གསར་གྱུར་མཁོ་སྤྲོད་པ་སྒོམ་སྡེ་ལྷ་རམས་པ་ཡིན།
དཔལ་༧རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ ནས་ཕྱི་ཟླ་ ༧ ཚེས་ ༢ བར་སི་ཀོ་ཊི་ལེན་ཊི་དང་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་བརྒྱད་བཅས་ལ་ཆོས་འབྲེལ་གནང་བར་ཕེབས་རྒྱུའི་མཛད་འཆར་ཡོད་པ་དེ་ལྟར་ནའང་། སྟབས་ཉེས་པ་ཞིག་ལ་རྒྱ་གར་གཞུང་ནས་རྒྱ་དམར་ལ་སྤྲེལ་ལད་དམ་དེའི་སྣོན་ཤུགས་ཅི་རིགས་ལ་བརྟེན་ནས་ཕྱིར་བསྐྱོད་ཕྱག་ཁྱེར་མ་ཕུལ་བར་བརྟེན། མཛད་འཆར་ཡོངས་རྫོགས་རེ་ཞིག་ཕྱིར་འཐེན་གནང་དགོས་བྱུང་འདུག
དེས་ནི་དེ་གའི་བཀའ་བརྒྱུད་པའི་ཆོས་ཚོགས་རྣམས་དང་། གཞན་ཡང་འཛམ་གླིང་གི་ཡུལ་གྲུ་གཞན་དང་གཞན་དུ་ཡོད་པའི་རིས་སུ་མ་ཕྱེ་བའི་དད་ལྡན་ཕོ་མོ་ཁྲི་ཕྲག་མང་པོར་བློ་འགྱོད་ཧ་ཅང་ཆེན་པོ་བྱུང་ཡོད་པར་བརྟེན། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ལ་རྒྱ་གར་གཞུང་ནས་ཕྱིར་བསྐྱོད་ཕྱག་ཁྱེར་ངེས་པར་འབུལ་དགོས་པའི་རེ་སྐུལ་གྱི་སྙན་ཞུའི་ལས་འགུལ་སྤེལ་དང་སྤེལ་མུས་ལགས།
གཞན་ཡང་མཁྱེན་དགོས་པ་ཞིག་ལ། རྒྱ་གར་གཞུང་གིས་སྐུའི་སྲུང་སྐྱོབ་ལ་སྙད་བཏགས་ཏེ་སྐུའི་བྱ་གཞག་ཆེ་ཕྲ་ཐམས་ཅད་རྒྱ་གར་གཞུང་གི་བཀོད་འདོམས་འོག་གནང་དགོས་པ་ཞིག་བཟོས་ཡོད། གསར་ཤོག་དང་གསར་འགྱུར་བརྒྱུད་ལམ་ཁག་ལའང་རང་དབང་གིས་བཀའ་མོལ་གནང་བར་རང་དབང་མེད། སྲིད་དོན་གྱི་བཀའ་མོལ་གནང་མི་ཆོག་ཟེར། དེ་རྒྱུ་མཚན་ག་རེ་རེད། ཁོང་ལ་སྨྲ་བརྗོད་རང་དབང་ཡོད་མ་རེད་བས། རྒྱ་གར་རྒྱལ་ནང་དུའང་ས་གནས་འདི་ལ་ཕེབས་ཆོག་འདི་ན་ཕེབས་མི་ཆོག་ཅེས་བཀག་རྒྱ་ཡོད། མཇལ་ཁའི་གྲངས་ཚད་དང་དུས་ཡུན་ལའང་ཚོད་འཛིན་ཡོད། ཐ་ན་དྷ་སྟེང་ལ་ཆིབས་སྒྱུར་གནང་དགོས་ནའང་རྒྱ་གར་ཉེན་རྟོག་ཞུ་དགོས་ཀྱི་ཡོད་པ་རེད། གལ་ཏེ་འདི་སྲུང་སྐྱོབ་ཀྱིས་ཡིན་ན་༸གོང་ས་མཆོག་ལའང་གཅིག་མཚུངས་ཞུ་དགོས་པ་ལས། ཁོང་སྙན་གྲགས་ཆེ་དྲགས་ནས་དེ་ཞུ་ཐུབ་ཀྱི་མི་འདུག་ག ངས་བལྟས་ན་རྒྱ་གར་གཞུང་གིས་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་བཟང་བཙོན་ལ་ཉར་འདུག དེས་ང་ཚོའི་སྙིང་ལ་གྲི་བཙུགས་པ་ལྟ་བུས་མི་བཟོད་པའི་ན་ཟུག་ཆེན་པོ་ཞིག་སྦྱིན་གྱི་འདུག དེ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། ད་རེས་ཀྱི་གོ་སྐབས་འདི་དང་བསྟུན་ནས་གཤམ་གྱི་འགེངས་ཤོག་ནང་བསམ་ཚུལ་འདི་དག་ཀྱང་རྒྱ་གར་གཞུང་ལ་བཤད་ཐུབ་པ་དགོས། མདོར་ན་༸གོང་ས་གང་དུ་ཕེབས་ཀྱང་བཀག་སྡོམ་མེད་པར་རང་དབང་གིས་ཆིབས་སྒྱུར་གནང་ཆོག་པ་ལྟར། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ལའང་གཅིག་མཚུངས་ཀྱི་རང་དབང་འབུལ་དགོས་ཞེས་སྙན་ཞུ་ངེས་པར་འབུལ་དགོས།
ད་རེས་ཀྱི་དོན་རྐྱེན་འདི་ཆོས་ཕྱོགས་ཀྱི་གནད་དོན་ཙམ་མ་ཡིན་པར། བོད་ཀྱི་ཆབ་སྲིད་ཀྱི་གནད་དོན་དང་ཡང་འབྲེལ་བ་ཆགས་ཡོད་པས། འཛམ་གླིང་གི་མི་དམངས་སྤྱི་དང་རྣམས་དང་། ལྷག་པར་བོད་རིགས་ཡོད་དོ་ཅོག་ནས་གཤམ་གྱི་དྲ་རྒྱར་ཕེབས་ནས་རྒྱ་གར་གཞུང་ལ་ PETITION རེ་སྐུལ་གྱི་སྙན་ཞུའི་འགེངས་ཤོག་བཀང་སྟེ་ཅིས་ཀྱང་གཏོང་རོགས་ཞེས་གཞེན་སྐུལ་ཞུ་རྒྱུ་ལགས། རེ་སྐུལ་འགེངས་ཤོག་ནང་ད་རེས་ཀྱི་གནས་ཚུལ་འདི་ཙམ་མ་ཡིན་པར། གོང་དུ་ཞུས་པའི་བསམ་ཚུལ་དེ་དག་ཀྱང་ངེས་པར་གསུང་ཐུབ་པ་དགོས། དབྱིན་ཇི་འབྲི་མ་ཤེས་ན་བོད་ཡིག་བྲིས་ནའང་འགྲིག་གི་རེད། སྒོམ་སྡེ་ལྷ་རམས་པས་གུས་འདུད་དང་བཅས་ཕྱི་ལོ་ཨ༢༠༡༠ཟླ་༤ཚེས་༡༢ལ།
གང་ཡིན་ཤེས་གི་མི་འདུག
རྒྱལ་བ་ཀརྨ་པ་ཡུ་རོབ་ཏུ་ཕེབས་རྒྱུ་བོད་དོན་སྡེ་ཚན་ནང་འདུག་པ་དེ་ཇི་ལྟར་ཡིན་ནམ། རྒྱལ་བ་ཀརྨ་པ་ཡུ་རོབ་ལ་ཕེབས་ནས་ཤུགས་ཀྱིས་བོད་དོན་ལ་ཕྲན་བུ་ཕན་ཡང་སྲིད་ཅིང་། ཡང་སྙིང་བོད་གཞུངས་གི་ཆེད་དུ་མངགས་སྟེ་བོད་དོན་གནང་བར་གཏང་བ་ནི་མིན་པར་ཐག་ཆོད། དེ་འདྲ་ཡིན་ཚེ་བོད་ཀྱི་བླ་སྤྲུལ་ཕེབས་ཚད་དང་ཆོས་ཕྱོགས་ཀྱི་ཕྱག་ལས་གནང་ཚད་བོད་དོན་ཡིན་ནམ།
ཞ་ནག་བློ་གྲོས་ལགས་ཐུགས་རྒྱ་མ་ཆུང་ཡ།
ཕྲན་ནི་གསར་འགོད་པ་མིན་ལ་ཆེས་མཐོ་མི་སྣ་ཞིག་ཀྱང་མིན།
རྒྱལ་བ་༧ཀརྨ་པ་ཡོབ་རོབ་ཕེབས་ཕྱོགས་བསྐོར་བྲིས་པ་དེ་ལ་ང་རང་གི་དྲིས་པ་ཡིན་དེ་བདེན་པ་རེད། དེ་ལ་ཁྱེད་ཀྱི་དོ་སྣང་གནང་བ་ལ་ཐུགས་རྗེ་ཆེ། འོན་ཀྱང་ངར་དགོས་དོན་ཅི་ཡིན་ནམ།
ང་ནི་གང་བྱུང་མ་བྱུང་བྲིས་ཏེ་བོད་ཡིག་ཡར་རྒྱས་གཏོང་ཡག་གི་ཆེད་དུ་དང་ང་རང་གི་རང་དབང་དེ་བེད་སྤྱོད་བྱེད་བཞིན་ཡོད།
སུ་ལ་ཕོག་པ་ཡང་ཤེས་གི་མིན། གལ་སྲིད་ངའི་བྲིས་པ་དེ་ལ་ནོར་འཕྲུལ་འདུག་ན་གསུང་རོགས་གནང་སླད་ཟབ་ཆོག་ཡ། གཞན་ཞུ་ཡག་མིན། ཁྱེད་ནི་གོ་མེད་གླང་གོག་མིན་པ་ཟུར་གནས་བློ་ལྡན་ཞིག་ཡིན་པ་ང་ཡི་རེ་བ་ཡིན།
རྗེསུ་ཡང་བླང་དོར་གི་ལམ་སྟོན་ཡོད་པ་ཞུ།། ཐུགས་རྗེ་ཆེ་སྤུན་ལགས།།
གངས་ཕྲུག་ལགས་ཁྱེད་ཀྱིས་འདི་ལྟར་ཕྱོགས་ཞེན་གྱི་དུག་མདའ་ནག་པོས་མི་སེམས་དང་སྤྱི་ཚོགས་དཀྲུགས་དོན་ཅི། བློ་རྣལ་དུ་གནས་ཤིང་དྲན་ཤེས་ཀྱི་རིག་འཚོ་ལྡན་པའི་མི་ཞིག་ཡིན་ན་སྐད་ཆ་འདི་དག་བསམ་བཞིན་བཤད་ཚོད་ནི་མི་འདུག་པས་སྐབས་དེའི་དུས་ཁྱེད་ཆང་དང་བུད་མེད་གང་རུང་གིས་བཟི་སྟེ་བག་མེད་ངང་སྐད་ཆ་འདི་དག་ཤོར་ཡིན་སྲིད་པས། ལམ་ནོར་ལས་ལྡོག་ཏེ་དྲང་བདེན་གྱི་ལམ་ལ་གོམ་ཁ་སྒྱུརད་ཤིག
གང་ཕྲུག་ལགས་།ཁྱེད་ཀྱིས་དཔེ་དེ་ཤིན་ཏུ་ཚོགས་ངན་བསགས་པའི་རྒྱུ་མ་གཏོག་སྤྱི་ཚོགས་ལ་ཕན་ཐོག་གང་ཡང་མི་འདུག་ལ་དེར་མ་ཟད་ཁྱེད་ཀྱིས་༧དཔལ་རྒྱལ་དབང་ཀརྨ་པ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་འཛིན་སྔར་མ་བྱས་པ་དང་ཕྱིས་བྱེད་མི་སྲིད་པའི་སྒྲུབས་བྱེད་
མི་སྲིད་པ་མ་གསུང་རོགས།
རྒྱལ་བ་ཀརྨ་པ་བོད་ལ་ཕེབས་འདོད་ཡོད་ན་་་་་་་་་་་་་སྐྱེ་རྒུ་ལ་ས་ཡོམ་ཁྲོད།
དོན་འགྲུབ་ལགས་ངའི་གཞུང་འབྲེལ་རེད་བསམ་གྱི་མི་འདུག །
བདེན་ནོ། དུང་མགོ་མ་ལགས་ཁྱོད་ཀྱི་བལྟས་ན་གཞུང་དོན་ཨེ་ཡིན་ནམ།།
ལས་ཀ་མང་པོ་མ་བརྩམ་བོད་ལ་རོགས་སྐྱོབས་བྱོས ། གཞུང་འབྲེལ་ཡིན་ནམ།
ཧཧཧཧ་གངས་ཕྲུག་ཁྱོད་ཀྱི་གནས་ལུགས་མེད་པའི་སྐད་ཆ་དེ་འདྲ་མ་བཤད་
གཅིག་འཚུངས་དགོས་ཟེར་བ་དེ་འགྲན་བསྡུར་བྱེད་པའི་གཏམ་ཞིག་ལ་གོ་བ་དེ་ནི་
ཆང་གི་གཟི་བའི་དབང་གི་བཤད་པ་ཡིན་རྒྱུ་རེད་མ་གཏོགས་སེམས་པ་རྣལ་དུ་གནས་པའི་
མི་ཞིག་ཡིན་ན་དེ་འདྲ་ག་ལ་བརྗོད་སྲིད། ཁྱོད་རང་གི་སྐད་ཆ་གང་བཤད་སྟོང་འཛིན་བྱས་ནས་བཤད་དགོས་རེད་མ་གཏོགས་
བོད་མིའི་ནང་ཁུལ་ལ་འཁོན་འཛིན་དང་སྙོག་འཛིང་གི་རྒྱུ་ལས་ཅི་ཡང་མེད། གོ་སོང་བས་བོང་ཕྲུག་ལགས།།
ཧཧཧཧ་གངས་ཕྲུག་ཁྱོད་ཀྱི་གནས་ལུགས་མེད་པའི་སྐད་ཆ་དེ་འདྲ་མ་བཤད་
གཅིག་འཚུངས་དགོས་ཟེར་བ་དེ་འགྲན་བསྡུར་བྱེད་པའི་གཏམ་ཞིག་ལ་གོ་བ་དེ་ནི་
ཆང་གི་གཟི་བའི་དབང་གི་བཤད་པ་ཡིན་རྒྱུ་རེད་མ་གཏོགས་སེམས་པ་རྣལ་དུ་གནས་པའི་
མི་ཞིག་ཡིན་ན་དེ་འདྲ་ག་ལ་བརྗོད་སྲིད། ཁྱོད་རང་གི་སྐད་ཆ་གང་བཤད་སྟོང་འཛིན་བྱས་ནས་བཤད་དགོས་རེད་མ་གཏོགས་
བོད་མིའི་ནང་ཁུལ་ལ་འཁོན་འཛིན་དང་སྙོག་འཛིང་གི་རྒྱུ་ལས་ཅི་ཡང་མེད། གོ་སོང་བས་བོང་ཕྲུག་ལགས།།
སྒོམ་སྡེ་ལྷ་རམས་པ་འདི་ནི། ནང་འཁྲུགས་དང་མཁོན་འཛིང་ལ་དགའ་བ་མ་གཏོགས་དངོས་གནས་བོད་ཀྱི་ཆོས་ཆབ་སྲིད་གང་ལའང་ལྷག་བསམ་མེད་པར་མ་ཟད་རྙོགས་དྲ་སློང་མཁན་ཞིག་རེད།
མི་འདི་འདྲ་མང་པོ་ཡོད་ན། མ་འོངས་པའི་བོད་ཀྱི་མདུན་ལམ་དེ་ནང་འཁྲུག་གི་སྤྱི་ཚོགས་ཞིག་ཏུ་བཟོ་ངེས་རེད།
ཀརྨ་པ་ལ་༧གོང་ས་མཆོག་དང་གཅིག་མཚུངས་ཐོབ་ཐངས་དགོས་ཟེར་འདི་ནི་བུང་གུ་རྟ་ལ་འགྲན་པ་གནང་བཞིན་ཡིན། བུང་གུ་ནམ་ཡང་རྟ་ཆགས་མི་སྲིད།
སྒོམ་སྡེ་ལྷ་རམས་པ་ཟེར་འདི་ནི་ངོ་ཚ་མེད་པའི་ཁྱི་རྒན་ཞིག་དང་གཅིག་པ་རེད།
སྔོན་གྱི་རྒྱལ་པོའི་ཕོ་བྲང་ལས་བརྗིད་པའི་བླ་བྲང་དང་དགོན་སྡེ་ཁག་གིས་སྣེ་ཁྲིད་དེ་གོད་ཆགས་ཕོགས་པའི་མི་རྣམས་ལ་ཟ་ཟིང་གི་རོགས་སྐྱོར་གནང་ཐུབ་ན་དགོས་པའི་དུས་དང་འོས་པའི་དུས་ཤིག་རེད། དེ་མིན་བརྗིད་ཉམས་ལྡན་པའི་ཁང་བཟང་དབུས་ནས་ཅི་ཞིག་བཤད་ཡང་ཕན་ཐོགས་མེད།
འདིའི་སྐོར་གཡུག་ཤོག་དཀྲུག་ཤིག་མ་རྒྱགས་ལྟས་ངན་ཚོ། བོད་དུ་བོད་མི་ག་ཚད་བསད་འདུག དེ་ལ་རོགས་པོ་ཕོག་ཐུབ་པའི་ཐབས་ཤེས་གནང་དགོས།
གྲོགས་པོ་ཚོའི་ནང་ཁུལ་ལ་དབྱེན་དཀྲུག་གི་སྐད་ཆ་མང་པོ་མ་བཤད་རོགས།
སྒོམ་སྡེ་ལྷ་རམས་པས་བཤད་པ་བཞིན་ཐེང་འདིས་༧རྒྱལ་བ་ཀརྨ་པ་ལ་ཕྱི་བསྐྱོད་ལག་ཁྱེར་མ་ཕུལ་བ་དེ་རྒྱ་གར་གཞུང་གི་མ་ཕུལ་བ་རེད་ཟེར་བ་འདི་ནི་དངོས་དོན་གནས་པའི་་སྐད་ཆ་ཞིག་ཏུ་མི་སེམས། གལ་སྲིད་རྒྱ་གར་གཞུང་གི་མ་ཕུལ་བ་ཡིན་ན་ང་ཚོའི་ངེས་པ་ཅན་དུ་རྒྱ་གར་གཞུང་ལ་སྙན་ཞུ་ཕུལ་དགོས་ལ་ངོ་རྒོལ་གྱི་ལས་འགུལ་ཡང་སྤེལ་དགོས།
རྒྱ་བ་རིན་པོ་ཆེ་དང་སྲུང་སྐྱོབ་གཅིག་འཚུང་བྱེད་དགོས་ཟེར་བ་ཙམ་གྱི་དྲྭ་གྲོགས་ཚོའི་ཁུང་མེད་ཀྱི་སྙོག་གཏམ་མང་པོ་བཤད་པ་འདི་རང་གིས་མི་རིགས་ནང་ཁུལ་གྱི་མཐུན་ལམ་ལ་གནོད་རྐྱེན་ཞིག་ལས་ཅི་ཡང་མེད་ངེས།
སྤྱི་ཁོང་ལྟ་བུ་༧གོང་ས་མཆོག་་ལ་དཔུང་རོགས་ཞིག་ཡོད་ན་ང་ཚོའི་མི་རིགས་འདིས་གཟིགས་བརྗིད་ཞིག་ལས་གནོད་པའི་རྐྱེན་དུ་མི་འགྱུར་དེ་བས་ན་གོང་ས་མཆོག་ཞལ་བཞུགས་པའི་དུས་སུ་ཁོང་གི་ཕྱག་རོགས་འདེགས་འཁན་ཞིག་དམིགས་གསལ་ཡོད་ན་དགོས་ངེ་ཞིག་མཆིས།
༧གོང་ས་མཆོག་གལ་སྲིད་ཞལ་མ་བཞུགས་པ་ཡིན་ན་སྡ་སའི་རི་གྲོང་དུ་ལུས་པའི་ཕྱོགས་ཞེན་ཅན་གྱི་སྐུ་ངོ་དག་གིས་བོད་ཀྱ་ིཆོས་སྲིད་གཉིས་ཀྱི་འགན་ཆོག་འཁན་ཞིག་ཡོད་དམ།
འདི་ཙམ་མ་ཟད་བོད་ཀྱི་བླ་ཆེན་དག་གིས་ས་ཡོམ་ཐེབས་ཡུལ་གྱི་མི་རྣམས་ལ་ཟང་ཟིང་གིས་རོགས་སྐྱོར་གནང་ཐུབ་ན་དགེ་ཕན་ཆེན་པོ་ཡོད་པར་སྙམ།
ཁ་སང་བོད་དུ་ས་ཡོམ་རྒྱབ་མ་ཐག་རྒྱལ་དབང་ཀརྨ་པ་མཆོག་གིས། འབྲུག་དང་བལ་པོ་རྒྱ་གར་སོགས་སུ་ཀཾ་ཚང་གི་དགོན་སྡེ་ཁག་ལ་བསྔོ་སྨོན་རྒྱ་ཆེར་བྱེད་དགོས་བཀའ་ཁྱབ་བསྒྲགས་འདུག
ལྷ་རམ་པ་ལགས་འདི་འདྲ་གོ་བསྒྲིགས་གནང་་བ་ལ་ཐུགས་རྗེ་ཆེ། གུས་གིས་བསམ་ཚུལ་འདི་ལས་ཁོང་ཚོ་གཉིས་ནང་འབྲེལ་གི་བྱ་བ་ཞིག་བྱེད་ཐུབ་པ་ཡིན་ན་ཤིན་ཏུ་བཟང་གི་འདུག་དྲན་གི་འདུག་པའི་དེ་ཡི་ཐོག་ལ་དགོང་ཚུལ་གང་ཡོད་ལ།
མི་གང་གིས་སྐད་ཆ་གང་ཞིག་བཤད་ཀྱང་དོན་དངོས་སུ་༸རྒྱལ་དབང་ཀརྨ་པ་ནི་རང་བཞིན་གྱིས་མི་གཞན་དང་མི་འདྲ་བའི་རྣམ་དཔྱོད་དང་ཁྱད་ཆོས་ཤིག་ཡོད།༼བླ་མ་ཆེན་པོའི་མིང་ཡོད་པའི་རྒྱུ་མཚན་མིན༽ད་དུང་བོད་མི་མང་པོ་ཞིག་གིས་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པས་ད་སྐབས་གཙོ་བོ་སློབ་གཉེར་ཡག་པོ་གནང་དགོས་པ་ལས་ཕྱི་རྒྱལ་ལ་འགྲོ་རྒྱུ་དེ་ཙམ་གལ་མི་ཆེ། དེས་ན་འོག་གི་ཞབས་ཞུ་རྣམས་པས་ཁོང་གི་བསླབ་པ་སློབ་གཉེར་གནང་ཕྱོགས་ལ་ཞབས་ཞུ་ཅི་འགྲུབ་བྱེད་རྒྱུ་ནི་རང་གཞན་ཀུན་ལ་ཕན་པའི་བྱ་བ་ཞིག་ལགས། རྨ་གཞི་སྐུ་ཡོན་ཡག་པོ་ཡོད་ན་རྗེས་ཕྱོགས་སུ་ཕྱག་ལས་གང་ཞིག་གནང་མིན་ནི་ཁོང་དང་བོད་མི་མང་གིས་འདོད་པ་དང་བསྟུན་དགོས་པ་ལས་མི་བུ་རེ་འགའི་བསམ་ཚུལ་དང་བྱ་བ་ལ་ལྟོས་དགོས་པ་མ་མཐོང་ངོ།།
ཀརྨ་པ་ཕྱི་རྒྱ་སོགས་གང་དུ་ཆིབས་བསྒྱུར་དགོས་ཚེ་སོ་སོར་རང་དངོས་ནས་རྐང་འགན་བཞེས་དགོས་པ་ལས་བོད་གཞུང་གིས་ཐོངས་མཆན་visa ཞུ་དགོས་དོན་མ་མཐོང་ལ་ཚོ་ཕུལ་བླ་བྲང་གིས་ཀྱང་དེར་ལྟོས་དགོས་པ་གཏན་ནས་མ་མཐོང་།
ལྷ་རམས་ལགས་ཁྱེད་ཀྱི་ངར་ག་དུས་ཡིན་ན་མདུང་ཁ་ནང་བསྟེན་བྱེད་མཁན་གྱི་མི་ཞིག་ཡིན་པར་ནག་ཉེས་བཙུགས་འདུག་ངས་ད་ལྟ་བར་དུ་དངོས་ཡོད་གནས་ཚུལ་ལས་རྒལ་བས་སྐད་ཆ་དང་སྐྱོན་བརྗོད་གཏན་ནས་བྱས་མྱོང་མེད་དེས་ན་ཁྱེད་ཀྱིས་ངར་ཁུངས་སྐྱེལ་ངེས་པ་གནང་དགོས། ཀརྨ་པ་ཕྱི་རྒ
ང་ཚོའི་དམིགས་ཡུལ་དེ། ཕན་ཚུན་སྐྱོན་མཚང་འདོན་རེས་བྱ་རྒྱུ་དེ་མ་རེད། ༸རྒྱལ་དབང་ཀརྨ་པ་ལ་རྒྱབ་སྐྱོར་ཞུ་ཡ་དེ་རེད། དེ་ཤེས་པར་གྱིས་ཤིག
སྐར་མདའ།
ང་ཚོའི་ལུང་པ་མི་ལག་ཏུ་ཤོར་བ་དེ། མི་འདི་ལྟ་བུ་ཤ་སྟག་བྱུང་བ་ཡིན་ཙང་དེས་རེད།
སྒོམ་སྡེ་ལྷ་རམས་པ། ཁྱེད་ཀྱི་དཔེ་ཆ་སློབ་གཉེར་དང་བྱས་ཡོད་མདོག་ཡིན་མདོག་དང་། ང་རྒྱལ་ཆེ་ལུགས་ལ་བལྟས་ན་སྦྱངས་མོས་སྦྱང་མཐར་མ་སོན་པའི་གང་ཟག་ཞིག་ཡིན་པ་འདྲ།
ཁྱེད་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་སུ་ཞིག་ཁས་ལེན། ངོས་ཚ་མེད་པའི་སྐད་ཆ་མ་བཤད་ན་ཡག་པོ་རེད། གལ་སྲིད་ཕན་ཐོགས་ཞིག་བྱུང་ཡོད་ན་གྲུབ་འབྲས་སྟོན་དང་།
ཀརྨ་པས་སློབ་སྦྱོང་ལ་འབད་བརྩོན་ཡག་པོ་གནང་ན་ཡག་པོ་འདུག དེ་མིན་ཆོས་བརྒྱུད་ཆེན་པོ་ཞིག་གི་བླ་མ་ལ་དགེ་བཤེས་ཐབས་ཆག་གཅིག་གི་ཤེས་ཡོན་ཀྱང་མེད་ན་ངོ་ཚ། ཡོ་རོབ་ཏུ་ག་ལེར་ཕེབས་ཐུབ་ཡོང་། མ་ཟད་དེ་སྔོན་གླིང་རིན་པོ་ཆེ་དང་ཀརྨ་པ་ཁྱོད་རྣམ་གཉིས་ལ་གཙུག་ལག་ཁང་དུ་སྐྱབས་མགོན་རིན་པོ་ཆེས། ད་ང་ཚོ་མི་རབས་དེ་ནི་ཡོལ་འགྲོའི་ཡོད་རེད། ད་ཁྱོད་རང་ཚོའི་གཞོན་སྐྱེས་ཚོར་བབ་ཀྱི་ཡོད་རེད། གསུང་པ་དེར་བལྟས་ན་ཁྱོད་རྣམ་གཉིས་ལ་རེ་བ་ཆེན་པོ་ཡོད་པ་འདྲ། དེ་འདྲའི་རིན་ཐང་ཅན་དག་ཆུད་ཟོས་སུ་བཏང་མི་རུང་། བོད་མི་ཀླད་མེད་ཁག་ཅིག་དགའ་ཡང་རུང་། མི་དགའ་ཡང་རུང་། སོ་སོ་བོད་པའི་བླ་མ་ཞིག་ཡིན་པའི་ཆ་ནས་འགན་འཁུར་དགོས། ཧུར་བརྩོན་གནང་རོགས། སྤྱི་ཚོགས་སུ་གང་ཡང་ཡོང་སྲིད་པ་ཞིག་རེད།
སློབ་གཉེར་ལ་གནོད་མི་གནོད་ཀྱི་སྐད་ཆ་འདི་ཡང་མིག་རྒྱང་ཐུང་ཐུང་གི་སྐད་ཆ་ཞིག་རེད། སྔོན་མ་ང་ལའང་རིག་གནས་སྦྱངས་པར་སྐྱོན་བརྗོད་དང་འཕྱ་སྨོད་ཚུན་ཆད་བྱེད་མཁན་བྱུང་སོང་། དཔེ་ཆ་གནོད་རྒྱུའི་ཚབ་ཏུ་ཕན་ཐོགས་ཆེན་པོ་བྱུང་སོང་། འདི་ཡང་དེ་མཚུངས་རེད།
དྲ་གྲོགས་རྣམ་པ་ཚོ།
འདི་ཡུ་རོབ་ལ་ཕྱིར་བསྐྱོད་ཕྱག་ཁྱེར་ཕུལ་མ་ཕུལ་གཅིག་པུའི་གནད་དོན་ཞིག་མ་རེད། འདི་མཐར་གཏུགས་ན་སྨྲ་བརྗོད་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ལ་ཐུག་གི་ཡོད།
ངས་རྒྱ་གར་གཞུང་ལ་དམངས་གཙོ་དང་རང་དབང་གི་ལུང་པར་འདི་འདྲའི་གནས་ཚུལ་ཐོན་པ་ནི་ངོ་ཚ་དགོས་པའི་གནས་ཚུལ་རེད་ཅེས་བཤད་པ་ཡིན།
བསམ་བློ་ཐོང་དང་། ཁེ་ན་ཌའི་ལྟ་བུར་དེ་འདྲ་འབྱུང་སྲིད་དམ། ང་ནི་བསམ་གྱིན་བསམ་གྱིན་ཧ་ལས་ཀྱི་འདུག མི་ནག་ཅན་དེ་དག་ལའང་དེ་ལྟ་བུའི་བཀག་སྡོམ་ཡོད་མ་རེད།
འདི་ནི་བོད་སྤྱི་ཚོགས་ཀྱི་རང་དབང་གྲ་ཚིགས་རེད། མི་སུ་ཞིག་ལ་བསམ་ཚུལ་གང་འདྲ་ཞིག་ཡོན་ན་འགོད་དགོས་པ་ལས་བཀག་འགོག་བྱེད་མི་རུང་།
ད་དུང་མ་མཐུད་དུ་རྩོམ་ཡིག་འགོད་རོགས།
ཀརྨ་པའི་བོད་བསྟན་པ་དང་ཆབ་སྲིད་ཀྱི་དོན་སྒྲུབ་འདོད་ཡོད་ན་རྒྱ་གར་ནས་ཀྱང་བསྒྲུབ་ཐུབ་རྒྱུ་རེད།
དེ་མིན་ཕྱི་རྒྱལ་ལ་ཕེབས་ན་ཁོང་གི་བསླབ་པ་དང་སློབ་གཉེར་ལ་བར་ཆད་ཚམ་ཞིག་ལས་དགོས་གལ་ཅི་ཡང་མཐོང་ལགས།
དྲ་གྲོགས་ཚོ།
གལ་ཏེ་ཁོང་གི་ཡུ་རོབ་ཀྱི་ཆིབས་སྒྱུར་འདི་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་འདུག་བསམ་ན། འོག་གི་དྲ་རྒྱར་ཕེབས་ནས་རྒྱབ་སྐྱོར་གནང་རོགས། གལ་ཏེ་མི་འདུག་ན་གཡུག་ཤོག
བོད་རིགས་ནང་ཁུལ་ལ་ཉར་ཀོར་མང་པོ་ཤོད་རེས་བྱས་ནས་དགེ་མཚན་གང་ཡང་མ་མཐོང་།
http://www.gopetition.com/online/35419/sign.htmlFree
http://www.theroaringlions.com/karmapa-media_profile.html