མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེའི་དགྲ་བོ། ཨ་རིག་དགེ་མཐོང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

 

                                                                                                                རྩོམ་པ་པོ་་ཨ་རིག་དགེ་མཐོང་།
ཁ་བྱང་གི་འགྲེལ།  དེང་སྐབས་འཛམ་གླིང་ཁྱོན་ཡོངས་ཞི་བདེ་ལ་ཁ་ཕྱོགས་ཡོད་པས། མེ་མདའ་སོགས་ཀྱི་གནོད་འཚེ་ལ་འཛེམ་དགོས་མེད། ཚིག་མདའ་འཕེན་མཁན་ཇེ་མང་ཡིན་པའི་ཆ་ནས་བཏགས་པ་ཡིན།

         སྤྱིར་བོད་ཀྱི་དབུ་ཁྲིད་ཁོང་གི་དགྲ་ལ་ཕྱི་ནང་གཉིས་ལས། ཕྱི་དགྲ་རྒྱ་ནག་གི་འགོ་གཙོ་རྣམས་ཀྱིས་༧གོང་ས་མཆོག་ལ་ཁ་བྲལ་བ་དང་ཏཱ་ལའི་རུ་ ཚོགས་ཟེར་ནས་ཁ་བཏང་བ་ནི་དམིགས་བསལ་ཞིག་ལ་ངོས་འཛིན་བྱས་ཆོག། བོད་ལྗོངས་ལྷ་སའི་ལས་བྱེད་ཁག་ཅིག་གིས་༧རྒྱལ་བ་རིན་པོ་ཆེ་ལ་མངོན་སུམ་འཛེམ་ མེད་ཀྱིས་ཁ་གཏང་བ་ནི་རྒྱ་ནག་གིས་གནོད་ཤུགས་ལ་ངོས་འཛིན་བྱེད་རྒྱུ་ཞིག་ཡོད་ མོད། རང་དབང་ལུང་བ་རྒྱ་གར་དང་ཨ་རི་ལྟ་བུའི་ནང་གི་བོད་མི་རེ་ཟུང་གིས་ཁ་གཏོང་བཞིན་པ་འདི་མ་གོ་ཁུལ་དང་མ་རིག་ཁུལ་བྱས་ནས་འདུག་སྲོལ་མེད། དེའི་ཕྱིར་ཕྲན་གྱིས་ད་ཐེངས་མདོར་བསྡུས་ཙམ་བརྗོད་འདོད་བྱུང་།
ཁ་སང་དེ་རིང་མི་བུ་སྐོར་ཞིག་གིས་༧གོང་ས་མཆོག་ལ་སྐྱོན་བརྗོད་ཐུབ་ན་དེ་ནི་བསམ་བློ་བ་དང་ཤེས་ཡོན་པར་བགྲང་གིན་འདུག  གྲོས་ཚོགས་ནང་ནས་༧གོང་ས་མཆོག་གི་བཀའ་གསུང་ལ་རྟགས་གསལ་འདྲ་བོ་གཏོང་གི  བཀའ་ཟེར་བ་འདི་ལ་མདོ་དང་རྒྱ་གཞུང་ན་གསུམ་གསུངས་ཡོད་པ་གོ་མ་མྱོང་བ་འདྲ། མི་མང་གིས་ཐག་བཅད་ཐུགས་ཡེ་ཤེས་དབྱིངས་དཔྱད་ཟེར་བ་ལ་མི་ལེགས་པའི་རྣམ་འགྱུར་ཤུགས་ཆེན་སྟོན་རྒྱུ་འདུག་པ་མ་ཟད། དེ་ནི་རང་བཙན་ཁ་ལ་ཁྱེར་ནས་༧གོང་ས་མཆོག་ལ་ཁ་གཏོང་རྣམས་ཀྱི་སེམས་གཏིང་གི་རྣག་ ཁྲག་ཅིག་ཏུ་གྱུར་འདུག ངས་མཐོང་ཚུལ་དུ་ཁ་ཤས་ཤིག་གིས་ྋགོང་ས་མཆོག་གི་འོད་སྟོང་ལྡན་པའི་བཞུད་ལམ་ནག་ གསུབ་གཏོང་གི་འདུག་པ་ལྟ་བུར་ཚོར། སྤྱིར་བསམ་ཚུལ་གང་བཤད་ཀྱང་རང་དབང་རེད། ལྷག་པར་ཏུ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་བསམ་ཚུལ་འདྲ་མིན་གྱི་ཁྲོད་ནས་རྩ་བའི་ཁྲིམས་གཞི་གཏན་འབེབས་བྱུང་ན་ཡག་པོ་ཡོད་ལ། དེ་ནི་མང་གཙོའི་འགྲོ་སྟངས་ཡང་དག་པ་རེད། སྤྱི་ཚོགས་ཁྲོད་ལམ་དབུ་མ་དང་བོད་རང་བཙན་གཉིས་ཤུགས་ཆེན་གླེང་གི་འདུག འགའ་རེས་ལམ་དབུ་མ་ནི་ྋགོང་ས་མཆོག་དང་བོད་གཞུང་གི་ལངས་ཕྱོགས་ཡིན་པས་དགེ་མཚན་ ཆེ་རབས་དང༌། འགའ་རེས་བོད་རང་བཙན་དགོས་པ་གཞིས་ལུས་བོད་མིའི་འབོད་ཚིག་གིས་གསལ་ཟེར།  ངས་བལྟས་ན་བསམ་ཚུལ་འདི་གཉིས་གནས་སྐབས་དང་མཐར་ཐུག་གི་ དམིགས་ཡུལ་མི་འདྲ་བ་ཙམ་ལས་རྩ་དོན་ཐད་ནས་གཉིས་ཀ་དགོས་ཀྱིན་འདུག་སྙམ། བོད་རང་བཙན་གྱི་རྩོད་པ་ཁ་ལ་ཁྱེར་ནས་ྋགོང་ས་མཆོག་གི་རླབས་ཆེ་བའི་མཛད་འཕྲིན་ དང༌། འོད་སྟོང་འབར་བའི་བཞུད་ལམ་དེར་ནག་གསུབ་གཏོང་མཁན་འགའ་མིང་བཟུང་བྱེད་འདོད་ བྱུང་།
ལྷ་བཟང་ཚེ་རིང་གིས་༼ཐོག་དང་པོར་བཙན་བྱོལ་དུ་ཡོང་དུས་རང་ བཙན་བསམ་ནས་ཡོང་བ་རེད། དམིགས་ཡུལ་འདི་འགྱུར་བ་གཏོང་མཁན་ྋརྒྱལ་བ་རིན་པོ་ཆེ་རེད། འགྱུར་བ་བཏང་བ་འདི་ལ་ཡང་བསྐྱར་འགྱུར་བ་གཏོང་མཁན་ཡང་ྋརྒྱལ་བ་རིན་པོ་ཆེ་ཡིན་ དགོས་ཀྱི་ཡོད་པ་རེད། དེ་ཡིན་དུས་ང་རང་གི་བསམ་ཚུལ་ཡིན་ན་མཐའ་མ་ཐུག་ས་དེ་ྋརྒྱལ་བ་རིན་པོ་ཆེ་རེད་ བསམ་གྱི་ཡོད། དབང་ཚད་དང་འགན་གཉིས་ཀ་ྋརྒྱལ་བ་རིན་པོ་ཆེ་ལ་འདུག༽ ཅེས་བརྗོད་ཡོད། འདི་ལྟ་བུར་མཚོན་ན་རང་བཙན་ཟེར་བ་ཙམ་མ་ཡིན་པར། ༧གོང་ས་མཆོག་གིས་སྲིད་གཞུང་ཐད་སྒེར་གཅོད་བྱེད་ཀྱིན་ཡོད་པའི་བརྡ་འདྲ་བོ་ སྟོན་རྒྱུ་འདུག  གདོང་ཐོག་བསྟན་པའི་རྒྱལ་མཚན་ཟེར་བ་ཞིག་གིས་ཀྱང༌། བང་ཆེན་ཚགས་པར་སྟེང་༼སྤྱི་ལོ ༡༩༨༠ གྱ་གྲངས་ནང་ནས་བཟུང་དབུ་མའི་ལམ་ཞེས་མིང་འདྲ་ཆགས་པོ་བཏགས་པ་དེ་རེད། དེ་ནི་དོན་མཐུན་གྱི་མིང་འབོད་ན་རྒྱལ་འཚོང་རང་ལུགས་ཞེས་སྲིད་དོན་མཁས་པ་ཚོས་ སྨད་ར་གཏོང་བའི་ལས་ཀ་ཞིག་རེད།༽ཅེས་བྲིས་འདུག ཕྲན་རྒྱ་གར་ཏུ་ཡོང་ནས་བཟུང་༧གོང་ས་མཆོག་ལ་སྲིད་ཕྱོགས་ནས་ཁ་གཏོང་མཁན་བོད་ མིའི་ནང་གཙོ་བོ་འཇམ་དབྱངས་ནོར་བུ་རེད། འཇམ་ནོར་གྱིས་ཁ་གཏོང་སྟངས་གོ་ན་ཧོར་འཐོར་བ་ཞིག་རེད་ལ། ཉེ་ཆར་བཏོན་པའི་དཔེ་དེབ་《བོད་ཀྱི་གནད་དོན》་ཞེས་པའི་ནང་དུ་༧གོང་ས་མཆོག་གིས་ ལམ་དབུ་མ་ཐུགས་རེ་བཟུང་པ་ནས་བོད་པ་ནང་ཁུལ་རྙོག་དྲ་དང་ཟིང་འཁྲུག་ཇེ་མང་དུ་ སོང་བ་རེད་ཟེར། འཇམ་ནོར་གྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་སྟངས་ངས་མ་གླེང་ཡང་སྤྱི་ཚོགས་ནང་ ཡོངས་གྲགས་རེད། དུས་བབ་དྲ་རྒྱ་དང་ཚགས་པར་སྟེང་ཁང་གསར་རྡོ་རྗེ་ཟེར་བ་ཞིག་གིས་《བསམ་ཚུལ་འབུར་ འཛོམས་དང་། འུར་རྒྱག་པ།》 གཞན་《༧རྒྱལ་བ་རིན་པོ་ཆེའི་སྲུང་མ་》ཞེས་པའི་རྩོམ་ཡིག་གཉིས་སྤེལ་བ་རེད། དེའི་ལན་དུ་བསྟན་འཛིན་ཕན་བདེ་ཟེར་བས་༧རྒྱལ་བ་རིན་པོ་ཆེའི་བཞུཌ་ཁྲི་ཞེས་པའི་ རྩོམ་ཡིག་ཅིག་བྲིས་འདུག  རྩོམ་དེའི་མཇུག་གི་སྐད་ཆ་ རེ་རེ་ལ་གནས་ལུགས་དང་བདེན་པའི་ངར་ཤུགས་ལྡན་གི ཡང་འཇིགས་བྲལ་བསྟན་འཛིན་མིང་ཅན་དེས་《༧གོང་ས་མཆོག་རྒྱབ་ཤེད་དུ་འཁུར་ནས་མི་ རིགས་ས་ཁུངས་རང་སྐྱོང་གྱི་ལམ་དུ་འཁྲིད་པ་》 ཞེས་པའི་རྩོམ་ཡིག་ཅིག་སྤེལ་འདུག  མི་འདི་ནི་ཧ་ཅང་གཟབ་དགོས་པའི་རིགས་རེད།  ལན་རེ་དབུ་མའི་ལམ་གྱི་ལངས་ཕྱོགས་འཛིན་མཁན་ཡིན་ཟེར་ནས་ས་གནས་ཁག་ཏུ་ དབུ་མའི་ལམ་གྱི་ཟབ་སྦྱོང་སྤྲོད་ཀི་འགྲོ་གྱིན་འདུག  སྐབས་རེ་དབུ་མའི་ལམ་དང་༧གོང་ས་མཆོག་ལ་ཁ་གཏོང་མཁན་དག་གི་ལག་རོགས་ཡོད་ན་མེད་ན་དེ་འདྲ་འཁྲབ་ཀྱིན་འདུག  འདི་ལ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མདོ་སྨད་ཚོགས་ཆེན་མཛད་སྒོའི་ཉིན། དེ་རིང་ཉིན་བཟང་སྐར་བཟང་འདིར་སྐད་ཆ་ངན་པ་བཤད་མི་འོས་ཀྱང་ངས་དཔེ་ཡ་མཚར་ཞིག་འཇོག་ན་འདོད།  རང་ཉིད་དགའ་ས་བུ་མོ་གཞན་ཞིག་ལ་དགའ། ཆང་ས་མི་དགའ་ས་དེ་ལ་བརྒྱབ་ན་བརྟན་མོ་ཡོད་མ་རེད།  དེང་སང་འགའ་རེའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་འདྲ་ཆགས་འདུག་ཅེས་བཤད་པ་དོན་ལ་གནས་སོ། ད་ལྟ་རང་བཙན་ཁ་ལ་ཁྱེར་སྟེ་འུར་རྒྱག་མཁན་ཨམ་མདོ་བ་འགའ་རེ་ཡོད་ཀྱང་གནས་སྐབས་བཏང་སྙོམས་སུ་བཞག་ཡོད།   བོད་ཀྱི་རྩ་དོན་དང་༧་སྐུ་མདུན་གྱི་དགོངས་གཞི་གང་ཡིན་ན། རང་བཙན་བརྩད་ན་ཆོག  དབུ་མའི་ལམ་དུ་ཕེབས་ཀྱང་རུང་།  རང་ཐག་རང་གཅོད་ཟེར་ན་འོས།  བདེན་པའི་ཨུ་ཚུགས་གླེང་ཡང་ཆོག འདི་ཚོ་ལ་དགག་བྱ་ཅི་ཡང་མེད་ཀྱང་། བོད་ལ་སེམས་ཤུགས་ཆེ་མདོག་གིས་རང་བཙན་ཁ་ལ་ཁྱེར་ནས་ཐད་ཀར་ྋགོང་ས་མཆོག་ལ་ཁ་ གཏོང་བ་དང་། སྐུ་མདུན་ལ་ལོ་རྒྱུས་ཀྱི་ནག་ཉེས་འཛུགས་མཁན་ཚོ་ནམ་ཡང་ང་ཚོས་རྒྱ་ཡན་དུ་གཏོང་ཐབས་བྲལ། སྤྱི་འཐུས་ལྷ་མོ་སྐྱབས་ལྟ་བུའི་ནང་ཆོས་ཀྱི་ཞག་རྩི་ཡོད་མཁན་དང་། བསྟན་འཛིན་ཕན་བདེ་ལྟ་བུའི་དད་སྟོབས་ཅན་ཞིག་གིས་བྲིས་པའི་རྩོམ་ཡིག་ཀློག་དུས་རང་བཞིན་གྱི་སེམས་ལ་དགའ་སྣང་ཞིག་འོང་གི  འོན་ཀྱང་བོད་མི་འགའ་རེས་༧རྒྱལ་བ་རིན་པོ་ཆེ་ལ་ཚིག་མདའ་འཕེན་པ་རིག་དུས་རྨོངས་དད་དང་ དད་པ་དམ་ཚིག་གཙང་མ་གང་ཡིན་མི་ཤེས་པའི་ཚོར་འདུ་ཞིག་འགོག་མེད་དུ་སྐྱེས་སོང་། ངས་གོང་གི་ཁ་བྱང་ལ་རྒྱལ་བ་རིན་པོ་ཆེའི་དགྲ་བོ་ཟེར་བ་དེ་ཅུང་ཙམ་མི་འོས་པ་ ཞིག་རེད་བསམ་ཡང་།  ངས་རྒྱུན་རིང་ལ་བསམ་གཞིག་བྱས་ཀྱང་ འདི་ལས་ལྷག་ཅིག་མ་རྙེད་པས་མི་འདོགས་ཐབས་མེད་དུ་གྱུར། འདིའི་སྟེང་ནས་ཕོག་ཐུགས་བྱུང་མཁན་ཡོད་ཚེ་དགོངས་དྭངས་ཞུ་འདོད་བྱུང་། མཇུག་ཏུ་གསལ་བཤད་ཅིག་ལ་གཞོན་ནུ་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་ལྟ་བུས་བོད་ རང་བཙན་ཟེར་བ་ལ་དགག་རྒྱག་བྱེད་འདོད་མེད་ལ་བྱེད་ཀྱང་མི་འོས། རང་བཙན་ཁ་ལ་ཁྱེར་ནས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་དག་ལ་བྲིས་པ་ཡིན་པ་ ཀློག་པ་པོ་ཚོས་མཁྱེན་རྟོགས་ཡོང་བར་ཞུ།།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 73

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཨ་དགེ་ཡང་བསྐྱར་ལས་ངན་བསགས་བཞིན་འདུག
    མཁས་དབང་འཇམ་ནོར་ལགས་དང་གདོང་ཐོག་སོགས།
    མིང་དོན་མཚུངས་པའི་བོད་ཀྱི་མི་ཆེན་ཡིན་།

    Reply
  2. གཡང་ལགས། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལ་ཞུ་རྒྱུ། ཁྱེད་རང་འཇམ་དབྱངས་ནོར་བུ་དང་ལྷ་བཟང་ཚེ་རིང་། བསྟན་འཛིན་བརྩོན་འགྲུས་སོགས་དང་བསྡུར་ན་གནམ་སའི་ཁྱད་པར་རེད། ངས་ཚད་འཇལ་བྱེད་དེ་བོད་དོན་ལ་བཟུང་བ་ཡིན། ངོ་ལ་ཆུ་ཞིག་བརྒྱབ་ནས་ཡང་བསྐྱར་བསམ་མནོ་ཐོངས་དང་། ཁྱེད་རང་གིས་བོད་དོན་ལ་ལས་ཀ་གང་ཞིག་བྱས་ཡོད། ཁོང་རྣམ་པས་གང་དང་གང་གནང་འདུག དེ་མིན་གང་ཟག་གིས་གང་ཟག་གི་ཚོད་འཛིན་པར་མི་ནུས་ལ། ངས་ཁྱེད་རང་སྙིགས་དུས་དགེ་འདུན་པའི་མིང་འཛིན་མཁན་ཞིག་ལ་དཔྱད་པ་གཏོང་དོན་དེ་བས་མེད། དད་པ་ནས་བཤད་ན་ངས་རྒྱལ་བ་རིན་པོ་ཆེ་ལ་དད་ཚུལ་དེ་ཁྱེད་རང་ལས་ཚད་མ་མཐོ་ན་ཡང་དམའ་དོན་ལར་ནས་མེད། ཕྱག་ན་པད་མོའི་ཞལ་རས་མཇལ་ཐེངས་རེ་དང་གསུང་ཆོས་ཉན་ཐེངས་རེར་གདོང་མཆི་མས་འཁྲུ་བཞིན་སྡོད་སྡོད་ཡིན། ཡིན་ནའང་བོད་ནང་ཁུལ་དུ་ཟིང་འཁྲུག་སློང་བའི་རྩོམ་འདི་ལ་དགའ་པོ་བྱུང་མ་སོང་། བོད་དོན་ཆེད་དུ་མི་ལོ་བཅུ་ཕྲག་མང་པོ་ཉིན་ཞག་སྦྲེལ་ནས་སྐུ་ངལ་བཀྱོན་མཁན་དག་དགྲ་བོ་ལ་བརྩི་བ་འདིར་དགའ་པོ་བྱུང་མ་སོང་། ཁྱེད་རང་ལྟ་བུ་སྲིད་དོན་ཧ་མི་གོ་མཁན་ཞིག་བོད་དོན་ལ་མ་ཎི་དང་སྨོན་ལམ་འདྲ་བཏོན་ན་ཕན་ཆེ་བ་ལས། འདི་ལྟ་བུའི་རྩོམ་ཡིག་མ་སྤེལ་རོགས། འབྲི་མཚམས་འདིར་འཇོག་རྒྱུ་ཡིན། རྩོམ་འདི་ཡང་ཁྱེད་རང་གོ་རྟོགས་མ་སླེབས་པའི་གླེན་བཤད་ལ་བསམ་ནས་དགག་པ་ཡང་ཤུགས་ཆེན་པོ་བྱེད་ཀྱི་མིན། ཁྱེད་རང་ལ་བོད་ནང་འཁྲུག་སློང་བསམ་པའི་ཀུན་སློང་མེད་པར་ཡིད་ཆེས་བྱས་ནས་གླེན་བཤད་ཀྱི་ཚུལ་དུ་གཏོང་གི་ཡིན།

    Reply
  3. བསྟན་འཇམ says:
    ལོ་ 15 སྔོན།

    འདིའི་ཐད་ལ་ཟིན་བྲིས་ཤིག་སྤེལ་དགོས་བསམ་ཡོད་ཨ་དགེ་ལགས་ཀྱིས་ཡག་པོ་བྲིས་འདུག་ཡི་རིང་བྱེད་ཀྱིན་ཡོད །

    Reply
  4. ཤིང་རྟ། says:
    ལོ་ 15 སྔོན།

    ༸ གོང་ས་མཆོག་གི་མཚན་ཐོག་ནས་རྩོད་གླེང་ཅན་གྱི་རྩོམ་ཡིག་འདི་འདྲ་མ་སྤེལ་རོགས་གནང་། ང་ཚོར་སྨྲ་བརྗོད་རང་དབང་ཡོད་པས། སོ་སོའི་བསམ་ཚུལ་རེ་སུ་ཡིན་ཀྱང་བཤད་ཆོག དེའི་ཕྱིར་བོད་པ་ཚང་གི་མ་འོངས་པའི་ཆེད་དུ་གཞོན་སྐྱེས་ཚོའི་བསམ་ཚུལ་རེ་བཤད་དུས། འདི་འདྲ་བོའི་སྐྱོན་བརྗོད་སོགས་བྱས་ན། གཞོན་སྐྱེས་ཚོ་ཡིད་ཐང་ཆད་ངེས་རེད། སྤྱི་ཚོགས་རྙོག་འཛིང་ཅན་དུ་འགྱུར་ངེས་རེད། ནང་ཁུལ་འཁོན་སེམས་ཅན་དུ་འགྱུར་ངེས་རེད། དེའི་ཕྱིར་ཕྱོགས་གཅིག་ལ་བསམ་བློ་མི་གཏོང་བ་ཕྱོགས་མང་པོར་བསམ་གཞིགས་བྱས་ནས་རྩོམ་ཡིག་སྤེལ་རྒྱུར་ཤིན་ཏུ་གལ་ཆེའོ།།

    Reply
  5. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལགས། ཁྱེད་ཀྱི་རྩོམ་ཡིག་འདིར་བལྟས་ན་ཁྱོད་སྟོབས་ཀྱིས་ངར་ཡོད་པ་འདྲ། ཡིན་ནའང་། སེམས་ལྷོད་ལ་བོབས། གོང་ས་མཆོག་ལ་ཟུར་མདང་གཏོང་མཁན་འདི་ཚོས་ཐོངས་ཀི་ཡོད་མེད་མི་ཤེས་མོད་སྙིང་ལངས་པ་ཤིག་རེད། དེའི་ཕྱིར་ཁྱོད་ཀྱི་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་ཡོད། ཡིན་ནའང་ཧ་ཅང་ཐལ་མི་ཉན། འུར་གྱི་རྗེས་སུ་འབྲངས་མི་ཉན། གནས་ལུགས་བརྩི་དགོས། ཉེས་མེད་ལ་ཉེས་འགེལ་བྱེད་མི་ཉན།
    འདི་ནི་བདག་གི་རེ་བ་ཡིན།

    Reply
  6. མགོ་རུལ། says:
    ལོ་ 15 སྔོན།

    བོད་སྤྱི་བའི་དོན་དག་བཤད་མཁན་ཞིག་རྒྱལ་བ་རིན་པོ་ཆེའི་དགྲ་བོ་ཞིག་ཆགས་སྟངས་མེད། དོལ་ཚོགས་ལྟ་བུ་ཡིན་ན་རྦད་དེ་ལོགས་པ་རེད། དེ་མིན་འཇམ་ནོར་དང་ལྷ་བཟང་ཚེ་རིང་སོགས་རང་བཙན་རྩོད་མཁན་ཚོ་རྒྱལ་བ་རིན་པོ་ཆེའི་དགྲ་བོ་རེད་ཟེར་བ་འདི་ལས་བོད་མི་ནང་དཀྲུག་གི་སྐད་ཆ་ཞིག་མི་འདུག་པས། རྩོམ་ཡིག་འདི་ཡོངས་རྫོགས་བསུབ་པའམ་ཡང་ན་འདིའི་ཁ་བྱང་ལ་འགྱུར་བ་གཏོང་རོགས། འོ་ན་ཐེག་ཆེན་པ་ཐེག་དམན་པའི་དགྲ་བོ་རེད་དམ། གྲུབ་མཐའ་གོང་འོག་ཕན་ཚུན་དགྲ་བོ་རེད་དམ། བླ་རྒན་ཁྱོད་གྲྭ་ས་ན་ཉི་མ་ཅི་འཁྱོལ་དུ་བསྡད་ཡོད་པས་འདི་ལྟར་དྲིས་པ་ཡིན། དམངས་གཙོའི་ལྟ་གྲུབ་དང་རང་དབང་གི་ཁེ་དབང་ལོངས་སུ་སྤྱོད་མཁན་དག་རང་དབང་དང་དམངས་གཙོའི་ལམ་དུ་འཁྲིད་མཁན་ཚོའི་དགྲ་བོ་རེད་དམ། ཁྱོས་རྒྱལ་བ་རིན་པོ་ཆེའི་ཁ་ལ་མི་ཉན་མཁན་ཚང་མ་ཁོང་གི་དགྲ་རུ་རྩི་གིན་ཡོད་ན་འཛམ་གླིང་གི་ས་ཕྱོགས་ཀུན་ཏུ་ཡོད་པའི་རང་བཙན་རྩོད་ལེན་པ་ཚང་མ་ཁོང་གི་དགྲ་བོ་རེད། པེ་ཅིན་ཨོ་ལིམ་ཕིས་ཁིའི་སྐབས་སུ་རང་སྲོག་འབེན་དུ་བཙུགས་ནས་རྒྱ་ནག་ལྕགས་རི་དང་གནམ་བདེའི་སྒོ་ཐང་ནས་བོད་རང་བཙན་གྱི་འཕྲེད་དར་འཕྱར་མཁན་དེ་དག་རྒྱལ་བ་རིན་པོ་ཆེའི་དགྲ་བོ་རེད། བླ་རྒན་ཁྱོད་ངོ་མ་སྨྱོས་འདུག

    Reply
  7. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    རྩོམ་མི་ཀློག་པར་བསམ་འཆར་བཤད་མཁན་གྱི་ལྷ་མོ་དང་དོན་གྲུབ་རྡོར་རྗེ། ད་དུང་དྲ་འབུ་ཅི་ཡང་མི་ཤེས་པ་མང་བོ་ཞིག་གིས་རང་བཙན་རྩོད་མཁན་དག་ལ་ཟེར་རྒྱུ་འདུག ངའི་རྩོམ་མ་ཀློག་ནས་བསྐུར་འདེབས་བྱེད་རྒྱུ་མཚམས་འཇོག་རོགས།

    གོང་དུ་ ཤ་ཀླན་འཇམ་དབྱངས་གྲགས་པས་གསལ་བོར་བཤད་འདུག
    ཟིན་བྲིས་བ་འདི་ཚོར་འཆལ་གཏམ་སྨྲ་བྱེད་ཀྱི་ཁ་ལག་ལས་གནས་ལུགས་དང་། དངོས་ཡོད་ལ་ལྟ་བྱེད་ཀྱི་མིག་ཟུང་ཡོད་ས་མ་རེད།
    མང་པོ་ཞིག་གིས་ནི་ཁ་བྱང་ལ་བལྟས་ཏེ་མཆན་བཏབ་བཞིན་པ་གསལ་བོ་རེད་འདུག

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གནམ་ལྕགས་ལགས་ཀྱིས་གོང་དུ་བྲིས་དེ་ངའི་འདོད་པ་རང་རེད། གཤམ་དུ་དེ་འགོད་ཆོག་པར་ཞུ། ༼ངས་བལྟས་ན། ཨ་དགེ་ལགས་ཀྱིས་རང་བཙན་རྩོད་མཁན་དག་དགྲ་བོ་རེད་ཟེར་གྱི་མི་འདུག རང་བཙན་ཁ་ལ་བཟུང་ནས་༸་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་ཟེར་ནས་དམིགས་སུ་བཀར་ཡོད་པ་འདྲ། འདི་ནི་དེའི་བར་ན་མགོ་འཁོར་བའི་འཁྱམ་པོ་ཁག་ཅིག་ལ་གསལ་བཤད་ཙམ་ཡིན།༽ཞེས་པ་ནི་ཁོང་གི་རྩོམ་གི་བརྗོད་བྱ་ཙམ་ཡང་མི་གོ་བར་ཧོན་རྒྱུགས་བྱེད་མཁན་དག་ལ་ལམ་སྟོན་ཞིག་བྱས་པ་རེད།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    འདི་ལྟར་བཤད་དུས་བཟང་ངན་གྱི་ལན་ཅི་ཡང་འདེབས་ཕོད་ཀྱི་མི་འདུག་་་་ལྷག་པར་དུ་ངས་ཆབ་སྲིད་ཕྱོགས་ཤེས་ཀྱི་མེད་་་་་དྲ་གྲོགས་ཚོས་བརྗོད་བྱ་འདིའི་དོན་གསལ་བོ་གོ་མི་འདུག་་་་་་་

    Reply
  10. བློ་བཟང་། says:
    ལོ་ 15 སྔོན།

    བསམ་མནོ་ཞིག་བཏང་དུས་བདེ་པོ་ཞིག་མི་འདུག་པས། ཚིག་ཁ་ཤས་མི་ཞུ་མཐུ་མེད་བྱུང་། དེང་སང་འཛམ་གླིང་གང་སར་བོད་དོན་གྱི་ཚོགས་པ་ཆེས་མང་ཤོས་བོད་རང་དབང་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་གཞོན་ནུ་ཚོགས་པ་གཉིས་རེད། དེ་གཉིས་ཀྱིས་འདོད་པ་བྱེད་ས་རང་བཙན་རེད། དབུ་མའི་ལམ་ཐོབ་ན་དེ་གཉིས་དབུ་མའི་ལམ་དུ་མ་ཡོང་མི་སྲིད་པ་ཞིག་ག་ལ་ཡིན། དོག་པ་གང་ཡང་མི་དགོས་པར་སྙམ། བོད་དུ་ཟིང་འཁྲུག་སྔ་ཕྱི་བར་གསུམ་དུ་བོད་མི་མང་པོའི་སྲོག་ཤོར་བ། བོད་རང་དབང་སློབ་ཕྲུག་ཚོགས་པས་རྒྱ་ནག་པེ་ཅན་དུ་ངོ་རྒོལ་ཐེངས་མང་དང་། རྒྱ་ནག་གི་ཨོ་ལོན་རྩེད་འགྲན་སྐབས་རྒྱལ་ཁབ་གང་སར་དཔལ་འབར་ཁྱེར་རྣམས་ཀྱི་ལག་ནས་དཔལ་འབར་འཕྲོག་པ། དེ་བཞིན་འཛམ་གླིང་གང་སར་རྒྱ་ནག་ལ་ངོ་རྒོལ་དང་བོད་ཀྱི་རྒྱལ་དར་ཁྱེར་མཁན་ཚང་མ་རྒྱལ་བ་རིན་པོ་ཆེའི་དགྲ་བོ་ག་ལ་ཆགས་སྲིད། རྒྱལ་བ་རིན་པོ་ཆེ་དང་མི་མང་གང་གིས་ལས་འགུལ་སྤེལ་ཀྱང་བོད་རྒྱལ་ཁབ་ཀྱི་དོན་དུ་ཡིན་པ་ལས་སྒེར་པ་ཞིག་གི་ཆེད་དུ་ག་ལ་ཡིན། སྤྱིར་སྟངས་དབང་རྟུལ་དད་པས་རྗེས་འབྲང་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས་ཡོད་པར་ཤེས་དགོས་སོ།།

    Reply
  11. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    བཀའ་ཁྲི་ཟམ་གདོང་བླ་མས་གཞུང་འབྲེལ་མ་ཡིན་པའི་ཚོགས་པར་རང་གི་ངོས་འཛིན་ཞིག་དགོས་པར་བརྟེན།གཞུང་ལ་རྒྱབ་བསྙེས་པ་འམ་གཞུང་གིས་བེད་སྤྱོད་བཏང་བ་དེ་འདྲ་བྱུང་ན་ཚད་ལྡན་ཞིག་ཡོང་གི་མེད། དེ་ཚོ་རང་གི་རྐང་བའི་ཐོག་ལངས་ཐུབ་ཆེད་གཞུང་གིས་བྱུས་གཏོགས་དང་བཀོད་འདོམས་མི་བྱེད་པ་དེ་མཁྱེན་དགོས། གསུངས་པ་ལྟར་གཞོན་ནུའི་ཚོགས་པ་ཡིན་ཡང་འདྲ་མཁས་དབང་འཇམ་ནོར་སོགས་མི་སྒེར་ཡིན་ན་འདྲ་ཁོ་ཚོས་རང་བཙན་རྩོད་པ་དང་རང་བཙན་གྱི་དགོས་པ་ཁྱེར་འོང་བ་ནི་དགེ་མཚན་ཞིག་ཡིན་པ་ལས། མིག་གཡས་པ་སྲུང་སླད་གཡོན་པ་དོར་བ་ཞིག་ག་ལ་ཡིན། དེ་ལྟར་དུ་ལྟ་བ་ནི་དགེ་མཐོང་སོགས་སྲིད་ཀྱི་མིག་ལྡོང་བ་དག་ཡིན་ངེས། གང་ལྟར་གཡས་ལྷུང་ཅི་ལྟར་ཤུགས་ཆེ་ན་གཡོན་ལྷུང་དེ་ལྟར་ཤུགས་ཆེ་རུ་འགྲོ་ངེས་པས། དེ་ལྟར་དུ་མ་སོང་ན་འགྲིག བསམ་བློའི་ལྕི་ཚད་མེད་པའི་རྩོམ་ཡིག་རེ་གཉིས་ཀྱིས་ཆིག་སྒྲིལ་ལ་གནོད་པ་མི་གཏོང་བར་ཤོག

    Reply
  12. བློ་བཟང་། says:
    ལོ་ 15 སྔོན།

    ཨ་རིག་ལགས་ཀྱིས་གསུང་ཅུང་ཟད་ཐལ་ཆེ་འདུག ད་མང་པོ་མ་བཤད་ན་ཡག་ས་རེད། རང་གནས་སུ་འགྲོ་རན།

    Reply
  13. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཐོག་མར་རྩོམ་འདིའི་ཁ་བྱང་ནི་མི་གཞན་གྱི་དོ་སྣང་བྱ་ཆེད་གཅིག་བུར་ཡིད་བཞིན་ནོར་བུའི་མཚན་རྩེད་སྤྱད་བྱས་པ་དང་། གཉིས་པ་ནི་ཀུན་སློང་འཁྲུལ་བ་ཅན་གྱིས་མི་ཡར་སློང་ཁུལ་བྱེད་མོད། ཁ་ཐུར་དུ་འགྱེད་འདུག རང་བཙན་དང་དབུ་མའི་ལམ་གཉིས་ནི་སྲིད་དོན་གྱི་ལམ་གཉིས་ཡིན་པས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྲིད་དོན་པ་དག་གིས་དེ་ལ་དཔྱད་བརྗོད་སྤེལ་བའི་ཐོབ་ཐང་དགོས་པ་དང་། རང་བཙན་ལ་དགའ་བའི་མི་རྒྱལ་དབང་རིན་པོ་ཆེ་ལ་སྨད་ར་གཏོང་མཁན་དུ་སྒྲོ་བཏགས་ནས་མ་བཤད་ན་འགྲིག གཉིས་པ་བོད་གཞུང་ལ་མཚོན་ན་སྲིད་བཅོས་གཅིག་གི་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་རང་བཙན་རྩོད་མཁན་ཡང་གཞུང་ཞབས་པར་ཆགས་ཚེ་འགྲོ་ལུགས་དེ་ལྟར་དུ་འཛིན་དགོས་པ་རེད། དེ་མིན་ལྷ་མོ་སྐྱབས་དང་དགེ་མཐོང་སོགས་ཀྱི་རང་བཙན་རྩོད་མཁན་དག་ལ་མི་ཁ་ཆེན་པོ་བྱས་ཏེ་གཏོང་འདོད་པ་ནི་ལུག་མགོ་བསྟན་ནས་ཁྱི་ཤ་བཙོངས་པ་རེད།

    Reply
  14. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཁ་བྱང་འདི་དགག་སྒྲུབ་རྩོམ་ཡིག་གཅིག་ལ་ཤིན་ཏུ་རན་འདུག རྒྱལ་བ་རིན་པོ་ཆེའི་སྲུང་མ་རེད་ཟེར་བས་སྲུང་མ་ཡིན་མ་དགོས་ན་དགྲ་བོ་རེད་ཟེར་བས་དགྲ་བོ་རེད་ག་ལ་དགོས།

    Reply
  15. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    གནམ་ལྕགས་ལགས། ཟིན་བྲིས་བ་འདི་ཚོར་འཆལ་གཏམ་སྨྲ་བྱེད་ཀྱི་ཁ་ལག་ལས་གནས་ལུགས་དང་། དངོས་ཡོད་ལ་ལྟ་བྱེད་ཀྱི་མིག་ཟུང་ཡོད་ས་མ་རེད།
    མང་པོ་ཞིག་གིས་ནི་ཁ་བྱང་ལ་བལྟས་ཏེ་མཆན་བཏབ་བཞིན་པ་གསལ་བོ་རེད་འདུག

    Reply
  16. གནམ་ལྕགས། says:
    ལོ་ 15 སྔོན།

    ༸རྒྱལ་བ་རིན་པོ་ཆེའི་མཚན་ཐོག་ནས་འདི་འདྲའི་ལབ་གླེང་བྱེད་རྒྱུ་མཚམས་བཞག་ན་ཡག རྒྱུ་མཚན་ནི་རང་བཞིན་གྱིས་མི་དང་མིའི་བར་རམ། ཡང་ན་མི་དང་མིས་ཕན་ཚུན་ལ་ཕོག་ཐུག་གཏོང་གི་འདུག

    ངས་བལྟས་ན། ཨ་དགེ་ལགས་ཀྱིས་རང་བཙན་རྩོད་མཁན་དག་དགྲ་བོ་རེད་ཟེར་གྱི་མི་འདུག རང་བཙན་ཁ་ལ་བཟུང་ནས་༸་རྒྱལ་བ་རིན་པོ་ཆེ་ལ་ཁ་གཏོང་མཁན་ཟེར་ནས་དམིགས་སུ་བཀར་ཡོད་པ་འདྲ། འདི་ནི་དེའི་བར་ན་མགོ་འཁོར་བའི་འཁྱམ་པོ་ཁག་ཅིག་ལ་གསལ་བཤད་ཙམ་ཡིན།

    Reply
  17. ལྷ་མོ། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ཟེར་བ་འདིས། ཁྱོད་རང་གིས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ལྷག་བསམ་ཡོད་མདོག་བྱེད་ཀྱི་འདུག ཧཧཧཧཧ།
    སྙིང་རྗེ། ཁྱོད་རང་གིས་ཆབ་སྲིད་ཀྱི་གནད་འགག་གང་ཡང་ཤེས་ཀྱི་མི་འདུག

    དེ་ལས་ལྷག་བསམ་ཡིན་ན། ཁྱོད་ཀྱིས་དངོས་ཡོད་གནས་སྟངས་གཅིག་དྲྭ་རྒྱའི་ཐོག་བཏོན་དང་།
    རྩོམ་ཡིག་འདི་ཀློག་སྐབས་སྤྱི་ཚོགས་མི་བདེ་བ་བཟོ་མཁན་ཁྱོད་རང་ཡིན་པ་དེ་ར་འཕྲོད་ཀྱི་འདུག

    ༸གོང་ས་མཆོག་གིས་བཀའ་སློབ་གཅིག་ལུང་དྲངས་ན། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༢ ཉིན་གསུང་དོན། འདྲ་ཆགས་པོ་དང་སོ་སོའི་སེམས་ཀྱི་གཏིང་ལ་ཡོད་ཀྱང་མེད་ཀྱང་ཁའི་ཚིག་སྐམ་པ་ཞིག་ལ་འཇུས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་ཚིག་རྩོད་ལྟ་བུ་བྱས་ན་ཕན་ཐོགས་ཁྱོན་ནས་མེད། ང་ཚོ་ཚང་མ་སྤྱི་པའི་དོན་དག་ལ་ཁུར་གཅིག་པ་ཞིག་སླེབས་ཡོད་པ་རེད། ཁུར་མཉམ་ལེན་གྱི་ཐོག་ནས་དམིགས་ཡུལ་འདི་བཞག་ནས་གང་དགའ་ཅི་ལེགས་ཞེས་ལབ་རྒྱུ་རེད་མ་གཏོགས་མི་གཅིག་གིས་ཁ་བདེ་པོ་ལྟ་བུ་བྱས་ཏེ་ཁོས་སྐད་ཆ་ཡག་པོ་བཤད་སོང་ཟེར་རྒྱུ་ལྟ་བུ་དང༌། ཡང་ན་ཁོས་སྐད་ཆ་བཤད་ནས་རྒྱལ་ཁ་ལྟ་བུ་ཞིག་ཐོབ་སོང་ཞེས་པའི་སྐད་ཆ་འདི་མ་རེད། ང་ཚོ་སྤྱི་པའི་དོན་དག་བསྒྲུབ་རྒྱུར་གང་དགའ་ཅི་ལེགས་ལེགས་སྤེལ་ཉེས་འགོག་ག་རེ་བྱེད་དགོས་ཀྱི་འདུག ཚང་མ་ཁུར་མཉམ་ལེན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་རེད། མི་དང་མ་སོང་ནའང༌། མི་ནད་པ་ཛ་དྲག་ལ་ཐུག་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེ་ནས་ཤོད་ཀྱི་ཡོད། ཚེས་གྲངས་བཟང་ངན་བརྩི་རྒྱུ་དང་གཅིག མཛད་སྒོ་ཚོགས་ཞེས་པ་དེ་ཚོའི་གྲས་དེ་མིའི་མི་ཚེ་གཅིག་ལ་གལ་ཆེ་ཤོས་དེ་སྐྱེས་པའི་ཉིན་མོ་དང་ཤི་བའི་ཉིན་མོ་རེད། དེར་མཛད་སྒོ་ཚོགས་རྒྱུ་ཡོད་པ་མ་རེད། རྩིས་བཤག་རྒྱུ་མེད་པ་རེད། སྐྱིད་པོ་ཡོད་པའི་སྐབས་ལ་ཚེས་གྲངས་བཟང་ངན་བལྟས། མཛད་སྒོ་ཚོགས་ནས་འདྲ་ཆགས་པོ་ཞིག་བྱ་རྒྱུ་ཡོད་པ་རེད། འགག་ལ་ཐུག་པའི་སྐབས་ང་ཚོ་ནོར་གླིང་ནས་བྲོས་ཡོང་དུས་ཚེས་གྲངས་ལྟ་རྒྱུ་དང་མཛད་སྒོ་ཚོགས་རྒྱུ་མི་འདུག བྲོས་ཡོང་རྒྱུ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ད་ལྟ་དེ་འདྲ་ཞིག་གིས་མཚམས་ལ་སླེབས་པ་ཡོད་པ་རེད་མ་གཏོགས་འདྲ་ཆགས་པོ་བྱས་ཏེ་སྡོད་རྒྱུའི་དུས་ཚོད་མ་རེད། ང་ཚོ་འཆི་གསོན་སྒང་ལ་སླེབས་ཡོད། དེ་འདྲ་ཡིན་དུས་དོན་དག་ངོ་མའི་སྟེང་གང་དགའ་ཅི་ལེགས་ཀྱི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་འདྲ་ཆགས་པོ་དང་སྤམ་པོ་བྱ་རྒྱུའི་སྐད་ཆ་ཞིག་མ་རེད། འདི་ཁྱེད་རང་ཚོའི་སེམས་ཞོག ཅེས་གསུངས་ཡོད་པ་རེད། འདིའི་གོ་དོན་དེ་ཁྱོད་རང་གིས་ཧ་གོ་གི་འདུག་གམ།
    འདིར་དངོས་སུ་བཏོན་པའི་མི་འདི་རྣམས་སུ་ཡིན་ཀྱང་རུང་། བོད་སྤྱི་པའི་དོན་ལ་བཀའ་མོལ་གནང་བསྡད་མཁན་རྐྱང་རེད་བཞག ཁོང་ཚོས་གླེང་པ་དེ་༸གོང་ས་མཆོག་ལ་ཁ་བཏང་ལུགས་ཞིབ་ཕྲ་ཞིག་ངོ་སྤྲོད་བྱེད་རོགས། ཚིག་རེ་རེ་བཞིན་ངོ་སྤྲོད་བྱེད་རོགས། དེ་མིན་སྤྱི་སྦོམ་གྱི་ཚིག་སྤྱད་དེ་སྤྱི་དོན་ལ་སྐད་ཆ་ཤོད་མཁན་དག་ནག་པོ་བཟོ་བ་འདི་མི་ཡག་པོ་ཞིག་གིས་བྱེད་སྟངས་མ་རེད།
    འདི་འདྲའི་ཁུངས་ལུངས་ཞིབ་ཚགས་མེད་པར་གང་དྲན་དུ་སྤེལ་བའི་གཏམ་ཡན་ཞིག་ལ་བོད་ཀྱི་དུས་བབ་ནས་བདག་པོ་རྒྱག་ཤེས་པ་དེ་ལ་ང་ཚོ་ཡ་མཚན་སྐྱེས་སོང་།
    གུས་མོའི་བསླབ་བྱ་ཞུ་རྒྱུ་ཞིག་ལ། ཨ་རིག་ཁྱོད་ག་རེ་བྱེད་ཀྱི་ཡོད་ན་དེ་ལ་འབད་བརྩོན་བྱོས། སྟག་འཆོང་སར་ཝ་མ་འཆོངས། ཝ་སྐེ་ཚིགས་བུད་ཀྱི་རེད།

    Reply
  18. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    རང་བཙན་དེ་བཤད་ནས་ཐོབ་རྒྱུ་ཞིག་ཡོད་ན་མཉམ་དུ་གཙུག་ལག་ཁང་ནས་རང་བཙན་གྱི་ཞལ་འདོན་འཚོགས་ཡ། ཁ་བཤད་ཆུ་ཡི་ཝུ་བ་་་་་་་་་

    Reply
  19. ལྷ་མོ། says:
    ལོ་ 15 སྔོན།

    གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་དང་ཡར་ལངས་བྱེད་མཁན་ཕལ་ཆེ་བ་ནི་སློབ་ཕྲུག་དག་ཡིན་ལ། ཁོང་ཚོས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོར་རྗེས་དྲན་བྱས་པ་དང་། ཁོང་ཚོའི་འབོད་སྒྲ་ནི་སྔར་བཞིན་བོད་རང་བཙན་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། མི་རིགས་འདྲ་མཉམ་དགོས་པ་བཅས་རེད། རྒྱ་ནག་གི་སྐར་ལྔའི་དར་དམར་གྱི་རྒྱལ་དར་མེར་བསྲེག་མཁན་ཡང་བྱིས་པ་འདི་དག་རེད། བོད་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཡང་བྱིས་པ་ཚོ་ཡིན། ཁོང་ཚོ་ནི་སོ་སོའི་མི་རིགས་ཀྱི་འདས་པ་དང་མ་འོངས་པ། ད་ལྟ་བཅས་ཀྱི་བདག་པོ་ཡིན་ལ། ཁོང་ཚོས་དེར་ངོས་ལེན་དང་འགན་ལེན་གཉིས་ཀ་བྱེད་ཀྱིན་འདུག འདི་ནི་ཐེངས་འདིའི་དུས་བབ་རྩོམ་སྒྲིག་པའི་གཏམ་ལས་དྲངས།
    དགེ་མཐོང་ལགས།
    བྱིས་པ་འདི་ཚོས་བོད་རང་བཙན་རྩོད་ཀྱི་འདུག རྒྱལ་དར་མེར་བསྲེགས་བཏང་ཡོད་འདུག འདིས་ག་རེ་སྟོན་གྱི་འདུག འདི་ཚོ་༸རྒྱལ་བ་རིན་པོ་ཆེ་དང་རྒྱ་ནག་གཞུང་གཉིས་ཀའི་དགྲ་རེད་དམ།

    Reply
  20. དོན་འགྲུབ་རྡོ་རྗེ། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། ད་ནི་རང་བཙན་བཤད་ན་རྒྱལ་བ་རིན་པོ་ཆེའི་དགྲ་ཆགས་ཀྱི་འདུག་ད་དུང་མི་འདི་ཚོས་རང་བཙན་རྩོད་མཁན་ཚོ་རྒྱ་གཞུང་གི་ཉུལ་མ་རེད་ཅེས་བཤད་པ་ཐག་གིས་ཆོད།

    Reply
  21. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དགེ་མཐོང་། ད་ཡིན་ན་ཁྱོད་སྨྱོས་པ་མིན་ནམ། རང་བཙན་དགོས་ཟེར་མཁན་ཚོ་དང་རྩོད་གླེང་བྱེད་ལོས་ཆོག་དེ་འདི་ཚོ་ལ་དགྲ་ཟེར་ག་ལ་རུང་། དགྲ་ཟེར་ཕོད་མཁན་ཡོད་ན་དགྲ་ཟེར་ས་མང་། དགྲ་ངོ་མ་བོ་རྒྱ་དམར་རེད། དེ་ནས་དོལ་རྒྱལ་ཚོགས་པ་རེད། དོལ་རྒྱལ་ཚོགས་པས་རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་ཀྱིས་དེབ་ཕྲེང་བྲིས། རྒྱ་གར་གྱི་ཁྲིམས་ཁང་དུ་སྐྱེལ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས། རྒྱལ་བ་རིན་པོ་ཆེའི་པར་བཤམ་པ་ཡན་ཆད་མི་རུང་བའི་སྐུལ་མ་བཏང་། རྒྱལ་བ་རིན་པོ་ཆེའི་སྐུ་འཁོར་ནང་མ་ཚོའི་ལུས་སྲོག་ལ་རྒོལ། རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་ནས་འཛམ་གླིང་གི་ས་ཕྱོགས་གང་སར་ཡན་ལག་བཙུགས། རྒྱལ་བ་རིན་པོ་ཆེའི་ཆིབས་ཁ་གང་དུ་བསྒྱུར་སར་ཁྲོམ་སྐོར་ངོ་རྒོལ་གྱི་ཟིང་ཆ་བསླངས། རྒྱ་དམར་དང་ལག་འབྲེལ་གྱིས་བོད་ཀྱི་ཆོས་སྲིད་གཉིས་གར་འཁྲུགས་གཞི་བསླངས། ཁྱོད་ཀྱིས་རྒྱལ་བ་རིན་པོ་ཆེའི་ཆེད་དུ་གླེན་རྟགས་སྤྱང་རྟགས་རེ་སྟོན་ཐུབ་ན་འདི་ཚོའི་སྟེང་དུ་སྟོན་རོགས།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དུས་ཚོད་མི་འདུག་་་་་་་་་་་་་རྗེས་སུ་མཇལ་ཡོང

    Reply
  23. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ད་དུ་རེད་འགྲོ་གི་ཡིན། གསལ་བཤད་དགོས་ན་ཕྲིས་དང་གོ་རྒྱུ་ཅན་དག་ལ་ལན་འདེབས་ངེས་ཡིན། རྙོག་གཏམ་ཚོ་ལ་ཉོབ་སོང་། ཚ་བ་ཆེ་ནས་ཤི་གྲབས་བྱེད་ཀྱིན་འདུག སོང་ནས་ཆུ་གྲང་མོ་འཐུང་གི་ཡིན་ལོ

    Reply
  24. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨོ་ཁྱེད་ཀྱིས་ང་ལ་བོད་ཡིག་སློབ་ཀྱི་ཡིན་ནམ། མ་ཁྱབ་ན་ཞོགས་ཟེར་དུས་འཇོག་རྒྱུ་མེད།
    ཨ་རིག་ག་རེད་ཨ། སྐད་ཆ་ཆུང་ཆུང་འདི་འདྲ་ཧཧཧཧཧཧཧཧཧཧཧཡིག་ནོར་ཁ་མདོག་ནས་སྒྲུབ་བྱེད་བཀོད་ཀྱི་ཡིན་ནམ།

    Reply
  25. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཡིག་ནོར་མང་བའི་ཅོ་རི་ཉི་མ་ཆོས་ཅན། ད་རྟགས་གསལ་གཏོང་གི་ཤོག
    སྤྱི་འཐུས་གྲོས་ཚོགས་འཚོགས་སྐབས་༧གོང་ས་མཆོག་གི་བཀའ་ལ་རྟགས་གསལ་འདྲ་བོ་གཏོང་ཁུལ་བྱས་པ་རེད།

    Reply
  26. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མཁན་དང་བསམ་གཉིས་མཐུད་རོགས། གཏགས་ནོར་དང་ཡིག་ནོར་ཤོར་སྲིད་པའི་དགོངས་དག་ཞུ།

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རིག་ལགས།
    ༧གོང་ས་མཆོག་གི་ལངས་ཕྱོགས་དང་མི་མཐུན་ན་དགྲ་བོ་ཡིན་པའི་མ་ཁྱབ་ཐལ། འདོད་ན། ཁུར་ཤོག

    Reply
  28. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ངས་བསམ་གཞིག་བཏང་བའི་ཁྲོད་ནས་ལུང་སྐྱེད་ཅིག་རག་པ་ནི། ཁ་སང་དེ་རིང་བོད་པ་ཚོ་ལ་རྨོངས་དད་ཅིག་ཡོད་ན་བསམ་པ་ཞིག་དྲན་གི ང་ཚོར་བའི་རྗེས་སུ་འབྲངས་འདུག་གསུངས་དག་གིས་ཀྱང་ཐུགས་བཞེས་རོགས། ཁྱེད་ཅག་གིས་གོང་གི་འཇམ་ནོར་དང་གདོང་ཐོག་མིང་ཅན་པ། རྒད་པོ་ལྷ་བཟང་སོགས་ཀྱི་བསམ་ཚུལ་དུས་དེབ་དང་ཚགས་པར། ཡང་ན་བརྒྱུད་ལམ་གཞན་མཐོང་ཚེ་ཚོར་བ་ཞིག་སྐྱེས་མེད་ན་ཁྱེད་ཅག་གིས་༧གོང་ས་མཆོག་གི་ཕྱོགས་སུ་བསམ་གཞིགས་གང་ཡང་བྱས་མེད་པ་ཁ་ཚོན་བཅད་ནས་ཞུ་ཐུབ་ཀི
    ངས་སེམས་དང་་བསམ་པའི་ངོས་ནས་བྲིས་པ་ཡིན། ཕལ་ཆེར་ཁུངས་སྐྱེལ་ར་འཕྲོད་དགོས་ན་སྟོན་རྒྱུ་ཡོད། འདི་ལྟར་༧གོང་ས་མཆོག་ལ་སྐྱོན་མཁན་དང་ཁ་གཏོང་མཁན་དག་མི་བུ་བསམ་བློ་བ་ཅན་དང་ཤེས་ཡོན་པར་འདོད་ཡོད་ཕྱིན། ངེད་གཉིས་བར་དུ་ནམ་ཡང་དེའི་ཕྱོགས་ནས་ཆོས་ཅན་མཐུན་སྣང་བ་ཞིག་ཡོང་མི་སྲིོད། གང་ལྟར་རྩོམ་ཞིབ་མ་བྱས་ན་རང་ཉིད་ལ་ལྟ་སྟངས་ངན་པ་ཞིག་གིས་ཕོགས་ཐུགས་འབྱུང་ངེས་ཡིན།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྣ་བ་རིང་འདི་གཉིས་བཀག་ནས་རྩོད་པར་རྒྱག་རྩིས་མེད་ཞུ་རྒྱུ་ཡིན། སོ་སོར་སྐྱེ་བོའི་དབང་ཤེས་དྲུག་པོ་འདིར་བརྟེན་ནས་རྗེས་དཔག་གི་ཐག་གཅད་བྱེད་མཁན་ཞིག་ཡིན་ལགས།ཧཧཧཧཧཧཧཧཧཧཧཧ

    Reply
  30. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ང་ཡང་བསམ་ཚུལ་མི་མཐུན་མཁན་ཞིག་ཡིན་པས་ཨ་རིག་དགེ་མཐོང་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེན་གྱི་དགྲ་བོའི་ཐོ་གཞུང་ནང་ངའི་མིང་བཀོད་རོགས།ཞེས་བཅོས་རོགས་ཞུ།

    Reply
  31. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གི་ལངས་ཕྱོགས་དང་མི་མཐུན་ན་དགྲ་བོ་ཡིན་པའི་མ་ཁྱབ། འོན་ཀྱང་རང་བཙན་ཁ་ལ་ཁྱེར་ནས་ཁོང་ལ་སྐྱོན་བརྗོད་བྱས་ན་ཁོང་གི་དགྲ་བོ་ཟེར་ཆོག་ལ། གོང་གི་ཁ་བྱང་གི་འགྲེལ་དང་མཇུག་གི་གསལ་བཤད་གཉིས་ཞིབ་བྱེད་མི་ཐུབ་ཚེ་ཕྲན་གྱི་རྩོམ་རྙོག་འདི་ལ་བསམ་འཆར་མ་འབྲི་རོགས་ཞེས་རེ་འབོད་ཞུས་པ་ཡིན། རང་ཉིད་གང་དུ་གཏོགས་རང་ཉིད་ཀྱི་བྱ་སྤྱོད་ལ་རག་ལས་ཡོད། མདོར་བསྡུས་ནས་བཤད་ན། དེ་རིང་ལུང་རིགས་རྒྱལ་གྱིས་ཟིན་བྲིས་གསར་བ་ཞིག་སྤེལ་འདུག དེར་གཟིགས་ན་ཕན་ས་རེད་སྙམ།

    Reply
  32. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    དགེ་མཐོང་ལགས། ཁྱེད་ཀྱི་བསམ་ཚུལ་འདི་ལ་ཡག་སྡུག་གི་གནས་བབ་གླེང་འདོད་གང་ཡང་མ་བྱུང་། རྒྱུ་མཚན་ནི། ཤེས་ཡོན་པ་སྤྱི་ཚོགས་ཀྱི་སྣེ་ཁྲིད་དུ་མིས་བཤད་ཀྱིན་པ་མ་ཟད། རང་ངོས་ནས་ཀྱང་སྤྱི་ཚོགས་ཀྱི ཆེད་དུ་སྐད་ཆ་བཤད་ཀྱིན་ཡོད་པ་རེད།
    ཡིན་ན་ཡང་། གཟབ་གཟབ་བྱེད་དགོས་པ་ཞིག་ནི་དེང་སང་རྩོམ་པ་པོ་མང་པོ་ཞིག་གནས་ལུགས་ཀྱི་རྗེས་སུ་མི་འབྲངས་བར་ཚོར་བའི་རྗེས་སུ་འབྲངས་བཞིན་འདུག
    ཚོར་བ་ཟེར་བ་དེ་གནས་སྐབས་གནས་སྐབས་སུ་ངར་ལྷོད་ཀྱི་རང་བཞིན་ལྡན་པའི་མེ་སྟག་གི་གོང་བུ་ཞིག་རེད།
    དེའི་ཕྱིར། ང་ཚོས་མདུང་ཁ་ནང་དུ་བསྐོར་རེས་བྱས་ན་ཕན་ཐོགས་འདུག་གམ། གནོད་པ་འདུག རྩོམ་ཡིག་མ་བྲིས་པའི་སྔོན་ལ་བསམ་བློའི་རྨང་གཞི་ཞིག་འདི་ལ་བཞག་ན་འགྲིག་གི་རེད་བསམ་གྱིན་ཡོད།
    དེ་མིན་གང་ཟག་སོ་སོའི་སྣང་བ་འགྲོ་མིན་དུ་བྱས་ཏེ་བསྟན་སྲིད་ལ་གནོད་ཀྱིན་ཡོད་ཚུལ་དང་། རྒྱལ་བ་རིན་པོ་ཆེར་ཁ་གཏད་ཀྱིན་ཡོད་ཚུལ། རྒྱ་མིའི་སོ་བ་ཡིན་རབས། ཆོལ་ཁའི་ཞེན་ཁོག་ཆེ་ཚུལ་སོགས་བཤད་ན་ཤེས་རྨོངས་པ་མང་པོ་ཞིག་རི་བོང་ཅལ་འདྲོགས་ཀྱི་ངང་ཚུལ་རེད། འདི་ཚང་མ་བློ་བཟུ་བོར་གནས་པའི་སྐད་ཆ་ཡིན། ངའི་སེམས་ཁྲལ་ཆེ་ཤོས་ཤིག་ནི་བོད་པ་ཚང་ལ་བོད་དོན་ལས་ཀ་བྱེད་མཁན་མེད་པའམ། ཉུང་དྲགས་པའི་དཀའ་ངལ་རེད། གལ་སྲིད་ཡོད་མཁན་ཚོར་རྒྱབ་སྐྱོར་རམ་འདེགས་གང་ཡང་མ་བྱས་ན་ད་དུང་འུ་ཚང་གང་ཞིག་ཏུ་སླེབས་ས་རེད།
    སྐུ་ཉིད་ཀྱི་སྤྱི་ཚོགས་ཀྱི་འགན་འཁུར་བའི་དགོངས་བཞེས་གནང་གིན་ཡོད་ཚེ་རང་ཉིད་ཚོར་བའི་རྗེས་འབྲངས་མི་བྱེད་པ་དང་། དབུ་མའི་ལམ་དང་རང་བཙན། མདོ་སྟོད་སྨད། ཆོས་ལུགས་ཀྱི་ཞེན་ཁོག་སོགས་དགོས་མེད་ཀྱི་ཕྱོགས་རེས་བའི་གནད་དོན་ལ་གང་ཐུབ་གཟབ་གཟབ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།

    Reply
  33. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    དྲ་གྲོགས་འགའ་རེས་ཕྲན་གྱིས་ད་ཐེངས་དོལ་རྒྱལ་སྐོར་མ་གླེང་བ་ལ་སྐྱོན་བརྗོད་དང་ཁེངས་ར་བྱེད་ཀྱིན་འདུག ཁྱེད་ཅག་ལ་དེ་འདྲའི་དོགས་པ་སྐྱེ་འོས་པ་ཞིག་རེད། འོན་ཀྱང་ཕྲན་གྱིས་དོལ་རྒྱལ་སྐོར་ལ་ལས་འགུལ་སྤེལ་བ་མང་མེད་ན་ཉུང་མེད་ཚོད་ཡིན། བློ་གླིང་འདུ་ཁང་གི་མཛད་སྒོ་མ་འཚོགས་སྔོན་ཉིན་ཉི་ཤུའི་ནང་དུ་འཇང་དགུན་ཆོས་འཚོགས་པ་རེད། དེ་དུས་སེར་སྨད་གྲྭ་ཚང་ནང་གི་དོལ་རྒྱལ་བ་འགའ་རེ་འཇང་དགུན་ཆོས་དམ་བཅའ་ལ་ཁས་པ་རེད། ངེད་ཅག་སེར་བྱེས་གྲྭ་ཚང་གིས་རྟགས་གསལ་མ་བཏང་ནས་འཇང་དགུན་ཆོས་ཀྱི་དམ་བཅའ་ཐེངས་གཉིས་ལ་འཚོགས་མ་ཐུབ་པ་རེད། སྐབས་དེར་དོལ་རྒྱལ་བ་ཚོ་ལ་དངོས་ཤུགས་བརྒྱུད་ནས་ལས་འགུལ་སྤེལ་མཁན་གྱི་གྲས་ཡིན་ལ། ད་དུང་སྙན་ཞུ་དང་སྦྱར་ཡིག་སོགས་འབྲི་མཁན་གྱི་འགན་ཕྲན་གྱིས་ཁུར་བ་ཡིན། ཉེན་ཁ་ལ་མ་འཛེམ་པར་ལས་འགུལ་སྤེལ་བ་ཡིན། སྐབས་དེར་༧གོང་ས་མཆོག་གིས་བཀའ་གསུངས་ལས་རང་ཉིད་ཀྱིས་ལས་འགུལ་སྤེལ་བ་དང་ཕྱོགས་མང་བོ་ཞིག་ནས་འདོད་པ་ཚིམས་སོང་།
    དོལ་རྒྱལ་སྐོར་ལ་ལས་འགུལ་སྤེལ་བ་ཁྱེད་ཅག་འཁྱམས་པོ་སྡོམ་པོ་དག་གིས་མི་ཤེས་ཀྱང་གདན་ས་གསུམ་གྱི་དགེ་འདུན་པ་མང་བོ་ཞིག་གིས་མཁྱེན་གསལ་ཡིན། ད་དུང་ལོ་རྒྱུས་ཀྱི་ཡིག་ཚང་ན་ཡོད་ལབ་ན་རྫུན་དུ་མི་འགྲོ། འོན་ཀྱང་དེའི་སྐོར་གླེང་ན་ཕྲན་གྱིས་ཁྱེད་ཅག་ལ་མངོན་སོ་བྱེད་བཞིན་པ་ལྟ་བུའི་དོགས་གནས་ཤིག་གིས་འབྲི་མཚམས་འཇོག་འདོད་བྱུང་།
    སྤྱིར་བཏང་དོལ་རྒྱལ་བ་ཚོས་༧གོང་ས་མཆོག་ལ་སྐྱོན་བརྗོད་དང་ཕྱི་རྒྱལ་ཁག་ནས་ངོ་རྒོལ་བྱས་པ་བདེན་མེད། དེ་ཚོ་ངས་མཐོང་འཇོག་གི་མེད། རྩོམ་པ་པོ་རྣམས་ཀྱིས་༧གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ན་དེ་ཚོའི་མི་མང་ལ་བག་ཆགས་འདྲ་མིན་འཇོག་སྲིད་ཀྱི་རེད་སྙམ་པ་ཙམ་ཡིན།
    སྤྱིར་བཏང་རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ནས་གླེང་ན་རྩོམ་པ་པོ་ཟེར་བ་འདི་བཅིངས་འགྲོལ་དམག་འདྲ་བོ་ཡིན་ནི་རེད། རྩོམ་པ་པོ་རྣམས་ཀྱིས་མི་མང་གི་ཁ་ཕྱོགས་སྒྱུར་སྲིད་པ་རེད། སྒོར་མོ་དང་ཨུ་ཚུགས་བྱས་ནས་དམར་གསོད་བཏང་མཁན་དག་ལ་ཧ་ཅང་གཟབ་དགོས་དོན་མ་མཆིས་སོ།།

    Reply
  34. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལགས།
    ང་ཉིན་གཉིས་ཙམ་རིང་༧གོང་ས་མཆོག་ཞལ་མཇལ་དང་བཀའ་སློབ་ཞུ་མཁན་ཕྱིན་པའི་རིང་དྲ་གྲོགས་ཚོས་རྩོད་པ་མང་པོ་རྒྱག་འདུག
    མ་ཟད་དྲ་གྲོགས་མང་པོ་ཞིག་ནི་༧གོང་ས་མཆོག་གི་དགྲ་པོ་རེད་ཚར་འདུག
    ༧གོང་ས་མཆོག་དང་བསམ་ཚུལ་མ་མཐུན་མཁན་ཚང་མ་༧གོང་ས་མཆོག་གི་དགྲ་བོ་ཡིན་ན། ང་ཡང་བསམ་ཚུལ་མཐུན་མཁན་ཞིག་ཡིན་པས་ཨ་རིག་དགེ་མཐོང་ལགས་ཀྱིས་༧རྒྱལ་བ་རིན་པོ་ཆེན་གྱི་དགྲ་བོའི་ཐོ་གཞུང་ནང་ངའི་མིང་བཀོད་རོགས།

    1.༧གོང་ས་མཆོག་གིས་དམ་པའི་ལྷ་ཆོས་ལག་ལེན་སྟར་དུས་བོད་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་ཡར་རྒྱས་འགྲོ་བ་ལ་འགོག་རྐྱེན་མཐོང་མཁན་ཞིག་ཡིན།

    2.༧གོང་ས་མཆོག་གིས་བདག་གཞན་མཉམ་བརྗེ་གྱི་སྒོ་ནས་རྒྱ་རིགས་སྤུན་ཟླ་ཞེས་དགྲ་བོའི་རིགས་རྒྱུད་ལ་དགའ་གུས་བྱེད་པར་མཐོང་དུས་སྙིང་ལ་གྲི་རྒྱག་པ་བཞིན་ཁོང་ཁྲོ་མེ་འབར་ཡོང་མཁན་ཞིག་ཡིན།

    3.༧གོང་ས་མཆོག་གི་དགོངས་པ་ལྟར་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་སྡོད་འདོད་མེད་པ་མ་ཟད་མ་འོང་པ་སྡོད་རྩིས་མེད་མཁན་ཞིག་ཡིན།

    ཁ་རི་ཁ་ཐུག་ཡིན། སྔར་ཡང་ཡིན།་་་་་་མ་འོང་པ་ཡང་ཁ་རི་ཁ་ཐུག་བཤད་ཀྱིས་ཡིན་་་་་ཁ་ཐུག་བཤད་དགོས་ཞེས་༧གོང་ས་མཆོག་གིས་མདང་དགོང་རང་གསུངས་སོང།
    ཨ་རི་དགེ་མཐོང་བཀའ་དྲིན་ཆེ།

    Reply
  35. ལྷ་མ་ཡིན། says:
    ལོ་ 15 སྔོན།

    ཁྱེད་རང་གི་མིང་དངོས་ཐོག་ནས་གཞན་ལ་སྐྱོན་བརྗོད་བྱེད་པ་ནི་ཧ་ཅང་ལེགས། ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་དགྲ་བོ་ཞེས་མིང་བཏགས་པ་དེ་ལ་རྩ་བ་ནས་འཐད་པ་མེད། ཁྱད་པར་དུ་འཇམ་དབྱངས་ནོར་བུའི་རྩོམ་ཡིག་ལྟ་བུ་ནི་ད་ལྟ་རྒྱ་ནག་གཞུང་ལ་ཁ་ཚ་དགོས་གཏུག་གི་དགོས་ངེས་དང་རྒྱ་གཞུང་ལ་ལན་སྤྲད་པ་ལྟ་བུའི་རྩོམ་ཡིག་རེད་བསམ་བྱུང་།

    Reply
  36. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    སྤྱིར་བཏང་ཕྲན་གྱི་ད་ཐེངས་ཀི་རྩོམ་རྙོག་འདི་རིན་ཐང་ཡོད་མེད་ལ་མ་བལྟས་པར་སེམས་ནང་གི་སྐད་ཆ་དམར་རྗེན་མ་བཏོན་ཡོད། ད་དུང་རྨོངས་དད་ཞིག་གིས་ངར་ཤུགས་ལས་ཐོན་པའི་ལྟ་ཚུལ་རྣམ་དག་ཅིག་ཀྱང་ཡིན། ལུང་རིགས་རྒྱལ་གྱིས་རྩོམ་གི་བཟང་ངན་དང་རང་ཉིད་ཀྱི་ལྟ་ཚུལ་ལ་མ་བལྟས་པར་ཕྲན་གྱི་རྩོམ་རྙོག་འདི་བཀོད་པ་དགའ་ཡོད། དེ་མིན་དུས་དེབ་དང་ཚགས་པར། དྲ་རྒྱ་བཅས་གང་ཡིན་ན་ཡང་རང་ཉིད་ཀྱི་ལྟ་ཚུལ་དང་མ་མཐུན་ཚེ་འགོག་ཨེ་ཐུབ་བྱེད་མཁན་ཧ་ཅང་མང་ངོ་།

    Reply
  37. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    རྒྱལ་བ་རིན་པོ་ཆེར་ཁ་གཏོང་མཁན་ཨ་མདོ་བ་རེ་ཟུང་བཏང་སྙོམས་སུ་འཇོག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། ཡང་རང་དབང་ཅན་གྱི་བོད་དོན་པ་ཁག་ཅིག་གི་མིང་བཟུང་བྱས་པ་ལས་སྤྱི་ལྷན་ནང་ཡོད་པའི་ཆོས་བརྒྱུད་སྤྱི་འཐུས་ཐ་ཤལ་བ་རེ་ཟུང་དེ་ཚོ་མིང་འདོན་བྱེད་མ་ཐུབ་པ་གང་ཡིན་ནམ། དོལ་ཚོགས་དེ་དེང་སང་ཤུགས་ཟད་ཚོགས་པ་ཆགས་ཟིན་པས་མིང་འདོན་པ་ལ་དགོས་པ་དེ་ཙམ་མ་མཐོང་།

    Reply
  38. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་གིས་གསུངས་པ་ལ་མངོན་པར་བསྟོད་དོ། ལེགས་སོ། ལེགས་སོ། དེ་དེ་བཞིན་ནོ།

    Reply
  39. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ༼ཨའོ་ཙམ་བྲིས་འདུག ཡིན་ཡང་ངའི་རྩོམ་གྱི་རྐང་རྩར་ཡང་སླེབས་མི་འདུག ༽འདི་ང་ཚོའིོ་ཟིན་བྲིས་བ་ཞིག་གིས་བཤད་འདོད་པའི་སྐད་ཆ་ཡིན་ས་རེད།

    ཨ་རིག་ལགས་སྙིང་ནས་རྒྱབ་སྐྱོར་ཡོད། ཡིག་ནོར་ཚིག་ནོར་ཇི་ཙམ་ཐོན་ཡང་ལྟ་བ་ནོར་མེད་ན་དེ་ཙམ་མི་སྐྱོན། ཡིན་ཡང་དྲ་གྲོགས་འགས་བཤད་པ་ལྟར་དོལ་ཚོགས་བརྗེད་སོང་ངམ། ཡང་མིན་ན་ང་ཚོའི་ཁྱིམ་མཚེས་ཡིན་པའི་ངོར་བལྟས་པ་མ་རེད་དམ། ཨ་ལ་ཀུ་རེ་ཡིན།

    Reply
  40. ལྷ་མོ། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ཟེར་བ་འདིས། ཁྱོད་རང་གིས་༸རྒྱལ་བ་རིན་པོ་ཆེ་ཁ་ལ་འཁྱེར་ནས་ལྷག་བསམ་ཡོད་མདོག་བྱེད་ཀྱི་འདུག ཧཧཧཧཧ།
    སྙིང་རྗེ། ཁྱོད་རང་གིས་ཆབ་སྲིད་ཀྱི་གནད་འགག་གང་ཡང་ཤེས་ཀྱི་མི་འདུག

    དེ་ལས་ལྷག་བསམ་ཡིན་ན། ཁྱོད་ཀྱིས་དངོས་ཡོད་གནས་སྟངས་གཅིག་དྲྭ་རྒྱའི་ཐོག་བཏོན་དང་།
    རྩོམ་ཡིག་འདི་ཀློག་སྐབས་སྤྱི་ཚོགས་མི་བདེ་བ་བཟོ་མཁན་ཁྱོད་རང་ཡིན་པ་དེ་ར་འཕྲོད་ཀྱི་འདུག

    ༸གོང་ས་མཆོག་གིས་བཀའ་སློབ་གཅིག་ལུང་དྲངས་ན། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༢ ཉིན་གསུང་དོན། འདྲ་ཆགས་པོ་དང་སོ་སོའི་སེམས་ཀྱི་གཏིང་ལ་ཡོད་ཀྱང་མེད་ཀྱང་ཁའི་ཚིག་སྐམ་པ་ཞིག་ལ་འཇུས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་ཚིག་རྩོད་ལྟ་བུ་བྱས་ན་ཕན་ཐོགས་ཁྱོན་ནས་མེད། ང་ཚོ་ཚང་མ་སྤྱི་པའི་དོན་དག་ལ་ཁུར་གཅིག་པ་ཞིག་སླེབས་ཡོད་པ་རེད། ཁུར་མཉམ་ལེན་གྱི་ཐོག་ནས་དམིགས་ཡུལ་འདི་བཞག་ནས་གང་དགའ་ཅི་ལེགས་ཞེས་ལབ་རྒྱུ་རེད་མ་གཏོགས་མི་གཅིག་གིས་ཁ་བདེ་པོ་ལྟ་བུ་བྱས་ཏེ་ཁོས་སྐད་ཆ་ཡག་པོ་བཤད་སོང་ཟེར་རྒྱུ་ལྟ་བུ་དང༌། ཡང་ན་ཁོས་སྐད་ཆ་བཤད་ནས་རྒྱལ་ཁ་ལྟ་བུ་ཞིག་ཐོབ་སོང་ཞེས་པའི་སྐད་ཆ་འདི་མ་རེད། ང་ཚོ་སྤྱི་པའི་དོན་དག་བསྒྲུབ་རྒྱུར་གང་དགའ་ཅི་ལེགས་ལེགས་སྤེལ་ཉེས་འགོག་ག་རེ་བྱེད་དགོས་ཀྱི་འདུག ཚང་མ་ཁུར་མཉམ་ལེན་གྱི་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་རེད། མི་དང་མ་སོང་ནའང༌། མི་ནད་པ་ཛ་དྲག་ལ་ཐུག་ཡོད་པ་རེད། ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེ་ནས་ཤོད་ཀྱི་ཡོད། ཚེས་གྲངས་བཟང་ངན་བརྩི་རྒྱུ་དང་གཅིག མཛད་སྒོ་ཚོགས་ཞེས་པ་དེ་ཚོའི་གྲས་དེ་མིའི་མི་ཚེ་གཅིག་ལ་གལ་ཆེ་ཤོས་དེ་སྐྱེས་པའི་ཉིན་མོ་དང་ཤི་བའི་ཉིན་མོ་རེད། དེར་མཛད་སྒོ་ཚོགས་རྒྱུ་ཡོད་པ་མ་རེད། རྩིས་བཤག་རྒྱུ་མེད་པ་རེད། སྐྱིད་པོ་ཡོད་པའི་སྐབས་ལ་ཚེས་གྲངས་བཟང་ངན་བལྟས། མཛད་སྒོ་ཚོགས་ནས་འདྲ་ཆགས་པོ་ཞིག་བྱ་རྒྱུ་ཡོད་པ་རེད། འགག་ལ་ཐུག་པའི་སྐབས་ང་ཚོ་ནོར་གླིང་ནས་བྲོས་ཡོང་དུས་ཚེས་གྲངས་ལྟ་རྒྱུ་དང་མཛད་སྒོ་ཚོགས་རྒྱུ་མི་འདུག བྲོས་ཡོང་རྒྱུ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ད་ལྟ་དེ་འདྲ་ཞིག་གིས་མཚམས་ལ་སླེབས་པ་ཡོད་པ་རེད་མ་གཏོགས་འདྲ་ཆགས་པོ་བྱས་ཏེ་སྡོད་རྒྱུའི་དུས་ཚོད་མ་རེད། ང་ཚོ་འཆི་གསོན་སྒང་ལ་སླེབས་ཡོད། དེ་འདྲ་ཡིན་དུས་དོན་དག་ངོ་མའི་སྟེང་གང་དགའ་ཅི་ལེགས་ཀྱི་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་འདྲ་ཆགས་པོ་དང་སྤམ་པོ་བྱ་རྒྱུའི་སྐད་ཆ་ཞིག་མ་རེད། འདི་ཁྱེད་རང་ཚོའི་སེམས་ཞོག ཅེས་གསུངས་ཡོད་པ་རེད། འདིའི་གོ་དོན་དེ་ཁྱོད་རང་གིས་ཧ་གོ་གི་འདུག་གམ།
    འདིར་དངོས་སུ་བཏོན་པའི་མི་འདི་རྣམས་སུ་ཡིན་ཀྱང་རུང་། བོད་སྤྱི་པའི་དོན་ལ་བཀའ་མོལ་གནང་བསྡད་མཁན་རྐྱང་རེད་བཞག ཁོང་ཚོས་གླེང་པ་དེ་༸གོང་ས་མཆོག་ལ་ཁ་བཏང་ལུགས་ཞིབ་ཕྲ་ཞིག་ངོ་སྤྲོད་བྱེད་རོགས། ཚིག་རེ་རེ་བཞིན་ངོ་སྤྲོད་བྱེད་རོགས། དེ་མིན་སྤྱི་སྦོམ་གྱི་ཚིག་སྤྱད་དེ་སྤྱི་དོན་ལ་སྐད་ཆ་ཤོད་མཁན་དག་ནག་པོ་བཟོ་བ་འདི་མི་ཡག་པོ་ཞིག་གིས་བྱེད་སྟངས་མ་རེད།
    འདི་འདྲའི་ཁུངས་ལུངས་ཞིབ་ཚགས་མེད་པར་གང་དྲན་དུ་སྤེལ་བའི་གཏམ་ཡན་ཞིག་ལ་བོད་ཀྱི་དུས་བབ་ནས་བདག་པོ་རྒྱག་ཤེས་པ་དེ་ལ་ང་ཚོ་ཡ་མཚན་སྐྱེས་སོང་།
    གུས་མོའི་བསླབ་བྱ་ཞུ་རྒྱུ་ཞིག་ལ། ཨ་རིག་ཁྱོད་ག་རེ་བྱེད་ཀྱི་ཡོད་ན་དེ་ལ་འབད་བརྩོན་བྱོས། སྟག་འཆོང་སར་ཝ་མ་འཆོངས། ཝ་སྐེ་ཚིགས་བུད་ཀྱི་རེད།

    Reply
  41. ཕུན་ཚོགས ། says:
    ལོ་ 15 སྔོན།

    གྲོགས་ཨ་རིག་ལགས་ཀྱིས་བསམ་གཞིག་ནན་མོ་ཞིག་བྱས་འདུག

    ཡིན་ཡང་ངས་བསམ་ན་རང་ཉིད་ཁོར་ཡུག་གིས་བསྐྱེད་པའི་བག་ཆག་མཐུག་དྲག་སོང་བའི་ཚོར་བ་ཞིག་སྤྲོད་གི་་་་་ངོ་མ་ཡིན་་་་དེ་མིན་བརྗོད་བྱ་ལ་དགག་པ་གང་ཡང་མེད།

    གང་ལྟར་ང་ཚོ་དལ་ལྷོད་ལྷོད་ཀྱིས་བརྒྱུད་མྱོང་ཞིང་ཁུ་སིམ་སིམ་གྱིས་མྱོང་ཐུབ་པའི་ཁོར་ཡུག་འདི་དག་གི་གསང་མིག་ལས་མཐོང་འོང་བ་ནི།མདའ་ཆེ་ལ་ཕུ་རིང་བའི་ཕམ་ཁ་གཏོས་ཆེ་བ་དག་རེད་བསམ་གི

    Reply
  42. ནད་པ says:
    ལོ་ 15 སྔོན།

    ༸ རྒྱལ་བ་རིན་པོ་ཆེའི་དགྲ་བོ་ཟེར་བའི་རྩོམ་ཡིག་འདིའི་མགོ་བརྗོད་མཐོང་མ་ཐག་ཏུ་ངའི་སེམས་ལ་ཚོར་སྣང་ཡ་མཚན་ཅན་ཞིག་སྐྱེས།

    ཨ་རིག་དགེ་མཐོང་གིས་གསལ་བཤད་གནང་བ་ལྟར་ང་ཚོ་སྟེ་གངས་ཅན་བོད་རིགས་ཤིག་ཡིན་ཕྱིན་ཆད་ང་ཚོས་ཆབ་སྲིད་དང་། ཆོས་ལུགས། རིག་གཞུང་། དཔལ་འབྱོར། སྤྱི་ཚོགས། མི་རིགས་དང་བཅས་ཕྱོགས་གང་ས་ནས་༸ གོང་ས་སྐྱབས་མགོན་ཆེན་པོར་མཚན་སྨད་དང་སྐྱོན་འཛུགས་སོགས་གཏན་ནས་བྱེད་མི་རུང་བ་ཞིག་རེད།

    ཆབ་སྲིད་པ་ཞིག་གིས་རང་ཉིད་བོད་མི་རྒྱལ་གཅེས་རིང་ལུགས་པ་ཡག་པོ་གཅིག་ཡིན་ཚེ་ད་གཟོད་༸ གོང་ས་ཏྰ་ལའི་བླ་མ་མཆོག་ཟེར་བ་དེ་བོད་རྒྱལ་གཉན་འཕྲང་གི་དུས་འདིར་ཁོང་ཉིད་ཇི་འདྲའི་ཆེས་རླབས་ཆེན་པ་ཞིག་ཡིན་པ་ཤེས་དགོས།

    གལ་ཏེ་རང་ཉིད་ཆོས་ལུགས་ལ་གུས་བརྩེ་ལྡན་པ་ཞིག་ཡིན་ཚེ་ད་གཟོད་༸ གོང་ས་ཏྰ་ལའི་བླ་མ་མཆོག་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དང་འཛམ་གླིང་ཆོས་ལུགས་ཐད་ལ་ཁོང་ཉིད་ཆེས་ཇི་འདྲའི་རླབས་ཆེན་པ་ཞིག་ཡིན་པ་ཤེས་དགོས།

    ཅི་སྟེ་རང་ཉིད་བོད་ཀྱི་རིག་གཞུང་ལ་དགའ་ཞེན་ཡོད་པ་ཞིག་ཡིན་ཚེ་བོད་ཀྱི་རིག་གཞུང་སྤྱི་ལ་ཁོང་ཉིད་ཀྱིས་ཆེས་ཇི་འདྲའི་རླབས་ཆེན་མཛད་རྗེས་བསྐྱངས་དང་སྐྱོང་བཞིན་ཡོད་པ་དེ་ཤེས་དགོས།

    འོ་ན་ཁྱེད་ཉིད་དཔལ་འབྱོར་རིག་པ་ཞིག་ཡིན་ཚེ་ད་གཟོད་༸ གོང་ས་མཆོག་གིས་བོད་རིགས་ཁྱོན་ཡོངས་ཀྱི་གནས་སྟངས་ལ་ཆེས་ཇི་འདྲའི་རྒྱུ་ཡོན་གཏོང་གནང་མཛད་པ་དེ་ཤེས་དགོས།
    ལར་ནས་ཁྱེད་རང་སྤྱི་ཚོགས་ལ་བསྒྱུར་བཅོས་ཀྱི་བསམ་བློ་ཡོད་མཁན་གཅིག་ཡིན་ཚེ་ཁོང་ཉིད་འཛམ་གླིང་དང་ལྷག་པར་བོད་པའི་སྤྱི་ཚོགས་འདིར་བླ་ན་མེད་པའི་བཀའ་དྲིན་ཇི་ལྟར་བསྐྱངས་དང་སྐྱོང་བཞིན་ཡོད་པ་དེ་ཚོར་དགོས།

    ད་དུང་ཁྱེད་རང་མི་རིགས་རིང་ལུགས་པ་ཞིག་ཡིན་ཚེ་ཁྱེད་ཉིད་ཀྱི་བོད་མི་རིགས་འདི་ལ་༸ གོང་ས་ཏྰ་ལའི་བླ་མས་གངས་ཅན་གྱི་མི་རིགས་འདི་ལ་ཆེས་རླབས་ཆེན་གྱི་མཛད་འགན་ལྕི་མོ་ཞིག་ངལ་བའི་འཁུར་ཆེན་ཕྲག་པར་འདེགས་བཞིན་ཡོད་པ་དེ་ངེས་པར་ཤེས་དགོས།

    མདོར་ན་བོད་མི་རིགས་འདིར་མཚོན་ན་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་མཁྱེན་རླབས་འགྲན་ཟླ་མེད་པ་ཞིག་ཡིན་ལ། བཀའ་དྲིན་ཡང་མཚུངས་ཟླ་མེད་པ་ཞིག་ཡིན་སྟབས་ང་ཚོས་བསམ་བློ་ཞིབ་ཏུ་གཏོང་རྒྱུ་གལ་འགངས་ཆེན་པོ་རེད།

    ཇི་ཙམ་བསམ་བློ་གཏོང་གཟབ་ཏུ་བཏང་ཐུབ་ཚེ་དེ་ཙམ་གྱི་དཔྱད་ཞིབ་ཟབ་མོས་ངེས་པ་བརྙེས་ཐུབ་པས་མདོར་ན་ང་ཚོས་༸ གོང་ས་ཏྰ་ལའི་བླ་མའི་རླབས་ཆེན་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་ལ་སེམས་ཀྱི་གཏིང་ནས་ཤེས་ནས་དད་པ་ཐོབ་པའི་ལམ་མ་ནོར་བའི་བོད་རིགས་ཡག་པོ་ཞིག་གིས་རང་གི་མི་ཚེ་ཧྲིལ་པོར་རང་ཉིད་ཀྱིས་རང་ལ་སྤོབས་པ་དང་ལྡན་པའི་བོད་མི་ཡག་པོ་ཞིག་བྱེད་རྒྱུའི་བསམ་བློ་ངེས་པར་གཏོང་ཐུབ་པ་ཞིག་བྱེད་དགོས།

    Reply
  43. གནམ་ལྕགས། says:
    ལོ་ 15 སྔོན།

    ཨ་དགེ་ལགས།
    སྤྱིར་ང་ཚོའི་དུས་ཚོད་ཛ་དྲག་པོ་འདིའི་སྐབས་སུ་དུངས་ཞེན་གྱི་དབང་དུ་སོང་བའི་སྐད་ཆ་མི་བཤད་རྒྱུ་གལ་ཆེན་པོ་ཡིན། བདག་ཅག་གི་སྟོན་པས་ཀྱང་། བསྲེག་བཅད་བརྡར་བའི་གསེར་བཞིན་དུ།།ལེགས་པར་བརྟག་ལ་ང་ཡི་བཀའ།།བླངས་པར་བྱ་ཡི་གུས་ཕྱིར་མིན།།གསུངས་ཡོད། གལ་སྲིད་དད་པ་དང་དག་སྣང་གིས་མི་བལྟ་བར་དྲང་བདེན་གྱིས་བལྟས་ནའང་ཁྱོད་རང་ཤིན་ཏུ་བདེན་ཡང་། བདེན་པ་ལ་སྐྱབ་སྐྱོར་ཡོད་པའི་སྒོས་བརྗོད་འདོད་པ་གཅིག་ནི། བཤད་ཤེས་ཅུང་ཟད་བྱེད་དགོས། ངར་ཐོག་གི་གཏམ་ལ་འགྱོད་པ་སྐྱེས་སའང་མང་བོ་ཡོང་གི་རེད། ང་ཚོའི་མི་རིགས་ཀྱི་འཐབ་རྩོད་དང་དེའི་ངོ་བོའི་ཐད་ལ་དད་པ་དང་དག་སྣང་སྦྱངས་ནས་ཡོང་རྒྱུ་མེད་པ་དེ་སྐུ་ཉིད་ཀྱིས་ཤེས་གསལ་ལགས་ན་ངས་བཤད་ག་ལ་དགོས། དེའི་སྟབས་ཀྱིས་ས་བཤད་རྡོ་བཤད་ཉུང་ཙམ་བྱེད་རོགས།
    བདག་གི་སྙིང་ཉེ་བའི་ཨ་དགེ་ལགས།

    Reply
  44. བློ་བཟང་། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལགས་དངོས་གནས་དོལ་རྒྱལ་ཚོགས་པར་སྐྲག་ཐག་དགུ་ཐག་ཆོད་འདུག

    Reply
  45. མི་ཆུང་། says:
    ལོ་ 15 སྔོན།

    ཨ་རིག་གླེན་པར་རྒྱབ་སྐྱོར་ཡོད། ཨ་གསར་ཆེ་མི་རུང་། མཇུག་མ་ཐུང་མི་ཉན། ད་ལྟ་ང་ཚོའི་དཀའ་ངལ་དེ་ཛ་དྲག་གི་དུས་ལ་ཐུག་ཡོད་དུས་གཟབ་དགོས། སེམས་ལ་བསམ་ཚད་ངག་སྒོར་བུད་པ་དེ་ཡང་དམངས་གཙོའི་ཁྱད་ཡོན་མིན།

    Reply
  46. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 15 སྔོན།

    ཡང་ནང་འཁྲུག་རྒྱག་རྒྱུ་འགོ་བཙུགས་འདུག

    Reply
  47. རང་བཙན་གཙང་མ། says:
    ལོ་ 15 སྔོན།

    དགྲ་བོ་ཉུང་ཉུང་ཞིག་ལས་རག་མི་འདུག་ག དེའི་ཁྲོད་ཀྱི་ཁང་གསར་སོགས་ནི་༸རྒྱལ་བ་རིན་པོ་ཆེར་དོན་གྱི་རྒྱབ་སྐྱོར་ཤུགས་ཆེ་ཤོས་བྱེད་མཁན་ཚོ་རེད།

    ཨ་རིག་གླེན་པ་འདིས་དོལ་རྒྱལ་ཕྱོགས་གཏོགས་པ་རྣམས་ནི་༸རྒྱལ་བ་རིན་པོ་ཆེའི་གཉེན་ལ་བརྩི་གི་ཡོད་ས་རེད། ཟུར་ཙམ་ཡང་བཤད་མི་འདུག་ག

    Reply
  48. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ༼སྤྱི་འཐུས་ལྷ་མོ་སྐྱབས་ལྟ་བུའི་ནང་ཆོས་ཀྱི་ཞག་རྩི་ཡོད་མཁན་དང་། བསྟན་འཛིན་ཕན་བདེ་ལྟ་བུའི་དད་སྟོབས་ཅན་ཞིག་གིས་བྲིས་པའི་རྩོམ་ཡིག་ཀློག་དུས་རང་བཞིན་གྱི་སེམས་ལ་དགའ་སྣང་ཞིག་འོང་གི ༽

    སེམས་ཀྱི་སྐད་ཆ་ངོ་མ་བཤད་ན་འདི་ལྟ་བུ་ཞིག་ཡིན་ས་རེད། སེམས་ཀྱི་དཀའ་ངལ་དང་དཀའ་ངལ་དེ་སེལ་ཐབས་ཀྱི་སྨན་ཡང་འདི་ལྟ་བུ་ཞིག་ཡིན་ས་རེད།

    Reply
  49. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    འདི་མཐའ་གཅིག་རེད།

    Reply
  50. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཨའོ་ཙམ་བྲིས་འདུག

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese