མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཆབ་བྲག་ལྷ་མོ་སྐྱབས།
སྔོན་གླེང་དག་དང་འབྲེལ་བའི་གསལ་འདེབས་འགའ།

ལས་རིགས་འདྲ་མིན་ཁྱིམ་ཚང་ཀུན་ལ་མཁོ། འགལ་བ་ལྟག་སྤྲོད་ཁྱིམ་གཞི་འཐོར་བའི་གཞི།
རང་སྐྱོང་དགོས་ན་རང་བཙན་འདོར་དགོས་ལ། ཕ་མ་ངན་ན་དེ་ཡང་འདོར་བར་རིགས།
   
མིའི་རིགས་ལ་སྲོག་ཆགས་གཞན་ལས་འགལ་བ་མང། འགལ་བ་ཆེ། འགལ་བ་དེ་ནི་བསམ་ཚུལ་དང་ལྟ་བ་མི་མཐུན་པའི་དབང་གིས་ཡོང་གིན་ཡོད། ལྟ་ཚུལ་དེ་རིགས་ལ་ནང་གསེས་ཧ་ཅང་མང་ཡང། བསམ་བློའི་ཆ་ནས་བཤད་ན། མ་འདོད་པའི་ལྟ་སྟངས།  མ་ཤེས་པའི་ལྟ་སྟངས། ལོག་ཤེས་ཀྱི་ལྟ་སྟངས། འཁོན་སེམས་ཀྱི་ལྟ་སྟང་རིགས་ནི་ལྟ་ཚུལ་ནོར་འཁྲུལ་ཅན་གྱི་རིགས་ཡིན་ལ། ཉེན་ཁ་ཅན་གྱི་རིགས་ཀྱང་ཡིན་ངེས།

    མིའི་རིགས་ཀྱི་སྤྱི་ཚོགས་ནང་འདིར་འགལ་འདུ་མངས་དྲགས་མེད་ན་ཉུང་མེད། ང་ཚོ་རང་ལ་མཚོན་ན་ཡང། རྒྱལ་ཁབ་ཇི་ལྟར་ཐོར་ཚུལ་དང་སིལ་བུར་གནས་སྟངས། ས་སྐྱ་བ་ནས་དགའ་ལྡན་ཕོ་བྲང་བའི་བར་ལ་སྤྱིར་བོད་ཀྱི་བདག་དབང་སླར་གསོ་བྱས་ཀྱང་སོར་ཆུད་མ་ཐུབ་པའི་བྱུང་རབས་ཉོག་འཛིང་ཅན། རྒྱ་དམར་གྱི་དམག་དཔུང་གིས་བཙན་འཛུལ་བྱེད་དུས་ཀྱང་གཅིག་རྒྱབ་གཅིག་གནོན་གྱི་འགོག་སྲུང་མ་ཐུབ་པའི་བློ་ཕམ་འགྱོད་པའི་ངང་ཚུལ་མང་པོ། བཙན་བྱོལ་ལ་འབྱོར་ནས་ཀྱང་སྡུག་གི་ཁུར་བོ་མཉམ་འཁུར་བྱེད་མ་ཐུབ་པའི་སྐྱོན་དང་ནོར་འཁྲུལ་ཕྱོགས་གང་ས་ནས་བྱི་ལོང་ས་འབུར་བཞིན་བྱུང་དང་འབྱུང་བཞིན་པའི་འགལ་འདུ་རྣོ་ངར་ཅན་རྣམས་གསར་སྐྱེས་མང་པོ་ཞིག་གིས་ཚོར་ཐུབ་ཀྱིན་མེད། དེའི་དཔེ་མཚོན་གསལ་ཤོས་ཤིག་ནི་ལོ་སྔོན་མར་གྲོས་ཚོགས་ཀྱི་མཇུག་སྡོམ་རྒྱག་མ་ཐུབ་པའི་གནད་དོན་ཐད་ལ། དེ་ནི་མི་ཚང་གཉིས་ཀྱི་གནད་དོན་ཞིག་ལས་འགལ་འདུ་ཆེན་པོ་ཞིག་མིན་ཚུལ་བཤད་པ་ལྟ་བུ་རེད། དེ་ཡང་གཞོན་སྐྱེས་དྲག་གྲས་ཤིག་གིས་བཤད་པ་རེད། གལ་ཏེ་མི་ཚང་གཉིས་ཀྱི་གནད་དོན་ཁོ་ན་ཞིག་ཡིན་ན་དེ་ནི་ཐག་གཅོད་དཀའ་མོ་ཞིག་ཅི་ལ་ཡིན། དེ་ནི་མེ་ཆུ་ལྟ་བུའི་འགལ་འདུའི་རྒྱབ་ལྗོངས་དག་མ་མཐོང་བའི་རྟགས་གསལ་བོ་རེད། ངས་ང་ཚོའི་སྤྱི་ཚོགས་ནང་ཁུལ་ལ་འགལ་འདུ་ཆེན་པོ་ཞིག་གི་རྨ་ཤུལ་སོས་མེད་པ་མཐོང་གིན་ཡོད་ལ། དེ་དག་ནི་ཟུར་ངོས་སྣ་ཚོགས་ནས་མངོན་གྱིན་པ་མཐོང་གིན་འདུག དེ་བས་འགལ་བ་འདི་རིགས་ནི་ཁྱིམ་ཚང་གཉིས་ཀྱི་རང་ཤེད་ངོམ་པ་ལྟ་བུའི་ཆུང་ཆུང་ཞིག་མིན་པར་མ་ཟད། རང་བཙན་དང་དབུ་མའི་ལམ་གྱི་ལངས་ཕྱོགས་མ་འདྲ་བ་ཙམ་གྱི་གནད་དོན་ཞིག་ཀྱང་མིན་ཚུལ་སྤྱི་ཚོགས་ཁྲོད་ཟབ་ཞུགས་བྱས་ན་མ་གཏོགས་ཚོར་དཀའ།

    ངས་བོད་ཀྱི་རང་བཙན་འཐབ་རྩོད་པ་ཚོར་བསྟོད་བསྔགས་ཀྱི་སྙན་ཚིག་ཀྱང་མི་ཉུང་བ་ཞིག་བྲིས་ཡོད། ད་དུང་ཡིན་ན་ཡང་རང་བཙན་འཐབ་རྩོད་པ་དཔའ་རྒོད་རྣམ་པས་ང་ལ་ངར་ཤུགས་དང་སྤོབས་པ་སྐྱེད་ཀྱིན་འདུག མ་གཞི་ནས་བོད་ཀྱི་ལར་ཞེན་སྨྲ་མཁན་སུ་ཞིག་ཡིན་ཡང་ངས་མ་རབས་ཐ་ཆད་ཅིག་ཏུ་མཐོང་གིན་མེད། འོན་ཀྱང་ངའི་སྣང་ངོར་བསམ་མ་ཤེས་པའི་སྣང་ཚུལ་འཇིགས་སྣང་ཅན་ཞིག་འོང་གིན་འདུག
    དབུ་མའི་ལམ་ཐོག་མར་ཁྱབ་བསྒྲགས་བྱེད་དུས་ནས་མ་དགའ་བ་དང་མ་འདོད་པའི་རྣམ་འགྱུར་འདི་རིགས་ཐོན་པ་མ་ཟད་དེ་ཤུགས་ཆེར་སླེབས་པ་རེད། དེར་བརྟེན་༸གོང་ས་མཆོག་གི་ལམ་སྟོན་ལྟར་མི་དམངས་ཀྱིས་འོས་ཤོག་བླུགས་ནས་ཐག་གཅོད་བྱེད་དགོས་བྱུང་བ་རེད། སྐབས་དེར་གྲོས་ཚོགས་ནང་ཡང་སྤྱི་མོས་གཏན་འབེབས་བྱུང་བ་རེད། འོན་ཀྱང་མུ་མཐུད་དེ་འགལ་བ་དེ་སླར་ཡང་ཆེ་རུ་ཕྱིན་པས་ན་སླར་ཡང་༸གོང་ས་མཆོག་གིས་ཉེ་ཆར་དམིགས་བསལ་ཚོགས་ཆེན་ཞིག་སྐོང་དགོས་པའི་བཀའ་དེ་ཕེབས་པ་རེད། དབུ་མའི་ལམ་ལ་སྔར་བཞིན་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པ་རེད། འོན་ཀྱང་སྤྱི་ཚོགས་ཁྲོད་སྔར་བཞིན་ཡིད་ལ་སྐྲང་འབུར་ཅན་གྱི་རང་ལྟ་མཁྲེགས་འཛིན་པ་ཚོས་ལབ་གླེང་སྣ་ཚོགས་བྱས་པ་མ་ཟད་བསམ་ཡུལ་ལས་འདས་པ་ཞིག་ལ་བཀའ་ཟུར་རྣམ་པ་ཡང་ལྷན་ཚོགས་གནང་ནས་ད་ལྟའི་དབུ་མའི་ལམ་ཟེར་བ་འདི་༸གོང་ས་མཆོག་གི་བཀའ་དགོངས་དང་འགལ་ཚུལ་སོགས་གླེང་སློང་བྱས་པ་མ་ཟད། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་་ཟེར་བ་སོགས་ཀྱི་གླེང་སློང་ཉེན་ཚབས་ཅན་བྱུང་བ། ད་དུང་ཕྱི་ཚུལ་ནས་དོན་དག་ཆུང་ཚགས་ལྟ་བུའི་རྩོད་གཞི་ཞིག་གི་རྐྱེན་གྱིས་གྲོས་ཚོགས་མཇུག་འགྲིལ་མ་ཐུབ་པའི་སྔར་མེད་ཛ་དྲག་གི་གནས་སྟངས་ཤིག་ལ་སླེབས་པ་རེད། གལ་ཏེ་ཆབ་སྲིད་རང་གི་ལྟ་སྟངས་ཆ་ནས་དེ་འདྲ་ཞིག་བྱུང་ན་ཅིས་མ་ཆོག  དེ་བས་ཐེངས་འདིར༸གོང་ས་མཆོག་གིས་སླར་ཡང་གྲོས་ཚོགས་རང་ལ་གསུང་འཕྲིན་ནན་མོ་དེ་གནང་དགོས་བྱུང་བ་རེད། དེའི་དགོངས་དོན་གོ་ལ་མ་གོ་ཁུལ་གྱི་རྣམ་འགྱུར་མང་པོ་ཐོན་པས་བཀའ་ཁྲི་མཆོག་གིས་སྙིང་ཁོང་གི་མཆི་མ་དང་ལྷན་དུ་དེ་ལ་སློབ་ཁྲིད་རང་བཞིན་གྱི་གསལ་བཤད་རིང་པོ་ཞིག་ཀྱང་གནང་དགོས་བྱུང་བ་རེད། འོན་ཀྱང་ད་དུང་ཡང་འགལ་འདུའི་སྐྲང་འབུར་འདི་ལས་སླ་བོར་དྲག་རྒྱུ་ཞིག་མིན་པ་འདྲ།

    གོང་གསལ་གནས་ཚུལ་སོགས་ལ་རྒྱུས་ལོན་མེད་པར་རང་སྣང་ཁོ་ནས་ཆབ་སྲིད་སྨྲ་བ་དག་ནི། ཡུལ་དུས་གནས་བབ་མི་ཤེས་པའི་རང་རློམ་ཅན་གྱི་རིགས་རེད་ཟེར་གྱིན་ཡོད། དེ་ལ་དབུ་མའི་ལམ་དང་རང་བཙན་གྱི་ས་མཚམས་མེད། འོན་ཀྱང་ངས་རང་བཙན་གླེང་བཙན་གླེང་མཁན་མང་པོ་ཞིག་༸གོང་ས་མཆོག་གི་ཁ་གཏད་ཀྱི་ཁ་གཏད་ཀྱི་ལག་ཆར་འགྱུར་རྒྱུ་མིན་ནམ་སྙམ་ནས་བློ་འཚབ་འོང་གིན་འདུག

    འགལ་བ་སེལ་ཐབས་ཡག་ཤོས་ནི་ཚང་མ་འཛོམས་ནས་སོ་སོའི་བསམ་ཚུལ་དང་ལྟ་བ་ཞིབ་གླེང་གིས་བརྡར་ཤ་གཅོད་རྒྱུ་དེ་རེད། དེ་ནི་དོན་ངོ་མའི་བློ་གྲོས་སྡུར་སྟངས་ཤིག་རེད། དེའི་འབྲས་བུར་ལམ་བཟང་ཤོས་ཤིག་རྙེད་རྒྱུ་དང། འཆམ་མཐུན་ཡོང་རྒྱུ། མ་མཐར་ཡང་འགལ་བ་ཆེ་རུ་མི་འགྲོ་བ་ཞིག་ཆགས་དགོས། འདི་ཡོང་ཐུབ་ན་དམངས་གཙོ་ཟེར་བ་ཞིག་ཡོད་པས་དགོས་དོན་ཡང་གྲུབ་པ་རེད། གལ་ཏེ་དེ་ལས་ལྡོག་པར་གྱུར་ན་དེ་ནི་ཅི་འདྲའི་འཇིགས་སུ་རུང་བའི་དམངས་གཙོ་ཞིག་རེད་ཨང།

    སྤྱིར་ན་འགལ་བ་འདི་རིགས་ནི་མི་དམངས་ནང་ཁུལ་གྱི་འགལ་བར་གཏོགས་ནའང་། འགལ་རྐྱེན་གྲོགས་སུ་འཁྱེར་མི་ཐུབ་པའི་ང་ཚོའི་དམངས་གཙོར་མཚོན་ན་འདི་ནི་འགད་རྫས་ཤིག་ཏུ་མི་འགྱུར་བའི་ངེས་པའང་མེད། དེ་བས་བསམ་པ་རྣམ་དག་ཅན་ཚོས་ལག་པ་བྲང་ཁར་ཞོག་ལ་འདང་རེ་རྒྱོབ།

    མདོར་ན། ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ་ཟེར་བའི་གནའ་མིའི་ཁ་དཔེ་འདིར་ང་ཚོས་ངོས་འཛིན་ཟབ་གསལ་ཞིག་ལེན་དགོས།

ང་ཡང་གཞོན་དུས་རང་རློམ་ཅན་ཞིག་ཡིན། རང་གི་བསམ་ཚུལ་མཐའ་དག་བདེན་པར་རློམ།
ཉམས་མྱོང་གསོག་གིན་རང་ཉིད་ཆུང་བར་གྱུར། རང་དང་སྤྱི་ཚོགས་གང་ཆེ་གསལ་བར་མཐོང།

བདེན་པའི་ཆ་རེ་རྙེད་ན་བྲང་ལ་སྦྱོར། ཉེས་པའི་རྡུལ་རྣམས་རྐང་པའི་འོག་ལ་རྫིས།
དྲ་གྲོགས་སུར་ཡང་མ་དགའ་སྤུ་ཙམ་མེད། འོན་ཀྱང་མི་མཐུན་མཐོང་ཚུལ་མུ་མཐུད་སྨྲ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༡ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 18

  1. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ངས་ནམ་རྒྱུན་རྒན་ལྷ་མོ་སྐྱབས་ལགས་རེ་ལྟོས་དང་ཡིད་ཆས་ཞེ་དྲག་བྱས་པ་མ་ཟད་ཁོང་དངོས་ཉིད་མི་དྲང་ཚུགས་ཐུབ་པའི་མི་ཞིག་ལ་ངོས་འཛིན་གཙང་མ་བྱས་མྱོང་ཡིན་ནའང་ཁོས་ད་ལོ་གྲོས་ཚོགས་བརྒྱད་པའི་སྐབས་སྒྲོལ་མ་མཚོ་མོའི་ལག་འོག་ཏུ་ཤོར་ནས་རྙོགས་འཛིང་རང་བཞིན་ཅན་གྱི་གྲོས་འཆར་ལ་མཚན་རྟགས་འགོད་པ་མཐོང་དུས་ཁོ་བོ་གཞི་ནས་ཤེས་མེད་ཀྱི་གླེན་ཆུང་ཞིག་ཡིན་པར་ད་གཟོད་ཚོར། དངོས་ཉིད་བཙན་བྱོལ་ནང་དུ་གནས་ཡོད་མི་སྣ་གྲགས་ཅན་ཚོག་གཙོ་ཟུར་པ་པདྨ་འབྱུང་གནས་ཁོང་གཉིས་ལ་དངོས་ཉིད་ང་སེམས་གཏིང་ནས་ཞེན་པ་ལོག་སོང་། མ་གཞི་ཆགས་ལྡན་གྱི་མི་ངན་དེ་ཚོ་སྐྱེ་དམན་གྱི་དབང་སྒྱུར་འོག་འགྲོ་ཆོག་ཆོག་ལྟ་བུ་རེད།

    Reply
  2. བེ་སིའི་བུ། says:
    ལོ་ 15 སྔོན།

    how are you?

    Reply
  3. བེ་སིའི་བུ། says:
    ལོ་ 15 སྔོན།

    how are you?

    Reply
  4. གནས་ཚང་། says:
    ལོ་ 15 སྔོན།

    ཁ་སྣོན་གཅིག གུས་པས་བཏོན་པའི་དྲི་བ་དེ་དག༼ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ༽པའི་འགྲེལ་སྟངས་སླ་ཤོས་དེ་ཆགས་ཡོད་དམ།

    Reply
  5. གནས་ཚང་། says:
    ལོ་ 15 སྔོན།

    ངས་བལྟས་ན། གྲོས་ཚོགས་ནང་བྱུང་བའི་རྩོད་རྙོག་དེ་ལས་འཕྲོས་པའི་ཁ་སང་དེ་རིང་གི་ཁ་རྩོད་ཚིག་རྩོད་འདི་ལ་དོན་སྙིང་གཏིང་ཟབ་ཅིག་ཡོད་པར་འདོད།

    ༡ ཡེ་ཤེས་དབྱིངས་དཔྱད་ནི་ཞེ་ས་ཞིག་རེད་ལ། དོན་བསྡུས་ནས་བཤད་ན་གཡོལ་ས་ཞིག་ཀྱང་རེད། དེ་བས། མང་ཚོགས་ཀྱིས་ཐད་ཀར་འོས་ཤོག་འཕངས་ནས་གདམ་ཐོན་ཟིན་པའི་བཀའ་ཁྲིར་མཚོན་ན། འགན་རང་སྟེང་ནས་མི་འཁུར་བར་སླར་ཡང་ཡེ་ཤེས་དབྱིངས་དཔྱད་སྒང་འགེལ་དོན་ཅི།
    ༢ གལ་སྲིད་དེ་ལྟ་མ་རེད་ལབ་ན། བཀའ་ཁྲི་ལགས་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་གཙོ་ཡིན་དོན་ཅི། ཚོགས་གཙོ་ཡིན་པའི་འོས་འགན་ཅི།

    གནད་དོན་གཏིང་ཟབ་འདི་རིགས་ལ་ངོ་འཕྲོད་རྗེས་སླ་བོ་ཆགས་ཟིན་པ་མིན་ནམ།

    Reply
  6. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཨ་རོགས་ཁ་རྩོད་བཞག་ནས་གསོལ་འདེབས་བྱོས།
    རྒྱ་ལོ་བོད་ལ་དགའ་བའི་གསོལ་བ་འདེབས།
    ཟམ་གདོང་ཕྱོགས་ཞེན་དཔང་བའི་གསོལ་བ་འདེབས།
    སྐུ་སྒེར་ལས་བྱེད་བརྗེ་བའི་གསོལ་བ་འདེབས།
    གསུང་བསྒྱུར་གོ་སྐབས་ཐོབ་པའི་གསོལ་བ་འདེབས།
    རྒྱ་རི་འཇུ་ཆེན་མཐུན་པའི་གསོལ་བ་འདེབས།
    ཨ་རི་རླུང་འཕྲིན་ཁང་གཙོས་གསར་ལམ་ཀུན།
    གསར་འགྱུར་དགེ་བདག་མིན་པའི་གསོལ་བ་འདེབས།
    ཆོས་བརྒྱུད་བཞི་དང་ཕ་ཆོས་བོན་བཅས་ལ།
    ལྟ་བཏང་གཅིག་པ་ཡིན་པའི་གསོལ་བ་འདེབས།
    ཀམ་ཚང་ཚང་གི་རྙོག་གྲ་ཆུང་ཆུང་འདི།
    ཆོས་རིགས་ལས་ཁུང་མ་མཐོང་ཡིན་ཁུལ་འདི།
    ཕྱོགས་ཞེན་དཔང་ཏེ་གཙང་མ་བཟོ་བ་ལ།
    གོང་ནས་ཆོག་མཆན་ཐོབ་པའི་གསོལ་བ་འདེབས།

    Reply
  7. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    ཁ་སང་དེ་རིང་གི་ཁ་རྩོད་ཚིག་འདིའི་མཇུག་བསྡུ་ན་འདོད་སོང་། ཀློག་དགོས་པ་དག་བཀླགས་པ་ཡིན་ལ། བསམ་དགོས་དག་ལ་བསམ་བློ་ཡང་གཅིག་མིན་གཉིས་གཏང་བ་ཡིན། དེ་བཞིན་རང་གི་བསམ་ཚུལ་རྣམས་ཡང་མུ་མཐུད་ནས་བསྟུད་མར་ཞུས་པ་ཡིན། ད་སྔ་ས་ནས་མཇུག་བསྡུ་ན་འདོད་སོང་། གཤམ་ལ་མཇུག་བསྡུའི་སྐད་ཆ་འགའ་བཤད་ན་འདོད།

    ༡༽ཡང་ནས་བསྐྱར་དུ་ཞུས་པ་བཞིན་ལམ་དབུ་མ་དང་རང་བཙན་ལ་མཚོན་ན་བོད་མའི་འཐབ་རྩོད་ཀྱི་སྒང་ནས་ཡིན་ན་རེད། བོད་མིའི་དགོས་འདུན་ཀྱི་ངོས་ནས་ཡིན་ན་རེད། གང་ལྟར་ཕྱོགས་གང་ནས་བལྟས་ཀྱང་རྒན་ལགས་ཀྱིས་གསུངས་པ་བཞིན་ཁ་གཏད་དམ་འགལ་ཟླར་ལངས་ཡོད་པ་ཞིག་ད་སྔ་མཐོང་མ་སོང་ལ། ད་དུང་ཡིན་ནའང་ཚོར་གི་མི་འདུག འདི་གཙོ་བོ་དང་གཏེ་བ་དེ་ཡིན།

    ༢༽རང་བཙན་ལ་རེ་བ་མེད་པ་ནང་བཞིན་ལམ་དབུ་མར་ཡང་རེ་བ་ཆེན་པོ་མེད་པ་འབྲེལ་མོལ་རིམ་པ་ཁག་གི་ངོས་ནས་གསལ་བོར་མཐོང་ཐུབ། རྒྱ་ནག་གི་དང་པོ་ནས་བོད་ལ་བོད་མིའི་མངོན་འདོད་དང་མཐུན་པའི་གནས་སྟངས་ཤིག་བསྐྲུན་འདོད་མེད་པ་བདུན་ཅུ་དོན་མཇུག་ནས་རྣམ་འགྱུར་གསལ་བོ་བསྟན་འདུག ང་ཚོའི་ངོས་ནས་རེ་བ་ཡག་སར་བརྒྱབས་ནས་གོམ་པ་སྤོས་པ་མ་གཏོགས་གདེང་ཚོད་སྒང་ནས་ཕྱིན་པ་མེད་པའང་གསལ་བོ་རེད།

    ༣༽ངས་འབྲེལ་མོལ་རིམ་པ་འདི་དག་ལ་བླ་ན་མེད་པའི་གྲུབ་འབྲས་ཤིག་བྱུང་ཡོད་པ་མཐོང་སོང་། ད་ལྟ་ནང་བཞིན་རྒྱ་ནག་གཞུང་དང་ལྷན་དུ་འབྲེལ་མོལ་དང་གྲོས་མོལ་བརྒྱུད་ནས་བོད་དོན་བདེན་མཐའ་སེལ་བའམ། བོད་མིའི་མངོན་འདོད་དག་འགྲུབ་ཐབས་མེད་པ་རྒྱ་ནག་ལ་ཁ་གསལ་བཅུག་པ་དེ་རེད། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཁོར་ནས་ཁ་གསལ་བཅུག་པ་དེ་རེད། འདི་ཡང་གཙོ་བོ་༢༠༠༨ ལོའི་བོད་ནང་གི་ཞི་རྒོལ་ཆེན་མོ་དང་། ཨོ་ལིམ་པེཀི་དཔའ་འབར་བརྒྱུད་སྤྲོད་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་བྱས་པ་ལ་བརྟེན་བྱུང་བ་རེད།

    ༤༽ལམ་དབུ་མར་བོད་མིའི་རྒྱབ་སྐྱོར་གང་ཡོད་པ་དེ་ངེས་ཤེས་ཀྱི་སྟེང་ནས་མིན་པར་གཙོ་བོ་དད་འདུན་དང་ཡིད་ཆེས་ཀྱི་ངོས་ནས་ཡོང་ཡོད། དེ་ཡང་གཙོ་བོ་རྒྱལ་བ་རིན་པོ་ཆེའི་གཟི་བྱིན་གྱི་ངོས་ནས་ཡོང་ཡོད། ད་རྒྱལ་བ་རིན་པོ་ཆེ་དགུང་ལོ་བགྲེས་པོ་རེད། བརྟན་བཞུགས་ག་ཚོད་ཅིག་བསྟར་འབུལ་ཞུས་ནའང་དགུང་གྲངས་བརྒྱད་ཅུ་ཡོལ་རྗེས་ནུས་ཤུགས་བསྐྱོན་ཐུབ་རྒྱུ་ཁག་པོ་རེད། རྒྱལ་བ་རིན་པོ་ཆེ་མེད་ན་བོད་དོན་བརླག་ནས་བོད་གཞུང་འཐོར་འགྲོ་མིན་གང་ལྟར་ཡང་། ལམ་དབུ་མ་མཇུག་རྫོགས་འགྲོ་བ་ད་ལྟ་ནས་ཁ་ཚོན་གཅོད་ཐུབ་པ་ཞིག་རེད། རྒྱ་ནག་གི་བྱེད་སྟངས་ལས་སྟངས་ཀྱི་ངོས་ནས་མཇུག་རྫོགས་ཆོག་ཆོག་རེད་ལ། བོད་མིའི་ཚོའི་ངོས་ནས་ཀྱང་མཇུག་རྫོགས་ཆོག་ཆོག་རེད། དད་འདུན་ཞུ་ས་དང་ཡིད་ཆེས་བཅོལ་ས་མེད་ཉིན་ནས་ཁོང་གི་དགོངས་པ་རླབས་ཆེན་རེད་ཟེར་ནས་བྱིན་རྟེན་གནང་བཞིན་ཉར་མཁན་རེ་གཉིས་ཡོད་ན་ལས། ད་ལྟ་ནང་བཞིན་ལོ་ནས་ལོར་མཐུད་དེ་སྲིད་བྱུས་ཀྱི་རྒྱབ་སྐྱོར་ཡོང་རྒྱུ་ཁག་པོ་རེད།

    ༥༽འགལ་ཟླ་མེད་པའི་ལྟ་བ་དང་ལངས་ཕྱོགས་གཉིས་ལ་སྤྱི་ཚོགས་ཐོག་ལྟ་སྟངས་དང་གླེང་ཕྱོགས་འདྲ་མིན་ཡོང་གིན་ཡོད་པ་འདི་གཙོ་བོ་གཞུང་གིས་མི་དམངས་ལ་གོ་བརྡ་གསལ་བོ་མ་སྤྲད་པའམ། སྤྲོད་མ་ཐུབ་པ། ཡང་ན་མ་འཕྲོད་པ་ལས་བྱུང་བ་རེད་འདོད། འདི་ལ་རིགས་གཉིས་འདུག དང་པོ། འབྲེལ་མོལ་མགོ་བཙུགས་པ་ནས་སྐུ་ཚབ་ཚོ་ཕྱིར་ཕེབས་ཐེངས་རེར་བོད་མི་ཚོས་ཁ་ཐུག་ལ་དང་ལེན་དཀའ་བའི་ཆ་རྐྱེན་དང་ཁས་ལེན་རེ་འཁྱེར་ཡོང་ཤིང་། གཞུང་གི་མར་འབོད་སྐུལ་ཞུ་སྐབས་ནི་ཏག་ཏག་བོད་མི་དང་རྒྱལ་སྐྱོར་བ་ཚོར་མཚོན་ན་རྒྱ་ནག་ལ་ངོ་རྒོལ་བྱེད་པའི་དུས་ཚོད་རྐྱང་རྐྱང་ལ་འཁེལ་ཡོད། བསམ་བློའི་དང་ལེན་དཀའ་བའི་ཐོག་གནས་སྟངས་སྔར་ལས་ཛ་དྲག་ཆགས་ཡོང་དུས་གཞུང་གི་འབོད་སྐུལ་ལ་མ་བརྩི་བའམ། བརྩི་མི་ཤེས་པ་ཞིག་ཆགས་པ་རེད། གཞུང་གིས་དང་པོ་ནས་འབོད་སྐུལ་དེ་དག་ལ་ལས་རིམ་རྣམ་བཞག་ཞིབ་ཚགས་ཤིག་བསྒྲིགས་ནས་ཕྱག་བསྟར་གནང་ཡོད་ན་ད་ལྟའི་ལྟ་སྟངས་དང་གླེང་ཕྱོགས་ཀྱི་འགལ་ཟླ་འདི་ཡོང་ཐབས་མེད་པ་ཞིག་རེད། གཉིས་པ། འབྲེལ་མོལ་རིམ་པའི་ནང་བོད་ཕྱོགས་ནས་རྒྱ་ནག་ལ་བཏོན་པའི་དགོས་འདུན་ཁག་ལ་འགྱུར་བ་བྱུང་སྐབས་མི་དམངས་ལ་ཁ་གསལ་གཏིང་གསལ་མ་བཟོས་པ་དེ་རེད། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཟེར་བ་དང་། ད་རེས་ཛ་དྲག་ངང་གསུང་འཕྲིན་གནང་ཤིང་དེ་ལ་ཉན་ཞིབ་ཟུར་ཚོགས་གནང་དགོས་ཐུག་པའང་རྩ་བ་དེར་ཐུག་ཡོད་པ་རེད།

    ༦༽རྒན་ལགས་ཀྱི་དབུ་མར་མི་ཞུགས་མཁན་ཚོ་དང་པོ་ལམ་དབུ་མ་སྲིད་བྱུས་ལ་གཏན་འབེབས་གནང་སྐབས་ནས་མོས་མཐུན་མེད་ཚུལ་རྒྱུ་མཚན་དུ་དྲངས་ནས་བཀའ་བཀྱོན་གནང་འདུག བསམ་བློའི་མཐིལ་དང་རུས་པའི་རྐང་ལ་ཟུག་པའི་འཐབ་རྩོད་ཅིག་གློ་བུར་ཐོད་རྒྱག་གི་འགྱུར་བ་བཏང་ན་མི་འདོད་མཁན་ཡོང་བ་ཆོས་ཉིད་རེད། དགུ་བཅུའི་གོ་གྲངས་སྔོན་གྱི་རྒྱལ་བ་རིན་པོ་ཆེའི་གསུམ་ཅུ་དུས་དྲན་གཙོས་པའི་གསུང་འཕྲིན་ཁག་ལ་གཟིགས་དང་། ཁོང་གིས་ཀྱང་རང་བཙན་གཙང་མ་རྐྱང་རྐྱང་གསུངས་ཡོད་པ་རེད། དུས་དང་རྣམ་པ་ཀུན་ཏུ་བོད་མི་ཚོ་རྒྱག་གཅིག་མཆོང་གཅིག་བྱེད་དགོས་ཟེར་ན་དེ་ཡང་གནས་སྟངས་དང་མཐུན་པོ་མེད་པ་ཆོས་ཉིད་རེད།

    ༧༽གླེང་གཞི་འདི་དང་འབྲེལ་བའི་སྦྱང་བཤད་སྐབས་ངས་ལམ་དབུ་མ་དང་རང་བཙན་གང་ཡིན་ཡང་དེའི་ལྟ་བ་དང་ལངས་ཕྱོགས། ལྟ་བ་འདོན་མཁན་དང་རྗེས་ལ་ཞུགས་མཁན་ཚོའི་བར་གྱི་འགལ་ཟླའི་སྐོར་གང་ཡང་བཤད་མེད། འདི་ལ་འགལ་ཟླ་ཡོད་པ་ཞིག་མཐོང་གི་མེད་ཚུལ་གཅིག་མིན་གཉིས་ཞུས་པ་ཡིན། གླེང་ཕྱོགས་བཟོ་མཁན་དང་གླེང་ཕྱོགས་བཟོ་སྟངས་གཙོ་འདོན་བྱས་ནས་བསམ་ཚུལ་ཞུས་པ་ཡིན། གསལ་བཤད་འདི་ཚང་མས་ཐུགས་ལ་འཇགས་རོགས།

    ད་མཇུག་བསྡུའི་ཚིག་འགའ་བོ་ཡང་རིང་བོ་ཆགས་གྲབས་འདུག འདི་ནས་མཚམས་འཇོག་གི་ཡིན།

    Reply
  8. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    བདག་གི་སྙིང་ནས་བརྩེ་བའི་རྒན་ལྷ་མོ་སྐྱབས་དང་བདག་ལ་བཀའ་དྲིན་ཆེ་བའི་རྒན་ལྷ་མོ་སྐྱབས་ལགས་ཁམས་བཟང་ངམ།ཁྱེད་ཀྱི་མཚན་དེ་དྲ་ངོས་སུ་མཇལ་བར་ཧ་ཅང་གིས་དགའ་པོ་བྱུང་།

    Reply
  9. བསེ་རུ། says:
    ལོ་ 15 སྔོན།

    ཚིག་གི་མཚོན་ཆ་འདེབས་རེས་མེད་པའི་ཐོག་ནས་བགྲོ་གླེང་ན་རང་གཞན་གཉིས་ཕན་ཡོང་ངེས་རེད། ད་དུང་གླེང་སློང་རྒྱུན་མཐུད་གནང་རོགས། འདི་ལེགས་དང་དེ་ཉེས་ཤོད་པའི་སྤོབས་པ་མེད། ཚང་མས་སེམས་པ་དང་སེམས་པ་སྦྲེལ་ཏེ་ཡ་ང་བའི་གནས་སྟངས་ལ་དགོངས་པ་བཞེས་ཀྱིན་དགོངས་ཚུལ་ཁག་གསུངས་རོགས།།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༅།། ཡ། སེམས་པ་འདི་ཁྱད་མཚར་རེད། ཞོགས་པ་ཡར་ལངས་པ་དང་བོད་ཡིག་ལ་གཅིག་འཁོར་དགོས་ཀི་འདུག དགོང་མོ་ཉལ་ཁར་ཡང་གཅིག་འཁོར་དགོས་ཀི་འདུག གཅིག་བྱས་ན། འདི་རྒྱལ་ཞེན་དང་རིགས་ཞེན་ཟེར་བ་དེ་ཡིན་གྱི་རེད།

    གནས་ལུགས་དང་རྒྱུ་མཚན་ཟེར་བ་དེ་ཕུ་དང་མདའ་གཉིས་ཀ་ལ་ཡོད་པ་ཞིག་རེད། སྐབས་རེ་ཨུ་ཚུགས་ཆེ་ཆུང་ལའང་ཐུག་གི་རེད། སྐབས་རེ་ཧམ་པ་ཆེ་ཆུང་ལའང་འབྲེལ་བ་ཆགས་ངེས་རེད། ད་དུང་སྐབས་རེ་མི་མང་ཉུང་ལའང་ཐུག་གི་རེད། དེས་མི་ཚད་བཤད་མཁས་ལོད་ལའང་འབྲེལ་བ་ལོས་ཡོད། དེ་དག་ཐམས་ཅད་གང་ཡིན་རུང་། ཁྱེད་ཀྱིས་བྲིས་པ་རྣམས་ངས་རྟོགས། ངས་ཞུས་པ་རྣམས་ཀྱང་ཉིད་ཀྱིས་གསན་ཡོད་ཤག་ཡིན།

    རྒྱ་ཡིག་དང་བོད་ཡིག་གི་རྩོད་པ་ཤགས་ཀྱིས་འགྱེད་པའི་གཡུལ་ས་ན། དཔའ་བའི་མིང་ཐོགས་པ་ཞིག་ལགས་ཀྱང་། གནས་ལུགས་ཁས་ལེན། ཆེ་བཞག་ཆུང་སྐྱུར་བྱེད་ཤེས།

    དད་པ་ཞེས་པ་དེའི་གོ་དོན་ཁོ་རང་ཡག་པོ་མི་ཤེས། རྒྱུ་མཚན་ཤེས་པའི་ཐོག་ནས་འགྱུར་བ་མེད་པའི་བློ་གཏོད་པ་ཞིག་ལ་ཟེར་ན་ནི། དེ་བདག་ལ་ཡོད་ཡོད་འདྲ། ཡར་ཅི་ཡང་ཞུས་མི་ཆོག་པ། མགོ་གུག་གུག་བྱས། ལག་ཐལ་མོ་སྦྱོར་བ་ཞིག་ལ་ཟེར་ན་ནི་དེ་བདག་ལ་མེད་མེད་འདྲ། ག་རེ་བྲིས་རུང་། ག་རེ་བཤད་རུང་། ཁོང་རིན་པོ་ཆེའི་དགོངས་པའི་ར་བ་ཆུང་ས་དེ་ཚོ་ནས་འདའ་བ་སྲིད་རུང་། ར་བ་ཆེ་ས་དེ་ནས་འདའ་བ་ཞིག་མེད་ཁུལ་ཡིན།

    རང་བཙན་དང་དབུ་མའི་ལམ་ཞེས་པའི་ཐད་ལའང་། གཉིས་ཀ་ལ་གུས་བརྩི་ཡོད། རང་བཙན་བློས་མ་བཏང་ན་རང་སྐྱོང་ཡོང་གི་མེད་པ་འདྲ་བོ་ཞིག་ཞར་ཡང་མ་མཐོང་། ཡིད་བཞིན་ནོར་བུ་མཆོག་གིས་ཀྱང་། འདས་པའི་ལོ་རྒྱུས་ཐོག་ནས་བོད་རྒྱ་ཁོངས་ཡིན་པར་ཞལ་བཞེས་ནམ་ཡང་མ་མཛད་པ་དེ་ཡང་། བསམ་ཤེས་ན་བརྡ་སྟོན་ཞིག་ཏུ་མཐོང་།

    རྒྱ་ནག་དམར་པོའི་འོག་ཏུ་ལོ་མང་བསྡད། པེ་ཅིང་རང་དུ་སློབ་སྦྱོང་བྱས་པའི་ཉམས་མྱོང་གི་ཐོག་ནས། ཇི་སྲིད་རྒྱ་ནག་དམར་པོའི་སྲིད་དབང་འདི་འཐོར་ཞིག་ཏུ་མ་སོང་གི་བར་དུ། རང་བཙན་དང་རང་སྐྱོང་ཕར་བཞག ལྷ་ས་ཙམ་ཡང་བདག་ཅག་བོད་མི་ལ་མི་སྤྲོད་པ་འདི་ངེས་པ་ཞིག་ཡིན་པ་གསལ་པོར་མཐོང་།

    ནམ་དམར་པོའི་གཞུང་འདི་འཐོར་པ་ན། རང་བཙན་དང་རང་སྐྱོང་གཉིས་ཀ་ལ་གོ་སྐབས་འདྲ་མཉམ་དུ་ཡོང་བ་ལས་གཅིག་ལ་ཡོད་ལ་གཞན་དེར་མེད་པ་འདྲ་ནི་ཡོང་དཀའ་བ་རྗེས་དཔག་གི་རིགས་པས་དཔྱད་ན་ཤེས། དེར་བརྟེན། གཞུང་གིས་དབུ་མའི་ལམ་དང་གཞུང་འབྲེལ་མིན་པ་འགས་རང་བཙན་ལ་བརྩོན་དགོས་པ་འདི་ཤིན་ཏུ་གནད་ཆེ་བ་ཞིག་ཏུ་སྣང་།

    དེ་ལྟར་འབད་ན། རང་ཅག་ལ་འཐབ་རྩོད་ཀྱི་སྡིངས་ཆ་མང་དུ་སོང་བ་ཡིན་པས་ཕན་ལས་གནོད་པ་མེད།

    རང་ཅག་ས་ཡ་དྲུག་ཡོངས་རྫོགས་ཀྱིས་སྙིང་ནས་རང་བཙན་བློས་བཏང་སྟེ། ད་རང་སྐྱོང་ཙམ་གྱིས་འགྲིག་ཅེས་ཁྲག་གི་མིང་རྟགས་བཀོད་པའི་དབང་དུ་བཏང་རུང་། ད་ལྟའི་རྒྱ་ནག་གཞུང་འདིས། མུ་མཐུད་དེ། ཁྱེད་ཅག་ཁ་བྲལ་རིང་ལུགས་པ་རེད། རྣམ་པ་འགྱུར་བའི་རང་བཙན་རེད། ཏཱ་ལའི་རུ་ཚོགས་ཀྱི་ཇུས་ངན་རེད་ཅེས་སྨྲ་བར་ངེས། མདོར་ན། རྒྱ་དོགས་པ་ཅན་འདིའི་དོགས་པ་འདི་ངེད་ཅག་གིས་སངས་ཐུབ་པ་ཞིག་ཡེ་ནས་མ་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ཁོང་ཅག་ལ་བོད་དོན་ཐག་གཅོད་པའི་ཆོད་སེམས་མེད་པས་རེད།

    འོན་ཀྱང་དབུ་མའི་ལམ་གྱི་སྲིད་ཇུས་སམ་ཐབས་ཇུས་འདི་ནི་ད་ལྟའི་འཛམ་གླིང་གི་འཕེལ་ཕྱོགས་དང་རྒྱ་བོད་གཉིས་ཀྱི་གནས་སྟངས་ཀྱི་ཆ་ནས་ངེས་པར་དུ་ཡང་མཁོ་བ་ཞིག་ཡིན་པས། གཞུང་གི་སྲིད་ཇུས་སུ་འདི་མུ་མཐུད་གནས་དགོས་པ་རེད་འདོད།

    རང་བཙན་དང་དབུ་མའི་ལམ་གཉིས་ཀ་བོད་ཀྱི་སྤྱི་དོན་ཆེད་ཡིན་པས། བདག་གིས་ནི་འདི་གཉིས་ཕན་ཚུན་སྡང་ཟུག་བྱེད་དགོས་པའི་རྒྱུ་མཚན་ཞར་ཡང་མ་མཐོང་། འདི་དག་ནི་གསལ་པོར་བཤད་ཟིན་པ་བསྐྱར་དུ་གསལ་པོ་བཟོས་ཁུལ་ཙམ་མ་ཡིན་པར། རྒྱང་རིང་པོ་ནས་གཅིག་གིས་གཅིག་ལ་བཤད་རེས་བྱེད་པ་མིན་པར་ཉིད་ཀྱི་བསམ་ཚུལ་ལ་གུས་བརྩི་མཚོན་བྱེད་དུ་འདིར་བཀོད་པ་ལགས།

    རང་བཙན་དབུ་མའི་བགྲོ་གླེང་དོ་ར་ན།།
    རང་ཚུགས་བཟུང་སྟེ་སྨྲ་འདི་ཉེན་ཆེ་ཡང་།།
    རང་གཤིས་ཁ་ཞེ་མེད་པའི་ཁང་གསར་བས།།
    རང་སྡེའི་རིཌ་ལ་ཕན་རེས་ཅུང་ཙམ་ཐལ།།

    གནས་ལུགས་ཞེས་པ་ཕ་བསད་བུ་ལའང་ཡོད།།
    རྒྱུ་མཚན་ཞེས་པ་སྐབས་རེ་བཤད་སྟངས་རེད།།
    དོན་གྱི་སྙིང་པོ་ཆེ་ཆུང་རྣམ་དབྱེ་རེད།།
    ཆུང་ངུའི་ཆེད་དུ་ཆེན་པོ་གཏོང་མི་རུང་།།

    བགྲོ་གླེང་རྩུབ་ཤིང་བདར་ན་དགེ་ཆེ་ཡང་།།
    ཧ་ཅང་མང་ན་ཐམས་ཅད་འཚིག་ཉེན་འདུག །
    ཁང་གསར་རྡོ་རྗེའི་ཁ་ཁོག་དབྱེ་བ་མེད།།
    ཁ་ལྗོངས་དོན་དུ་གནས་སྐབས་འདི་ཙམ་ཡིན།། །།

    Reply
  11. ནགས་མེ། says:
    ལོ་ 15 སྔོན།

    ཁྱོད་ཀྱིས་ཡི་གེའི་དག་སྡེབ་སྤུས་དག་ཅིག་འབྲི་ཡོང་གི་ཡོད། འོན་ཏེ་ཁྱོད་ལ་ཆབ་སྲིད་ཀྱི་ཁ་ཕྱོགས་མི་འདུག

    Reply
  12. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    ཨ་ཁུ་འབྲོག་པའི་ངོ་སོ་ཡར་ལ་བསྟོད། མི་བདེན་ཟེར་ཡ་མི་འདུག འདི་ལྟ་གནས་ལུགས་གསལ་རྗེན་དུ་བྲིས་ན་ད་གཟོད་ཕོ་ཉའི་མཚན་ཉིད་ཚང་བ་འདུག ཨ་ལ་ཀུ་རེ་ཡིན།

    Reply
  13. ལྷ་མོ། says:
    ལོ་ 15 སྔོན།

    གསུམ་བཅུའི་དུས་དྲན་གྱི་སྔ་གཞུག་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་མཁན་དང་ཡར་ལངས་བྱེད་མཁན་ཕལ་ཆེ་བ་ནི་སློབ་ཕྲུག་དག་ཡིན་ལ། ཁོང་ཚོས་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོར་རྗེས་དྲན་བྱས་པ་དང་། ཁོང་ཚོའི་འབོད་སྒྲ་ནི་སྔར་བཞིན་བོད་རང་བཙན་དང་། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ། མི་རིགས་འདྲ་མཉམ་དགོས་པ་བཅས་རེད། རྒྱ་ནག་གི་སྐར་ལྔའི་དར་དམར་གྱི་རྒྱལ་དར་མེར་བསྲེག་མཁན་ཡང་བྱིས་པ་འདི་དག་རེད། བོད་རང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་ཡང་བྱིས་པ་ཚོ་ཡིན། ཁོང་ཚོ་ནི་སོ་སོའི་མི་རིགས་ཀྱི་འདས་པ་དང་མ་འོངས་པ། ད་ལྟ་བཅས་ཀྱི་བདག་པོ་ཡིན་ལ། ཁོང་ཚོས་དེར་ངོས་ལེན་དང་འགན་ལེན་གཉིས་ཀ་བྱེད་ཀྱིན་འདུག འདི་ནི་ཐེངས་འདིའི་དུས་བབ་རྩོམ་སྒྲིག་པའི་གཏམ་ལས་དྲངས།
    ལྷ་མོ་སྐྱབས།
    བྱིས་པ་འདི་ཚོས་བོད་རང་བཙན་རྩོད་ཀྱི་འདུག རྒྱལ་དར་མེར་བསྲེགས་བཏང་ཡོད་འདུག འདིས་ག་རེ་སྟོན་གྱི་འདུག

    Reply
  14. གནམ་ལྕགས། says:
    ལོ་ 15 སྔོན།

    རེད། རེད། རྒན་ལྷ་མོས་བཤད་པ་བདེན། འདང་རྒྱག་རྒྱུ་གལ་ཆེ།

    Reply
  15. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཨ་རིག་དགེ་མཐོང་ལགས།

    ཡུམ་དུམ་པ་བཅུ་གཉིས། ཁྱོད་འདི་དཔའ་རྒྱུད་ཅིག་ད་ཡིན་ནི་རེད་དྲ་ར། ཁོར་ཡུག་འདི་ནས་དཔའ་རྟགས་དེ་མཁོ་མེད་རེད། སྐུ་དྲིན་ཆེ། གླེན་རྟགས་དེ་རྩ་བ་ནས་སྟོན་མི་རུང་། འདི་ཡང་རེ་སྐུལ་ཞིག་ཞུས་པ་ཡིན། གོང་ས་མཆོག་ལ་ཁ་གཏོང་མཁན་ཚོར་ང་ཚོས་ཀྱང་ངོ་རྒོལ་ཡོད།

    Reply
  16. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    དེ་རིང་གཞི་ནས་རྩོམ་པ་པོ་རྒན་པ་ཞིག་འདིར་ཕེབས་པ་ལ་དགའ་བསུ་ཡོད། ང་ཚོའི་དྲ་ཚིགས་འདིར། རྩོམ་པ་པོ་རྒན་པ་འདི་ཚོ་ཕེབས་པ་ཡིན་ན། གཟི་བརྗིད་ཆེ། གསར་རྩོམ་པ་རྐྱང་རྐྱང་ཡིན་ན། ཅུང་ཙམ་གཉོམ་འདུག ཆབ་བྲག་ལྷ་མོ་སྐྱབས་ཕེབས་པར་དགའ་བསུ་ཡོད། རེ་བ་ལ་ཟིན་བྲིས་ཤིག་གཉེར་ནས་ང་ཚོར་རྩོམ་ཡིག་འབྲི་སྟངས་ཀྱི་ལམ་སྟོན་རེ་གནང་རོགས། འདི་ནི་ཞུ་ན་འདོད་པའི་རེ་བ་ཡིན།

    Reply
  17. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    རང་བཙན་རྩོད་མི་རྩོད་ཀྱི་གནད་དོན་མ་རེད། གཙོ་བོ་བོད་མགོ་ནག་ཅིག་གིས་༧གོང་ས་མཆོག་ལ་གཏོང་བ་འདི་རེད། འདིའི་ཕྱོགས་ནས་ང་ནམ་དཔའ་མི་ཞུམ། འདིའི་ཕྱོགས་ནས་ངས་གླེན་རྟགས་སྟོན་ངེས་ཡིན། གླེན་རྒྱུད་ཅིག་ལས་མཆེད་པ་ཡིན།

    Reply
  18. ཀུན་དགའ་བདེ་ཆེན། says:
    ལོ་ 15 སྔོན།

    རྒན་ལགས་ཀྱིས་ནན་པོ་ཞིག་བྲིས་ཡོད་རེད་བསམ་བྱུང་སྟེ། ཅུང་ཙམ་བློ་ཕམ་སོང་། ཁང་གསར་རྡོ་རྗེ་ལ་མགོ་བཏགས་ཞུས་ཏེ་རང་ཉིད་དག་འབུད་བྱེད་པ་འདྲ་བོ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese