མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉག་རོང་གི་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

 
ཕྱི་ཚེས་ ༨ ཉིན་ཁམས་ཉག་རོང་དུ་དགེ་འདུན་པ་བཞིས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན་དགེ་འདུན་པ་གཅིག་འཇུས་འདུག
 
ཕྱི་ཚེས་ ༡༢ ཉིན་དཔལ་ཆེན་ལྷུན་གྲུབ་ལགས་ཀྱིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་དོན། སྤྱིར་བོད་ས་ཁུལ་ཡོངས་རྫོགས་ལ་ ༢༠༠༨ ལོ་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་པ་ལྟར་ཁམས་ཉག་རོང་ས་ཁུལ་མང་པོ་ལ་སྐད་འབོད་བྱེད་པ་དང་སྦྱར་ཡིག་སོགས་ས་གནས་མང་པོ་ལ་གནས་ཚུལ་ཡོད་པ་དེ་ཚོ་དུས་ཐོགས་ལ་གསལ་སྦྲག་བྱེད་ཐུབ་མེད་ནའང་རིམ་པས་འབྲེལ་ཡོད་ཁག་ནས་གསལ་བྱེད་དང་གསར་བསྒྲགས་བྱེད་ཐུབ་སོང་། ད་སྐབས་འབྲེལ་ཡོད་ཁག་ནས་འདི་གར་ཁུངས་ལྡན་གནས་ཚུལ་འཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཚེས་༨ ཉིན་ཁམས་ཉག་རོང་གུ་རུ་དགོན་པའི་གྲྭ་རང་ལོ་ ༢༢ ལོན་པ་ཨ་པོ་བཀྲ་ཤིས་དང་། རང་ལོ་ ༡༩ ལོན་པའི་གྲྭ་ཚེ་རིང་རྒྱལ་མཚན།  རང་ལོ་ ༢༢ ལོན་པའི་གྲྭ་ཚེ་རིང་དབང་ཕྱུག་གསུམ་དང་། གཞན་ཡང་ལོ་ང་སྡེ་ཤང་ནས་ཡིན་པ་བྱམས་འབྱོར་དགོན་པའི་གྲྭ་རིག་འཛིན་རྡོ་རྗེ་བཅས་དགེ་འདུན་པ་བཞིས་གོང་ཚེས་ཉིན་ཉག་རོང་རྫོང་ཐོག་ཏུ་འཕྲུལ་རྟ་ཞོན་ནས་བོད་ཀྱི་རྒྱལ་དར་འཕྱར་ཏེ་རྒྱལ་བ་རིན་པོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག ཅེས་དང་། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་མྱུར་དུ་བོད་ལ་གདན་འདྲེན་ཞུ་དགོས། དེ་བཞིན་བོད་དུ་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱེད་དགོས་པ་སོགས་འབོད་ཚིག་བསྒྲགས་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་ན་ཡང་། ཅུང་མ་འགོར་བར་ཉེན་རྟོག་པས་འཛིན་གྲབས་བྱས་པའི་ཚེ་དེར་ཡོད་ཀྱི་མི་མང་ལྔ་བརྒྱ་ཙམ་གྱིས་སྐད་འབོད་དང་ངོ་རྒོལ་བྱས་པར་བརྟེན་གྲྭ་གཞན་པ་གསུམ་འཛིན་བཟུང་བྱེད་ཤོར་མེད་ན་ཡང་། གྲྭ་ཨ་པོ་བཀྲ་ཤིས་པར་ལེན་མཁན་ཡིན་འདུག་པ་དང་། འཕྲུལ་རྟ་ལ་སྐྱོན་ཤོར་ནས་གྲྭ་ཨ་པོ་བཀྲ་ཤིས་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག  ད་སྐབས་གྲྭ་ཨ་པོ་བཀྲ་ཤིས་ས་གནས་གང་དུ་ཡོད་མེད་གསལ་བོ་ཤེས་ཀྱི་མེད་པ་རེད།།

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༥ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༡༦ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 18

  1. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རིགས་དང་རུས་ལ་གཙོ་ཕལ་ཞིག་བཅོམ་ལྡན་འདས་ཀྱི་འདུལ་བའི་གཞུང་ནའང་ཚད་བཀག་མཛད་ཡོད། དེ་ཙམ་མ་ཟད་མི་ཞིག་ཡིནཔའི་འདུ་ཤེས་ཀྱིས་ལ་རྒྱ་ཞེས་པ་ཞིག་ངོ་ཤེས་དགོས་པ་དེ་ཡང་ཡང་དག་པའི་སྨྲར་ཤེས་དོན་གོ་བ་ཞིག་ལ་ཚང་དགོས་པའི་གྲུབ་ཆ་གལ་ཆེན་ཞིག་རེད།
    མདོར་ན་བོད་མི་རིགས་ཡིན་པའི་ཟུངས་ཁྲག་གི་གྲུབ་ཆ་འདི་བཙན་པོ་ཚང་གི་ཨ་མྱེས་བཀའ་དྲིན་ཅན་ཚོས་མི་རབས་ཕྱི་མར་གནང་བའི་ལེགས་སྐྱེས་ཤིག་རེད། འདི་ནི་རྒྱ་གུང་ཁྲན་གྱི་ཤོག་དངུལ་ཁ་ཤས་ཀྱིས་བརྗེ་བསྒྱུར་བྱེད་མི་ཐུབ་ལ། གལ་སྲིད་ཐུབ་མཁན་ཞིག་ཡོད་ན་དེ་ཨ་མའི་བུ་ཞིག་མིན་པར་རྣམ་དཔྱོད་ཅན་ཡོངས་ཀྱིས་ངོས་འཛིན་བྱས་ན་འགྲིག
    དེང་སང་ཡ་མཚར་བ་ཞིག་ནི་རང་གི་ཁང་མིག་ནང་གི་དུག་སྦྲང་དང་རྒྱ་ཤུག་གི་སོ་བརྒྱབ་པར་བཟོད་བསྒོམ་མི་ཐུབ་པའི་མི་བུ་མང་པོ་ཞིག་གིས་འཛམ་བུ་གླིང་དང་། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྐད་ཆ་སྦོམ་པོ་བཤད་ཀྱིན་འདུག
    ངས་རྟག་པར་གུང་ཐང་རིན་པོ་ཆེ་བཀའ་སློབ་ཞིག་དྲན་གྱིན་ཡོད། གཞན་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་དེ།། རང་གར་འགྲོ་གཏོད་མེད་ཡི་རེ་མུག་ཞེས་པ་དེ་ཡིན།
    ངོ་མ་བཤད་ན་འུ་ཚང་གིས་མིན་ན་ཡིན་མདོག་མདོག་དང་། མེད་ཀྱང་ཡོད་མདོག་གིས་ཚུལ་འཆོས་ཀྱི་ཕྱི་པགས་དེ་གཡུག་ཐུབ་ན་རེད།
    རྩོམ་པ་པོ་རྔ་བ་ཤེས་རབ་ལགས་ཀྱི་རྩོམ་ཚིག་ཅིག་ངས་སྣང་བར་འགྲོ་བཞིན་ཡོད། ཁོང་གིས། གཞན་ལ་ཡོད་ཚུལ་དང་བཟང་ཚད་རྐྱང་རྐྱང་གླེང་ནས། རང་ལ་གང་ཡང་མེད་པ་ནི་ཅི་འདྲའི་སྐྱོའང་ལྟ་བུ་ཞིག་བྲིས་ཡོད།《ཚིག་ཟིན་ཇི་བཞིན་མ་ཐུབ།》
    ༸གོང་ས་མཆོག་གིས་ཀྱང་བོད་དོན་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་པ་དང་། དུས་ཚོད་གཉན་འཕྲང་གི་སྐབས་འདིར་བོད་དོན་ཆེད་གོམ་པ་གཅིག་བརྒྱབ་པ་དེ་ཁ་བཏོན་དགེ་སྦྱོར་སྟོང་ཕྲག་ལས་ལྷག་ཡིན་པར་གསུངས་ཡོད།
    དེང་སང་ཁ་ཤས་ཀྱིས་༸གོང་ས་མཆོག་མཐོང་སྐབས་ལག་པས་ཐལ་མོ་སྦྱོར། གུས་གུས་ཞུམ་ཞུམ་བྱེད། ཁོང་ཉིད་མདུན་ན་མེད་པའི་སྐབས་ཁོང་གི་བཀའ་སློབ་དང་དགོངས་ཚང་མ་རྣ་བའི་རྒྱབ་ཏུ་གཡུག་བཞིན་ཡོད། འདི་གྲས་དེ་ལྷག་པར་ཆོས་པར་རློམ་མཁན་ཚོས་ནང་ན་མང་། རྒྱལ་བ་རིན་པོ་ཆེ་གསུང་ཆོས་གལ་ཆེན་རེད་ཟེར་མཁན་ཚོས་ནང་ན་མང་།
    སངས་རྒྱས་བསྟན་པ་ལ་ཤ་ཚ་ཡོད་ཟེར་མཁན་ཚོས་ནང་ན་མང་།
    ལེ་དབར་སྟོང་ཕྲག་མང་པོའི་མཚམས་སུ་སྐྱབས་བཅོལ་བའི་མིང་བྱང་འཁུར་མཁན་ཚོའི་ནང་ན་མང་།

    Reply
  2. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རིགས་དང་རུས་ལ་གཙོ་ཕལ་ཞིག་བཅོམ་ལྡན་འདས་ཀྱི་འདུལ་བའི་གཞུང་ནའང་ཚད་བཀག་མཛད་ཡོད། དེ་ཙམ་མ་ཟད་མི་ཞིག་ཡིནཔའི་འདུ་ཤེས་ཀྱིས་ལ་རྒྱ་ཞེས་པ་ཞིག་ངོ་ཤེས་དགོས་པ་དེ་ཡང་ཡང་དག་པའི་སྨྲར་ཤེས་དོན་གོ་བ་ཞིག་ལ་ཚང་དགོས་པའི་གྲུབ་ཆ་གལ་ཆེན་ཞིག་རེད།
    མདོར་ན་བོད་མི་རིགས་ཡིན་པའི་ཟུངས་ཁྲག་གི་གྲུབ་ཆ་འདི་བཙན་པོ་ཚང་གི་ཨ་མྱེས་བཀའ་དྲིན་ཅན་ཚོས་མི་རབས་ཕྱི་མར་གནང་བའི་ལེགས་སྐྱེས་ཤིག་རེད། འདི་ནི་རྒྱ་གུང་ཁྲན་གྱི་ཤོག་དངུལ་ཁ་ཤས་ཀྱིས་བརྗེ་བསྒྱུར་བྱེད་མི་ཐུབ་ལ། གལ་སྲིད་ཐུབ་མཁན་ཞིག་ཡོད་ན་དེ་ཨ་མའི་བུ་ཞིག་མིན་པར་རྣམ་དཔྱོད་ཅན་ཡོངས་ཀྱིས་ངོས་འཛིན་བྱས་ན་འགྲིག
    དེང་སང་ཡ་མཚར་བ་ཞིག་ནི་རང་གི་ཁང་མིག་ནང་གི་དུག་སྦྲང་དང་རྒྱ་ཤུག་གི་སོ་བརྒྱབ་པར་བཟོད་བསྒོམ་མི་ཐུབ་པའི་མི་བུ་མང་པོ་ཞིག་གིས་འཛམ་བུ་གླིང་དང་། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྐད་ཆ་སྦོམ་པོ་བཤད་ཀྱིན་འདུག
    ངས་རྟག་པར་གུང་ཐང་རིན་པོ་ཆེ་བཀའ་སློབ་ཞིག་དྲན་གྱིན་ཡོད། གཞན་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་དེ།། རང་གར་འགྲོ་གཏོད་མེད་ཡི་རེ་མུག་ཞེས་པ་དེ་ཡིན།
    ངོ་མ་བཤད་ན་འུ་ཚང་གིས་མིན་ན་ཡིན་མདོག་མདོག་དང་། མེད་ཀྱང་ཡོད་མདོག་གིས་ཚུལ་འཆོས་ཀྱི་ཕྱི་པགས་དེ་གཡུག་ཐུབ་ན་རེད།
    རྩོམ་པ་པོ་རྔ་བ་ཤེས་རབ་ལགས་ཀྱི་རྩོམ་ཚིག་ཅིག་ངས་སྣང་བར་འགྲོ་བཞིན་ཡོད། ཁོང་གིས། གཞན་ལ་ཡོད་ཚུལ་དང་བཟང་ཚད་རྐྱང་རྐྱང་གླེང་ནས། རང་ལ་གང་ཡང་མེད་པ་ནི་ཅི་འདྲའི་སྐྱོའང་ལྟ་བུ་ཞིག་བྲིས་ཡོད།《ཚིག་ཟིན་ཇི་བཞིན་མ་ཐུབ།》
    ༸གོང་ས་མཆོག་གིས་ཀྱང་བོད་དོན་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་པ་དང་། དུས་ཚོད་གཉན་འཕྲང་གི་སྐབས་འདིར་བོད་དོན་ཆེད་གོམ་པ་གཅིག་བརྒྱབ་པ་དེ་ཁ་བཏོན་དགེ་སྦྱོར་སྟོང་ཕྲག་ལས་ལྷག་ཡིན་པར་གསུངས་ཡོད།
    དེང་སང་ཁ་ཤས་ཀྱིས་༸གོང་ས་མཆོག་མཐོང་སྐབས་ལག་པས་ཐལ་མོ་སྦྱོར། གུས་གུས་ཞུམ་ཞུམ་བྱེད། ཁོང་ཉིད་མདུན་ན་མེད་པའི་སྐབས་ཁོང་གི་བཀའ་སློབ་དང་དགོངས་ཚང་མ་རྣ་བའི་རྒྱབ་ཏུ་གཡུག་བཞིན་ཡོད། འདི་གྲས་དེ་ལྷག་པར་ཆོས་པར་རློམ་མཁན་ཚོས་ནང་ན་མང་། རྒྱལ་བ་རིན་པོ་ཆེ་གསུང་ཆོས་གལ་ཆེན་རེད་ཟེར་མཁན་ཚོས་ནང་ན་མང་།
    སངས་རྒྱས་བསྟན་པ་ལ་ཤ་ཚ་ཡོད་ཟེར་མཁན་ཚོས་ནང་ན་མང་།
    ལེ་དབར་སྟོང་ཕྲག་མང་པོའི་མཚམས་སུ་སྐྱབས་བཅོལ་བའི་མིང་བྱང་འཁུར་མཁན་ཚོའི་ནང་ན་མང་།

    Reply
  3. བྱམས་རྒྱལ། says:
    ལོ་ 16 སྔོན།

    དགུ་ཚིགས་སྐྱ་མོལགས་ བསམ་ཚུལ་མཐུན་མ་སོང་ དགོངས་དག་།
    ཁོམས་པ་བྱུང་ན་གནད་དོན་ཞུས་ཆོག་

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    སྟོན་པ་སངས་རྒྱས་ཀྱིས། མ་གྱུར་སེམས་ཅན་ཐམས་ཅད་ཅེས་གསུངས་པ་རེད་མ་གཏོགས། མ་གྱུར་བོད་མི་ས་ཡ་དྲུག་ཅེས་གསུངས་མེད་ལ། དེར་མ་ཟད་རྒྱ་ནག་ལ་ངོ་རྒོལ་དང་སྐད་འབོད་བྱེད་རྒྱུ་འདི་ནི་གོས་ས་མཆོག་གི་དགོང་པ་དང་ཡང་མི་མཐུན་ལ། ང་ཚོ་བོད་མི་ཚོས་རང་གི་ཆོས་དང་རིགས་གཞུང་སྲུང་སྐྱོབས་དང། བོད་ཀྱི་སྐད་ཡིག་དང་ཆས་གོས་སོགས་རྒྱུན་སྐྱོང་འོག་བོད་རྒྱ་ཞི་བའི་གྲོས་མོལ་བྱེད་དགོས་གསུང་ཀྱིན་ཡོད།
    ལྷག་པར་དུ་བོད་ཀྱི་བླ་གྲྭ་ཚོའི་འདི་ལྟ་བུའི་ཆབ་སྲིད་སྒྲུབ་རྒྱུ་འདི་ནི་སངས་རྒྱས་ཀྱི་དགོང་པ་ག་ལ་ཡིན།
    ད་ནི་བླ་གྲྭ་ཚོས་ཆོས་འདི་ཆབ་སྲིད་ཀྱི་ཆེད་མི་སྤྱོད་པར་རང་ཚུགས་དམ་པོའི་ངང་རྒྱ་བོད་ཀུན་ལ་བྱམས་བརྩེ་གཅིག་འགྱུར་འོགས། ཕ་རོལ་དུ་ཕྱིན་པ་བཅུ་ལ་སློབ་ན་བཟང་བའི་དུས་སྐབས་ཞིག་རེད།

    Reply
  5. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཡོད་རྒུ་བློས་གཏོང་བྱེད་པའི་འཱཛམ་གླིང་ཞི་བདེ་དཔོན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་སོགས་དོན་དངོས་ཀྱི་བསྟན་དང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་པད་སྲིད་མཐར་མཐར་པ་དང་། རང་ཉིད་ཁོ་ནས་ཁ་རྒྱབ་བདེ་ཐབས་ཙམ་གྱི་ཆེད་མིན་པར་བོད་མི་ས་ཡ་དྲུང་གི་བདེ་དོན་ཆེད་ཡོད་ཚད་བློས་གཏོང་བྱེད་བཞིན་པའི་རིས་མེད་གྲྭ་བཙུན་རྣམས་པ་དང་། དཔའ་རྒོད་ཕོ་མོ་ཁྱད་མེད་ལ་བོད་རྒྱལ་ཁབ་དང་མི་རིགས་དགོས་མཁན་་རྣམས་ཀྱི་ཚབ་བྱས་ཏེ་བཀའ་དྲིན་དང་རྗེས་སུ་ཡི་རང་ཞུ་རྒྲུ་ཡིན།

    Reply
  6. dorjee says:
    ལོ་ 16 སྔོན།

    སྙིང་སྟོགས་ལ་གུས་བརྩི་ཞུ།

    Reply
  7. ཕུན་ཚོགས ། says:
    ལོ་ 16 སྔོན།

    དཔའ་བོ་འདི་དག་ནི་ཅི་འདྲའི་གཟི་བརྗིད་ལྡན་ཞིང་དོན་སྙིང་ཆེ་བ་ཞིག་རེད་ཨང་།ཡིན་ཡང་ང་ཚོ་ནི་ཁོ་ཚོར་ཡི་རང་བྱེད་མཁན་ཙམ་ལས་ཅི་ཡང་མི་འཇོན་པ་དེའོ།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    དེ་རེད། དེ་རེད། བླ་མ་སྨོད་བརྩོན་མ་རུང་བ་༎བཟོད་པ་བསྒོམ་པར་མི་བྱའོ༎

    Reply
  9. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 16 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་ དཔའ་རྒོད་འདི་ཚོའི་རྒྱ་ནག་དམར་ཕྱོགས་འཚོགས་པའི་སྒྲིགས་འཛུག་ལ་ངོ་རྒོལ་བྱེད་པ་དེ་ མི་ཞིག་གི་ངོ་ལེན་པའི་ཆད་དུ་མིན་པ་གསལ་པོ་ཤེས་དགོས་
    བདེན་དོན་ལ་རྒྱབ་སྐྱོར་བྱས་ན་དམ་པའི་ཆོས་ཡིན་པ་སྟོན་པ་བཅོམ་ལྡན་འདས་གིས་ཀྱང་གསུང་འདུག་

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    སྐར་མདའ་ལགས། དེ་འདྲ་རང་མ་ཡིན་པ་འདྲ། ཆབ་སྲིད་ཟེར་ན་འདྲ། ཆོས་ཟེར་ན་འདྲ། གང་ལྟར་འཚེ་མེད་ཞི་བའི་ལམ་ནས་ཡུལ་གྱི་བདེ་དོན་ལ་འབད་པ་དེ་ལ་སྐྱ་སེར་གྱི་དབྱེ་བ་འདྲ་གང་ཡང་ཡོད་རྒྱུ་མ་རེད། ངས་བསམ་ན་དེང་སྐབས་མི་རིགས་ཤིག་གམ་གརྒྱལ་ཁབ་ཅིག་གི་རང་དབང་གི་ཆེད་དུ་འབད་པར་ལྷག་པར་ཡང་གྲྭ་བ་ཚོར་འོས་བབ་འདུག་སྙམ་གྱིན་འདུག དེང་སྐབས་སུ་འཚེ་མེད་ཞི་བ་ཟེར་དུས་མི་ཚང་མ་དགའ་ནས་རིལ་འགྲོ་དུས་ཤིག་དང་འཇིགས་སྐུལ་དྲག་སྤྱོད་ཟེར་དུས་ཚང་མས་སྣ་གཉེར་ནས་བྲོས་འགྲོ་དུས་ཤིག་རེད་འདུག དེ་འདྲ་ཡིན་དུས་མི་སྐྱ་ཚོ་བབ་པའི་དྲག་སྤྱོད་ཀྱི་ལས་ཀ་ལྷག་མ་ཞིག་ཅང་མེད་པ་འདྲ། ༢༠༠༧ལོའི་འབར་མའི་དགེ་འདུན་པའི་ངོ་རྒོལ་དེས་འབར་མའི་དགེ་འདུན་པ་ཚོའི་མཚན་སྙན་གཟི་བརྗིད་གོང་དུ་འཕེལ་སོང་མ་གཏོགས་ཁོང་ཚོའི་མཚན་སྙན་ལ་གནོད་སྐྱོན་འདྲ་གང་ཡང་ཐེབས་མ་སོང་།

    Reply
  11. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    དངོས་གནས་བཤད་ན། དེང་སང་བཙན་གཤོས་བོད་མི་སྤྱི་ཚོགས་ཀྱི་ཁྲོད་ན་བླ་གྲྭ་ཞེས་པ་དེ་ཆབ་སྲིད་ཀྱི་ལག་ཆ་ལྟ་བུ་ཞིག་ལས། ཆོས་ཕྱོགས་ཀྱི་དད་པ་བྱེད་ཡུལ་གྱི་དགེ་འདུན་པ་ཞིག་ལ་ངོས་འཛིན་མེད་པ་འདྲ། དེ་ནི་བླ་གྲྭ་ཚོས་འཇིགས་རྟེན་ཕྱོགས་ལ་ལས་ག་བྱེད་དྲགས་པའི་དབང་གིས་ཡིན་པ་འདྲ། ད་ནི་ངས་བལྟས་ན་བོད་ཀྱི་བླ་གྲྭ་ཚོའི་ཆབ་སྲིད་ཕྱོགས་སྒྲུབ་རྒྱུ་མཚམས་འཇོག་བྱས་དེ། དམ་ཆོས་འབའ་ཞིག་ལ་གཞོལ་ན་བསམ།

    Reply
  12. ལྷ་མ་ཡིན། says:
    ལོ་ 16 སྔོན།

    སྐར་མདའ་ཟེར་བ། ཁྱོད་ཀྱིས་ད་དུང་བཤད་རྒྱུ་ཞིག་ལྷག་འདུག ད་རུང་བོད་མི་ཡིན་པའི་རྒྱ་མིའི་སོ་བ་ཉུལ་མ་རྣམས་ལ་ཡང་སྒོར་མོ་རྒྱ་མིས་སྦྱིན་གི་ཡོད་ནི་རེད། དེས་ན་རྒྱ་མི་ལ་ངོ་རྒོལ་བྱེད་མི་རིགས། གོ་སོང་ངམ། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།

    Reply
  13. སྐར་མདའ། says:
    ལོ་ 16 སྔོན།

    བོད་ཕྱི་ནང་གི་གྲྭ་པ་ཚོའི་ལས་དོན་ནི་དམ་པི་ཆོས་ལ་ཐོས་བསམ་བྱེད་རྒྱུ་དེ་རེད་མ་གཏོགས་ཆབ་སྲིད་སྒྲུབ་སྒྱུ་དེ་མ་རེད། ལྷག་པར་དུ་དེང་སང་གི་དུས་ཚོད་འདི་ལ། བཙན་གཤོལ་བོད་གཞུང་གི་ལས་བྱེད་པ་འགའ་རེ་དང་། མ་ཟད་བོད་མི་རྩོམ་པ་པོ་ཕལ་ཆེ་བའི་བོད་ཀྱི་བླ་གྲྭ་ཚོའི་བོད་ཀྱི་རང་དབང་དང་བདེ་སྐྱིད་འཕྲོག་སོང་ཚུལ། མ་ཟད་བོད་ཀྱི་དགོན་སྡེ་ཁག་གིས་སྤྱི་ཚོགས་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་བཟོས་ཚུལ་སོགས་སྐྱོན་འཛུགས་བྱེད་བཞིན་པ་མངོན་གསལ་རེད། དེར་མ་ཟད་དེང་སང་བོད་རང་དབང་རླུངས་ཕྲིན་ཁང་སོགས་ནང་ཀྱང་འདིའི་སྐོར་ལ་སྐྱོན་བརྗོད་བྱེད་དང་བྱེད་བཞིན་པའི་སྐབས་རེད།
    དངོས་གནས་བཤད་ན་བོད་ནང་དང་། མ་ཟད་རྒྱ་གར་སོགས་ཀྱི་དགོན་སྡེ་ཁག་གི་སྦྱིན་བདག་ཕལ་ཆེ་བ་ནི་རྒྱ་རིགས་ཡིན་ལ། དགོན་པའི་ཡོངས་འབབ་བརྒྱ་ཆའི་བདུན་བཅུའི་འབྱུང་ཁུངས་རྒྱ་རིགས་སྦྱིན་བདག་ཡིན། བརྒྱ་ཆའི་ཉི་ཤུ་ཙམ་སྤྱི་རྒྱལ་བ་ཡིན་ལ། བོད་རིགས་བརྒྱ་བཅུ་ཚམ་མ་གཏོགས་མེད། དེ་ན་ལས་རྒྱུ་འབྲས་དྲངས་པོར་བཞག་ནས།
    ཡོན་མཆོད་འཁོར་དང་བཅས་རྣམས་ལ། །
    ཚེ་འདིར་བསམ་པའི་དོན་འགྲུབ་ཅིང་། །
    ལ་སོགས་པའི་བསྔོ་སྨོན་མཛད་པའི་ཡུལ་རེད་མ་གཏོགས་ངོ་རྒོལ་དང་སྐད་འབོད་མི་རིགས་ལ། གལ་སྲིད་དེ་དགོས་ན་ཡང་བོད་སྤྱི་ཚོགས་སམ་ཡང་ན་ཆས་སྲིད་འཛིན་མཁན་གྱི་མི་སྐྱ་ཕོ་མོ་ཚོའི་འགན་ཁུར་ཞིག་རེད་
    དེས་ན་གྲྭ་བ་ཚོའི་ཉམས་ཆུང་བག་ཡོད་ངང་ནས་རང་གི་རྒྱུ་འབྲས་ཀྱི་ལམ་ལུགས་ལ་གཅེས་སྐྱོང་བྱེད་པ་འདི་ཅི་ནས་ཀྱང་གལ་ཆེ་སྙམས།

    Reply
  14. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ༄༅། བཀྲིས་ལགས་ངོ་མ་བཀའ་དྲིན་ཆེ།

    གཞན་་ཅི་ཡང་མེད་་་་་་

    Reply
  15. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཁམས་པའི་ལས་ལ་ངོ་གསོ་ཧ་ཅང་དཀོན།
    ཨེ་བདེན་ཆུ་སྒང་གནས་ལུགས་འདི་ལ་ལྟོས།

    Reply
  16. བཀྲ་ཤིས། ། says:
    ལོ་ 16 སྔོན།

    རྒྱེ་རྡེའུ་ལགས། ང་ཚོའི་་་་་ང་ཚོས་གོ་སོང་་་་་རེད་་་་

    Reply
  17. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཉག་རོང་གི་དཔའ་རྒོད་་ཚོ་་་་་་་་་ང་ཚོའི་གོ་སོང་་་་་་་་་་་་་་་་་

    Reply
  18. བཀྲ་ཤིས། ། says:
    ལོ་ 16 སྔོན།

    ཁམས་ཉག་རོང་གི་དཔའ་བོ་རྣམས་ཀྱི་སྙིང་སྟོགས་ལ་གུས་བརྩི་ཞུ། ཁམས་ཉག་རོང་འདི་བོད་པའི་དཔའ་བོ་ཡིན་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese