མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་༧རྒྱལ་དབང་ཀརྨ་པ་མཆོག་གི་ཡུ་རོབ་ཆིབས་སྒྱུར་ལ་རྒྱབ་སྐྱོར་གྱི་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

གསར་གྱུར་མཁོ་སྤྲོད་པ་སྒོམ་སྡེ་ལྷ་རམས་པ་ཡིན།

དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ནས་ཕྱི་ཟླ་ ༧ ཚེས་ ༢ བར་སི་ཀོ་ཊི་ལེན་ཊི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བརྒྱད་བཅས་ལ་ཆོས་འབྲེལ་གནང་བར་ཕེབས་རྒྱུའི་མཛད་འཆར་ཡོད་པ་དེ་ལྟར་ནའང་། སྟབས་ཉེས་པ་ཞིག་ལ་རྒྱ་གར་གཞུང་ནས་རྒྱ་དམར་ལ་སྤྲེལ་ལད་དམ་དེའི་སྣོན་ཤུགས་ཅི་རིགས་ལ་བརྟེན་ནས་ཕྱིར་བསྐྱོད་ཕྱག་ཁྱེར་མ་ཕུལ་བར་བརྟེན། མཛད་འཆར་ཡོངས་རྫོགས་རེ་ཞིག་ཕྱིར་འཐེན་གནང་དགོས་བྱུང་འདུག

དེས་ནི་དེ་གའི་བཀའ་བརྒྱུད་པའི་ཆོས་ཚོགས་རྣམས་དང་། གཞན་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་དང་གཞན་དུ་ཡོད་པའི་རིས་སུ་མ་ཕྱེ་བའི་དད་ལྡན་ཕོ་མོ་ཁྲི་ཕྲག་མང་པོར་བློ་འགྱོད་ཧ་ཅང་ཆེན་པོ་བྱུང་ཡོད་པར་བརྟེན། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ལ་རྒྱ་གར་གཞུང་ནས་ཕྱིར་བསྐྱོད་ཕྱག་ཁྱེར་ངེས་པར་འབུལ་དགོས་པའི་རེ་སྐུལ་གྱི་སྙན་ཞུའི་ལས་འགུལ་སྤེལ་དང་སྤེལ་མུས་ལགས།
གཞན་ཡང་མཁྱེན་དགོས་པ་ཞིག་ལ། རྒྱ་གར་གཞུང་གིས་སྐུའི་སྲུང་སྐྱོབ་ལ་སྙད་བཏགས་ཏེ་སྐུའི་བྱ་གཞག་ཆེ་ཕྲ་ཐམས་ཅད་རྒྱ་གར་གཞུང་གི་བཀོད་འདོམས་འོག་གནང་དགོས་པ་ཞིག་བཟོས་ཡོད། གསར་ཤོག་དང་གསར་འགྱུར་བརྒྱུད་ལམ་ཁག་ལའང་རང་དབང་གིས་བཀའ་མོལ་གནང་བར་རང་དབང་མེད། སྲིད་དོན་གྱི་བཀའ་མོལ་གནང་མི་ཆོག་ཟེར། དེ་རྒྱུ་མཚན་ག་རེ་རེད། ཁོང་ལ་སྨྲ་བརྗོད་རང་དབང་ཡོད་མ་རེད་བས། རྒྱ་གར་རྒྱལ་ནང་དུའང་ས་གནས་འདི་ལ་ཕེབས་ཆོག་འདི་ན་ཕེབས་མི་ཆོག་ཅེས་བཀག་རྒྱ་ཡོད། མཇལ་ཁའི་གྲངས་ཚད་དང་དུས་ཡུན་ལའང་ཚོད་འཛིན་ཡོད། ཐ་ན་དྷ་སྟེང་ལ་ཆིབས་སྒྱུར་གནང་དགོས་ནའང་རྒྱ་གར་ཉེན་རྟོག་ཞུ་དགོས་ཀྱི་ཡོད་པ་རེད། གལ་ཏེ་འདི་སྲུང་སྐྱོབ་ཀྱིས་ཡིན་ན་༸གོང་ས་མཆོག་ལའང་གཅིག་མཚུངས་ཞུ་དགོས་པ་ལས། ཁོང་སྙན་གྲགས་ཆེ་དྲགས་ནས་དེ་ཞུ་ཐུབ་ཀྱི་མི་འདུག་ག ངས་བལྟས་ན་རྒྱ་གར་གཞུང་གིས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་བཟང་བཙོན་ལ་ཉར་འདུག དེས་ང་ཚོའི་སྙིང་ལ་གྲི་བཙུགས་པ་ལྟ་བུས་མི་བཟོད་པའི་ན་ཟུག་ཆེན་པོ་ཞིག་སྦྱིན་གྱི་འདུག དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་གཤམ་གྱི་འགེངས་ཤོག་ནང་བསམ་ཚུལ་འདི་དག་ཀྱང་རྒྱ་གར་གཞུང་ལ་བཤད་ཐུབ་པ་དགོས། མདོར་ན་༸གོང་ས་གང་དུ་ཕེབས་ཀྱང་བཀག་སྡོམ་མེད་པར་རང་དབང་གིས་ཆིབས་སྒྱུར་གནང་ཆོག་པ་ལྟར། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ལའང་གཅིག་མཚུངས་ཀྱི་རང་དབང་འབུལ་དགོས་ཞེས་སྙན་ཞུ་ངེས་པར་འབུལ་དགོས།

ད་རེས་ཀྱི་དོན་རྐྱེན་འདི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་མ་ཡིན་པར། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་དང་ཡང་འབྲེལ་བ་ཆགས་ཡོད་པས། འཛམ་གླིང་གི་མི་དམངས་སྤྱི་དང་རྣམས་དང་། ལྷག་པར་བོད་རིགས་ཡོད་དོ་ཅོག་ནས་གཤམ་གྱི་དྲ་རྒྱར་ཕེབས་ནས་རྒྱ་གར་གཞུང་ལ་ PETITION རེ་སྐུལ་གྱི་སྙན་ཞུའི་འགེངས་ཤོག་བཀང་སྟེ་ཅིས་ཀྱང་གཏོང་རོགས་ཞེས་གཞེན་སྐུལ་ཞུ་རྒྱུ་ལགས། རེ་སྐུལ་འགེངས་ཤོག་ནང་ད་རེས་ཀྱི་གནས་ཚུལ་འདི་ཙམ་མ་ཡིན་པར། གོང་དུ་ཞུས་པའི་བསམ་ཚུལ་དེ་དག་ཀྱང་ངེས་པར་གསུང་ཐུབ་པ་དགོས། དབྱིན་ཇི་འབྲི་མ་ཤེས་ན་བོད་ཡིག་བྲིས་ནའང་འགྲིག་གི་རེད། སྒོམ་སྡེ་ལྷ་རམས་པས་གུས་འདུད་དང་བཅས་ཕྱི་ལོ་ཨ༢༠༡༠ཟླ་༤ཚེས་༡༢ལ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༩ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༠ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༡ སྔོན་ལ།

མཆན། 82

  1. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། ཁྱེད་ཀྱི་གནས་ལུགས་གསལ་པོ་མ་བཟོ་བར་མི་ཀུན་ལ་དེ་འདྲ་བཤད་ན་ཕན་ཐོག་མེད་པའི་སྒང་ཀ་རྨ་པ་རིན་པོ་ཆེ་ཡི་མཚན་སྙན་ལ་གནོད་པ་མཐོང་། ངས་ཞུས་དོན་རིན་པོ་དང་ཐོག་བོད་ནས་ཚུལ་ཕེབས་དུས་ཡུ་རོབ་ལ་འགྲོ་ཐུབ་ན་བསམ་པ་འདི་ཡིན་རྒྱུ་མ་རེད། ཁོང་ཡུ་རོབ་ཕེབས་ཐུབ་ན་དངུལ་རག་པ་ངས་ཤེས་ཀྱི་ཡོད། འོན་ཀྱང་ཁོང་དངུལ་སྒྲུབ་མཁན་གྱི་བླ་མའི་ཡང་སྲིད་མ་རེད་ལ། བོད་མི་སྤྱི་དང་ཡང་སྒོས་ཀ་རྨ་བཀའ་བརྒྱུད་པའི་ཆོས་ལ་དད་པ་ཡོད་མཁན་ཚང་མས་དེ་འདྲ་བསམ་ཀྱི་མ་རེད་ཅེས་ངས་གསལ་པོ་བཤད་ནུས། དེས་ན་ཁོང་རྒྱ་གར་ནང་བཞུགས་ཏེ་ཆོས་ཕྱོགས་སློབ་གཉེར་བྱེད་པའི་གོ་སྐབས་དོར་ཏེ་དངུལ་ཀྱང་རྗེས་སུ་ཕེབས་དགོས་བཟོ་བར་མཐོང་འདོད་མེད། རྒྱུ་མཚན་ནི་ད་དངུལ་རག་ཐབ་བྱེད་ཏེ་ཆོས་པ་གཞན་དང་མི་རིགས་དང་འགྲན་ནུས་ཀྱི་མ་རེད་ལ་དེ་འདྲ་འགྱོན་གི་ཡང་མ་རེད

    Reply
  2. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    སྨར་དྷཱིཿཟེར་ལགས།
    ཁྱེད་ཀྱིས་གདུང་རྩེ་དེ་ག་དུས་ཡིན་ཡང་ནང་ཁུལ་ལ་གཏོད་ཀྱི་འདུག དེ་ནོར་འཁྲུལ་རེད།
    ཁྱེད་རང་གིས་ཐ་སྙད་༼རྒྱ་གར་གཞུང་ལ་འཇིགས་སྐུལ་དང་སྡིགས་དམོད༽སོགས་ག་རེ་བཏགས་ན་ཡང་ཁྱད་པར་ཆེར་མི་འདུག
    ང་རང་དབང་ལུང་པར་བསྡད་ཡོད། སྨྲ་བརྗོད་རང་དབང་ཡོད། དེ་ངས་བེད་སྤྱོད་གཏོང་བཞིན་ཡོད། དེ་འགྲོ་བ་མིའི་ཐོབ་ཐང་རེད།
    ༸རྒྱལ་བ་ཀརྨ་པ་ལའང་འགྲོ་བ་མིའི་ཐོབ་ཐང་དང་། སྨྲ་བརྗོད་རང་དབང་དགོས་ཀྱི་འདུག་ཟེར་གྱི་ཡོད།

    ཁྱོད་རང་ལ། ཁྱོད། ལྡི་ལི་ལ་འགྲོ་མི་ཆོག དྷ་རམ་ས་ལར་འགྲོ་ཆོག མི་མང་པོ་དང་ཐུག་འཕྲད་མི་ཆོག ཐུག་ནའང་སྐར་མ་བཅོ་ལྔ་ཉི་ཤུ་ལས་ལྷག་སྡོད་མི་ཆོག་ལྟ་བུ་བཤད་ན་ག་རེ་བྱེད་ས་རེད།

    Reply
  3. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    མཚུངས་མེད་གྲོགས་པོ་རྣམས་པ་ལ་ཞུ་རྒྱུ། ད་བར་ང་ཚོ་ནང་ཁུལ་ཆགས་སྡང་ཁོ་ན་དབང་གི་རྒྱལ་ཁབ་མིའི་དབང་དུ་ཤོར་བ་ཤེས་དགོས། ༧རྒྱལ་བ་ཀརྨ་པ་མཆོག་བོད་མི་དང་ནང་པའི་བླ་ཆེན་ཞིག་ཀྱང་ཡིན། དེ་སྐོར་མང་པོ་གསུང་ན་བོད་མི་ཙམ་མ་ཟད་ནང་པ་མང་པོ་ལ་ཕོག་སྲིད་པའི་དེ་ལུགས་ཐུགས་ཟབ་གནང་དགོས།

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ལྷ་རམས་པས་རྒྱ་གར་གཞུང་ལ་འཇིགས་སྣང་བཀུག་པ་མ་ཟད་སྡིགས་མོད་ཀྱང་ཞེ་དྲག་གནང་འདུག་དོན་ལ་ཕན་ཅི་ཐོག་མི་ཤེས།

    Reply
  5. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    རྒྱ་གར་གཞུང་གིས་རྒྱ་ནག་གི་མདུན་དུ་ག་དུས་ཡིན་ཡང་ཙི་ཙི་ནང་བཞིན་བྱེད་དགོས་དོན་ག་རེ་ཡིན་ནམ།

    Reply
  6. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ད་ལྟ་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་ནས་རྒྱ་གར་གཞུང་གིས་༸རྒྱལ་དབང་ཀརྨ་པ་ལ་དམ་བསྒྲགས་བྱེད་བཞིན་ཡོད། དེ་རྗེས་བཀའ་བློན་ཁྲི་པ། དེ་ནས་བོད་གཞུང་། དེ་ནས་་་་་་་་་་་་་་་་གང་ཡོང་མཁྱེན་གསལ་རེད།
    ཚུར་སྲིད་དོན་གྱི་ཐོག་ནས་གནོན་ཤུགས་སྤྲད་ན་ཕར་ལའང་གནོད་ཤུགས་སྤྲོད་ཐུབ་པ་དགོས། ༸རྒྱལ་དབང་ཀརྨ་པ་མཆོག་ལ་འཛམ་གླིང་ཡུལ་གྲུ་སྤྱི་དང་། ལྷག་པར་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་དུ་རྗེས་འཇུག་ས་ཡ་མང་པོ་ཡོད། དེ་རྒྱ་གར་གཞུང་གིས་མཁྱེན་པ་བྱེད་དགོས། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་དམངས་དེ་དག་སེམས་པ་མ་དགའ་ན་རྒྱ་གར་ལའང་དཀའ་ངལ་ཆེན་པོ་འཕྲད་སྲིད་ཀྱི་རེད།

    Reply
  7. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ང་ཚོས་བོད་ནང་གི་སྲིད་དོན་བཙོན་པ་མང་པོ་ཞིག་བཙོན་གྲོལ་གཏོང་དགོས་ཞེས་རྟག་ཏུ་སྐད་རྒྱག་གི་ཡོད་རེད། འོན་ཀྱང་ང་ཚོའི་མིག་གི་མདུན་དུ་རང་དབང་ལུང་པའི་ནང་ཤིན་ཏུ་གལ་ཆེ་བའི་ང་ཚོའི་བླ་ཆེན་ཞིག་རྒྱ་གར་གཞུང་གིས་བཟང་བཙོན་ལ་ཉར་བར་དོ་སྣང་ཅི་ཡང་མེད་པ་འདི་ག་རེ་རེད།

    Reply
  8. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་དང་བོད་རྒྱ་ཆེ་མི་དམངས་ཀྱིས་༸རྒྱལ་དབང་ཀརྨ་པ་མཆོག་ལ་ཡིད་ཆེས་བློ་འགེལ་ཤིན་ཏུ་ཆེན་པོ་གནང་གི་ཡོད། ཁོང་སྐུ་ན་ཕྲ་མོ་འདི་འདྲ་ཞིག་ནས་བསྟན་པ་ལ་དག་ཐེར་གནང་སྟངས་འདི་གཅིག་པུ་ཡང་ཧ་ལས་དགོས་པ་ཞིག་རེད་འདུག

    མ་འོངས་པར་བོད་བསྟནཔ་ཆབ་སྲིད་ལ་ཕན་ཐོགས་མི་ཐོགས་ཐེ་ཚོམ་ཙམ་ཡང་མེད་དོ། །

    Reply
  9. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 15 སྔོན།

    ༸རྒྱལ་དབང་ཀརྨ་པ་མཆོག་ནི་བོད་མི་ཡོངས་ཀྱིས་རེ་ལྟོས་བྱེད་ས་ཆེ་ཤོས་ཤིག་ཡིན་པས་ཁོང་གི་སྐུ་ཡོན་དང་ཕྱག་ལས་གང་ཐད་ལ་འུ་ཚོ་ཚང་མས་ཞབས་ཞུ་ཅི་འགྲུབ་བྱེད་དགོས། དེ་ཡང་ཁོང་གཅིག་པུའི་ཆེད་དུ་མ་ཡིན་པར་བོད་མི་ཡོངས་དང་བོད་ཀྱི་གནད་དོན་གྱི་ཆེད་དུ་ཡིན། ད་སྐབས་བོད་ཀྱི་གནད་དོན་འདི་ཡང་དམ་པའི་ཆོས་དང་འབྲེལ་བ་ཆེན་པོ་ཆགས་ཡོད་སྟབས། ཁོང་རང་ཉིད་ཡང་ཆོས་ཀྱི་དབུ་ཁྲིད་ཅིག་ཡིན་པས་འགན་འཁྲི་འདི་དག་རང་བཞིན་གྱིས་ཕྲག་ཐོག་ཏུ་འབབ་ཡོང་གི་ཡོད།

    Reply
  10. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཚོ། གུ་དོགས་ཀྱི་འདུ་ཤེས་རེང་དུ་དོར་སྟེ་བདེན་དོན་གྱི་གནས་ལུགས་དང་མཐུན་པའི་དཔྱད་བརྗོད་གང་མང་གནང་ན་དགེ་མཚན་ཆེ།

    Reply
  11. སྐར་མདའ། says:
    ལོ་ 15 སྔོན།

    ཀརྨ་པ་ལ་དམིགས་བསལ་མི་དད་དང་མི་དད་པ་སོགས་ཅི་ཡང་མེད་མོད། གང་ལྟར་ཡང་འདིར་རྗེས་འཇུག་པ་ཚོས་ཀརྨ་པ་ལ་དད་གུས་མ་བྱས་ཚེ་ཡག་པོ་འོངས་རྒྱུ་མིན་པའི་འཇིགས་སྐུལ་བྱས་ཚེ་བདག་གི་དད་པ་ཕྲན་བུ་དེ་ཡང་བཟླག་འགྲོ་གྱིན་འདུག དེ་མ་ཟད་གོང་མཆོག་དང་གཅིག་མཚུངས་ཡིན་ཚུལ་གྱི་ཧམ་བཤད་འདི་མཐོང་ཚེ་གད་མོ་ཤོར་གྱིན་འདུག སྤྱིར་བོད་སྐྱབས་བཅོས་པ་སུ་ཞིག་ཡིནའང་རང་རང་སོ་སོ་དཀའ་ངལ་མང་པོ་ཕྲན་མྱོང་ལ་ཕྲད་གྱིན་ཡོད། འདི་ལྟ་བུའི་མཆོག་ཆན་མ་ཐོབ་པའི་དཀའ་ངལ་ཙམ་མ་བཟོད་པར་བོད་མི་ཡོངས་ལ་སྡུག་ཡུ་འདོན་རྒྱུ་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
    འདི་སྲིད་དབང་གཅིག་སྡུད་ལམ་ལུགས་ཀྱི་སྐད་ཆ་ཞིག་རེད།

    Reply
  12. བློ་བཟང་། says:
    ལོ་ 15 སྔོན།

    ཀརྨ་པ་རྒྱལ་བ་རིན་པོ་ཆེར་ཧ་ཅང་གིས་བརྩི་བཀུར་ཡོད་ཚུལ་བཤད། སྔོན་མར་སེལ་ལར་རྒན་གསོ་ཁང་ཞིག་ཏུ་རྒས་པོ་རྣམས་ལ་ཀརྨ་པས་ཁྱོད་རྣམས་སེམས་ཁྲལ་གཏན་ནས་མི་དགོས། མ་འོངས་པར་ང་རང་རྒྱལ་བ་རིན་པོ་ཆེའི་ལམ་དུ་ཤར་བསྐྱོད་བྱས་ཆོག་གསུང་འདུག ཡང་གསར་འགོད་པ་ཞིག་གིས་ཁྱོད་རང་བོད་དུ་ག་དུས་ཕེབས་ཀྱི་རེད་དམ་དྲི་དུས། སྐྱབས་མགོན་རིན་པོ་ཆེ་བོད་དུ་ག་དུས་ཕེབས་ན་ང་རང་དེ་དང་མཉམ་དུ་འགྲོའི་ཡིན་གསུང་འདུག ཀརྨ་པས་དགེ་ཚུལ་སློང་གི་སྡོམ་པ་ཞུ་ས་ཡང་སྐྱབས་མགོན་རིན་པོ་ཆེ་རེད་འདུག གཞན་ཡང་ཀརྨ་པ་རྫུན་མར་ག་ཚད་ཅིག་ཡོང་ཀྱང་ཝ་སྐྱེས་སེང་པགས་གྱོན་པ་ནམ་བཞིན་ཆགས་རྒྱུ་ལ་ཐེ་ཚོམ་མི་འདུག འོན་ཀྱང་མཇལ་ཁ་དང་། བོད་པའི་གསར་འགོད་པ་ཆུང་ཙག་རྣམས་མཚུར་ཕུ་ཚང་གི་བླ་རྒན་རྣམས་ཀྱིས་བཀག་འགོག་བྱ་རྒྱུ་རེད་དོ། ང་རང་ཡང་མཇལ་ཁ་མ་ཐོབ་མཁན་གཅིག་གྲས་ཡིན། བླ་མ་ཁོང་ཉིད་ལ་རེ་བ་བྱེད་ས་ཞིག་འདུག གཞན་པ་ཁག་ཅིག་གིས་ཨ་སྒོར་ཡོད་མཁན་རྣམས་མཇལ་ཁ་རག་གི་མ་རེད་ཟེར་བྱུང་། དེ་འདྲ་རྫུན་གཏམ་ཡིན་རྒྱུ་རེད།

    Reply
  13. སྟོབས ། says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས །
    ངའི་མཆན་འདི་ལ་འགྲེལ་བ་ཡང་འགྲེལ་ཅི་ལྟར་བྱེད་ན་དེ་ཁྱེད་རང་གི་ཞེ་འདོན་རང་ལ་ཐུག་ཡོད །བསམ་ཚུལ་འདི་གནས་ལུགས་གཞི་ལ་བཞག་ནས་འབྲི་སྲོལ་རང་རེད ། ཀརྨ་པ་ལ་རེ་བ་དེ་ཙམ་མེད་རྒྱུ་མཚན་ནི་ཁོ་རྩོད་གཞི་ཅན་གྱི་མི་ཞིག་ཡིན་པ་ཤེས་དགོས

    Reply
  14. བློ་བཟང་། says:
    ལོ་ 15 སྔོན།

    སྤྲུལ་སྐུ་ངོས་འཛྀན་སྟངས་མང་པོ་འདུག ཁག་ཅིག་གིས་གོང་མའི་ཕྱག་ཆས་གདམས་ནས། ཁག་ཅིག་གིས་གསེར་བུམ་དཀྲུག ཁག་ཅིག་གིས་གོང་མའི་ཕྱག་ཡིག་ལ་བརྟེན། ཁག་ཅིག་གིས་ཡབ་བརྒྱུད་སྲས་ཀྱིས་འཛིན། གང་ལྟར་འདི་རྣམས་ཆོས་ལུགས་བརྒྱུད་འཛྀན་ཆེད་དུ་ཡིན་སྲིད། སྐྱབས་མགོན་རིན་པོ་ཆེ་གོང་དུ་ཕུད་ནས། དེ་མིན་ཀརྨ་པ་འདི་ལ་མཚན་སྙན་གྲགས་ལས་དོ་ཟླ་མི་འདུག བོད་མི་རྣམས་ཀྱིས་ཕྲག་དོག་མ་བྱེད་པར་བདག་སྐྱོང་གནང་ན་མ་འོངས་པར་བོད་པར་ཕན་སྲིད། དེ་མིན་ནང་ཆོས་ལ་ཕན་ནའང་དེ་ཡང་བོད་པའི་དོན་ཆེན་ཞིག་རེད།

    Reply
  15. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ཁྱོད་དེ་ཙམ་བློ་ཕམ་གནང་དགོས་དོན་མེད་ཀརྨ་པ་ད་ལྟ་དགུང་ལོ་ཧ་ཅང་གཞོན་གཞོན་རེད་བྱས་ཙམ་ད་ལྟ་གསན་བསམ་མཐར་ཕྱིན་པ་ཞིག་གནང་ན་བསྟན་འགྲོ་སྨིན་པའི་མཛད་ཕྲིན་རིམ་པ་རྒྱས་ཆོག

    Reply
  16. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    རྒྱུ་མཚན་ལྡན་པའི་བགྲོ་གླེང་གནང་རོག་ཞུ།

    Reply
  17. བཀྲ་ཤིས། ། says:
    ལོ་ 15 སྔོན།

    བོད་པས་སྤྲུལ་སྐུ་ངོས་འཛིན་ལུགས་འདི་དོན་དངོས་ལ་རྒྱུ་མཚན་ཅི་ཡང་ལྟོན་མི་དགོས་པར་ཆབ་སྲིད་ཀྱི་ལས་་ཀརང་ཡིན་པ་དཔེར་ན། སྟོགས་ལགས་ཀྱིས་བཤད་པ་ནང་བཞིན་རེད།

    Reply
  18. བློ་བཟང་། says:
    ལོ་ 15 སྔོན།

    ལྷ་མོ་ལགས། རེད་ཧཧཧཧཧཧཧཧ་ཡོ་རོབ་ཏུ་མ་བཏང་བ་དེ་ནི་ཨ་རིར་ཕེབས་པ་ནམ་བཞིན་ཆགས་ཡོང་བསམ་པའི་སེམས་ཁྲལ་ཡིན་རྒྱུ་རེད་དམ། དེ་དུས་རྒྱ་གར་དུ་རྗེ་བཙུན་པདྨས་བོད་ཀྱི་མཐོ་སློབ་ཞིག་བཟོ་སའི་ཆེད་དུ་ཀརྨ་པས་ཨ་སྒོར་མང་པོ་ཞིག་ཀྱང་ཕུལ་བར་ཐོས།

    Reply
  19. བཀྲ་ཤིས། ། says:
    ལོ་ 15 སྔོན།

    སྟོབས་ལགས་ཀྱི་གཏམ་དེ་ཁེ་མཚར་འདུག ང་ཡིན་་ན་ཀརྨ་པ་ལ་དད་པ་་དང་དད་ལོག་གཉིས་ཀ་མེད་དེ་ཡིན་ན་ཡང་སྟོབས་ཟེར་་བའི་སྐད་ཆ་འདི་གོ་དུས་སྐྱུགས་ལོག་གི་འདུག ད་་གང་ལྟར་ཡང་ཀརྨ་པས་ཏཱ་ལའི་བླ་མ་ལ་མཐའ་གཅིག་ཏུ་བརྩི་བཀུར་མ་བྱས་ཚེ་ཡག་པོ་ཡོང་རྒྱུ་མིན་པའི་འཇིགས་སྐུལ་བྱས་པ་མ་རེད་པས། གལ་ཏེ་ཀརྨ་པ་རྒྱ་གར་དུ་མ་ཕེབས་ན་ཞཱ་དམར་ཀརྨ་པ་ལ་གོ་སྐབས་སྤྲད་ཚར་ཡོད་མདོག་ཁ་བོ་མ་རེད་པས། ཁྱེད་ཚོས་གཏམ་ལ་ལྟོས་དང་།

    Reply
  20. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    དྲྭ་གྲོགས་ལྷ་མོ་ལགས། ཁྱོད་ཀྱིས་་་༢༠༠༨ ལོ་་་་་་་ལོ་དེར་དེ་མིན་བོད་ཀྱི་བླ་ཆེན་ཚོས་བོད་མི་མང་དང་སྐྱིད་སྡུག་མཉམ་གཤིབ་ཀྱི་འདི་བྱས་རབས་གོ་རྒྱུ་མི་འདུག་་་་ ཟེར་བ་འདི་སྐད་ཆ་དྲང་མོ་མ་རེད་དྭ། བོད་པའི་བླ་ཆེན་ཚང་མས་སྐྱིད་སྡུག་མཉམ་གཤིག་བྱས་ཡོད་རེད། ཐ་ན་ཞལ་འདེབས་གནང་མཁན་ཡན་ཆོད་ཤུགས་ཆེ་ས་བླ་མ་་ཚོ་རེད་དྭ། དཔེར་ན། ༸སྐྱབས་རྗེ་པད་ནོར་རིན་པོ་ཆེས་ཞལ་སྔ་ནས་ད་རེས་ལས་འགུལ་ག་རེ་ཡིན་ན་ཡང་དགོན་པའི་དགེ་འདུན་པ་ཚང་མ་ངེས་པར་དུ་འགྲོ་དགོས། འགྲོ་སོང་ཚང་མ་ང་སྒེར་ངོས་ནས་གཏོང་གིན་ཡིན་ཞེས་བཀའ་གནང་བ་ནང་བཞིན་རེད། ད་རུང་མང་ནི་རེད།

    Reply
  21. སྟོབས ། says:
    ལོ་ 15 སྔོན།

    ཀརྨ་པ་ལ་མ་འོང་པའི་འདམས་ཁ་མང་པོ་མེད་རང་ཉིད་མ་འོང་མདུན་ལམ་ཆེད་དམིགས་གཙུག་ཏུ་བཀུར་བའི་མདུན་སྐྱོད་བྱེད་མཁན་ཞིག་ཡིན་ན་ཡོད་ཚད་༧་གོང་ས་མཆོག་ལ་ཁ་ཞེ་གཉིས་མེད་ཀྱིས་བློ་གཏད་བྱེད་རྒྱུ་དེ་རེད ། དེ་ལས་གཡོ་གཟུར་རེ་ཤོར་ན་ཀརྨ་པ་མིང་ཅན་རྫ་ཆུའི་འབྲོག་ཕྲུག་དེ་ལ་གོ་སྐབས་པ་དང་སྤྲད་གཅིག་མཚུངས་ཡིན །

    Reply
  22. ལྷ་མོ། says:
    ལོ་ 15 སྔོན།

    ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཆ་གསུམ་གྱི་མི་མང་གིས་གཅེས་པའི་ཚེ་སྲོག་འབེན་ལ་བཞག་ནས་རྒྱ་ལ་ཞི་རྒོལ་བྱས་པ་རེད། བཙན་བྱོལ་གཞུང་མང་གཉིས་ཀྱིས་བྱེད་རྒྱུ་མེད་ན་མ་གཏོགས་བྱས་པ་རེད། ལོ་དེར་བོད་ཀྱི་བླ་ཆེན་ས་སྐྱ་གོང་མ་སྒྲོལ་མ་ཕོ་བྲང་པས་བོད་མི་མང་དང་ལྷན་དུ་སྐྱིད་སྡུག་མཉམ་གཤིབ་ཀྱིས་རྡེ་ར་རྡུན་ཁུལ་དུ་མི་མང་གིས་དབུ་ཁྲིད་ནས་གོམས་བགྲོད་གནང་བ་རེད། ལོ་དེར་དེ་མིན་བོད་ཀྱི་བླ་ཆེན་ཚོས་བོད་མི་མང་དང་སྐྱིད་སྡུག་མཉམ་གཤིབ་ཀྱི་འདི་བྱས་རབས་གོ་རྒྱུ་མི་འདུག ལོ་དེའི་ཕྱི་ཟླ་ ༥ ནང་པའི་ཀརྨ་པ་མཆོག་ཨ་རིར་ཕེབས་པ་རེད། བོད་མི་ཚོས་ཀརྨ་པ་མཆོག་གིས་བོད་ཀྱི་དུས་ཚོད་སྡུག་ཤོས་ཀྱི་སྐབས་དེར་བོད་དོན་གྱི་སྐོར་ལ་གཅིག་གསུངས་ཡོང་བསམ་ནས་རེ་སྒུག་ཆེན་པོ་བྱས་པ་རེད། མཇུག་དེར་ཨ་རིར་ཕེབས་སྐབས་གང་ཡང་གསུང་ཡོད་མ་རེད།

    འདི་ནས་གྲོས་འདེབས་ཞུ་རྒྱུར། དཱ་བླ་ཆེན་ཚོར་རེ་བ་བྱེད་རྒྱུ་འདི་ཤུགས་ཆེ་དྲག་ན་ཡག་པོ་མི་འདུག་བསམ་གྱི་ཡོད།

    Reply
  23. ལྷ་མོ། says:
    ལོ་ 15 སྔོན།

    ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཆ་གསུམ་གྱི་མི་མང་གིས་གཅེས་པའི་ཚེ་སྲོག་འབེན་ལ་བཞག་ནས་རྒྱ་ལ་ཞི་རྒོལ་བྱས་པ་རེད། བཙན་བྱོལ་གཞུང་མང་གཉིས་ཀྱིས་བྱེད་རྒྱུ་མེད་ན་མ་གཏོགས་བྱས་པ་རེད། ལོ་དེར་བོད་ཀྱི་བླ་ཆེན་ས་སྐྱ་གོང་མ་སྒྲོལ་མ་ཕོ་བྲང་པས་བོད་མི་མང་དང་ལྷན་དུ་སྐྱིད་སྡུག་མཉམ་གཤིབ་ཀྱིས་རྡེ་ར་རྡུན་ཁུལ་དུ་མི་མང་གིས་དབུ་ཁྲིད་ནས་གོམས་བགྲོད་གནང་བ་རེད། ལོ་དེར་དེ་མིན་བོད་ཀྱི་བླ་ཆེན་ཚོས་བོད་མི་མང་དང་སྐྱིད་སྡུག་མཉམ་གཤིབ་ཀྱི་འདི་བྱས་རབས་གོ་རྒྱུ་མི་འདུག ལོ་དེའི་ཕྱི་ཟླ་ ༥ ནང་པའི་ཀརྨ་པ་མཆོག་ཨ་རིར་ཕེབས་པ་རེད། བོད་མི་ཚོས་ཀརྨ་པ་མཆོག་གིས་བོད་ཀྱི་དུས་ཚོད་སྡུག་ཤོས་ཀྱི་སྐབས་དེར་བོད་དོན་གྱི་སྐོར་ལ་གཅིག་གསུངས་ཡོང་བསམ་ནས་རེ་སྒུག་ཆེན་པོ་བྱས་པ་རེད། མཇུག་དེར་ཨ་རིར་ཕེབས་སྐབས་གང་ཡང་གསུང་ཡོད་མ་རེད།

    འདི་ནས་གྲོས་འདེབས་ཞུ་རྒྱུར། དཱ་བླ་ཆེན་ཚོར་རེ་བ་བྱེད་རྒྱུ་འདི་ཤུགས་ཆེ་དྲག་ན་ཡག་པོ་འདུག་བསམ་གྱི་ཡོད།

    Reply
  24. སྲས་མོ་མེ་ཏོག says:
    ལོ་ 15 སྔོན།

    རྐམ་པ་མཆོག་ཕྱི་རྒྱལ་དུ་ཆིབས་བསྐྱུར་གནང་པ་མ་ཐུབ་པ་བློ་ཕམ་ཡོད །
    འགག་རྩ་དེ་ངེས་པར་འཚོལ་ཞིབ་བྱེད་རྒྱུ་གལ་ཆེན་རང་བཞིན་གྱིས་ལས་འགུལ་ལ་རྩོམ་དགོས །

    Reply
  25. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཐོག་མ་བོད་ནང་མ་བཞུགས་པར་རྒྱ་གར་ཕེབས་དགོས་དོན་ཨ་རེའི་དང་ཡུ་རོབ་ཁག་ཏུ་ཆིབས་སྒྱུར་གནང་ཐུབ་ན་བསམ་པ་འདི་ཡིན་རྒྱུ་མ་རེད། འདི་ཕལ་ཆེར་གསལ་པོ་ཞུས་ན་ཁོང་གིས་ཞབས་ཞུ་བའི་འཆར་བཀོད་གཅིག་ཡིན་ངེས། སྤྱིར་བསྟན་འགྲོའི་དོན་མཛད་པར་ངེས་པར་འབྱོར་ལྡན་རྒྱལ་ཁབ་ནང་ཕེབས་ཐུབ་པའི་རེ་བ་མ་བྱེད་པར་དབུས་ཕོང་ཉམས་ཐག་རྒྱལ་ཁབ་དཔེ་ན་བལ་པོ་སོགས་སུ་ཡང་ཡང་ཕེབས་ཏེ་བསྟན་འགྲོའི་དོན་བྱེད་དགོས་ཀྱི་བསམ་ཀྱི་ཡོད། གལ་སྲིད་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བོད་གཞུང་གི་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་ཆབ་སྲིད་གྱི་དོན་དུ་ཕྱོགས་ག་སར་ཕེབས་མ་ཐུབ་ན་ཆིབས་སྒྱུར་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་དགོས་པར་དོན་དངོས་ཀྱི་སྐད་ཆ་གཅིག་རེད་བསམ།

    Reply
  26. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 15 སྔོན།

    དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཐོག་བོད་ནང་མ་བཞུགས་པར་རྒྱ་གར་ཕེབས་དགོས་དོན་ཨ་རེའི་དང་ཡུ་རོབ་ཁག་ཏུ་ཆིབས་སྒྱུར་གནང་ཐུབ་ན་བསམ་པ་འདི་ཡིན་རྒྱུ་མ་རེད། འདི་ཕལ་ཆེར་གསལ་པོ་ཞུས་ན་ཁོང་གིས་ཞབས་ཞུ་བའི་འཆར་བཀོད་གཅིག་ཡིན་ངེས། སྤྱིར་བསྟན་འགྲོའི་དོན་མཛད་པར་ངེས་པར་འབྱོར་ལྡན་རྒྱལ་ཁབ་ནང་ཕེབས་ཐུབ་པའི་རེ་བ་མ་བྱེད་པར་དབུས་ཕོང་ཉམས་ཐག་རྒྱལ་ཁབ་དཔེ་ན་བལ་པོ་སོགས་སུ་ཡང་ཡང་ཕེབས་ཏེ་བསྟན་འགྲོའི་དོན་བྱེད་དགོས་ཀྱི་བསམ་ཀྱི་ཡོད། གལ་སྲིད་དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་བོད་གཞུང་གི་བཀའ་བློན་ཁྲི་པར་ཕེབས་པ་ཡིན་ན་ཆབ་སྲིད་གྱི་དོན་དུ་ཕྱོགས་ག་སར་ཕེབས་མ་ཐུབ་ན་ཆིབས་སྒྱུར་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་དགོས་པར་དོན་དངོས་ཀྱི་སྐད་ཆ་གཅིག་རེད་བསམ།

    Reply
  27. རིག་འཛིན། says:
    ལོ་ 15 སྔོན།

    སྤྱིར་བཏང་བོད་པའི་བླ་ཆེ་ཁག་བསྟན་འགྲོའི་དོན་དུ་མི་རིགས་དང་རྒྱལ་ཁབ་དབྱེ་འབྱེད་མེད་པ་ཡུལ་ཕྱོགས་གང་སར་ཕེབས་དགོས་པ་འདི་ནི་དངོས་ཡོད་ཀྱི་གནས་སྟངས་ཤིག་རེད་།
    འོན་ཀྱང་དེང་སང་ཕྱག་མཛོད་དང་དེ་བཞིན་མི་སྣ་འགས་བླ་ཆེན་ཁག་ཕྱིར་ཕེབས་ཆོག་པའི་ཕྱག་ཁྱེར་མ་རག་གོང་ནས་རྒྱལ་ཁབ་འདི་དང་ས་གནས་འདིར་ཕེབས་རྒྱུ་རེད་ཟེར་ནས་གསལ་སྒྲགས་སྔོན་དུ་བྱེད་པ་འདིས་་་་རྐྱེན་པས་དད་ལྡན་གྱི་མི་སྣ་མང་པོ་ཞིག་ལ་བློ་ཡིད་མི་བདེ་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་འདི་ནི་བདེན་དོན་ཞིག་ཡིན་པས་་་་་འབྲེལ་ཡོད་ཀྱི་མི་སྣ་དག་གིས་དགོངས་བཞེས་རེ་གནང་རོགས་ཞུ་འདོད་བྱུང་།

    Reply
  28. བློ་བཟང་། says:
    ལོ་ 15 སྔོན།

    http://www.kagyuoffice.org/ དྲྭ་གྲོགས་ཚོ་ཀརྨ་པའི་དྲྭ་རྒྱ་འདི་ཉིད་ཡིན་སྐད། བོད་ཡིག་ནི་སྣ་གཅིག་ཀྱང་མཐཽང་རྒྱུ་མི་འདུག དབྱིན་ཡིག་ཐོག་ཏུ་ཀརྨ་པ་བྲིས་ཏེ་བསྣན་དུས་དྲྭ་རྒྱ་གཞན་པ་ཞིག་ཤར་གྱི་འདུག རྒྱལ་བ་ཀརྨ་པ་ཞིག་བཏགས་ཏེ་དྲྭ་རྒྱ་ཞིག་ཡོད་ན་ཡག་པོ་མི་འདུག་གམ། གཟིགས་དང་འདི་ནི་བཀའ་བརྒྱུད་ཀྱི་ལས་ཁུངས་རེད་འདུག ཡོ་རོབ་ཏུ་ཕེབས་མ་ཐུབ་པའི་སྐོར་གསལ་བསྒྲགས་གང་ཡང་མི་འདུག

    Reply
  29. བློ་བཟང་བརྟན་པ says:
    ལོ་ 15 སྔོན།

    ཀརྨ་པ་རྒྱ་གར་གཞུང་གི་ཕྱི་བསྐྱོད་ཆོག་ཆེན་མ་སྤྲད་པ་དེ་བློ་ཕམ་གྱི་གནས་ཚུལ་རེད། ཡིན་ནས་ཀརྨ་པ་ལ་རྒྱ་གར་གཞུང་གིས་སྡེ་སྲུང་ཐད་ནས་དོ་དམ་བྱེད་པ་ལ་བློ་ཕམ་ངོ་ནས་་་་་་་་་་་་་་”གལ་ཏེ་འདི་སྲུང་སྐྱོབ་ཀྱིས་ཡིན་ན་༸གོང་ས་མཆོག་ལའང་གཅིག་མཚུངས་ཞུ་དགོས་པ་ལས་”་ ཞེས་འཁོད་པ་དེ་ནི་ཧ་ཅང་གི་ཡ་མཚན་རེད། ༸གོང་ས་མཆོག་གི་མཛད་འཕྲིན་ད་བར་བོད་མི་སྤྱི་ཡོངས་ཀྱི་ཆེད་དུ་རང་གནང་པ་རེད་ལ་མུ་འཐུད་བྱེད་བཞིན་ཡོད། འཛམ་གླིང་རྒྱབ་ཁབ་མང་ཆེ་བ་ལ་དབུ་འཁྲིད་དང་མི་སྣ་འགལ་ཆེན་ཞིག་ལ་རྩི་སྲུང་བྱེད་ཀྱི་ཡོད། དེ་ནི་དངོས་ཡོད་གནས་ཚུལ་རེད། ཀརྨ་པ་སྐུ་ཐོག་གོང་མ་ལ་ཆ་བཞག་ན་རང་ཉིད་དགོན་པ་ཡར་རྒྱས་དང་ཕྱི་རྒྱལ་དུ་ཆོས་ཚོགས་བཙུགས་པ་ལ་མི་རིགས་ཤིག་གི་དབུ་འཁྲིད་དང་མི་སྣ་འགལ་ཆེན་ཞིག་དང་ངོས་འཛིན་བྱུང་མེད། གང་བྱུང་བ་དེ་ནི་ཆོས་ཕྱོགས་ཁོ་ན་རེད། དེར་རྟེན་་་་་༸གོང་ས་མཆོག་དང་ཀརྨ་པ་གཉིས་གཅིག་མཚུངས་ཞུ་དགོས་པ་ཞེས་བྲིས་པ་དེ་ནི་ཧམ་ཆེན་དང་༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་དོན་དུ་མཛད་འཕྲིན་དང་སྐུ་ལས་ལ་མ་རྩིས་པའམ་མ་ཤེས་པའི་དོན་རེད།

    Reply
  30. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་ནི་བོད་མི་ཞིག་རེད། བོད་མི་ཞིག་གི་སྐུ་ཚེ་མཛད་འཕྲིན་རྒྱས་ན་བོད་པ་ཚང་གི་རྒྱན་ཆ་རེད་དམ་མ་རེད།
    རྒྱལ་བ་ཀརྨ་པ་ནི་བོད་ཀྱི་བླ་ཆེན་ཞིག་རེད།
    བོད་ཀྱི་བླ་ཆེན་ཞིག་གི་མཛད་འཕྲིན་ལེགས་ཚོགས་རྒྱས་ན་སངས་རྒྱས་བསྟན་པའི་དོན་ཆེན་འགྲུབ་པར་ཕན་ནམ་གནོད།
    ང་ཚོ་བོད་པ་ཚང་གི་བླ་སྲོག་དང་རང་དབང་འཐབ་རྩོད་ཀྱི་རྩ་བ་ཡང་བོད་མི་རིགས་དང་། སངས་རྒྱས་བསྟན་པ་གཉིས་ལ་ཐུག་ཡོད་པ་མ་ཡིན་ནམ།
    དེ་ཡིན་ན་དེ་གཉིས་ཀའི་བླ་སྲོག་ཞིག་རྒྱ་བསྐྱེད་དང་གོང་འཕེལ་གྱི་ཕྱིར་ཏུ་ཚང་མ་མཉམ་རུབ་བྱེད་དགོས་པ་རེད་དམ་མ་རེད། དྲང་པོར་བཤད་ནས། བོད་པ་ཚང་ལ་ཤ་ཚ་མཁན་ཞིག་ཡིན་ན་ཕྱོགས་ཚང་མར་བསམ་བློ་གཏོང་དགོས་པ་རེད་དམ་མ་རེད། རང་ཉིད་སྒེར་ཞིག་དང་། རང་ཕྱོགས་ཙམ་པོ་བ་ཞིག་གི་ཞེ་འཁོན་དང་ན་ཚ་དེ་སྤྱི་བའི་ལས་དོན་གྱི་སྒང་དུ་སྤུངས་བའི་གྱོང་གུད་ལ་མིག་དཔེ་ལྟ་ས་མེད་པ་ཞིག་མ་རེད།
    ངས་ནམ་རྒྱུན་དྲ་གྲོགས་ཚོས་རྩོམ་ཡིག་དང་མཆན་ལ་ཚོད་འཛིན་ཞིག་དགོས་པར་འདོད་ཀྱིན་ཡོད། དེ་མིན་དགྲ་དགའ་གཉེན་སྡུག་གི་སྐད་ཆ་མང་པོ་ཞིག་སླེབས་པ་དེས་ཕན་ས་རེད་དམ་གནོད་ས་རེད།
    ཚང་མས་དགོངས་བཞེས་ཡག་པོ་གནང་བའི་སླར་ཡང་རེ་བ་ཡོད།

    Reply
  31. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ༸རྒྱལ་དབང་ཀརྨ་པ་མཆོག་ད་སྐབས་ཕྱི་ཕྱོགས་སུ་ཕེབས་རྒྱུ་ནི་དེ་ཙམ་གལ་མི་ཆེ། ད་ལྟ་སྐུ་ན་གཞོན་སྐབས་གཙོ་བོ་ནང་དོན་རིག་པས་མཚོན་པའི་ཤེས་བྱའི་ཡོན་ཏན་ལ་སྦྱང་བརྩོན་གནང་རྒྱུ་ནི་ཆེ་བས་ཀྱང་གལ་ཆེ། ས་པཎ་གྱིས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་ཡིས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །

    Reply
  32. མུ་ཏིག་ཆུང་ཆུང་། says:
    ལོ་ 15 སྔོན།

    རྒྱལ་བ་ཀརྨ་པ་མཆོག་གང་མྱུར་ཡོ་རོབ་སོགས་སུ་ཕེབས་ཏེ་བོད་དོན་དང་འགྲོ་དོན་ལེགས་སྐྱོང་ཡོང་བའི་སྨོན་ལམ་ཡོད།
    འདི་བློ་ཕམ་དགོས་པ་ཞིག་ལ་སྒོམ་སྡེ་ལྷ་རམ་པ་གསར་འགྱུར་མཁོ་སྤྲོད་བྱེད་སྟངས་རེད། ༼དེས་ནི་དེ་གའི་བཀའ་བརྒྱུད་པའི་ཆོས་ཚོགས་རྣམས་དང་།༽ ཞེས་དམིགས་བསལ་བཀའ་རྒྱུད་པའི་ཆོས་ཚོགས་ཀྱིས་སེམས་ཁུར་བྱེད་ཀྱི་རྣམ་པ་ཁ་གསལ་བརྗོད་པ་ལྷ་རམ་པ་འདི་ཆེས་མ་རུང་བའི་བཤད་སྟངས་ཤིག་རེད། རྒྱལ་བ་ཀརྨ་པར་དད་གུས་དང་རྒྱབ་སྐྱོར། སེམས་ཁུར་བྱེད་མཁན་བོད་མི་ཚང་མ་གཅིག་མཚུངས་ཡིན་པ་ལས། དམིགས་བསལ་ཆོས་རྒྱུད་གཅིག་མ་རེད། ཁོང་གིས་བོད་མི་གཞན་པ་ཚོའི་དད་པ་དང་རྒྱབ་སྐྱོར་སེམས་ཁུར་ནག་གསུབ་བཏང་ཆེས་བློ་ཕམ་ཡོད། དེ་ལས་གནས་ཚུལ་འདི་བོད་མི་ཚང་མ་བློ་ཕམ་ཡོད་པ་བཤད་གསལ་འདོན་བྱེད་དགོས་པ་ཞིག་རེད། མ་གཞི་ཀརྨ་པ་ཁྱེད་རང་ཚོ་ཚོགས་པ་ཁ་ཤས་ཁོ་ནའི་བྱེད་འདོད་ན་དེ་ལྟར་བྱོས་དང་ང་ཚོས་ལྟ་ཆོག

    Reply
  33. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    མ་གཞི་དྲ་རྒྱ་ཟེར་བ་དེ་ངས་པར་སྲིན་མོ་ཟ་ལམ་ཆེན་མོ་ཟེར་བ་དེ་འདྲ་ཞིག་རེད། ཁ་ལ་བདག་བཟུང་མེད་པའི་མི་ཤ་སྟག་གིས་གང་ནས་འདུག དེ་ལ་བསམ་ན་ཡི་ཆད་པ་དང་སྐྱུགས་བྲོ་བའི་ཚོར་བ་དང་བཅས་རང་ཉིད་ཀྱང་དེར་འཇུག་པ་དེ་བྱབས་ཆུང་ཞིག་མིན་ནམས་ཡང་སྙམ།
    ཡང་ང་ཚོའི་སྐད་ཡིག་དང་རིག་གཞུང་འདིའི་སྲོག་རྩ་ད་ཆ་རྡ་འཕྲིན་གྱི་ལམ་ལ་ནན་གྱིས་ཞུགས་ཟིན་པའི་ཆ་ནས་ཅུང་རེ་ཡིན་ན་ཡང་ཁྱིམ་གཞིན་འདིར་ཡོང་ནས་ལས་དབང་གཅིག་པ་དག་དང་ཁ་བརྡ་རེ་བཤད་འདོད་པའང་བློས་མ་ཐོངས།
    ད་གང་བྱེད།
    ངའི་རེ་བ་ལ་ཀརྨ་པ་མཆོག་ངེས་པར་ཡོ་རོབ་ལ་གང་མགྱོགས་ཕེབས་ཐུབ་པའི་རྒྱབ་སྐྱོར་ཞུ་དང་ཞུ།
    ལར་ང་ཚོར་སྐྱབས་མགོན་རིན་པོ་ཆེའི་རྗེས་སུ་ང་ཚོར་རྒྱལ་སྤྱིའི་ཆེ་མཐོང་ཡོད་པའི་སྐྱེས་བུ་ཞིག་ཅིས་ཀྱང་མཁོ་གལ་ཆེན་པོ་ཡིན་པ་འདི་མ་བརྗེད་རོགས།
    ཀརྨ་པ་དང་འབྲེལ་བའི་རྙོག་འཛིངས་ཆེ་བའི་བརྗོད་གཞི་རྙིང་བ་དེ་དག་དང་ང་འབྲེལ་གང་ཡང་མེད་ན་ཡང་། ངས་ཐད་ཀ་ཐད་ཀའི་བཅོས་མིན་གྱི་ཚོར་སྣང་ལ་ཁོང་ནི་ང་ཚོ་གཞོན་སྐྱེས་རྣམས་ལ་དགོས་མཁོ་ཡོད་པའི་མི་ཞིག་རེད། ང་ལ་མི་དེ་འདྲ་དགོས་ཀྱི་ཡོད།
    དེས་ན་ཁྱེད་རྣམ་པས་མ་མཐའ་ཡང་ཁོང་གིས་རྒྱལ་བ་རིན་པོ་ཆེར་འགྲན་གྱི་འདུག་མ་ཞུ་རོགས། ངས་ས་སྟོང་ནས་ཞུ་བ་འཐེན་གྱིན་ཡོད།
    འོན་ཀྱང་ཞོར་དུ་ངེས་པར་ངེས་དགོས་པ་ཞིག་ལ་རྒྱལ་བ་རིན་པོ་ཆེ་ཨ་རིར་ཕེབས་འདུན་གནང་བ་ནས་ཕེབས་པའི་བར་ལ་ལོ་ཉི་ཤུ་ལྷག་ཅིག་སོང་ཡོད། སྐྱབས་བཅོལ་དུ་ཕེབས་ནས་ཕྱི་ལ་ཕེབས་ཆོག་པའི་བར་དུ་ཡང་ལོ་ཧ་ཅང་མང་པོ་སྒུགས་དགོས་བྱུང་ཡོད། དེའི་སྐབས་ཁོང་རི་བོ་རྡོ་ལ་བརྡར་གྱི་ཡང་རྩེ་ནས་འཁྱགས་ཤུད་ཀློད་ནས་ཉི་མ་བསྐྱལ་བ་ཡང་གང་འཚམས་བྱུང་ཡོད། དེ་ཚང་མ་ཤེས་ན་ངང་ཐུང་མི་དགོས།
    མ་ཟད་བོད་གཞུང་ལ་ཡང་ཁ་གཏོང་མི་དགོས།
    ད་ལྟ་ཀརྨ་པའི་རང་རྟོགས་དང་སློབ་སྦྱོང་གི་གོ་སྐབས་འདི་རྩ་ཆེན་པོ་དང་ཚད་མཐོན་པོ་རེད། ཁོང་གི་ཉེ་འཁོར་རྣམས་ཀྱིས་ཀྱང་དེ་ཙམ་ཙོབ་དགོས་དོན་མེད། རྨངས་གཞི་འཕྱུགས་ཀྱིན་མི་འདུག
    ང་འཛིན་གྲར་རྗེས་ལུས་ཐེབས་སོང་དགོངས་དག་ཞུས་དག་བྱས་མེད།

    Reply
  34. ནད་པ says:
    ལོ་ 15 སྔོན།

    ༸ དཔལ་རྒྱལ་བ་ཀརྨ་པ་མཆོག་ནི་ད་ལྟ་སྐུ་ན་ཧ་ཅང་ཕྲ་བའི་དར་མའི་ན་ཚོད་ཅན་གྱི་བོད་པའི་བླ་སྤྲུལ་རྩ་ཆེ་ཞིག་ཡིན་སྟབས་ཁོང་གི་སྐུ་ཚེ་འདིར་རླབས་ཆེན་མཛད་འཕྲིན་རྒྱས་ཐུབ་པའི་རེ་བ་དང་འདུན་ལམ་ཆེན་པོ་ཡོད།

    འཛམ་གླིང་སྤྱི་དང་ཡང་སྒོས་གངས་ཅན་བོད་རིགས་ཀྱི་ལས་དབང་གཉན་འཕྲང་ཅན་གྱི་དུས་འདིར་དཔལ་ཀརྨ་པ་མཆོག་གིས་དུས་ཚོད་འཕྲོ་བརླག་ཏུ་མ་བཏང་བར་ད་ལྟའི་ཆར་རང་ལ་དགོས་པའི་གནའ་དེང་གཉིས་ཀྱི་ཤེས་ཡོན་ལ་སྦྱང་བརྩོན་ཆེན་པོ་གནང་སྟེ། ༸ གོང་ས་སྐྱབས་མགོན་ཆེན་པོ་བཞིན་མ་འོངས་པར་མཁས་བཙུན་བཟང་གསུམ་གྱི་ཆེས་རླབས་ཆེན་གྱི་མི་སྣ་ཞིག་ཡོང་རྒྱུར་འབད་བརྩོན་གནང་དགོས།

    རྗེ་མི་ལ་ཞབས་ཀྱིས།
    ཕྱི་ཡི་ཞིང་ས་བཟང་དང་གཅིག །
    གདམས་ངག་ས་བོན་ཐེབ་དང་གཉིས། །
    ཉམས་ལེན་མྱུ་གུ་རྒྱས་དང་གསུམ། །
    སྐུ་གསུམ་འབྲས་བུ་སྨིན་དང་བཞི། །
    འདི་བཞི་འཛོམས་པའི་སོ་ནམ་ནི། །
    ནམ་གཞག་གཏན་གྱི་སོ་ནམ་ཡིན། །

    ཞེས་གསུངས་པ་ལྟར་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་ཚེ་འདིར་རྠེ་མི་ལའི་གདམས་ངག་ལྟར་ཆུང་དུས་ནས་ཞིང་སའི་ས་བོན་ལ་ཉམས་ལེན་གྱི་མྱུ་གུ་བཞིན་རིམ་པར་རྒྱས་ཏེ་མཐར་འབྲས་བུ་བཟང་པོ་སྨིན་ཐུབ་པའི་གོང་མའི་མཛད་འཕྲིན་གྱི་འཇུག་སྐྱོང་དགོས་ཡ།

    Reply
  35. གྲགས་པ། says:
    ལོ་ 15 སྔོན།

    ཁ་སྔོན་མཚུར་ཕུ་བླ་བྲང་ཅུང་ཟད་རྒྱུས་མངའ་ཡོད་མཁན་གྲོགས་པོ་ཞིག་ལ་སྐད་ཆ་བཤད་པར། མཚུར་ཕུ་བླ་བྲང་ལ་རྒྱ་གར་དཔོན་རིགས་ཁག་དང་འབྲེལ་བ་བྱེད་ཐུབ་མཁན་མི་སྣ་དེ་འདྲ་མེད་དམ་དྲི་དུས། ཁོང་གིས་གསུང་དོན་བསོད་ནམས་ཟེར་བ་ཞིག་ལྡི་ལིར་རྟག་པར་སྡད་ཡོད་ཀྱང་དེ་ནི་མཚུར་ཕུ་བླ་བྲང་གི་ཟ་འདྲེ་རང་ཡིན་ས་རེད། སྒོར་མོ་ཟ་རྒྱུ་ལས་ལས་ཀ་འདི་ཡིན་ཞིག་པ་གང་ཡང་ཡོད་ཚོད་མི་འདུག་གསུང་། དེས་ན་ཀརྨ་པས་སློབ་སྦྱོང་གནང་རྒྱུའི་དུས་ཡིན་པ་ལས། མཛད་འཕྲིན་བསྐྱང་རྒྱུའི་དུས་རེད་མི་འདུག བླ་མ་དགོས་པ་ཤེས་ཡོན་དང་ཉམས་རྟོགས་རེད། ཤེས་ཡོན་ཧུར་བརྩོན་གནང་རོགས་ཞུ། དགོངས་འགལ་མེད་པར་ཞུ།།

    Reply
  36. གྲགས་པ། says:
    ལོ་ 15 སྔོན།

    ཀརྨ་པ་ཁོ་རང་གི་ངོར་བསམ་མནོ་བཏང་ན་ད་ལྟ་ཕྱི་རྒྱལ་ཕེབས་རྒྱུ་ལས་རྒྱ་གར་དུ་བཞུགས་ཏེ་སློབ་སྦྱོང་མཐར་ཕྱིན་པ་གནང་རྒྱུ་དང་། བཀའ་བརྒྱུད་གོང་མ་རྣམས་ཀྱི་གདམས་ཟབ་དག་ལ་འབད་བརྩོན་གནང་ན་ཁེ་ཕན་ཆེ་ཤོས་དེ་རེད། མ་དགོས་པའི་བོད་པའི་ཆབ་སྲིད་སོགས་ལ་ཐེ་ཇུས་གནང་ན་ཕྱི་ནང་གང་སར་དགྲ་བོ་ཆགས་རྒྱུ་ཉག་ཅིག་རེད། དེང་སང་གཞོན་སྐྱེས་ཁག་ཅིག་གིས་སྐྱབས་མགོན་རིན་པོ་ཆེ་དང་འགྲན་རྩོད་གནང་འདུག་ཟེར་མཁན་ཀྱང་ཡོང་གི་འདུག སྐྱབས་མགོན་རིན་པོ་ཆེ་ཁོང་གི་རྩ་བའི་བླ་མ་རེད་འདུག་དེར་ཞབས་ཏོག་བསྒྲུབ་མ་ཐུབ་ཀྱང་འགྲན་རྩོད་བྱ་དགོས་དོན་གང་ཡོད་དམ། ཕྱི་རྒྱལ་དུ་མ་འོངས་པར་ཕེབས་ཆོག་གི་རེད། སྒོམ་སྡེ་ལྷ་རམས་པ་དེ་ལྷག་བསམ་ཅན་ཞིག་རེད་འདུག དེང་སང་ལྷག་བསམ་ལམ་དུ་འགྲོ་ས་མེད་པ་ཁོང་གིས་མ་མཁྱེན་པ་འདྲ་འདུག།

    Reply
  37. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    ནམ་ཡིན་ཡང་དཀའ་ངལ་ཕར་མ་ཞིག་འཕྲད་བཞིན་པ་དག་ནི་བོད་པའི་སྤྲུལ་སྐུ་ཚོ་རེད་འདུག རྒྱ་ནག་ནང་བཤད་མ་དགོས་པ་རེད། རྒྱ་གར་ལྟ་བུའི་རང་དབང་གི་ལུང་པ་འདིའི་ནང་དཀའ་ངལ་མི་ཉུང་པ་ཞིག་འཕྲད་བཞིན་འདུག ཆེ་སའི་དཀའ་ངལ་ཚང་མས་མཁྱེན་གསལ་རེད། ཆུང་སའི་དཀའ་ངལ་འདི་ཡང་ཆེ་སའི་དཀའ་ངལ་གྱི་ལྡོག་ཚིག་གཅིག་མ་རེད་དམ། འདི་དག་ཐམས་ཅད་ཀྱི་ངོ་བོ་གཅིག་མཚུངས་ཀྱི་དཀའ་ངལ་རེད། དཀའ་ངལ་འདི་ནམ་ཡིན་ཡང་དཀའ་ངལ་གྱིས་གདོང་ལེན་བྱེད་རྒྱུ་མ་གཏོགས་བདེ་བ་ཡིས་གདོང་ལེན་བྱ་མི་ཐུབ། འདི་འཇིག་རྟེན་སྤྱི་མཚུངས་ཀྱི་ཆབ་སྲིད་དེའི་གཡོ་ཇུས་ཁོ་ན་རེད། གཡོ་ཇུས་འདི་དཀའ་ངལ་གྱིས་གདོང་ལེན་བྱེད་མཁན་གྱི་མི་ཡང་བོད་མི་མ་རེད་དམ། བོད་མི་མི་རིགས་ཀྱི་མིང་འཁུར་མཁན་ཞིག་ཡིན་པའི་ཆ་ནས་དེའི་ཕྱོགས་ལ་རྒྱབ་སྐྱོར་བྱས་ན་འོས་པ་ཞིག་རེད། དཀའ་ངལ་ལས་ཐར་བའི་མི་རིགས་དེ་ཡིས་ནམ་ཡང་རྒྱལ་ཁ་ལེན་ཐག་གཅོད་རེད།

    Reply
  38. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས།

    ༼གང་ལྟར་རྒྱལ་བ་ཀརྨ་པ་ཚང་ཁོང་ཉིད་ལ་ཕྱིར་བསྐྱོད་ཕྱག་ཁྱེར་དགོས་ན་དྷ་་སའི་སྐུ་ངོ་ཁ་ཤས་གྱི་སྙན་ཞུའི་འགེངས་ཤོག་བཀང་ན་འགྲིག་གི་རེད།༽ཅེས་ན་ཅི་ཞིག་བཤད་ཀི་ཡོད་པ་རེད། དེར་ལན་ཞིག་གནང་རོགས། རྒྱལ་བ་ཀརྨ་པ་རྡ་སའི་སྐུ་ངོ་ཚོའི་ལག་འོག་ན་ཡོད་པ་རེད་ཟེར་ཕོད་མཁན་གྱི་བློ་ཁོག་འདི་གང་ནས་བྱུང་། ལན་ཞིག་གནང་རྒྱུ་མཁྱེན། སྐད་ཆ་འདི་ཚོའི་གྲས་ཡག་པོ་ཡོད་པ་མ་རེད། སྐད་་ཆ་འདི་ལ་ཁུངས་ཡོད་ཀྱི་རེད། ཁུངས་དེ་ཐུང་ཙམ་ཞིག་གསུངས་རོགས། ཡང་ན། རྒྱལ་བ་ཀརྨ་པ་ལ་དམའ་འབེབས་ཀྱི་སྐད་ཆ་འདི་འདྲ་མ་བཤད་ན་མི་ཆོག་གམ། བོད་པ་ནང་ཁུལ་མཐུན་ལམ་ལ་གནོད་པའི་ཚིག་འདི་འདྲ་ག་རེའི་ཆེད་དུ་རེད། ཁྱེད་རང་གསར་འགོད་པ་ཞིག་ཡིན་པའི་ཁུལ་རེད། གསར་འགོད་པ་ཞིག་གིས་རང་ཉིད་ཀྱི་སྐད་ཆར་འགན་འཁྱེར་སྟངས་ཤེས་ཀྱི་རེད། རྒྱུ་མཚན་འདི་ལ་བརྟེན་ནས་སྐད་ཆ་འདིར་ཁྱེད་རང་གིས་ཡིན་གཅིག་མིན་གཉིས་འགན་འཁྱེར་རོགས། སྐད་ཆ་འདི་ད་ག་སེ་མ་རེད། ལན་ཞིག་གནོངས་ཨ།

    Reply
  39. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    འདིར་སྒོམ་སྡེ་ལྷ་རམས་པས་གསར་གྱུར་མཁོ་སྤྲོད་ནང་དུ།
    ད་སྐབས་འདིར་ཀརྨ་པ་ཕྱི་རྒྱལ་ལ་ཕེབས་མ་ཐུབ་པའི་སྐོར་ལ་བསམ་འཆར་ཞིག་བཀོད་ཡོད་པ་འདིའི་ནང་ལ་འདི་ལྟར་བྲིས་འདུག་ལ་ ༼ གལ་ཏེ་འདི་སྲུང་སྐྱོབ་ཀྱིས་ཡིན་ན་༸གོང་ས་མཆོག་ལའང་གཅིག་མཚུངས་ཞུ་དགོས་པ་ལས། ཁོང་སྙན་གྲགས་ཆེ་དྲགས་ནས་དེ་ཞུ་ཐུབ་ཀྱི་མི་འདུག ༽ བསམ་འཆར་འདི་ཁྱེད་རང་གིས་ཀརྨ་པ་ཕྱི་རྒྱལ་ལ་ཕེབས་མ་ཐུབ་ན་༧གོང་ས་མཆོག་ལའང་གཅིག་མཚུངས་དགོས་ཞེས་པའི་དོན་ཡིན་ནམ།
    ཡང་འདི་ལྟར་བྲིས་ཡོད་ལ ༼ ད་རེས་ཀྱི་དོན་རྐྱེན་འདི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་མ་ཡིན་པར། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་དང་ཡང་འབྲེལ་བ་ཆགས་ཡོད་པས།༽ སྤྱིར་དེང་སང་བོད་ཀྱི་བླ་མ་ཚོའི་བོད་མའི་རང་དབང་འཕྲོགས་སོང་ཞེས་བསམ་འཆར་འདོན་སྐབས་ཞིག་རེད་མ་གཏོགས། བོད་ཀྱི་བླ་མ་ཚོའི་ཆབ་སྲིད་ཀྱིས་བོད་དོན་ཞིག་སྒྲུབ་རབ་བོད་མི་རང་གི་ཡང་ཁས་ལེན་གྱིན་མེད་ན། བླ་རྒན་ཚོ་ཅིའི་ཕྱིར་ན་ཆབ་སྲིད་ཀྱིད་ཆེད་ཕྱི་རྒྱལ་ལ་འགྲོ། སྤྱིར་བཀའ་བརྒྱུད་བླ་མ་གོང་ཚོ་ཕྱི་རྒྱལ་ཕེབས་ནས་སངས་རྒྱས་མ་རེད། རྩེ་གཅིག་ཏུ་རི་ཁྲོད་སོགས་ནས་བླ་མའི་མན་ངག་བསྒོམས་ནས་སངས་རྒྱས་རེད། དེས་ན་ཕྱི་རྒྱལ་ལ་ཕེབས་དགོས་པའི་རྒྱུ་མཚན་མ་མཐོང་ལགས།

    Reply
  40. དོན་འགྲུབ་བཀྲ་ཤིས། says:
    ལོ་ 15 སྔོན།

    གང་ལྟར་རྒྱལ་བ་ཀརྨ་པ་ཚང་ཁོང་ཉིད་ལ་ཕྱིར་བསྐྱོད་ཕྱག་ཁྱེར་དགོས་ན་དྷ་་སའི་སྐུ་ངོ་ཁ་ཤས་གྱི་སྙན་ཞུའི་འགེངས་ཤོག་བཀང་ན་འགྲིག་གི་རེད།

    Reply
  41. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ད་རེས་ཀྱི་petitionསྙན་ཞུའི་རེ་སྐུལ་འདི་དང་སྦྲགས། ང་ཚོས་རྒྱ་གར་གཞུང་ལ། རྒྱ་དཀར་ནག བོད་ཕྱི་ནང་། ཧི་མ་ལ་ཡའི་རི་བརྒྱུད་ཀྱི་བོད་རིགས་ཡོངས་རྫོགས། འབྲུག་བལ། དེ་བཞིན་འཛམ་གླིང་ཡུལ་གྲུ་༧༠ལྷག་ཙམ་ནང་ཁོང་ལ་དད་ལྡན་རྗེས་འཇུག་ས་ཡ་མང་པོ་ཡོད་པའི་དཔེ་མཚོན་ཆུང་ཙམ་ཞིག་སྟོན་ཐུབ་པ་ཡིན་ན། སླན་ཆད་ཁོང་ལ་དམ་བསྒྲགས་བྱ་རྒྱུ་དེ་ལྷོད་དུ་འགྲོ་སྲིད་པ་ཡིན་པས། དེ་ལུགས་དགོངས་འཇགས་ཀྱི་གཤམ་གསལ་དྲ་རྒྱར་ཕེབས་ཏེ་རེ་སྐུལ་དང་བསམ་ཚུལ་ལྷུག་པོར་གསུང་རོགས།

    http://www.gopetition.com/online/35419/sign.htmlFree

    Reply
  42. ཤིང་རྟ། says:
    ལོ་ 15 སྔོན།

    དཔལ་༸ རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག བོད་མི་ས་ཡ་དྲུག་གི་བདེ་སྡུག་གི་ཆེད་དུ་མཐོ་སྒང་གི་གངས་འཁྱགས་རྐང་ལམ་དེད་ནས་རི་ཆུ་ཁྲི་སྟོང་མང་པོར་ཞབས་འགྲོས་ཀྱིས་བཅལ་ཏེ་སྐུ་སྲོག་འབེན་དུ་བཙུགས་ཏེ་བཙན་བྱོལ་དུ་ཕེབས་ཡོད་པ་བོད་པ་ཚོས་ཤེས་སམ། ད་དུང་ཡང་ཁོང་ཉམས་པ་མེད་པའི་སྙིང་སྟོབས་ཀྱི་གོ་ཆ་ལྷུར་བཞེས་ཏེ་མ་འོངས་བོད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཕྱོགས་ཕྱོགས་སུ་ཕེབས་པར་ཡི་རང་དང་རྒྱབ་སྐྱོར་མགོ་ནག་བོད་ལ་བློ་སེམས་དཀར་བ་ཞིག་ཡིན་ན་ཡོད་ངེས།

    Reply
  43. བསྟན་འཛིན། says:
    ལོ་ 15 སྔོན།

    སྒོམ་སྡེ་ལྷ་རམས་པ་ལགས། ནང་མ་རུལ་བ་ཡིན་ན་དཔེ་ཡག་པོ་རེད། བོད་མཐའ་ངན་འདི་འདྲར་བསླེབས་ཚུལ་ལ་ཕྱི་བལྟས་ཤིག་བྱས་ན་རྩ་བ་ནང་རུལ་བ་ལ་ཐུག་པ་གསལ་པོ་རེད། གལ་སྲིད་ཕྱི་རྐྱང་པ་ཡིན་ན་སྔ་ཕྱི་མ་གཏོགས་འཁྲོལ་ཐུབ་པའི་གནས་སྟངས་ཤིག་ལ་ངོས་འཛིན་བྱས་ན་འགྲིག་གི་རེད།

    Reply
  44. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    དཔེར་ན་ང་ཚོ་མི་སྒེར་ཞིག་དབྱིང་ལེན་ལ་འགྲོ་དགོས་ཀྱི་ཡོད་ན། ཕྱིར་བསྐྱོད་ལག་ཁྱེར་སྤྲོད་མི་སྤྲོད་དབྱིན་ཇིའི་གཞུང་ཚབ་ལ་རག་ལས་ཡོད་པ་ལས། དེ་ལ་རྒྱ་གར་གཞུང་གིས་ཇུས་ཏོག་གང་ཡང་ཡོད་མ་རེད། ཁྲིམས་ཀྱི་ཐོག་ནས་བྱས་ན་ཡང་། དེ་འདྲ་བྱེད་ས་དེར་ཡང་མིན་ན་མི་ནག་ཅན་ཞིག་ཡིན་དགོས་རེད། དེ་འདྲ་གང་ཡང་མེད་པར་དེ་འདྲ་བྱས་པ་དེ་ནི་བསམ་བློ་གཏོང་བཞིན་གཏོང་བཞིན་ཤིན་ཏུ་མི་འོས་པ་ཞིག་རེད་འདུག་བསམ། ང་ཚོ་མི་དཀྱུས་མ་ཞིག་ལས་ཀྱང་རང་དབང་དང་ཐོབ་ཐང་ཆུང་བ་དེ་འདྲ་ག་རེ་རེད།

    Reply
  45. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    བསྟན་འཛིན་ལགས།
    ཁྱེད་ནས་༼དྷ་སའི་སྐུ་ངོ་ཁ་ཤས་ཤིག་ཁོག་རུལ་བའི་ངན་ཇུས་ཡིན་ནའང་འདྲ།༽ཞེས་གསུངས་པ་ནི་ཁུངས་མེད་ཀྱི་འོལ་ཚོད་རང་རེད། སྲིད་ཇུས་དེ་རྒྱ་ནག་གིས་གནོན་ཤུགས་ཡིན་པ་གསལ་པོ་རེད། ༸གོང་མཆོག་འཛམ་གླིང་ནང་མཚན་སྙན་དང་ཤུགས་རྐྱེན་ཤིན་ཏུ་ཆེ་བའི་གལ་ཆེའི་མི་སྣ་ཞིག་ལ་སོང་། ཁོང་ཚོས་བཀོད་འདོམས་བྱེད་མ་ཐུབ་པ་ཙམ་ལས། གལ་ཏེ་རྒྱ་གར་གཞུང་ལ་ནུས་པ་ཡོད་ན་ངེས་པར་ལག་བསྟར་དེ་རང་བྱ་རྒྱུ་ཟུར་བལྟས་ལེབ་མཐོང་རེད།

    Reply
  46. སྒོམ་སྡེ་ལྷ་རམས་པ། says:
    ལོ་ 15 སྔོན།

    ངོས་ནས་རྒྱ་གར་གཞུང་ལ་སྙན་ཞུའི་རེ་སྐུལ་འབུལ་སའི་དྲ་རྒྱའི་ཁ་བྱང་ཡང་རྩོམ་ཡིག་དང་མཉམ་འབུལ་ཞུས་ཡོད་ཀྱང་། དྲ་བདག་ལགས་ཀྱིས་དེ་འགོད་འཇུག་གནང་མི་འདུག་པས། དྲ་བྱང་དེ་སླར་ཡང་འབུལ་གྱི་ཡིན།
    http://www.gopetition.com/online/35419/sign.htmlFree

    http://www.theroaringlions.com/karmapa-media_profile.html

    Reply
  47. བསྟན་འཛིན། says:
    ལོ་ 15 སྔོན།

    རྒྱ་གར་གཞུང་ནས་རྒྱ་དམར་ལ་སྤྲེལ་ལད་འཁྲབ་པའམ། དྷ་སའི་སྐུ་ངོ་ཁ་ཤས་ཤིག་ཁོག་རུལ་བའི་ངན་ཇུས་ཡིན་ནའང་འདྲ། གང་ལྟར་ང་ཚོ་བོད་མི་རིགས་ལ་ཞབས་འདེགས་ཞུ་ཐུབ་པའི་རེ་བ་ཡོད་ས་ཁོང་ཡར་མར་གང་དུའང་ཕེབས་བཞུགས་མི་ཆོག་པ་འདི་སྤྱི་སྒེར་གཉི་གའི་གྱོང་གུད་ཆེན་པོ་ཞིག་རེད། དེར་བརྟེན་དངོས་གནས་ད་ལྟ་དང་མ་འོངས་པའི་བོད་དོན་ལ་བསམ་གཞིག་བྱ་མཁན་ཚོས་ཁོང་ལ་རོགས་རམ་ཞུ་དགོས་ཀྱི་འདུག །

    Reply
  48. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།།་་་་་་་་་་ཁོང་ཉིད་གང་དུ་ཕེབས་ཀྱང་རང་དབང་ཡོད་རྒྱུ་རེད།
    འོན་ཀྱང་་་མཆོག་མཆན་སྤྲོད་མིན་ཕ་རོལ་པོའི་རང་དབང་རེད།

    དེ་ལས་ལས་འགུལ་རེ་སྤེལ་ན་གཞེས་བཞུགས་སྤུན་ཟླ་ཚོའི་ཆེད་དུ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  49. མགོ་རུལ། says:
    ལོ་ 15 སྔོན།

    ཀརྨ་པ་མཆོག་ནི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ལྔའི་ནང་ཚན་བཀའ་བརྒྱུད་པ་ལ་ཀམ་ཚང་བཀའ་བརྒྱུད། འབྲུག་པ་བཀའ་བརྒྱུད། འབྲི་གུང་བཀའ་བརྒྱུད། སྟག་ལུང་བཀའ་བརྒྱུད་སོགས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱུད་ཡོད་པའི་ནང་ཚན་ཀམ་ཚང་བཀའ་བརྒྱུད་པའི་བླ་ཆེན་ཞིག་རེད། ཁོང་ལ་འགྲོ་བ་མི་སྤྱི་མཚུངས་ལྟར་འགྲོ་འདུག་སྨྲ་གསུམ་གྱི་རང་དབང་ལོས་དགོས། ཡིན་ན་ཡང་༧གོང་ས་མཆོག་ལ་གང་དགོས་དང་གང་ཡོད་ཚང་མ་ཁོང་ལ་ཡང་དེ་དགོས་ཟེར་བ་དེ་ག་འདྲ་ཡིན་ནམ། དེ་ལྟར་ཡོང་སྲིད་དམ། འདི་ནི་དྲི་བ་ཞིག་རེད། ལོ་རྒྱུས་ལས་བྱུང་བའི་དྲི་བ་ཞིག་རེད། རྒྱ་གར་གཞུང་འདི་ཡང་འདིའི་ཕྱོགས་སུ་སྤྱངས་ཐག་ཆོད་ཡོད་ཀྱི་རེད་བསམས། ཨ་རི་ཡིན་ན་ཨ་རིའི་སྲིད་འཛིན་ལ་ཡོད་པའི་ཐོབ་ཐང་དང་དབང་ཆ་ཚང་མ་སྲིད་འཛིན་གཞོན་པ་དང་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སོགས་ཆེ་ཆེ་གཉན་གཉན་ཡོད་ཚད་ལ་མི་འདུག དཔེ་འཇོག་འདི་རང་རེའི་སྤྱི་ཚོགས་ལ་འབྱོར་མིན་གསལ་བོ་ཞིག་མི་ཤེས། གང་ལྟར་རྒྱལ་བ་ཀརྨ་པ་ཚང་བོད་པའི་བུ་རེ་བ་ཅན་ཞིག་ཡིན་པ་ཁས་ལེན་གིན་ཡོད། ཁོང་གི་བཞེད་དོན་འགྲུབ་པའི་སྨོན་ལམ་འདེབ།

    Reply
  50. བཀྲ་ཤིས། ། says:
    ལོ་ 15 སྔོན།

    བོད་པ་ཚང་གི་སྤྲུལ་སྐུ་འདི་ཚོ་ལ་དཀའ་ལས་མང་གི་ཡ། སྦྱང་བའི་ཡོན་ཏན་བཅུ་གཉིས་དང་ལྡན་པའི་སངས་རྒྱས་ཆོས་ལུགས་ཀྱི་བླ་མ་ཞིག་ཡིན་ན་བྱ་བ་ཉུ་ཉུང་ཡིན་གྱི་རེད། བོད་པའི་སྤྲུལ་སྐུས་སེམས་ཅན་གཞན་སྐྱོབས་ཀི་ཡོད་རེད། འདྲེན་གི་ཡོད་རེད་ཟེར་ན་ང་ལ་ཡིད་ཆེས་མེད། འདི་ངས་ཀརྨ་པ་གཅིག་པུ་ཞུས་པ་མིན། བོད་པའི་སྤྲུལ་སྐུ་ཡོད་དོ་ཅོག་ལ་ཐུན་མོང་གི་ལེགས་སྐྱེས་ཡིན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese