་གནང་འགོ་བཙུགས་པ་ཡིན་ན་ཕན་ཐོགས་ཡོད་སྲིད་།
ཕྲུ་གུ་ཆུང་ཆུང་ཚོར་སློབ་ཚན་གང་ཞིག་སློབ་སྐབས་གོ་བདེ་པོ་བཟོ་རྒྱུ་དེ་གཙོ་བོ་རྩིས་པའི་ལུགས་སྲོལ་དེ་ང་རང་གི་བུ་ཨ་རིའི་སློབ་གྲར་ འགྲོ་བཞིན་པའི་ཉམས་མྱོང་ནས་ཚོར་གྱི་འདུག དཔེར་ན་དམའ་རིམ་འཛིན་གྲའི་ནང་སློབ་ཕྲུག་ཚོས་གོ་བ་ལེན་ཐུབ་མིན་དེར་གལ་ཆེ་བ་ རྩིས་ནས་ཡི་གེ་བྲིས་སྐབས་དག་ཆ་སོགས་ལམ་སྲོལ་དང་མ་མཐུན་བར་ནོར་གྱི་ཡོད་ཀྱང རྒན་ལགས་ནས་སྣང་མེད་བཞག་གི་འདུག
དེ་འདྲ་སོང་དམའ་རིམ་དུ་བོད་ཡིག་སློབ་སྦྱོང་བྱེད་སྐབས་བར་སྟོང་བཞག་ནས་གོ་བདེ་རུ་འགྲོ་བ་ཡིན་ན་དེ་འདྲ་གནང་ཐུབ་ན་ཡག་པོ་ཡོད་ཀྱི་རེད། སྤྱི་ཚོགས་ནང་བར་སྟོང་བཞག་རྒྱུ་དེ་ལམ་སེང་ཁས་བླངས་ཁག་པོ་ཡིན་པ་དེ་ད་རེས་ཀུན་གླེང་ལས་རིམ་ཐོག་ཞལ་པར་གནང་མཁན་ཚོའི་དགོངས་ཚུལ་ནས་གཟིགས་ཐུབ།
ངའི་ བསམ་པར་ ལམ་སྲོལ་ བཟོ་ཆེད་ ཐོག་མར་ ཐུགས་སྣང་ ཡོད་མཁན་ འགའ་ཞིག་ ནས་ ཚོད་ལྟའི་ ཐོག་ནས་ ཟིན་བྲིས་ སམ་ གསར་ཤོག་ ཤིག་འགྲོ་ལུགས་ དེ་འདྲའི་ ཐོག་ནས་ བཏོན་པ་ ཡིན་ན་ དེར་ སྤྱི་ཚོགས་ ནས་ དོ་སྣང་ ཡོང་བར་ ཕན། མཐའ་མ་ སྐད་ གང་ཞིག་ གི་ འགྲོ་ལུགས་ ལ་ འགྱུར་བ་ འགྲོ་བར་ མང་ཚོགས་ ནས་ མོས་མཐུན་ གང་འདྲ་ ཡོད་མིན་ ལ་ རག་ལས་ ཡོད་།
དེ་རིང་ཞོགས་པ་གུས་པས་འཕྲུལ་སྒྲའི་༼ཊི་ཝི་ཊར་༽ཐོག་ཨ་རིའི་ རྩོམ་པ་པོ་ཨེ་ལེན་སྒ་ལ་སི་སྒོ་ཡི་གསུང་ཞིག་ལུང་འདྲེན་བྱས་པ་ཡིན། དེ་ནི་”འགྱུར་བ་ཚང་མ་འཕེལ་རྒྱས་མིན། འགུལ་སྐྱོད་ཐམས་ཅད་མདུན་སྐྱོད་མིན།” ལུང་འདྲན་དེ་བྱེད་སྐབས་ཀུན་གླེང་ཐོག་བཀའ་བསྡུར་དེ་འདྲ་ཞིག་ཡོང་གི་ཡོད་པ་ཚོད་དཔག་མེད། འོན་ཀྱང་ད་ལྟའི་འགྱུར་བ་དེ་ནི་འཕེལ་རྒྱས་ཕྱོགས་སུ་ཡིན་པ་དང་འགུལ་སྐྱོད་དེའང་མདུན་སྐྱོད་ཕྱོགས་སུ་ཡིན་པ་ཚོར་གྱི་འདུག
རྩོམ་ཡིག་འདི་ནི་ཁོང་གི་མོས་མཐུན་ལྟར་འདིར་བཀོད་པ་ཡིན།
ཁྲ་གླག་སྤྱང་གསུམ་ལགས་སུ།
རྣམ་འགྲེལ་ཚིག་(ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི༎ གཏན་ཚིགས་དེ་ནི་རྣམ་གསུམ་ཉིད༎)དགོངས་དག ཕལ་ཆེར་གོ་ཡོད་རྒྱུ་མ་རེད། བར་སྟོང་མེད་ཙང༌།
ལུང་ཚིག་དེ་ཁྱེད་ཀྱིས་མི་ཚང་མས་གོ་མི་ཐུབ་པ་ངོས་འཛིན་བྱས་འདུག དེ་འདྲ་ཨ་ཡིན། ངས་ནི་གོ་སོང་། གཞན་མི་གོ་བ་ཡང་ཡོད་པ་ངས་ལེན། དེས་ན་མ་གོ་བ་ཐམས་ཅད་ས་སྟོང་མེད་པའི་སྐྱོན་དུ་ལྟ་བ་ཁྱེད་རང་གི་སྐྱོན་རེད་སྙམ།
(ཕྱོགས་ཆོས་ དེ་ཆོས་ ཁྱབ་པ་ ཡི༎ གཏན་ཚིགས་ དེ་ནི་ རྣམ་གསུམ་ ཉིད༎)
བདེན་བདེན་ གཡང་ལགས
བོད་ཡིག་ཀློག་རྒྱུ་དཀའ་ངལ་འདུག་ཟེར་བ་ལས། བོད་ཡིག་མེད་པར་གཏོང་དགོས་ཞེས་ན་དེས་ཡག་ས་རེད།
བོད་ཡིག་གཏན་མེད་དུ་བཏང་ན་དཀའ་ངལ་དེ་མེད་པ་ཆགས་ཀྱི་རེད། འོན་ཀྱང་རྒྱལ་བ་རིན་པོ་ཆེ་དང་གཞིས་བཞུགས་བོད་མི་ཚོ་སྙིང་མ་རྗེ།
བོད་ཡིག་ལ་བར་སྟོང་འཇོག་དགོས་པ་དང་། བཞག་ན་ཡག་པོ་འདུག དེ་བཞིན་བྱོས་ཤིག་ཟེར་བ་ནི་བོད་མི་བཙན་བྱོལ་པའི་དཀའ་ངལ་མཚོན་བྱེད་ཅིག་ཡིན་པ་ལས། བོད་ཡིག་ལ་བར་སྟོང་འཇོག་པའི་ལེགས་བཅོས་ཤིག་བྱ་དགོས་པ་ཁ་ཚ་དགོས་གཏུག་ཡིན་པ་མཐོང་མ་སོང་། དཔེར་ན། ཤར་གཡུ་ལོ་བཀོད་པའི་ཞིང་ཁམས་ནས། དུང་ལོ་འབར་བའི་སྡེར་ཐང་ནས། མ་རྗེ་བཙུན་སྒྲོལ་མ་དཀར་མོ་མཁྱེན། ད་མཁྱེན་པའི་བུ་ལ་སྡོང་འགྲོགས་མཛོད། འདི་ནི་གེ་སར་སྒྲུང་ནང་གི་ཚིག་དུམ་ཞིག་རེད། འབྲོག་ཕྲུག་ཅིག་ལོ་རིམ་བཞི་པ་ལྔ་པ་ཙམ་ལས་མ་སླེབས་ཀྱང་སྒྲུང་འདི་དག་ཐག་ཐོགས་མེད་པར་ཀློག་འགྲོ་གི་རེད། རྒྱུ་མཚན་གཉིས་ལས་ཡོ་མ་རེད། ཁོ་ལ་བོད་ཡིག་སློབ་སའི་ཁོར་ཡུག་བཟང་པོ་ཞིག་ཡོད་པ་དང་། བོད་ཡིག་སྦྱངས་འདོད་ཀྱི་འདུན་པ་ཤུགས་ཆེན་པོ་ཞིག་ཡོ་རེད། ཕ་མ་རྣམས་ཀྱིས་ངག་ནས་རྟག་ཏུ་རྗེ་བཙུན་སྒྲོལ་མ་མཁྱེན་ལ་སོགས་པ་གོ་རྒྱུ་ཡོད་པ་ནི་ཁོར་ཡུག་གི་ཁྲོད་ནས་རང་ལ་ཡི་གེའི་གཅོད་མཚམས་སློབ་པ་དང་འདྲ་པོ་རེད་ལ། སྒྲུང་ཀློག་ཤེས་ན་དེའི་ནང་ནས་སྐྱིད་སྣང་མང་པོ་མྱོང་རྒྱུ་འདུག་བསམ་པ་ནི་ཁོ་རང་སྒྲུང་དེབ་ཡང་ཡང་འཇུ་དགོས་པའི་འགུལ་ཤུགས་སླེབས་བྱེད་རེད། འབྲོག་ཕྲུག་རྣམས་ཀྱིས་སྒྲུང་དེབ་ཀློག་པར་དགའ་བ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་བྱིས་པ་རྣམས་དྲྭ་ཐོག་ན་དྲྭ་རྩེད་ལ་མགོ་འཁོར་བ་དང་འདྲ་པོ་རེད། གཞན་ཡང་། གལ་སྲིད་བཙན་བྱོལ་སྤྱི་ཚོགས་ནང་དུ་བོད་ཡིག་གི་ཤེས་ཚད་དེ་རང་ལ་ཡོང་སྒོ་མང་ཉུང་གི་ཚད་འཇལ་བྱེད་ལྟ་བུ་ཞིག་ཆགས་ཡོད་པ་ཡིན་ན། ད་ལྟ་འབྱུང་བཞིན་པའི་གཅོད་མཚམས་ཀྱི་དཀའ་ངལ་འདི་དག་ཡོ་མ་རེད། ཕ་མ་རྣམས་ཀྱིས་སྔ་དགོང་དུས་ཚོད་བཙལ་ནས་ཕྲུ་གུ་ལ་བོད་ཡིག་སློབ་པ་རེད་ལ། ཕྲུ་གུའི་མདུན་དུ་བོད་སྐད་གཙང་མ་བཤད་པར་བརྟེན་ཕྲུ་གུ་རྣམས་ཀྱིས་ཀྱང་གཅོད་མཚམས་མགྱོགས་པོ་ཤེས་འགྲོ་བ་རེད། རྒྱུ་མཚན་ནི་མི་རིགས་གཞན་པ་ཞིག་གིས་བོད་ཡིག་སྦྱངས་ཀྱང་ལས་སླ་པོ་འདུག་ཟེར་གྱི་ཡོད། དེར་བརྟེན་ཕ་མ་རྣམས་ཀྱིས་རང་གི་འཚོ་ཐབས་ཀྱི་ཆེད་དུ་ཕྲུ་གུ་རྣམས་ལ་བོད་ཡིག་སློབ་སའི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་མ་ཐུབ་པ་དང་། ད་ལྟ་ཕྲུ་གུ་རྣམས་ཀྱིས་བོད་ཡིག་འདི་སྐད་རིགས་གཉིས་པ་ཞིག་སྦྱོང་བའི་ཚུལ་གྱིས་འཇུག་དགོས་དུས། དཀའ་ངལ་ཅུང་ཙམ་འཕྲད་པ་དང་ནད་བརྒྱ་སྨན་གཅིག་ལྟ་བུའི་ཐབས་ལམ་ཞིག་འཚོལ་བ་ནི་ཕྲུ་གུའི་སྒྱིད་ལུག་རེད་ལ། ཕ་མ་ཡང་འུ་ཐུག་པའི་བྱེད་སྟངས་རེད། དེར་བརྟེན་མི་རིགས་ཤིག་གི་ཡི་གེར་བསྒྱུར་བཅོས་བྱེད་པ་ནི་བརྡ་སྤྲོད་ལ་མཁས་པའི་མཁས་པ་རྣམས་ཀྱི་ལས་ཡིན་པ་ནི། རྡུལ་ཕྲན་མཚོན་ཆ་ནི་ཆེད་མཁས་རྣམས་ཀྱིས་ཞིབ་འཇུག་བྱེད་པ་དང་གཅིག་པ་རེད།
བོད་ཡིག་འདི་ལ་དཔྱད་པ་མི་དགོས། དགོས་ངེས་ནི་དེ་བཀོལ་སྤྱོད་པ་གང་ཟག་དག་ལ་ལེགས་བཅོས་དགོས་པ་འདུག་སྙམ།།
ལྟོས་དང་གོང་གི་དཔོན་ནས་འོག་གིས་རྩམ་འཚོང་ཡན་ཆད་ཕྱོགས་རེས་གི་ཁེངས་འདུག་པའི་དེ་བཅོས་དགོས་ངེས་ཡིན།།
དབྱིང་ཡིག་དེ་བཞིན་སྔོན་མ་འབྱར་བའི་ཡི་གེ་ཡིན་ཡང་། ད་ལྟ་ཁ་བྲལ་བའི་ཡི་གེ་ལ་བཟོས་ཚར་སྐོར་བཤད་སོང་། འོང་ཀྱང་ངའི་མཐོང་ཚུལ་ལ་ད་དུང་འབྱར་བའི་ཡི་གེ་མང་པོ་འདུག་། དཔེར་ན་། experience. ལྟ་བུ་རེད་།
འདིའི་ཀློག་སྟངས་ནི་ ex.pe.ri.ence.རེད་། འདི་ཁ་མ་ཕྲལ་བའི་རྒྱུ་མཚན་ག་རེ་ཡིན་བཤད་རོགས་ཞུ།
དྲི་བ་འདི་བསྟན་འཛིན་བདེ་སྐྱིད་ལ་ཡིན།
བསམ་ཚུལ་འདི་ནི་དཀའ་ལས་མེད་པའི་ཁེ་སོང་ལ་རེ་བ་རྒྱབ་པ་དང་མཚུངས་འདུག་། བོད་ཡིག་ལ་སློབ་སྦྱོང་བྱེད་མི་དགོས་ཀྱང་ཤེས་དགོས་མཁན་གྱི་བསམ་ཚུལ་རེད། ཤེས་དགོས་ན་སྦྱོང་དགོས་པ་བདེན་པ་ཡིན་ཡང་། ཡུལ་གྱལ་བ་ཚོས་དེ་ལྟར་མི་ཤེས་འདུག་། ད་དུང་བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་དགོན་སྡེ་ཁག་ལ་
རྒྱུས་མེད་པའི་སྐད་ཆ་རེད།
བུ་མོ་དེ་དང་དེའི་རོགས་པ་ཚོའི་འུ་ཐུག་གི་བསམ་ཚུལ་འདི་། གསར་སྟོད་ཆེན་པོ་ཡིན་ཚུལ་བཤད་སོང་། ཅུང་ངོ་ཚ་པོ་རེད་། ང་རང་ཆུང་དུས་པྭ་ལགས་ཀྱིས་བོད་ཡིག་བར་སྟོང་བཞག་ནས་སློབ་དམྱོང་། ང་རང་གིས་བར་སྟོང་བཞག་ནས་མང་པོ་ཀློག་དམྱོང་། དཔེར་ན་། བླག་མ་དང་ མགོན་པོ་ རྗེ་བཙུན་ འཇམ་དཔལ་ དབྱང་ལ་ ཕྱག་ འཚལ་ལོ། ཞེས་ཀློག་དམྱོང་ལ་ སྦྱོང་ཡང་དམྱོང་།
དེ་དག་ནི་བོད་ཡིག་སྦྱོང་མཁན་ལས་དང་པོ་བ་ལ་རེད། རྗེས་སུ་ཀློག་མ་ཤེས་པའི་
དཀའ་ངལ་གང་ཡང་བྱུང་མ་དམྱོང་། བོད་ནང་ལ་ལས་དང་པོ་བ་ལ་བོད་ཡིག་སློབ་དུས། ཚེག་མཚམས་ལ་བར་སྟོང་བཞག་ནས་སློབ་ཀྱི་འདུག་ལ། དཔེ་ཆ་བློ་ལ་འཛིན་པའི་སྐབས་སུ་ཚེག་མཚམས་ལ་བར་སྟོང་བཞག་ནས་འཛིན་གྱི་འདུག།
དཀའ་ལས་མེད་པའི་གྲུབ་འབྲས་ལ་རེ་བ་མ་བྱེད་།
རབ་གསལ་ལགས་ཀྱིས་བུ་མོ་ཞེས་གསུངས་ཀྱི་འདུག་ཅེས་གསུངས།སོང་ཙང་ངས་མཁན་མོ་བསྟན་འཛིན་བདེ་སྐྱིད་ལགས་ལ་ཞུ་རྒྱུ་བོད་ཡིག་ཡག་པོ་ཀློག་ཤེས་པ་ལ་དང་པོ་སོ་སོའི་ཡག་པོ་སྦྱང་དགོས་པ་རེད།ཁྱེད་ཀྱི་དང་པོ་དབྱིན་ཡིག་སྦྱོངས་དུས་སུ་སྐུ་ལས་ག་ཚོད་ཕྲད་སོང་།ཡིན་ནའང་ཁྱེད་ཀྱིས་བརྩོན་འགྲུས་གནང་ཙང་ད་ལྟ་མཁས་མོ་ཆགས་ཚར་བ་རེད།དེ་ལྟ་བུའི་བོད་ཡིག་སྦྱང་ན་དཀའ་ངལ་མེད་པར་མ་ཟད་བར་སྟོང་བཞག་དགོས་པའི་ཀླེང་མོ་དེ་ཡང་མི་ཡོང་ངོ།
ཡ་ཡ་ གྲ་གྲོགས་ཕལ་ཆེ་བས་བོད་ཀྱི་སྐད་ཡིད་ལ་གཅེས་སྤྲས་དང་བདག་གཉེར་བྱེད་སྐབས།
དགེ་འདུན་རབ་གསལ་ནས་བསྟན་འཛིན་བདེ་སྐྱིད་གཅེས་སྤྲས་དང་བདག་གཉེར་བྱེད་བྱེད་འདོད་རེད། སྤྱིར་མི་ལ་ཡོན་ཏན་ཡོད་མེད་རང་སྐད་ཆས་དཔོག་ཐུབ། སློབ་གྲྭ་ཡག་པོ་ཞིག་ཡོད་པ་ཙམ་གྱི་ཐམས་ཅད་མཁས་པ་ཉིད་དུ་ངོས་འཛིན་དཀའ། མ་ཟད་ཨ་རིའི་མཐོ་སློབ་མང་པོ་ཞིག་གིས་བོད་ཕྲུག་མང་པོ་ཞིག་ལ་དམིགས་བསལ་གྱི་སྙིང་རྗེ་བལྟས་དེ་ནང་དུ་བཞག་ཡོད། དེ་ནི་ཨ་རིས་སྐྱབས་བཅོལ་པ་ཚོ་སྙིང་བལྟས་པ་རེད་མ་གཏོགས་བོད་ཕྲུག་དེ་ཡོད་ཏན་ཆེ་བས་མ་རེད།
རྣམ་འགྲེལ་ཚིག
(ཕྱོགས་ཆོས་དེ་ཆོས་ཁྱབ་པ་ཡི༎ གཏན་ཚིགས་དེ་ནི་རྣམ་གསུམ་ཉིད༎)
དགོངས་དག ཕལ་ཆེར་གོ་ཡོད་རྒྱུ་མ་རེད། བར་སྟོང་མེད་ཙང༌།
(ཕྱོགས་ཆོས་ དེ་ཆོས་ ཁྱབ་པ་ ཡི༎ གཏན་ཚིགས་ དེ་ནི་ རྣམ་གསུམ་ ཉིད༎)
ད་ཡིན་ན་ཏག་ཏག་གོ་ཡོད་རེད། དེ་འདྲ་ལས་སློ་མོ། ང་ཚོས་བཀའ་བསྟན་ཐམས་ཅད་འདི་ལྟར་བྲིས་ན་བོད་མི་ཚང་མ་དེ་དག་ལ་མཁས་པ་ཆགས་རྒྱུ་ ཐག་ཆོད་པ་རེད། དེ་ལྟར་བྲི་བ་ལ་ལོ་གཅིག་གཉིས་ལས་མི་འགོར། ང་ཚོས་ལོ་མང་པོར་གཞུང་ལུགས་སྦྱངས་བསྡད་པ་དེ་ལྐུག་རྟགས་བླ་ན་མེད་པ་རེད་འདུག དེ་འདྲའི་ཕངས་བ་ལ། དུས་ཚོད་འཕྲོ་བརླག་ཤི་མ་ཤི་བཏང་འདུག ཝཝཝཝཝ
ད་དུང་དགེ་བསོད་རྒྱལ་མཚན་ནས་རྒྱ་མི་རྣམས་ལ་རྒྱ་ཡིག་ལ་ཡང་བར་སྟོང་དགོས་པའི་བསམ་ཚུལ་མ་བྱུང་བ་ག་རེ་ཡིན་ནམ་གསུངས་སོང༌། དེ་ལ་ཡ་བསམ་བློ་གཏོང་རྒྱུ་ཆེན་པོ་འདུག དཔྱད་གཞི་ཆེན་པོ་ཞིག་གནང་བ་རེད།
འོ་རེད། བུ་མོ་དེས་དབྱིན་ཡིག་དུས་རབས་བདུན་པའི་ནང་བར་སྟོང་བཞག་པའི་འགོ་བཙུགས་པ་རེད་ཟེར་ཀུན་གླིང་ནང་གསུངས་སོང༌། དེ་སྔོན་དབྱིན་ཡིག་བར་སྟོང་མེད་པ་དེ་ག་འདྲ་ཞིག་ཡོད་པ་ཡིན་ནམ། དེ་གཅིག་མིག་སྟོན་གནང་རོགས་ཞུ་འདོད་བྱུང༌།
འོན་ཀྱང་དབྱིན་ཕྲུག་ཚོ་ལ་དཀའ་ངལ་དེ་མེད་པ་འདྲ། ག་རེ་ཡིན་ནམ། ཕལ་ཆེར་ཆུང་དུས་ནས་ཕ་མས་དེ་ཚོ་བཤད་པ་གོ་བསྡད་པ་ལས་ཁོ་ཚོས་བརྗོད་ཤེས་པར་གྱུར་པ་དང༌། རྗེས་སུ་ཡིག་ཐོག་དུ་འབྲི་ཀློག་བྱེད་པའི་སྐབས་ཀྱང༌། སྔར་བཤད་བཞིན་པ་དེ་མར་ཕབ་པ་ཙམ་དུ་གྱུར་པས་བཅོད་སྟངས་མ་ཤེས་པའི་དཀའ་ངལ་དེ་མེད་པ་འདྲ། འོ་ན་ང་ཚོའི་བོད་ཕྲུག་ལ་ག་རེ་བྱས་ནས་དཀའ་ངལ་དེ་བྱུང་བ་ཡིན་ནམ།
ང་རང་འདི་ནང་མ་སླེབས་ཡུན་རིང་སོང༌། འདིར་མང་པོ་ཟིག་བཤད་ཀྱིན་འདུག གཅོད་མཚམས་མ་ཤེས་པས་ཀློག་དཀའ་བ་དངོས་ཡོད་རེད། ང་རང་གིས་དབྱིན་ཡིག་ཀློག་སྐབས་གཅོད་མཚམས་མ་ཤེས་ནས་དཀའ་ངལ་འཕྲད་ཀྱིན་འདུག Independence འདི་ག་འདྲ་གཅོད་དགོས་པ་ལྟ་བུ། In-de-pen-den-ce ཡང་ན་Inde-penden-ce ཡང་ན་in-depence ཡིན་ནམ། ཡང་ན་དེ་ལས་གཞན་པ་ཞིག་རེད། དབྱིན་ཡིག་འདི་ཡང་བར་སྟོང་ཞིག་བཞག་ནས་བྲིས་ཡོང་ན། ཨི་ནས་ངས་ཆུ་རྒྱུག་རྒྱུག་ཀློག་ཆོག་པ་བཅས།
དྲྭ་མགྲོན་རྣམ་པས་བགྲོ་གླེང་ཤུགས་ཆེ་གནང་འདུག ངས་ཀྱང་འདིར་བསམ་ཚུལ་ཞིག་བཤད་འདོད་བྱུང་། བོད་ཡིག་གི་གཅོད་མཚམས་ཡག་པོ་ཡོང་ཕྱིར་བར་སྟོང་དགོས་པ་དང་མི་དགོས་པར་ཤོད་མཁན་རིགས་གཉིས་འདུག་པ་ལས་ངའི་འདོད་ཕྱོགས་ནི་ཕྱི་མ་དེ་ཡིན། རྒྱུ་མཚན་གཙོ་བོ་ཞིག་ནི་གཅོད་མཚམས་བར་སྟོང་བཞག་ནས་བོད་ཡིག་ཀློག་དགོས་པའི་བོད་ཀྱི་མི་རབས་ཤིག་དར་ཕྱིན་རྒྱ་བོད་ཀྱི་ལོ་པན་བཀའ་དྲིན་ཅན་རྣམས་ཀྱིས་བཞག་པའི་འཛམ་གླིང་གི་ནོར་བུ་༧རྒྱལ་བའི་བཀའ་བསྟན་རིག་གནས་ཆེ་ཆུང་པོ་ཏི་རི་རབ་ཀྱི་གཏོས་དང་མཉམ་པ་རྣམས་འགྲེམས་སྟོན་ཁང་ནང་དུ་བཀྲམས་པའམ་ཕྱགས་དར་ཁྲོད་ཀྱི་ཕུང་པོར་དོར་རྒྱུ་ལས་གཞན་ཅང་འགྲོ་ས་ཞིག་མ་མཐོང་། སྐད་ཡིག་གང་ཡིན་ཡང་ཡུན་རིང་གོམས་བྱང་བསྟེན་ཞིང་བཀོལ་སྤྱོད་མང་ཙམ་བྱེད་ན་རིམ་པས་ཡར་རྒྱས་འགྲོ་རྒྱུ་ཡིན་པ་རང་གཞན་ཚང་མའི་ཉམས་མྱོང་ལས་ཤེས་ངེས། འདིར་ཕེབས་དྲྭ་མགྲོན་ཕལ་ཆེར་ཞིག་བོད་ཡིག་འབྲི་ཀློག་ལ་གོམས་ཆ་ཆེན་པོ་ཡོད་པས་ཚིག་གཅོད་མཚམས་ལ་དཀའ་ངལ་ཡོད་ཀྱི་མ་རེད་དྲན། དེ་བས་གཙོ་བོ་སོ་སོས་བརྩོན་པ་བསྟེན་ནས་དོན་རྩར་བསྙེགས་ཐུབ་མིན་བལྟ་དགོས་པ་ལས་མནོག་ཆུང་ལས་ལ་གཙིགས་ཆེར་འཛིན་ནས་མི་རབས་ཕྱི་མ་དག་གིས་འཕྱ་ཞིང་འཁང་བའི་མི་རབས་ཞིག་མི་མཛད་པ་ཞུ།།
འཇིགས་བྲལ་ལགས་ཀྱི་གསུང་ལ་གོ་རྒྱུུ་འདུག ཁྱེད་ཀྱི་མཆན་འདི་ལ་བལྟས་ན་ངོ་མ་ངའི་རྩོམ་ཉོག་དེར་རིན་ཐང་ཅི་ཡང་མི་འདུག ཕལ་ཆེར་དུས་བབ་ཚང་གིས་ཀྱང་དེས་མ་བཀོད་པ་ཡིན་རྒྱུ་རེད། ད་མི་སྒུག
ཤ་ཀླན་འཇམ་དབྱངས་གྲགས་པ་ལགས། ངའི་རྩོམ་ཡིག་ད་དུང་བཀོད་མི་འདུག་ཅེས་སྐད་ག་རེ་བྱས་ནས་རྒྱག་གི་ཡོད། འགོད་མི་འགོད་དུས་བབ་ཚང་གི་སྐུ་དབང་རེད། འགོད་འོས་མིན་གྱི་ཡོན་ཏན་ལ་བལྟ་བཞིན་འགོད་པ་ལས་བསྐུར་ཚད་བཀོད་ན་འགོད་ཚད་མེད་པ་ཡོད་ངེས་རེད། སོ་སོ་ཞེ་པོ་ཡིན་མ་དྲན་ལོ། གལ་སྲིད་བཀོད་སོང་ན་རྩོམ་ཡིག་དེ་གང་འདྲ་ཞིག་བལྟ་ཆོག
བོད་ཡིག་ཤེས་དགོས་ན་བོད་ཡིག་གི་ཀློག་སྟངས་དང་། དེ་འབྲེལ་གྱི་འབྲི་སྟངས། བེད་སྤྱོད་ཀྱི་ཁོར་ཡུག་བཅས་གནད་དོན་གསུམ་ལ་ཐུག་ཡོད་ལ།
ཀློག་སྟངས་ལ་མཚོན་ན། ཡི་གེ་སོ་སོའི་སྒྲ་གདངས་དག་པར་སློབ་པ་འདི་ཡིན་ལ། འདིའི་ཐད་ཕྱི་ལོ་ ༢༠༠༩ ལོར་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་ལྟ་བུ་གཞི་ལ་བཞག་ནས་ཀློག་བསླབ་ན་བོད་སྐད་ཀྱི་སྒྲ་གདངས་དག་ཅིང་གཙང་བ་དང་། གོ་བདེ་ཞིང་སྣར་སྙན་པའི་ཁྱད་ཆོས་ལྡན་པ་མ་ཟད། རིམ་གྱིས་བོད་ཀྱི་སྤྱི་སྐད་ཅིག་འགྲུབ་པའི་མཐུན་རྐྱེན་དུ་འགྱུར་ངེས་པ་དང་། ཀློག་དག་པས་དག་ཆ་རང་བཞིན་གྱིས་ཐོན་པ་སོགས་ཁྱད་ཆོས་ཧ་ཅང་ལྡན། བོད་ཡིག་མི་ཤེས་མཁན་ཚོར་བོད་ཡིག་སློབ་པའི་རྨང་གཞི་ནས་འདི་བསླབ་ན་བོད་ཡིག་གི་ཤེས་ཚད་ཚད་ལྡན་ཡོང་བར་ཧ་ཅང་ཕན།
ཡི་གེ་འབྲི་སྟངས་ལ་མཚོན་ན། བོད་ཡིག་གི་འབྲི་སྲོལ་མ་ཕྱི་དབུ་ཅན་རང་བསླབ་ན་དཔེ་དེབ་ཡོངས་ལ་ཁྱབ་པའི་བོད་ཡིག་ངོས་ཟིན་པ་དང་། ཀློག་མགྱོགས་པའི་ཁྱད་ཡོང་རྒྱུ་ཡིན་ལ། དེ་མིན་འཁྱུག་ཡིག་དང་སྐོང་ཡིག་སོགས་འབྲི་སྲོལ་ཤེས་ན་ལེགས་པའི་ཆ་ཡིན་ཀྱང་དུས་དེབ་དང་། གསར་ཤོག བརྙན་དེབ། སྒྲུང་དེབ། སྙན་དེབ། རྒྱལ་རབས། ཆོས་འབྱུང་། ནང་ཆོས། དྲྭ་རྒྱ་སོགས་སུ་སྤྱོད་པ་ཧ་ཅང་ཉུང་བས་ཁོར་ཡུག་ཧ་ལམ་མེད། དེ་བས་བོད་ཡིག་དབུ་ཅན་རང་གི་འབྲི་ཐབས་བསླབ་ན་འཕྲལ་ཕུགས་གཉིས་ཀར་ཕན་པས་བསམ་ཚུལ་འདི་ཤུགས་ཆེར་གླེང་ཐུབ་ན་ཧ་ཅང་ཡག་པོ་ཡོད་རེད་སྙམ། འདིའི་སྐོར་ལ་དྲྭ་གྲོགས་ཚོས་བསམ་ཚུལ་གང་ཡོད་གསུངས་རོགས། འདི་ནི་བོད་སྤྱི་ལ་བོད་ཡིག་ལག་ལེན་བཀོལ་སྤྱོད་ཀྱི་ཐད་ལ་ཕན་ནུས་ལྡན་པའི་འགྱུར་བ་ཞིག་ཡིན་ཅེས་བརྗོད་འདོད་བྱུང་།
བེད་སྤྱོད་ཀྱི་ཁོར་ཡུག་ནི། བཙན་བྱོལ་ལྟ་བུའི་ནང་ཡུལ་དུས་ཀྱི་གནས་བབ་ལ་ཐུག་ཡོད་པས་ང་ཚོས་འདི་ཞེས་བརྗོད་ཀྱང་འཚོ་བ་ལག་ལེན་གྱི་ཁྲོད་དུ་གནས་སྐབས་འགྱུར་བ་ཡོང་རེ་ཡོད་པར་མ་མཐོང་མོད། བོད་ནང་ལྟ་བུར་མཚོན་ན་བོད་ས་རང་དུ་ཡིན་སྟབས་ཁོར་ཡུག་གི་ཆ་རྐྱེན་ཇེ་བཟང་དུ་གཏོང་ཐབས་རེ་འཚོལ་རྒྱུ་མེད་དམ་སྙམ།
དེ་ནས་ཁང་གསར་རྡོ་རྗེ་ལགས་ཀྱིས་བཤད་པ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་མི་མིང་དང་། ས་མིང་སོགས་ཀློག་བདེ་དང་འབྲི་བདེ་མེད་པར་བརྗོད་པ་ལ་རྒྱུ་མཚན་ངེས་ཅན་འདུག་པས། འདིའི་ཐད་ཀྱང་ཀློག་ཐབས་ཀྱི་ཚིག་མཛོད་རེ་བསྒྲིགས་ཐུབ་ན་ཡག་པོ་ཡོང་ངེས་སྙམ། འོན་ཀྱང་གཞི་རྩའི་བོད་ཡིག་ཀློག་སྟངས་དང་འབྲེལ་ནས་གླེང་དུས་ཕྱི་རྒྱལ་མི་སེར་གཅིག་གིས་བོད་ཡིག་ཐོག་མར་སྦྱོང་གི་ཡོད་པ་ལྟ་བུའི་ཚོར་སྣང་ཡོང་གི་འདུག བཙན་བྱོལ་བོད་ཕྲུག་ཚོ་འདི་འདྲ་རང་མེད་མོད། གཙོ་བོ་ཁོ་རང་ཚོའི་དོ་སྣང་ལ་ཐུག་ཡོད།
འགྱུར་བ་ཐམས་ཅད་ཡར་རྒྱས་མིན། གང་ཡིན་ཟེར་ན་འགྱུར་སྟངས་ལ་བལྟས་ནས་ཡར་རྒྱས་ཡིན་མིན་ཐག་གཅོད་དགོས་པའི་གནད་དོན་ཞིག་རེད། བོད་ཡིག་ལ་མཚོན་ན་འགྱུར་སྟངས་འདི་ནི་ཐུན་མིན་སྤྱི་སྐད་ཀྱི་རྣམ་པ་ཡིག་ཐོག་ཏུ་ཡོད་པ་འཐོར་ཞིག་ཏུ་འགྲོ་རྒྱུའི་གོམས་སྟབས་ཤིག་མིན་ནམ་སྙམ་གྱི་འདུག དེ་ཡང་རྒྱུ་མཚན་མེད་པ་ཞིག་ཡིན་ན་འགྲིག་གི་རེད།
ཐེངས་འདིའི་ཁང་གསར་རྡོ་རྗེ་ལགས་ཀྱི་བསམ་ཚུལ་དེ་དག་དེ་ཙམ་གྱི་རྒྱུ་མཚན་ལྡན་པར་མ་མཐོང་བས་འདིར་རྒྱུ་མཚན་རེ་འགའ་བཀོད་ཡོད་པའི་ཁུལ་ཡིན།
དུས་བབ་ཚང་ལ་ངས་རྩོམ་ཞིག་བསྐུར་བ་འབྱོར་མེད་པ་ཡིན་ནམ། ད་དུང་བཀོད་མི་འདུག ཡིན་ཡང་མྱུར་དུ་དགོད་པའི་རེ་བ་ཡོད། བསྒུགས་ནས་བསྡད་ཡོད། འཛིན་གྲྭར་ཡོངས་རྫོགས་ཆད་སོང།
དགོངས་ཚུལ་གསར་པ་ནི་གསུངས་ཆོག་པ་ཞིག་དང་ངེས་པར་དུ་དགོས་པ་ཞིག་
ཡིན། དོན་ལ་གནས་མིན་ནི་སྤྱི་ཚོགས་ཀྱི་དགོས་མཁོ་ལ་ཡོད་མེད་ཡིན།
བོད་ཡིག་ལ་བར་སྟོང་འཇོག་དགོས་པའི་དགོངས་ཚུང་འདི་ནི་བོད་ཡིག་ལ་སྦྱང་པ་ཆུང་དྲགས་པའི་སྐྱོན་མིན་ནམ་སྙམ།
གལ་ཏེ་བར་སྟོང་བཞག་པ་ཡིན་ན་དགེ་སྐྱོན་གཉིས་ལ་དགོངས་པ་བཞེས་དགོས་
སྙམ། བོད་ཀྱི་སྐད་ཡིག་ལ་བླ་མེད་ཀྱི་བཙན་པོ་བཙན་ནས་བཟུང་དུས་ཀྱི་དགོས་མཁོ་དང་མཚམ་པའི་སྐད་གསར་བཅད་རིམ་པ་གསུམ་གནང་ཡོད། ཡིན་ན་ཡང་།
བོད་ཡིག་འབྲི་ཀློག་སྐབས་ལ་བར་སྟོང་འཇོག་དགོས་པའི་དགོངས་ཚུལ་འདྲ་མཁས་པ་གོང་མ་རྣམས་ཀྱིས་གསུངས་མྱོང་མེད་ལ་ད་ཡོད་བོད་ཕྱི་ནང་གཉིས་ཀྱི་མཁས་པ་རྣམས་པའི་དགོངས་པར་ཀྱང་ཡོད་མི་སྲིད་སྙམ།
བོད་ཡིག་གི་འབྲི་ཀློག་དབྱིན་ཡིག་གི་ཱབྲི་ཀློག་དང་མཚུངས་བསྡུར་བྱེད་མི་རུང་སྙམ།
སྐུ་ཞབས་ཁང་གསར་མ་སྐྱོ་འདུ་ར་ལ་ཕེབས་ཤོག །
ཡང་དག་རིགས་པའི་རྟགས་ལ་ཉན་འདོད་ཅིག་ཆེའོ། །
འོན་ཀྱང་གཏམ་ལ་ལན་གྱིས་བསྙད་པ་རེ་ཡོད་པས། །
བླུན་པོའི་གྲས་ལ་མ་འཕེན་ང་རང་ཡང་སྐྱོ་བྱུང་། །
གསལ་བཤད་ཐུང་ངུ་ཞིག
བསྟན་འཛིན་བདེ་སྐྱིད་ཀྱི་རྩོམ་ཡིག་ལ་མ་གསུངས་པར་བུ་མོ་འདི་ཞེས་མི་སྒེར་ལ་ཚིག་ངན་སྨྲ་བ་དེ་ཚོ་ཡག་པོ་ཁྱོན་ནས་མི་འདུག མཁས་དབང་བློ་བཟང་སེང་གེ་ཞེས་ག་ཚོད་བསྟོད་ར་བཏང་སོང་། མཁས་དབང་ཞེས་བྲིས་དུས་ མཁས་པ་དག་གི་ཡང་མཁས་པ་ཞིག་ལ་ཟེར་བ་མ་རེད་དམ། བུ་མོ་འདི་ཡང་བློ་བཟང་སེང་གེ་ཡོད་སའི་སློབ་གྲྭ་ཆེན་མོ་ནས་སློབ་སྦྱོང་ཐོབ་ཡོད་པ་རེད། དེ་ཚོ་མཁྱེན་པ་གནང་རོགས། གང་ལྟར་ཚིག་ངན་དེ་མཚམས་འཇོག་གནང་རོགས།
བྱིས་པ་ཚོས་ བོད་ཡིག་ ཀློག་དུས་ ཐོག་མ་ནས་ ཚིག་གྲུབ་ རིང་ཐག་ཆོད་ ཅིག་ མཐོང་ན་ ལམ་སེང་ ཞེད་ཡོང་གི་འདུག རྒྱུ་མཚན་ནི་ ཚིག་གི་ གཅོད་མཚམས་ མ་ཤེས་པས་ རེད། ཐོག་མ་ནས་ ཚིག་གྲུབ་ རིང་མདོག་ཁ་ ཡང་ མིང་ཚིག་ དེ་ཚོ་ བར་སྟོང་ རེའི་ གཡས་གཡོན་ན་ སྙིང་རྗེ་རྗེའི་ ཚུལ་དུ་ ཡོད་ན་ ལམ་སེང་ བྱིས་པའི་ བློ་ཁ་ དང་ མཐུན་འགྲོ་བས་ བྱིས་པ་ཚོས་ ཅིག་ ཀློག་ཁུལ་ བྱེད་ཀི་རེད། འདི་ལ་ བྱིས་པའི་ ཕ་རྒན་ དང་ བྱིས་པའི་ དགེ་རྒན་ ཚོར་ ཉམས་མྱོང་ཡོད་པ་རེད།
འདི་ནི་ཐན་ལྟས་ངན་པ་དགུ་ཡང་ཡིན་དེ།
༡ བཙན་བཤོལ་བོད་མི་བརྒྱ་ཆའི་བདུན་བཅུ་དོན་ལྔའི་བོད་སྐད་ཡག་པོ་མི་ཤེས་པ་དེ་རང་ཚུགས་མེད་པའི་ཐན་ལྟས།
༢ བོད་གཞུང་གི་སློབ་གྲྭ་ཁག་གི་རང་གི་རིགས་གཞུང་ལ་དོར་སྣང་མ་སྤྲད་པར་དབྱིན་ཡིག་ཐབ་ཅག་ཅིག་དང་པོ་སྦྱངས་བརྩོན་བྱས་པ་འདི་ནི་ནུབ་ཕྱོགས་པའི་གཙང་སྤྱོད་འཁྲུ་བའི་ཐན་ལྟས།
༣ སྤྱི་རྒྱལ་བ་ཚོའི་བརྡ་སྤྲོད་ཀྱི་འགྲོ་ལུགས་ཅི་ཡང་མི་ཤེས་བྱིས་ཚོའི་བསམ་ཚུལ་ལྟར་བྱེད་ཀྱིན་ཡོད་ཚུལ་བཤད་པ་དེ་ནི་སྤྱི་རྒྱལ་བའི་བརྡ་སྤྲོད་ཀྱི་འགྲོ་ལུགས་གཞི་ནས་མ་ཤེས་པའི་ཐན་ལྟས།
༤ ཀུན་གླེང་ཚང་གི་འདི་ལ་རྒྱབ་སྐྱོར་དང་གོ་རྒྱུ་ཡོད་མདོག་བྱེད་རྒྱུ་འདི་ནི་ལས་ཁུང་དེའི་ལས་བྱེད་པ་ཚོའི་བཤད་ཚད་ཕར་ཆེར་ལ་སྙིང་པོ་མེད་པའི་ཐན་ལྟས།
༥ བུད་མེད་བོད་སྐད་མི་ཤིས་པ་ཞིག་གིས་ཧམ་བཤད་ལ་བོད་མི་མང་པོ་ཞིག་གི་གོ་རྒྱུ་ཡོད་སྣང་འཆར་བ་འདི་ནི། བོད་མིའི་སྤྱི་ཚོགས་ཀྱི་ཤེས་ཡོད་ཧ་ཅི་སྐྱོ་བའི་ཐན་ལྟས།
༦ རང་སྐྱོན་ངོས་མ་ཟིན་པར་བོད་ཡིག་གི་སྐྱོན་དུ་མཐོང་ནས་འདི་ལྟར་བཅོས་བརྒྱུར་བྱེད་སྣང་ཤར་བ་དེ་སྔོན་ཐོན་གྱི་གོ་དོན་མ་རྟོགས་པའི་ཐན་ལྟས།
༧ བོད་ཀྱི་བརྡ་སྤྲོད་མཁན་པོ་ཚོ་དང་བགྲོ་གླེང་མི་བྱེད་པར་བོད་སྐད་མི་ཤེས་པའི་བུད་མེད་གཅིག་གི་སྐད་ཆ་ལ་ཉན་པ་འདི་བླང་དོར་གོ་ལྡོག་དུ་སོང་བའི་ཐན་ལྟས།
༨ ཨ་རིའི་སྐད་གྲགས་ཆེ་ཤོས་ཀྱི་སློབ་གྲྭ་ཁག་གི་ནང་དུ་བོད་མི་ཁ་ཤས་ལ་འདི་འདྲའི་ཤེས་ཡོན་གྱི་ཆུ་ཚད་ཞན་པ་འདི་ནི་མཐོ་སློབ་འདིའི་ཞབས་འདྲེན་བྱེད་པའི་ཐན་ལྟས།
༩ འདི་ལྟ་བུའི་བླུན་པོ་དབང་ཤེད་ཅན་ཚོས་མ་འོངས་པར་བོད་ཀྱི་ཆོས་དང་རིགས་གཞུང་རྣམས་གཞི་ནས་གཏོར་བཤིག་བྱེད་པའི་ཐན་ལྟས་དེ་དགུའོ།། །།
བར་སྟོང་ བཞག་ནས་ བྲིས་ཚེ་ བྱིས་པ་ཚོས་ མིང་ཚིག་ གོ་དཀའ་བ་ ཞིག་གི་ ནང་དོན་ དགེ་རྒན་ལ་ དྲི་བ་ འདོན་དུས་ ཀྱང་ ལས་སླ་བོ་རེད། དཔེར་ན། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་པ་ ལྟ་བུར་ མཚོན་ན་ བྱིས་པ་ ཞིག་གིས་ དགེ་རྒན་ ལ་ སྐད་ཆ་འདྲི་ དུས། དགེ་ལགས། སངས་ཞེས་པའི་དོན་ག་རེ་རེད། རྒྱས་ཆོས་ཞེས་པའི་དོན་ག་རེ་རེད། དང་ཚོགས་ཞེས་པའི་དོན་ག་རེ་རེད། ཀྱི་མཆོག་ཅེས་པའི་དོན་ག་རེ་རེད་ཅེས་དྲིས་མྱོང་བ་ཧ་ཅང་མང་ཞིང་། གལ་སྲིད་ཐོག་མ་ནས་སློབ་དེབ་ནང་དུ། སངས་རྒྱས་ ཆོས་ དང་ ཚོགས་ཀྱི་མཆོག་ རྣམས་ ལ། །ཞེས་ ཁ་ཕྲལ་ནས་ བྲིས་ ཡོད་ན་ སློབ་མས་ མིང་ཚིག་གི་ གོ་དོན་ དགེ་རྒན་ལ་ འདྲི་དུས་ ཀྱང་ འདྲི་ བདེ་བོ་ དང་ འགྲེལ་བཤད་ རྒྱག་ བདེ་བོ་ ཡོད་པ་རེད།
ངས་ འཛིན་གྲྭ་ དྲུག་པ་ བར་དུ་ བར་སྟོང་ཅན་གྱི་ སློབ་དེབ་ བཟོ་དགོས་ཀྱི་འདུག དེ་ནས་ བར་སྟོང་ མེད་པའི་ སློབ་དེབ་ བཟོས་ན་ འགྲིག་གི་རེད་ ལབ་ཀིན་ཡོད། དེབ་ ཚང་མར་ བར་སྟོང་དགོས་ ཟེར་གི་མེད། འབྲུག་ཡུལ་ དུ་ བར་སྟོང་ འདི་ ཁྱབ་ ཆེ་ཙམ་འདུག
དཔེར་ན་དྲུང་ནས་ཡི་གེ་ཀློག་སྐབས་སུ། ཡི་གེ་ལ་བྱང་ཆ་མེད་པ་ཞིག་གིས། ཁྱོད་ཀྱི་མགྱོགས་པོར་མ་ཀློག་ད། ངས་ཁྱེད་ཀྱིས་རྗེས་མི་ཆོད་ཀི་ཟེར་བ་ནང་བཞིན་རེད།
བོད་ཡིག་ལ་བར་སྟོང་འཇོག་དགོས་པར་འདོད་པ་དེ། ཐོག་མར་གང་ནས་བྱུང་བ་རེད་ཟེར་ན། བུ་མོ་མོ་རང་གིས་བོད་ཀྱི་ཡི་གེ་དེ་ཙམ་ཤེས་མེད་པའི་དབང་གིས་བྱུང་བ་རེད། མོ་རང་གིས་བོད་ཡིག་བོད་སྐད་ཆུ་ཚད་ཞན་པའི་དབང་གིས་རེད། དེ་ནི་ད་དུང་བོད་སྐད་ལའང་ཚོར་སྐྱེན་པའི་ཉམས་མྱོང་དང་ཤེས་བྱ་མེད་པའི་ལན་པ་རེད། བོད་ཡིག་ལ་བར་སྟོང་ཞིག་འཇོག་པ་དེ་ནི་ཐོག་མར་ཡི་གེ་སློབ་སྐབས་ཀྱི་བྱ་བ་ཞིག་ལས་བོད་ཡིག་བོད་སྐད་ཤེས་ཟིན་པ་ཞིག་ལ་དཀའ་ངལ་དེ་གཏན་ནས་ཡོད་ནི་མ་རེད། དེས་ན་བར་སྟོང་འཇོག་དགོས་པར་འདོད་པ་ནི་དགོས་མེད་ཉག་གཅིག་གོ
ཚེག་ཆུང་ གིས་ མིང་ཚིག་ ཕན་ཚུན་ མི་འདྲེས་པར་ ཕན་པ་ ཙམ་ལས་ མིང་ཚིག་ གིས་ དོན་སྟོན་པ་ དང་ མིང་ཚིག་ ཕན་ཚུན་ སྦྱར་ནས་ དོན་སྟོན་པར་ ཕན་ཐོགས་ ཅང་ མེད་པས། མཁའ་དབུགས་གསར་བའི་ ཁ་ ལ་ རྡོ་རྗེ་ བཞག་པ་ཡིན།
ང་ན་ཚ་མེད། ང་ཤི་རོ་བྲག་ཕུག་ཏུ་ཡོད།
བར་སྟོང་མེད་པའི་འབྲི་སྟངས་ལ་བསླབས་པའི་སློབ་གྲྭ་པ་ཞིག་གིས་བཀླགས་པ་་་་་་་་
ང་ན་ ཚ་མེད། ང་ཤི་ རོ་བྲག་ཕུག་ཏུ་ཡོད།
བར་སྟོང་ཅན་གྱི་འབྲི་སྟངས་བསླབས་པའི་སློབ་གྲྭ་པ་ཞིག་གིས་བཀླགས་པ་་་་་་་་་
ང་ ན་ཚ་ མེད། ང་ ཤི་རོ་ བྲག་ཕུག་ ཏུ་ ཡོད།
བོད་ཡིག་ལ་མིང་བརྡ་དབར་དུ་བར་སྟོང་འཇོག་དགོས་ཟེར་བ་ནི་དགོད་བྲོ་བའི་ལྟ་བ་ཞིག་རེད། སྤྱིར་ན་དབྱིན་ཡིག་ལྟ་བུ་ལ་མཚོན་ན་བར་སྟོང་ཡོད་པ་ལྡན་ཡང་། བོད་ཡིག་ལ་ཚེག་ཆུང་ཡོད་པ་འདིའི་དབྱིན་ཡིག་གི་བར་སྟོང་གི་དགེ་མཚན་དང་གཅིག་འདྲ་ཡིན་པ་རེད། ཡིན་ཡང་བོད་ཡིག་ལ་འགྱུར་བ་དགོས་མི་དགོས་ཟེར་ན་དེ་ཡང་ཅུང་ཨུ་ཚིགས་ཀྱི་ལྟ་བ་ཞིག་རེད། བོད་ཡིག་གི་ཕལ་སྐད་དང་ཡིག་སྐད་དབར་ན་བར་ཁྱད་ཆེན་པོ་ཡོད་པས་ཡིག་ནོར་དང་བརྡ་སྤྲོད་ཐད་ནོར་འཆུག་འབྱུང་བའི་རྐྱེན་གཙོ་བོརགྱུར་ཡོད་པར་འདོད། ལྷག་པར་དུ་བོད་ཕྱི་ནང་གི་ཕལ་སྐད་ཁྲོད་ཀྱི་ཕྱི་སྐད་བསྲེས་མ་དེ་མྱུར་དུ་ཡོ་བསྲང་དང་གཅིག་གྱུར། ལེགས་བཅོས་སོགས་བྱེད་དགོས་པར་གནང་། དེ་བས་བོད་ཀྱི་ཆབ་སྲིད་ཐད་ནས་གནས་སྐབས་སུ་གཞི་བྱེས་གཉིས་ཀྱི་མཁས་དབང་དང་ཆབ་སྲིད་པ་ཚོར་བགྲོ་གླེང་བྱེད་པའི་གོ་སྐབས་ཐོབ་དཀའ་ཡང་། སྐད་བརྡ་རིག་པའི་མཁས་དབང་ཚོ་གཞི་གཅིག་ཏུ་འཛོམས་ནས་སྐད་བརྡ་གཅིག་གྱུར་ཐད་བགྲོ་གླེང་ཞིག་བྱེད་པའི་གོ་སྐབས་ཞིག་བརྩོན་ལེན་བྱེད་དགོས་པར་འདོད།
བོད་ཡིག་ལ་མིང་བརྡ་དབར་དུ་བར་སྟོང་འཇོག་དགོས་ཟེར་བ་ནི་དགོད་བྲོ་བའི་ལྟ་བ་ཞིག་རེད། སྤྱིར་ན་དབྱིན་ཡིག་ལྟ་བུ་ལ་མཚོན་ན་བར་སྟོང་ཡོད་པ་ལྡན་ཡང་། བོད་ཡིག་ལ་ཚེག་ཆུང་ཡོད་པ་འདིའི་དབྱིན་ཡིག་གི་བར་སྟོང་གི་དགེ་མཚན་དང་གཅིག་འདྲ་ཡིན་པ་རེད། ཡིན་ཡང་བོད་ཡིག་ལ་འགྱུར་བ་དགོས་མི་དགོས་ཟེར་ན་དེ་ཡང་ཅུང་ཨུ་ཚིགས་ཀྱི་ལྟ་བ་ཞིག་རེད། བོད་ཡིག་གི་ཕལ་སྐད་དང་ཡིག་སྐད་དབར་ན་བར་ཁྱད་ཆེན་པོ་ཡོད་པས་ཡིག་ནོར་དང་བརྡ་སྤྲོད་ཐད་ནོར་འཆུག་འབྱུང་བའི་རྐྱེན་གཙོ་བོརགྱུར་ཡོད་པར་འདོད། ལྷག་པར་དུ་བོད་ཕྱི་ནང་གི་ཕལ་སྐད་ཁྲོད་ཀྱི་ཕྱི་སྐད་བསྲེས་མ་དེ་མྱུར་དུ་ཡོ་བསྲང་དང་གཅིག་གྱུར། ལེགས་བཅོས་སོགས་བྱེད་དགོས་པར་གནང་། དེ་བས་བོད་ཀྱི་ཆབ་སྲིད་ཐད་ནས་གཞི་བྱེས་གཉིས་ཀྱི་སྐད་བརྡ་རིག་པའི་མཁས་དབང་ཚོ་གཞི་གཅིག་ཏུ་འཛོམས་ནས་སྐད་བརྡ་གཅིག་གྱུར་ཐད་བགྲོ་གླེང་ཞིག་བྱེད་ཐུབ་ན་བཟང་གི་འདོད།
ཁྱོད་ཚོའི་ ཁྲོད་ཀྱི་ འགའ་རེ་ མགོ་ཚོས་འདུག འགའ་རེས་ ད་དུང་ ཨུ་ཚུགས་ རྒྱག་རྩིས་རེད། ཅིའི་ཕྱིར་ བོད་ཡིག་ ལ་ རྒྱ་ཡིག་ དང་ དབྱིན་ཡིག་ ལ་ མེད་པའི་ ཚེག་ དེ་ འཇོག་དགོས་ བྱུང་བ་རེད། རྒྱུ་མཚན་ནི་ བོད་ཡིག་ འདི་ལ་ མགོ་ཉོག་ས་ མང་བས་ སློབ་དཔོན་ ཐོན་མི་ ཤེས་རབ་ཅན་ དེས་ ཚེག་ འབྲི་བའི་ གསར་བཏོད་ ཅིག་ བྱས་པ་ རེད། གཞན་ལ་ མེད་པའི་ ཚེག་འདི་ ལ་ བསམ་བློ་ ཞིག་ ཐོངས་དང་། དེ་ནས་ གཞན་ལ་ ཡོད་པའི་ བར་སྟོང་ དེ་ཡང་ དགོས་གལ་ ཆེ་བ་ དེ་ ཤེས་ཐུབ་ཀི་རེད།
ཐོག་མར་ཧ་གོ་དགོས་པ་ནི་། བོད་ཡིག་ལ་ཡར་རྒྱས་གཏང་རུང་བ་ཡིན་། འོང་ཀྱང་ཡར་རྒྱས་ཀྱི་བསམ་ཚུལ་དེ་ནི་། བོད་ཀྱི་བརྡ་སྤྲོད་གནས་ལ་བྱང་བའི་
མཁས་པའི་དཀྱིལ་ནས་ཡོང་དགོས་པ་ལས། བོད་ཀྱི་བརྡ་སྤྲོད་ཕར་ཞོག་ཐ་ན་ཡི་གེ་འབྲི་ཀློག་དང་སྐད་ཆ་བཤད་རྒྱུ་ལ་དཀའ་ངལ་ཡོད་མཁན་དག་གིས་
བོད་ཡིག་ལ་སྐྱོན་བརྗོད་པ་ནི་འོས་འཚམས་ཤིག་མིན། དེ་དག་ནི་སོ་སོའི་ཤེས་ཚད་ཀྱིས་མ་འདང་པའི་སྐྱོན་ལས་བོད་ཡིག་ལ་ཡོད་པའི་སྐྱོན་ཞིག་ག་ལ་ཡིན།
བསམ་ཚུལ་སྟོན་མཁན་བསྟན་འཛིན་བདེ་སྐྱིད་དང་ཁང་གི་རྒྱབ་སྐྱོར་རྣམས་ལ་ཞུ་རྒྱུ།
དང་པོ།
དམའ་རིམ་སློབ་གྲྭ་དང་བོད་ཡིག་གི་ཤེས་ཚད་དམའ་བའི་ཆེད་དུ་བོད་ཡིག་ལ་བཅོས་སྒྱུར་བྱེད་དགོས་ན་། ད་ནི་ལ་དོན་བདུན་ནས་གཅིག་དང་འབྲེལ་
སྒྲ་ལྔ་ནས་གཅིག་མ་གཏོགས་མེད་པ་བཟོ་དགོས། གང་ཡིན་ཟེར་ན་། དེ་དག་གི་སྒྲ་དང་དོན་གྱི་འཇུག་ཚུལ་ཐད་ཀྱིས་བོད་ཡིག་གི་ཤེས་ཚད་སྐྱོ་བ་རྣམས་ལ་
དཀའ་ངལ་བཟོ་གི་ཡོད། ད་དུང་མང་པོ་ཡོད།
གཉིས་པ།
གལ་སྲིད་(ཁང་སར་རྡོ་རྗེས་)བཤད་པའི་ཀློག་ཉེས་པའི་སྐྱོན་དག་ནི་བདེན་ཡང་། མི་ལ་བོད་ཡིག་གི་ཤེས་ཚད་ཞན་པའི་སྐྱོན་ཁོ་ན་ལས་བོད་ཡིག་ལ་ཡོད་པའི་སྐྱོན་ཞིག་སྒྲུབ་
མི་ཐུབ། ལར་ནི་སྤྱི་ཚོགས་ནང་གི་བཤེད་ཡམས་ཡོད་ཚད་བསྒྲུགས་ནས་རིག་པའི་གཞུང་ལ་སྐྱོན་འཛུག་རྒྱུ་དེ་རྒྱུ་མཚན་ཡང་དག་ཞིག་མ་མཐོང་། མི་ཁ་བདེ་
པོས་བཟོས་པའི་ལབ་གླེང་ཐ་ཡས་པ་ཞིག་སྤྱི་ཚོགས་ནང་ལ་ཡོད། དེ་དག་ནི་ཁུངས་གཏུགས་སའི་མཁས་པའི་ལེགས་བཤད་ཤིག་ལ་ངོས་འཛིན་བྱེད་ན་།
འཇིག་རྟེན་འདིར་མཁས་དང་མི་མཁས་ཀྱི་ཁྱད་པར་གང་གིས་འབྱེད།
གསུམ་པ།
སྔར་རྒྱལ་ཁབ་མང་པོའི་ཡི་གེ་འབྱར་བའི་ཡི་གེ་ཡིན་ཡང་། དེ་དག་སྔ་ས་ནས་ཁ་ཕྲལ་ཚུལ་དང་། བོད་ཡིག་འདི་ད་དུང་འབྱར་ནས་སྡད་ཡོད་པས། འདི་ཁ་མ་ཕྲལ་ན་རྗེས་ལུས་ཆེན་པོ་རེད་ཅེས་བཤད་ཡོད། འོང་ཀྱང་བོད་ཡིག་གི་ཚེག་རེ་རེའི་བར་ལ་བར་སྟོང་རེ་དང་།
བར་སྟོང་རེ་ལ་ཚག་རེ་དུས་རབས་བདུན་པ་ནས་བཟོས་འདུག་པས། འདི་འབྱར་བའི་ཡི་གེ་དང་རྗེས་ལུས་ཀྱི་ཡི་གེ་བཤད་མཁན་དག་ལ་རྒྱུ་མཚན་གྱིས་
སྟོང་པའི་བསམ་ཚུལ་ཞིག་ལས་གཞན་མེད་པ་གསལ་པོ་རེད།
རྒྱུ་མཚན་དཔང་པོར་བཞག་པའི་གྲོས་ར་ཞིག་ཡིན་ན།།
རྒྱུ་མཚན་དཔང་རྟཌ་འབུམ་གྱི་ལེགས་སྐྱེས་ཤིག་ཡོད་ཀྱང་།།
རང་ལྟ་མཆོག་འཛིན་ཅན་གྱི་བླུན་པོ་ཡི་ཁྲོད་དུ།།
རྒྱུ་མཚན་འདི་དང་གཞན་རྣམསའགྲོ་ས་ཞིག་མི་འདུག །
གོ་ཤེས་ཉན་ཤེས་ཅན་གྱི་གྲོགས་པོ་ཞིག་ཡིན་ན།།
བརྡ་དང་རྟགས་ཙམ་བསྟན་པས་གོ་བརྡ་དེ་འཕྲོད་ཀྱང་།།
སེམས་དང་སེམས་ཐག་རིང་བའི་དྲྭ་རོགས་ཀྱི་ནང་དུ།།
ཕན་ཚུན་དག་པ་སྟེར་བའི་གོ་སྐབས་དེ་མི་འདུག །
གོ་ཡང་མ་གོ་མདོག་མདོག་ཁྲམ་པ་ཡི་གཤིས་ཀ།།
མདའ་སྐད་གླིང་སྒྱུར་ལ་གོམས་སྨྱོན་པ་ཡི་བྱ་སྤྱོད།།
འདི་དག་གང་ལ་བསམས་ཀྱང་རིག་པ་ཡི་ནོར་བུ།།
འབུལ་འོས་གྲོགས་ཤིག་འདི་ན་སུ་གང་ཡང་མི་འདུག །
ཞེས་པ་ནི་ཁང་གསར་རྒད་པོ་ཞེ་བསུན་པའི་མུ་ཅོར་རོ།།
བཀྲ་མི་ཤིས་བ་དགུ།
༡ བོད་ཡིག་ལ་གཅོད་མཚམས་འཇོག་པ་དེ་ལེགས་བཅོས་ཡིན་དང་བཙོག་བཅོས་ཡིན་ཞིབ་འཇུག་མ་བྱས་བའི་སྔོན་ལ་ཀུན་གླེང་ཚང་གིས་བོད་ཡིག་ལེགས་བཅོས་ཞེས་ཐག་བཅད་པ་དེ་བཀྲ་མི་ཤིས་བ་དང་པོ་དེ་རེད།
༢ གླེང་དགོས་རྒྱུའི་རྩ་དོན་མ་གླེང་བར་ཞི་མོ་ལོ་ཆུང་ཞིག་གི་རྩོམ་དེ་བརྗོད་གཞིར་བཟུང་ནས་འུར་བསླངས་བ་དེ་བཀྲ་མི་ཤིས་བ་གཉིས་པ་དེ་རེད།
༣ བོད་མི་འབུམ་དྲུག་བརྒྱ་ལྷག་ལ་དཀའ་མེད་འཕྲད་ཀྱི་མེད་པ་ཞིག་ནུབ་ཕྱོགས་སུ་འཚར་ལོངས་བྱུང་བའི་བོད་ཀྱི་གཞོན་ནུ་སྒྱུད་ལུགས་པ་འགར་འཕྲད་བཞིན་པ་དེ་བཀྲ་མི་ཤིས་བ་གསུམ་པ་དེ་རེད།
༤ བོད་ཀྱི་སྐད་ཡིག་ལ་བསླབ་པ་སློབ་གཉེར་མ་གནང་བར་མ་ཟད་ཐ་ན་བོད་ཡིག་ྐློག་ཀྱང་མི་ཐུབ་མཁན་ཞིག་གིས་བོད་ཀྱི་སྐད་ཡིག་ལ་ལེགས་བཅོས་གཏོང་དགོས་ཚུལ་གླེང་ན་དེ་ནི་བཀྲ་མི་ཤིས་བ་དང་ཐན་ལྟས་རེད་གཉིས་འཛོམས་རེད།
༥ སྔ་རབས་ལོ་རྒྱུས་སུ་ལོ་ཙ་བ་ཚོས་གསེར་རྡོག་རྡོག་ལྟ་བུའི་བསམ་ཚུལ་བཏོན་ནས་བོད་ཀྱི་སྐད་ཡིག་ལ་བཀས་བཅད་རིམ་པ་མང་པོ་གནང་། དེང་སྙིགས་མའི་དུས་སུ་བོད་ཡིག་འབྲི་ྐློག་མི་ཤེས་མཁན་ཚོས་བོད་ཀྱི་སྐད་ཡིག་ལ་གཅོད་མཚམས་འཇོག་དགོས་དང་ལེགས་བཅོས་གཏོང་དགོས་ཟེར་བ་དེ་བཀྲ་མི་ཤིས་བ་ལྔ་བ་དེ་རེད།
༦ བོད་ཡིག་ལ་འབྲི་ྐློག་ཉན་བཤད་ཙམ་ཡང་མ་བྱས་བར་དེ་ལ་ལེགས་བཅོས་གཏོང་དགོས་ལབ་ན་དེ་བཀྲ་མི་ཤིས་བ་དྲུག་པ་དེ་རེད།
༧ ཕ་རྒན་བོད་ཡིག་ྐློག་མཁན་དང་འབྲི་མཁན། དེབ་ཐུབ་བརྩམས་མཁན་ཞིག་ལ་བུ་མོ་བོད་ཡིག་ྐློག་མི་ཤེས་མཁན་ཞིག་འཁྲུངས་བ་དེ་བཀྲ་མི་ཤིས་བ་བདུན་པ་དེ་རེད།
༨ ཟིན་བྲིས་འདི་སྤེལ་མཁན་བུ་ཆུང་ཚེ་རིང་ཞུ་བས་བལྟ་ཉན་ཡག་པོ་མ་བྱས་བར་། ཁ་ནས་གང་བྱུང་དུ་བསོད་ནམས་རྒྱལ་མཚན་ལགས་ནས་འགྱུར་བ་དེ་འདྲ་གཏོང་དགོས་ཀྱི་འདུག་གསུངས་བ་དེ་ནི་སྔར་སྲོལ་འགྲོ་ལུགས་གཞིར་བཞག་ནས་གསུངས་ཡོད་འདུག་ཞེས་མུན་ནག་མདའ་འཕེན་གྱིས་སྐད་ཆ་བཤད་བཞིན་པ་འདི་བཀྲ་མི་ཤིས་བ་བརྒྱད་པ་དེ་རེད།
༩ ཀུན་གླེང་ཚང་གིས་བཀྲ་མི་ཤིས་བའི་ལས་བརྩམས་པ་དེར་བོད་པ་ཚོ་འུར་ལངས་ནས་འདྲོགས་བཞིན་པ་འདི་བཀྲ་མི་ཤིས་བ་དགུ་བ་དེ་རེད།
སྤྱིར་འཛམ་གླིང་གི་སྐད་ཡིག་ཐམས་ཅད་དགོས་གལ་དང་བསྟུན་པའི་སྒོ་ནས་བཅོས་བསྒྱུར་སྣ་ཚོགས་ཞིག་བཏངས་དང་གཏོང་ཡོད། དེ་བཞིན་བོད་ཡིག་འདི་ཡང་གསར་བཅད་ཐེང་གསུམ་གྱི་སྒོ་ནས་བྱས་ཟིན། མ་ཟད་མ་འོངས་པ་ལའང་་འདི་ལ་འགྱུར་གཏོང་དགོས་པའི་དུས་སྐབས་ཞིག་ལ་སླེབ་ན་གཏོང་ཆོག་ལ་གཏོང་ཡང་དགོས།
འོན་ཀྱང་བཟོ་བཅོས་རྒྱག་མཁན་དེ་ནི། སྤྱིར་བརྡ་སྤྲོད་ཀྱི་གཞུང་ལུགས་ལ་མཁས་པ། ལྷག་པར་དུ་བོད་རང་གི་སུམ་རྟགས་དག་གསུམ་བྱང་ཆུབ་པ། མ་ཟད་མདོ་དབུས་ཁམས་གསུམ་གྱི་ཁ་སྐད་ལ་རྗེས་ལོན་གཤེས་བྱིན་པ། དེ་ལྟ་བུའི་ཆ་སྐྱེན་དང་ལྡན་པའི་མདོ་དབུས་ཁམས་གསུམ་གྱི་མཁས་དབང་མཉམ་འཛོམ་ཞིག་གིས་བཟོ་བཅོས་ཞིག་དགོས་ཚེ་བྱེད་སྲིད།
དེ་མིན་གོང་གི་ཆ་སྐྱེན་རྣམས་ཕར་ཞོག ཐ་ན་ནམ་རྒྱུན་གྱི་ཐ་རྙད་ཆ་ཚང་ཞིག་ཀྱང་བོད་སྐད་ཐོག་ནས་བཤད་མི་ཤེས་པར་ཧིན་བོད་དབྱིན་གསུམ་ཉ་ཉོག་དུ་བསྲེས་ཞིང་། ད་དུང་ཡང་ཧམ་པ་རི་ལས་མཐོ་ལ་བླུན་སྐད་འབྲུག་ལས་ཀྱང་འུར་སྒྲ་ཆེན་པོ་སྒྲོགས་སྐབས། དེ་དང་རིགས་གཅིག་པའི་བླུན་པོ་རྣམས་མཉམ་དུ་འུར་རྒྱག་འདི་ནི། ས་སྐྱའི་ལེགས་བཤད་ལས། ཁྱི་རྒན་ཀུ་ཅོ་འདོན་པ་ལ། རྒྱུ་མཚན་མེད་པར་གཞན་དག་རྒྱུགས། ཅེས་གསུངས་པ་དང་མཚུངས།
འདིར་བོད་ཡིག་ཚིགས་རེ་རེའི་བར་ལ་སྟོང་པ་རེ་རེ་བཞག་ན་ཀློག་བསླ་བར་འདོད་པ་འདི་ནི། བོད་མི་ཡུར་གྱར་བ་ཚོའི་བོད་སྐད་ཡག་པོ་ཤེས་ཀྱིན་མེད་པའི་རྟགས་གསལ་བོ་རེད། གལ་སྲིད་ཁྱེད་ཚོས་འདི་ལྟར་བྲིས་ནའང་སྐ་ངལ་དེ་སེལ་མི་སྲིད། ༼ བོད་ཡིག་ ལེགས་བཅོས་ ཀྱི་ བགྲོ་གླེང་ ལ་ བལྟས་རྗེས ༽
ད་དུང་ཡང་ཚིག་འཐོར་འདི་རྣམས་ཀྱི་བཅད་འཚམས་མི་ཤེས། དཔེར་ན་༼ བགྲོ་གླེང་ ལ བལྟས་རྗེས༽ཁྱེད་ཀྱིས་བོད་སྐད་མ་ཤེས་ན་ ལ་ དེ་གོང་འོག་གང་དུ་བ་སྦྱར་དགོས་ད་དུང་ཡང་མི་གསལ། འདི་ནི་བོད་སྐད་མ་ཤེས་པའི་སྐྱོད་རེད་མ་གཏོགས་བོད་ཡིག་གི་སྐྱོན་མ་རེད།
ད་ཐེངས་དྲ་གྲོགས་ཁང་གསར་ལགས་ཀྱིས་དཔེ་དྲངས་བའི་༼ཚོས་ཅི་༽དང་༼བྱས་ཐམས་༽སོགས་བོད་ཡིག་ཚིག་མཛོད་ནང་ཇི་ལྟར་བཙལ་ཟེར་བ་འདི་ཅུང་ཐལ་ཆེ་བའི་སྐད་ཆ་ཞིག་རེད། བོད་ཡིག་སྦྱངས་སྐབས་ལས་དང་པོ་བ་རྣམས་ལ་ཚིག་མཛོད་གཅིག་བུ་མ་ཡིན་པར་བློར་ངོར་འཛིན་བདེ་བའི་ཆེད་ཚིགས་སུ་བཅད་པའི་དག་ཡིག་དཔེར་ན་དག་ཡིག་ཤེས་བྱ་རབ་གསལ་ལྟ་བུ་དང་། ཐ་ན་དེང་སང་གི་སློབ་ཆུང་དག་ཡིག་ལྟ་བུ་ཡོད་པ་འདི་ནུབ་ཕྱོགས་པའི་སྐད་ཡིག་ནང་མཐོང་རྒྱུ་མི་འདུག་པས། འདི་ལྟ་བུའི་རྨང་གཞིའི་དག་ཆའི་སྐོར་གྱི་བོད་ཡིག་གི་ཤེས་ཚད་ཡོད་ན་གོང་ཕྲད་དང་མིང་ཚིག་གི་ཕྱེད་མཉམ་སྦྱར་བྱས་ནས་ཚིག་མཛོད་ནང་བཙལ་མི་སྲིད་ལ། གལ་སྲིད་ང་ཚོས་བཙལ་བྱོལ་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་བསྟུན་ནས་བོད་ཀྱི་སྐད་ཡིག་ལ་བཅོས་བསྒྱུར་ཞིག་གཏོང་དགོས་ན། མིང་ཚིག་ཀྱང་མང་བོ་ཞིག་མི་དགོས་བར་གཏོང་དགོས། བཙན་བྱོལ་དུ་འཚར་ལོངས་བྱུང་བའི་བྱིས་བ་ཚོས་ལྕི་བ་དང་རིལ་མ་སོགས་ལ་ཡང་སྐྱག་པ་ཟེར་བས་དཔེར་ན༼་བ་ཇོ་ཡི་སྐྱག་པ་༽འདི་ལྟ་བུའི་མིང་ཚིག་ཚང་མ་ཚིག་མཛོད་ཁག་ནས་བསུབ་དགོས་བ་བྱུང་གི་རེད།
ངས་སློབ་གྲྭ་ཁག་ཏུ་འཛིན་ གྲྭ་དྲུག་པ་བར་གྱི་སློབ་དེབ་ཚོའི་ནང་དུ་མིང་ཚིག་དང་ཚིག་ཕྲད་སོགས་ལ་བར་སྟོང་ འཇོག་དགོས་ཀྱི་འདུག དེ་ནས་བར་སྟོང་མེད་པ་དེས་འགྲིག་གི་རེད་བསམས་སོང་། ཚགས་པར་སོགས་ཡིན་ན་ཡང་ཤེས་ཡོན་དེ་ཙམ་མེད་པའི་རིགས་ལ་དམིགས་ནས་བར་སྟོང་ཡོད་ པ་ཞིག་པར་སྐྲུན་བྱེད་ཐུབ་ན་ལེགས་པོ་འདུག ལོ་མང་སྔོན་ངའི་གྲོགས་པོ་ཝར་ན་ནས་སློབ་མཐར་ཕྱིན་པ་ཞིག་ཡོད་པ་དེས་ག་དུས་ཡིན་ ཡང་ཡི་གེ་བར་སྟོང་ཡོད་པ་འདི་འབྲི་གི་རེད། ཁོང་གིས་འདི་ནི་ཀློག་བདེ་བ་དང་གོ་བདེ་བ་གཉིས་ཀའི་ཁྱད་ཆོས་ཡོད་པ་ཞིག་ཡིན་ ཟེར་གིན་འདུག ང་ཚོས་དང་པོར་སྦྱོར་ཀློག་བསླབས། དེ་ནས་ཐད་ཀློག་སློབ་པ་འདིས་ཀྱང་ལས་དང་པོ་བ་ཚོར་ཀློག་སྟངས་ཤིག་ཟུར་དུ་དགོས་པ་ཞིག་ལོ་ངོ་གཅིག་སྟོང་གི་སྔོན་ནས་བསྟན་མི་འདུག་གམ། དེ་ནས་ད་དུང་གནད་འགག་གཞན་ཞིག་ཡོད་པ་ནི། འཛིན་གྲྭ་དམའ་བོ་ཚོར་སུམ་རྟགས་སློབ་དུས་ཡི་གེ་ཚོན་མདོག་ཅན་སློབ་དགོས་ཀྱི་ འདུག མིང་གི་རིགས་ནག་པོ། ཚིག་གི་རིགས་སྔོན་པོ། ཚིག་ཕྲད་ཀྱི་རིགས་དམར་པོ་སོགས་བྱས་ན་ཡི་གེའི་ངོ་བོ་ལས་སླ་བོར་ངོས་ཟིན་པའི་ དགེ་མཚན་འདུག འདི་ནི་དབྱིན་ཇིའི་འཛིན་གྲྭར་བེད་སྤྱོད་བྱེད་ཀིན་འདུག བསོད་ནམས་རྒྱལ་མཚན་གྱིས་བོད་ཡིག་ལ་བར་སྟོང་མི་དགོས་པའི་སྒྲུབ་བྱེད་དུ་རྒྱ་ཡིག་དྲངས་པ་ནི་མི་ཤེས་པའི་སྐད་ཆ་སྟེ། བོད་ཡིག་གི་དམར་པོ་ཞེས་པའི་པོ་དེ་ལ་ཚིག་གྲོགས་མེད་ན་དོན་ཅི་ཡང་སྟོན་མི་ཐུབ་པས། འདི་ཡིས་རྒྱ་ཡིག་གི་ཚིག་རེས་དོན་རེ་སྟོན་པ་དང་དཔེ་མཚུངས་སུ་ཇི་ལྟར་འགྲོ
བོད་ཡིག་ལེགས་བཅོས་ཐད་ལ་ད་དུང་རྒྱུ་མཚན་ཡོད་ན་བཤད་།
རྭ་རྒྱ་བློ་དབང་ལགས། ཡི་རངས་ཞེས་པ་དེ་ཡི་རང་ལ་བཅོས་ན་འགྲིག་གམ།
དྲ་གྲོགས་རྭ་རྒྱ་བློ་དབང་ལགས། བཅོས་མི་དགོས་པ་མིན་ཡང་བདག་གིས་མ་ཤེས་པ་ཡིན་པས་སྐུ་ཉིད་ཀྱིས་བཅོས་རོགས་ཞུ་རྒྱུ་ཡིན། དུས་ལྟར་ཡོ་བསྲང་བྱ་རོགས།
མི་རྐྱང་ལགས་ཀྱིས་བསམ་དཀར་ལ་རྗེས་སུ་ཡི་རངས་ཞུ།
མི་རྐྱང་ལགས། གཅོག་མཚམས་གཅིག་བུ་མ་གཏོགས་བཅོས་མི་དགོས་སམ།
གཅོག་མཚམས་ཀྱི་དབང་གིས་ཞེས་པ་གཅོད་མཚམས་ཀྱི་དབང་གིས་ཞེས་བཅོས་རོགས།
དྲ་གྲོགས་ཁང་རྡོར་ལགས་ཀྱིས་བཀོད་པའི་དཔེ་མཚོན་སྟེ། ༼གཡག་ལྔ་གར་ཤི་སོང་༽སོགས་ནི་དག་ཐོབ་སོགས་མ་ཤེས་པས་ལན་ནི་རེད་མ་གཏོགས་གཅོད་མཚམས་ཀྱི་སྐྱོན་རེད་ཅི་ལྟར་བསམ་གཞིག་བྱས་ཀྱང་མི་འདོད། ད་དུང་བོད་ཡིག་ལ་ཆེས་ཉེན་ཁ་ཞིག་འཕྲད་དང་འཕྲད་བཞིན་ཡོད་པ་ནི་བྱེད་འབྲེལ་གྱི་ཁྱད་པར་དང་བྱ་ཚིག་བེད་སྤྱོད་གཏོང་སྟངས་འདི་རེད་སྙམ། རང་ཉིད་ཐེ་བའི་མང་པོ་ཞིག་གིས་བྱ་ཚིག་གི་དུས་གསུམ་གྱི་ཁྱད་པར་དང་བྱེད་འབྲེལ་གྱི་བཀོལ་སྟངས་ཏེ་ཧ་ཅང་དོ་སྣང་བྱེད་ཀྱིན་མི་འདུག འདི་ནི་བོད་ཡིག་ཅུང་ཤེས་པའི་མི་བུ་ཞིག་གིས་བཀླག་ཚེ་དོན་ལ་གོ་འཛོལ་ཤོར་ཉེན་ཆེ་བའི་སྣང་ཆུང་བྱས་པའི་མཇུག་འབྲས་ཤིག་ཡིན་ཕྱིར་ཅི་ཐུབ་ཀྱིས་ཐུགས་ལ་འཛིན་རྒྱུ་གལ། མུ་མཐུད་དུ་བགྲོ་གླེང་བྱེད་བཞིན་ཡིག་ནོར་ལ་སྤྱན་དཀྱུས་རེ་གཡོ་རོགས་ཞུ།
དྲ་གྲོགས་རྣམ་པས་བོད་ཡིག་ལེགས་བཅོས་སྐོར་བགྲོ་གླེང་བྱེད་བཞིན་ཡོད་པ་འདི་ལ་བསམ་ན་དགའ་ནི་ཞིག་རེད་མོད། ཡིག་ནོར་དང་བཏགས་ནོར་མང་པོ་རིག་ན་སྐྱོ་ནི་ཞིག་ཀྱང་རེད། ང་ཚོས་རང་ཉིད་ནས་འགོ་བརྩམ་སྟེ་བོད་ཡིག་འདི་ཕུན་སུམ་ཚོགས་པོ་ཞིག་དང་བེད་སྤྱོད་ཡོད་པ་ཞིག བོད་ཡིག་ཤེས་མཁན་སུ་ཡིས་བལྟས་ཀྱང་དོན་སྟོན་ནུས་པ་ཞིག་བྱ་རྒྱུ་ནི་ཇི་འདྲའི་གལ་ཆེ་བ་ལ་ཨང་།
དབྱིན་ཡིག་སོགས་གཞན་གྱི་ཡི་གེ་དེ་དག་ཇི་འདྲའི་ཁྱབ་རྒྱ་ཆེ་ཡང་རུང་། ང་ལྟ་བུའི་དབྱིན་ཡིག་མི་ཤེས་མཁན་ཞིག་གིས་ནམ་རྒྱུན་ཚིག་མཛོད་སོགས་ལས་ཇི་ལྟར་བཙལ་ནའང་སྒྲ་གདངས་དང་གཅོད་མཚམས་ངེས་པར་དཀའ་ལ། དེ་ནི་རང་ཉིད་ལན་པ་མ་གཏོགས་ཡིག་རིགས་དེ་དག་དཀའ་དྲགས་པ་ཨེ་ཡིན་སྙམ། བོད་སྐད་ཤེས་ཤིང་བོད་ཡིག་ཀློག་ཤེས་མཁན་ཞིག་ཡིན་ན་བརྡ་དག་སོགས་མི་ཤེས་པར་དཀའ་ཁག་ཡོད་སྲིད་པ་ལས་གཞན་གཅོད་མཚམས་མི་ཤེས་པའི་དཀའ་ངལ་ཞིག་ཡོད་པར་མི་མཐོང་། གལ་སྲིད་ཕྱིའི་རྒྱལ་ཁབ་ཁག་ནས་འཚར་ལོངས་བྱུང་དང་འབྱུང་བཞིན་པའི་གཞོན་སྐྱེས་དག་ལ་བོད་ཡིག་ཀློག་མི་བདེ་བའི་དཀའ་ངལ་ཞིག་འཕྲད་ཀྱིན་ཡོད་སྲིད་ནའང་། དེ་ནི་རང་ཉིད་ཀྱིས་བོད་སྐད་མ་ཤེས་པས་བོད་ཡིག་ཀློག་མ་བདེ་བ་ལས་བོད་ཡིག་འདིའི་གཅོག་མཚམས་ཀྱི་དབང་གིས་རེད་ནམ་ཡང་འདོད་མི་ཐུབ།
ཀུན་གླེང་གིས་བོད་ཡིག་ལེགས་བཅོས་ཀྱི་བགྲོ་གླེང་ཞེས་ལབ་པ་དེ་ཧ་ཅང་བྱབ་ཆུང་གི་སྐད་ཆ་རེད། བགྲོ་གླེང་བྱེད་སའི་བུ་མོས་བོད་སྐད་དང་བོད་ཡིག་ཡག་པོ་ཤེས་བཟོ་མི་འདུག། བོད་ཡིག་བྲི་ཀློག་ཡག་པོ་མིཤེས་པས་བོད་ཡིག་ལེགས་བཅོས་ཀྱི་བསམ་ཚུལ་ག་འདྲ་བྱེད་བཤད་དགོས་རེད་ བསམ་བློ་ཡག་པོ་གཏང་རོགས།
ལས་ཀ་བྱེད་སྟངས་འདི་ལ་བསམ་ན། ཀུན་གླེང་གི་ལས་མིས་བོད་ཡིག་གི་གནས་ཚད་ཧ་གོ་ཨེ་ཡོ་དྲན།