མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་གསུམ་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ས་བྱི་ཞི་རྒོལ་ཆེན་མོ་དང་འབྲེལ་བ་ཡོད་པའི་ཉེས་མིང་འོག་བོད་མི་གསུམ་ལ་ལོ་དྲུག་ནས་བཅུ་གསུམ་བར་གྱི་ཁྲིམས་ཐག་བཅད་ཡོད་འདུག

བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་ཛ་དྲག་འབྲེལ་མཐུད་ཚོགས་ཆུང་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྔ་པའི་ཇོ་ལེབ་སྡེ་བའི་ཇོ་ཤེར་ཚང་གི་རྔ་པ་ཀིརྟི་དགོན་གྱི་གྲྭ་ཆོས་དར། རང་ལོ་ ༣༤ ཡིན་པ་ཁོང་ཕྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༥ ཡས་མས་སུ་འཛིན་བཟུང་བྱས་ནས་ད་བར་ཐག་གཅོད་གང་ཡང་མ་བྱས་ཀྱང་འདི་ཟླའི་ཚེས་ ༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རྔ་པའི་ས་བྱི་ཞི་རྒོལ་ཆེན་མོའི་སྣེ་ཁྲིད་པ་དང༌། ཆབ་སྲིད་བཙོན་ཟུར་ཡིན་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་ ༡༣ བཅད་ཡོད་འདུག་ལ། ཁོང་འཛིན་བཟུང་མ་བྱས་སྔོན་དུ་འཛིན་བཟུང་བརྡ་ཡིག་མང་པོ་སྦྱར་བར་མ་ཟད། ཁོང་རྒྱ་གཞུང་ལ་སྤྲོད་མཁན་ཡོད་ན་རྒྱ་སྒོར་འབུམ་གཉིས་ནས་གསུམ་བར་གྱི་རྔན་པ་སྤྲོད་རྒྱུ་ཡིན་ཚུལ་སོགས་ཀྱང་བརྡ་ཁྱབ་ཡི་གེ་སྔ་ཕྱིའི་ནང་འཁོད་འདུག་མོད། གོང་ཚེས་བར་ཁོང་བྲོས་བྱོལ་བྱས་ནས་ཐར་ཙམ་བྱུང་ཡང་སྐབས་དེར་ཁོང་རྔ་པ་རྫོང་ཐོག་གི་དོན་ཁོ་རྒྱག་པ་ཚང་ནས་འཛིན་བཟུང་བྱས་ཤིང་དོན་ཁོ་རྒྱག་པ་དང་ཁོང་གི་གཟའ་ཟླ་བསོད་ལྷ་གཉིས་ཀྱང་བཀག་ཉར་བྱས་པ་དང༌། བསོད་ལྷ་གློད་གྲོལ་བྱས་ཀྱང་དོན་ཁོ་ད་དུང་གློད་མི་འདུག ༡༩༩༨ ལོར་རྔ་པའི་དགོན་པ་ཁག་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་ཟེར་བ་བཙན་སྤེལ་བྱེད་སྐབས་ཁོང་ལ་བོད་རང་བཙན་གྱི་ཡི་གེ་མང་པོ་སྦྱར་འགྲེམས་བྱས་པའི་ཉེས་མིང་འོག་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ ༢༠༠༣ ལོར་བཙོན་གྲོལ་ཐོབ་ཡོད།

        ཡང་རྔ་པ་ཇོ་ལེབ་སྡེ་བའི་ཞས་ཁོ་མ་ཚང་གི་འཇིགས་མེད། རང་ལོ་ ༤༠ ཡིན་པ་ཁོང་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༧ ཉིན་འཛིན་བཀག་ཉར་བྱས་ནས་ད་བར་ཐག་གཅོད་གང་ཡང་མ་བྱས་པར་ལུས་མོད་འདི་ཟླའི་ཚེས་ ༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་ཕྱི་ལོ་ ༢༠༠༦ ལོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པར་མ་ཟད། རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་ཡོད་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་ ༧ བཅད་ཡོད་འདུག་ལ། ཁོང་དེ་སྔོན་རྔ་པ་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང༌། ཕྱི་ལོ་ ༡༩༩༢ ལོར་བོད་རང་བཙན་གྱི་ཡི་གེ་སྦྱར་འགྲེམས་བྱས་པའི་ནག་ཉེས་འོག་ལོ་གཅིག་ལྷག་རིང་ཐག་གཅོད་གང་ཡང་མ་བྱས་པར་རྔ་པ་ནས་བཀག་ཉར་བྱས།

        རྔ་པ་ཇོ་ལེབ་སྡེ་བའི་མགོ་ཚང་གི་རྔ་པ་ཀིརྟི་དགོན་པའི་གྲྭ་འཇམ་དབྱངས་ཕུན་ཚོགས་<འཇང་ཁོ༌>། རང་ལོ་ ༣༦ ཡིན་པ་ཁོང་ཕྱི་ལོ་ ༢༠༠༩ ཟླ་ ༣ ཚེས་ ༣ ཉིན་གྱི་མཚན་མོ་རང་ཤག་ནས་འཛིན་བཟུང་བྱས་པ་དེ་ནས་བཟུང་ད་བར་གར་ཡོད་ཙམ་གྱི་གནས་ཚུལ་འབྲེལ་ཡོད་ཚོས་ཤེས་རྟོགས་མ་བྱུང་བར་ལྷག་ཅིང༌། འདི་ཟླའི་ཚེས་ ༩ ཉིན་རྔ་པ་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཕྱི་ལོ་ ༢༠༠༦ ལོ་ནས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱི་བསྒྲགས་བྱས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཐག་ལོ་ ༦ བཅད་ཡོད་འདུག་ལ། ལོ་སྔོན་མར་རྔ་པ་ཀིརྟི་དགོན་པའི་བཀྲ་བྷེས་རང་ལུས་མེར་སྲེག་གཏོང་སྐབས་ཉེན་རྟོག་པས་བཀྲ་བྷེར་མེ་མདའ་རྒྱབ་པའི་གནས་ཚུལ་འཇང་ཁོས་རྫུན་བཟོ་བྱས་པ་ཡིན་ཚུལ་འཇང་ཁོ་ཁོ་རང་གིས་ཁས་བླངས་སོང་ཞེས་གནས་ཚུལ་རྫུན་བཟོ་བྱས་པ་རྒྱ་ནག་གཞུང་འབྲེལ་ཤིན་ཧཱ་དྲ་བའི་ཐོག་ལ་ཐེངས་ཁ་ཤས་བཀོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༤ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༥ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 8

  1. བཙན་པོའི་བུ། says:
    ལོ་ 16 སྔོན།

    ཨ་པ་ཞེས་པ་དེ་རྒྱ་སྐད་ཡིན་མིན་ཐེ་ཚོམ་ཡིན་ལ་དེ་ནི་རྒྱའི་ལོ་རྒྱུས་ནང་དུ་གསལ་བོ་ཞིག་བྲིས་མི་འདུག བཤད་སྟངས་གཞན་ཞིག་ནས་མངའ་པ་ཞེས་པའི་སྒྲའི་ཟུར་ཆགས་ནས་རྒྱ་སྐད་དུ་ཨ་པ་ཞེས་འབོད་ཀྱིན་པར་བཤད་མཁན་ཁག་གཅིག་འདུག་ལ། རྒྱུ་མཚན་ནི་རྔ་བ་ཞེས་པ་དེ་སྟོད་མངའ་རུ་ནས་ཡུལ་ཆད་ནས་ད་ལྟའི་ཨ་མདོ་རྔ་བ་ཞེས་འབོད་པ་དེར་གཞིས་པ་ནས་བཟུང་མངའ་བ་ཆད་པའི་མངའ་རུ་པ་ཞེས་བཏགས་བཤད་ལ། དེ་བཞིན་རྒྱ་རིགས་བོད་སྐད་མི་འཁྱོངས་པ་དག་གིས་མངའ་པ་ལ་ཨ་པ་ཞེས་འབོད་འགོ་ཚུགས་པར་བཤད་མོད། འོན་ཀྱང་། རྔ་བ་རང་གི་ཡིག་རྙིང་དག་ཏུ་རྔ་བ་ཞེས་བྲིས་འདུག་པ་ལས་རྔ་པ་ཞེས་བྲིས་པ་བྱེས་བསྡོད་བོད་པ་ཚང་གི་ཚགས་པར་དག་དང་དཔེ་དེབ་ཁག་གཅིག་ལས་མ་མཐོང་། སྤྱིར་བཏང་ནས་རྔ་བ་ཞེས་པ་དེ་རྒྱ་ཆེ་ལ་ད་ལྟའི་རྒྱ་གཞུང་གིས་དབྱེ་སྟངས་བྱས་ན། རྔ་བ་ནི་ཁུལ་ཞིག་ཡིན་པ་དང་། དེའི་ནང་དུ་རྫོང་ཁག་བཅུ་གསུམ་ཙམ་དང་། ལྷག་པར་དུ་དེའི་ནང་གི་རྫོང་གཅིག་ལ་རྔ་བ་རྫོང་ཞེས་འབོད་པ་དེ། ད་སྐབས་ཡོངས་གྲགས་སུ་ཨ་མདོ་རྔ་བ་ཞེས་པ་དེ་རེད། དེ་བཞིན་རྫོང་ཁག་གཞན་གཞིས་ལ་ཡང་རྔ་བ་མཛོད་དགེ་དང་། རྔ་བ་ཧུང་ཡོན་ཞེས་འབོད་མོད། འོན་ཀྱང་། རྔ་བ་རང་གི་མི་མང་གིས་བཤད་སྟངས་བྱས་ན། མཛོད་དགེ་དང་ཧུང་ཡོན་སོགས་ནི་རྔ་བ་ཁུལ་གྱི་ཁོངས་གཏོགས་ཡིན་རུང་། རྔ་བ་རྫོང་གི་ཁོངས་སུ་མི་གཏོགས་སྟབས་མཛོད་དགེ་རྫོང་དང་། ཆུ་ཆེན་རྫོང་། ཟུང་ཆུ་རྫོང་སོགས་འབོད་པ་ལས། རྔ་བ་ཞེས་པའི་འབོད་ཚིག་དེ་དང་པོར་མི་སྦྱོར། གང་ལྟར་རྔ་བ་ཁུལ་འདི་ནི་རྫོང་ཁག་བཅུ་གསུམ་དང་། གྲུབ་མཐའ་ལྔ། རུང་འབྲོག་གཉིས་བཅས་ཀྱིས་གྲུབ་པའི་ས་ཁུལ་ཞིག་ཡིན་ལ། འདི་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བོད་ཀྱི་གྲུབ་ཆ་མེད་དུ་མི་རུང་བ་ཞིག་ཀྱང་ཡིན། དེར་བརྟེན་མདོ་སྨད་ཀྱི་ཡིག་ཚང་དག་ཏུ་ད་ལྟའི་བར་དུ་རྔ་བ་ཞེས་བྲིས་འདུག་པ་ལས་རྔ་པ་ཞེས་བྲིས་བ་གཅིག་ཀྱང་མཐོང་རྒྱུ་མི་སྣང་། དེ་ལྟར་ན་རྗེས་ཕྱོགས་ཅི་ནས་ཀྱང་རྔ་བ་ནི་རྔ་བ་རང་གི་མིང་ཐོག་ནས་གནས་ཐུབ་པར་བྱེད་རོགས་ཞུ་རྒྱུ་དང་། གལ་ཏེ་རྒྱ་གཞུང་གིས་འདོད་པ་བཞིན་རྙོག་དྲ་གསར་བ་ཞིག་འགོ་བརྩམ་པར་འདོད་པ་ཡིན་ན། དེ་བཞིན་གྱིས་ཀྱང་། ང་ཚོས་མུ་མཐུད་ནས་ནང་ཁུལ་རྩོད། མདོར་བསྡུས་ནས་བཤད་ན། རྔ་བ་ལ་རྔ་པ་ཞེས་བྲིས་པ་ནི་ལྷ་སའི་ཡུལ་སྐད་ལ་ངོ་སོ་བསྟོད་རྒྱུ་མང་སོང་བའམ། ཡང་ན་མ་དག་རྒྱུན་འབྱམས་དང་། རང་སྣང་གང་དྲན། ཡུལ་མི་ལ་མཐོང་ཆུང་། བཙན་སྐུལ་དང་དབང་ཤད་བྱས་པ་ཞིག་ལས། ཡིག་ངག་གཉིས་ཐོག་ནས་རྔ་བ་ཞེས་ཡོངས་སུ་གྲགས་ཟིན་པ་ཞིག་ལ་རྔ་པ་ཞེས་འབྲེལ་མེད་དོན་ཞིག་ཏུ་བསྒྱུར་ཐབས་བྱས་པ་དེར་རྙོག་དྲ་གསར་བ་ཞིག་ལས་གཞན་གང་ཡང་མ་མཐོང་།

    Reply
  2. མགོ་རུལ། says:
    ལོ་ 16 སྔོན།

    རྔ་བའི་མི་མང་པོར་ཁྱོད་གང་ནས་ཡིན་ཞེས་དྲིས་ཚེ་ང་ཨ་པ་ནས་ཡིན་ཞེས་རྗོད་ཀྱིན་འདུག ཚིག་འདི་རྒྱ་སྐད་རེད། རྔ་བ་ནས་ཡིན་ལོབས་ཟེར་དུས་འཚེར་སྣང་བྱེད་མཁན་ཡང་འདུག ཆབ་ཆའི་མིའི་ཁྲོད་དུ་ཡང་ང་གུང་ཧོ་ནས་ཡིན་ཟེར་བ་ལས་ང་ཆབ་ཆ་ནས་ཡིན་ཞེས་བརྗོད་རྒྱུར་འཚེར་སྣང་ཅན་འདུག

    Reply
  3. བཙན་པོའི་བུ། says:
    ལོ་ 16 སྔོན།

    གོང་གསལ་གནས་ཚུལ་དེ་ཨ་མདོ་རྔ་བའི་ཀིརྟི་དགོན་པའི་གྲྭ་བ་དག་ལ་བྱུང་བ་རེད་དམ་ཡང་ན་དེ་ལས་གཞན་པའི་རྔ་པ་ཞིག་ཡོད་པ་རེད། གལ་ཏེ་གནས་ཚུལ་དེ་ཨ་མདོ་རྔ་བའི་ཀིརྟི་དགོན་པར་བྱུང་བ་ཡིན་ན། གཞུགས་ཕྱོགས་” རྔ་བ་”ཞེས་འབྲི་དགོས་པ་ལས། རྔ་པ་ཞེས་གཏད་ནས་མི་འབྲི། གང་ཡིན་ཞེས་ན་རྔ་བ་ཞེས་པ་དེ་སྔ་མོ་ནས་ཡིག་ངག་གཉིས་ཐད་ནས་ཡོངས་གྲགས་སུ་རྔ་བ་ཞེས་འབྲི་བ་ལས་རྔ་པ་ཞེས་བྲིས་མེད། དེར་བརྟེན་འདི་བཞིན་ལོ་རྒྱུས་དང་འབྲེལ་བ་ཡོད་པའི་མིང་ཚིག་གང་ཞིག་བྲིས་རུང་ངག་ལ་གང་བདེ་དང་ལག་པར་ཅི་ཐོག་གིས་ལོ་རྒྱུས་ལ་ནག་གསུབ་མ་མཏོང་རོགས་ཞུ་རྒྱུ་དང་། གོང་གསལ་དགེ་འདུན་པ་དེ་གསུམ་ལ་རྗེས་སུ་ཡི་རངས་ཞུ།

    Reply
  4. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དངོས་གནས་མི་གཅིག་གི་མི་ཚེའི་ནང་མི་ལོ་༡༣དང་། ༧ ་ ༦ བཅས་བཙོན་ཁང་ནང་མི་ཚེ་སྐྱེལ་རྒྱུ་ནི་ལས་སླ་པོ་ཞིག་མ་རེད། སྙིང་རྗེ།
    འཕགས་མཆོག་ཕྱག་ན་པདྨོ་ཡིས།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་སྟེ།།
    དཀའ་བ་བརྒྱ་ཕྲག་བསྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    ཅེས་ཇི་སྐད་སྨོན་པ་ལྟར་དེ་དེ་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།།

    Reply
  5. བློ་བཟང་། says:
    ལོ་ 16 སྔོན།

    དངོས་གནས་འདི་དག་མཐཽང་དུས་རྒྱ་ནག་གཞུང་ལ་ཁོང་ཁྲོ་གཏིང་ནས་ལང་གི་འདུག ད་གང་དྲག་བོད་མི་ཚོ།

    Reply
  6. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    བསྟན་དང་དེ་འཛིན་ཆབ་སྲིད་རང་རིགས་སླད།།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་བཏང་བའི།།
    དཀའ་བ་བརྒྱ་ཕྲག་བསྒྲུབ་པའི་སྐྱེ་བོ་རྣམས།།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོང་བར་མཛོད།།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན།།
    བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་།།
    བཀའ་བཞིན་བསྒྲུབ་པའི་མཆོག་པས་རབ་མཉེས་ནས།།
    ཀུན་བཟང་སྤྱོད་མཆོག་རྒྱ་མཚོ་མཐར་ཕྱིན་ཤོག།

    Reply
  7. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ཉག་རོང་གི་ངོ་རྒོལ་ཞེས་པའི་མཆན་ལས་བཤུས།

    རིགས་དང་རུས་ལ་གཙོ་ཕལ་ཞིག་བཅོམ་ལྡན་འདས་ཀྱི་འདུལ་བའི་གཞུང་ནའང་ཚད་བཀག་མཛད་ཡོད། དེ་ཙམ་མ་ཟད་མི་ཞིག་ཡིནཔའི་འདུ་ཤེས་ཀྱིས་ལ་རྒྱ་ཞེས་པ་ཞིག་ངོ་ཤེས་དགོས་པ་དེ་ཡང་ཡང་དག་པའི་སྨྲར་ཤེས་དོན་གོ་བ་ཞིག་ལ་ཚང་དགོས་པའི་གྲུབ་ཆ་གལ་ཆེན་ཞིག་རེད།
    མདོར་ན་བོད་མི་རིགས་ཡིན་པའི་ཟུངས་ཁྲག་གི་གྲུབ་ཆ་འདི་བཙན་པོ་ཚང་གི་ཨ་མྱེས་བཀའ་དྲིན་ཅན་ཚོས་མི་རབས་ཕྱི་མར་གནང་བའི་ལེགས་སྐྱེས་ཤིག་རེད། འདི་ནི་རྒྱ་གུང་ཁྲན་གྱི་ཤོག་དངུལ་ཁ་ཤས་ཀྱིས་བརྗེ་བསྒྱུར་བྱེད་མི་ཐུབ་ལ། གལ་སྲིད་ཐུབ་མཁན་ཞིག་ཡོད་ན་དེ་ཨ་མའི་བུ་ཞིག་མིན་པར་རྣམ་དཔྱོད་ཅན་ཡོངས་ཀྱིས་ངོས་འཛིན་བྱས་ན་འགྲིག
    དེང་སང་ཡ་མཚར་བ་ཞིག་ནི་རང་གི་ཁང་མིག་ནང་གི་དུག་སྦྲང་དང་རྒྱ་ཤུག་གི་སོ་བརྒྱབ་པར་བཟོད་བསྒོམ་མི་ཐུབ་པའི་མི་བུ་མང་པོ་ཞིག་གིས་འཛམ་བུ་གླིང་དང་། འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི་སྐད་ཆ་སྦོམ་པོ་བཤད་ཀྱིན་འདུག
    ངས་རྟག་པར་གུང་ཐང་རིན་པོ་ཆེ་བཀའ་སློབ་ཞིག་དྲན་གྱིན་ཡོད། གཞན་འདི་ཕྱིའི་སྐྱབས་འཇུག་ཁས་ལེན་དེ།། རང་གར་འགྲོ་གཏོད་མེད་ཡི་རེ་མུག་ཞེས་པ་དེ་ཡིན།
    ངོ་མ་བཤད་ན་འུ་ཚང་གིས་མིན་ན་ཡིན་མདོག་མདོག་དང་། མེད་ཀྱང་ཡོད་མདོག་གིས་ཚུལ་འཆོས་ཀྱི་ཕྱི་པགས་དེ་གཡུག་ཐུབ་ན་རེད།
    རྩོམ་པ་པོ་རྔ་བ་ཤེས་རབ་ལགས་ཀྱི་རྩོམ་ཚིག་ཅིག་ངས་སྣང་བར་འགྲོ་བཞིན་ཡོད། ཁོང་གིས། གཞན་ལ་ཡོད་ཚུལ་དང་བཟང་ཚད་རྐྱང་རྐྱང་གླེང་ནས། རང་ལ་གང་ཡང་མེད་པ་ནི་ཅི་འདྲའི་སྐྱོའང་ལྟ་བུ་ཞིག་བྲིས་ཡོད།《ཚིག་ཟིན་ཇི་བཞིན་མ་ཐུབ།》
    ༸གོང་ས་མཆོག་གིས་ཀྱང་བོད་དོན་ནི་སངས་རྒྱས་ཀྱི་བསྟན་པ་དང་འབྲེལ་བའི་གནས་ཚུལ་ཞིག་ཡིན་པ་དང་། དུས་ཚོད་གཉན་འཕྲང་གི་སྐབས་འདིར་བོད་དོན་ཆེད་གོམ་པ་གཅིག་བརྒྱབ་པ་དེ་ཁ་བཏོན་དགེ་སྦྱོར་སྟོང་ཕྲག་ལས་ལྷག་ཡིན་པར་གསུངས་ཡོད།
    དེང་སང་ཁ་ཤས་ཀྱིས་༸གོང་ས་མཆོག་མཐོང་སྐབས་ལག་པས་ཐལ་མོ་སྦྱོར། གུས་གུས་ཞུམ་ཞུམ་བྱེད། ཁོང་ཉིད་མདུན་ན་མེད་པའི་སྐབས་ཁོང་གི་བཀའ་སློབ་དང་དགོངས་ཚང་མ་རྣ་བའི་རྒྱབ་ཏུ་གཡུག་བཞིན་ཡོད། འདི་གྲས་དེ་ལྷག་པར་ཆོས་པར་རློམ་མཁན་ཚོས་ནང་ན་མང་། རྒྱལ་བ་རིན་པོ་ཆེ་གསུང་ཆོས་གལ་ཆེན་རེད་ཟེར་མཁན་ཚོས་ནང་ན་མང་།
    སངས་རྒྱས་བསྟན་པ་ལ་ཤ་ཚ་ཡོད་ཟེར་མཁན་ཚོས་ནང་ན་མང་།
    ལེ་དབར་སྟོང་ཕྲག་མང་པོའི་མཚམས་སུ་སྐྱབས་བཅོལ་བའི་མིང་བྱང་འཁུར་མཁན་ཚོའི་ནང་ན་མང་།

    Reply
  8. མི་རྐྱང་སྨྱོན་པ། says:
    ལོ་ 16 སྔོན།

    རིག་ཞེན་དང་ལ་རྒྱའི་སྤོབས་པ་མཐོ་བའི་མི་བུ་དག་གཅིག་རེ་གཉིས་རེ་བྱས་ནས་མུན་ནག་གི་གྲུ་ཟུར་ཞིག་ན་བཏང་འགྲོ་གི་འདུག ཤེས་མེད་ཚོར་མེད་དུ་ལུས་པའི་བྱེས་བཞུགས་པ་ཚོས་རང་རང་གི་ཁ་ཕོར་ཤོར་དོགས་ཀྱིས་འཁྲེགས་ཤིང་རྙིང་བའི་མགོ་བོ་དེ་དག་སུ་ཞིག་གི་རྒྱབ་དཔུང་ལ་ཁེན་གྱིན་འདུག ད་ཅི་ཞིག་བྱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese