མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁང་གསར་རྡོ་རྗེ་དང་གསར་བརྗེ་སྐྱབས་རྣམ་གཉིས་ལ། ཆབ་བྲག་ལྷ་མོ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp
སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས།

བསམ་པ་རྣམ་པར་དག་དང་གཅིག སྤྱི་ཡོངས་རྒྱུས་ཙམ་ལོན་དང་གཉིས།
གླེང་སློང་གཞི་རྒྱ་ཆེ་དང་གསུམ། དེ་བས་ཁྱོད་གཉིས་གཞན་ལས་ལྷག

    གང་གིས། གནས་ལུགས་ཟེར་བ་དེ་མི་ཁ་མང་ཉུང་དང་བཤད་ཤེས་མིན་སོགས་ལས་དོན་ངོ་མའི་གནས་ལུགས་ཤིག་མེད་པའི་འདོད་ཚུལ་དེར་ང་མོས་མཐུན་མེད། གལ་ཏེ་དེ་ལྟར་ཚང་མ་གནས་ལུགས་ཡིན་ན་གང་ཞིག་བརྩིས་ན་ཡང་འགྲིགས་སོང་ལོས་ཡིན། དེ་ལྟར་ན་བོད་རང་བཙན་མ་རེད་ཅེས་པའི་གནས་ལུགས་ཤོད་མཁན་ཚོ་ཡང་བདེན་པ་རེད་ཅེས་ཁས་བླངས་ན་ལོས་འགྲིགས། ངས་གནས་ལུགས་ཟེར་བ་དེ་བདེན་དོན་ཞིག་ལ་གོ་དགོས་སྙམ། བདེན་པ་ལྟར་སྣང་བ་མང་ན་ཡང་བདེན་དོན་ཁོ་ན་ནི་གཅིག་ལས་མེད།

    ད་ལྟའི་དབུ་མའི་ལམ་ཟེར་བ་འདི་གང་ཟག་གི་ཆེ་མཐོང་ལ་བལྟས་ནས་ཁས་བླངས་པ་ཞིག་ལས་དོན་ལ་རྟོན་ཚུལ་གྱི་ཁས་ལེན་ཞིག་མིན་ཚུལ་འཇམ་ནོར་སོགས་ལ་བརྟག་པ་མཐའབཟུང་གི་དཔེ་བཞག་ནས་བཤད་པ་དེ་ཡང་རྒྱུག་པ་ལེབ་བརྡུངས་ཤིག་རེད། ཁྱོད་ཀྱི་དཔེ་འཇོག་འདིས་འཇམ་ནོར་སོགས་བོད་ཀྱི་སྤྱི་ཚོགས་ནང་དགྲ་དགྲ་ནག་ལ་བརྩིས་པ་གཞིར་བཞག་པ་འདི་ཡང་ངོས་འཛིན་ཡང་དག་ཅིག་མ་རེད།

    ཡང་། ཁྱོད་ཀྱིས་ཐུགས་ཀྱི་ར་བའི་ཆེ་ཆུང་ཞིག་བཤད་འདུག དབུ་མའི་ལམ་འདི་ཁོང་གི་ཐུགས་ཀྱི་ར་བ་ཆུང་བར་ངོས་བཟུང་བ་ཡིན་ན་ནོར། དེའི་དོན་ཁོང་གི་དགོངས་དོན་གཙོ་བོ་དག་གི་ལམ་ལ་འགྲོ་རྒྱུ་དགོངས་ཚུལ་ཕལ་བ་དག་གི་ལམ་ལ་མི་འགྲོ་ཟེར་གྱི་ཡོད་དམ། ཡང་ན་ཁོང་གི་ལམ་སྟོན་བདེན་པ་དག་བརྩི་རྒྱུ་ནོར་བ་དག་མི་བརྩི་ཟེར་བ་ཡིན་ནམ། གལ་ཏེ་དེ་འདྲ་ཞིག་ཡིན་ན་གཙོ་ཕལ་དང་ཡང་དག་དང་མི་དག་པ་སོགས་ཀྱི་དགོངས་པའི་ར་བ་ཆེ་ཆུང་དེ་ཁ་གསལ་བོ་ཞིག་གནང་རོགས།

    དབུ་མའི་ལམ་དང་རང་བཙན་གཉི་ག་སྤྱིར་བོད་དོན་ཡིན་པའི་ཆ་ནས་དང་ལྷག་པར་བོད་དོན་འཐབ་རྩོད་ཀྱི་ཆ་ནས་དེ་གཉི་ག་དགོས་ཚུལ་བཤད་པ་དེ་རྒྱུ་མཚན་ཞིག་རེད། མང་པོ་ཞིག་གིས་འདི་འདོད་བཞིན་པ་རེད། འོན་ཀྱང་། མི་རིགས་ས་གནས་རང་སྐྱོང་ཟེར་བ་དང་རང་བཙན་གཉིས་ཀྱི་ངོ་བོ་རྦད་དེ་ཐ་དད་རེད། གཅིག་གིས་རྒྱལ་ཁབ་གསར་འཛུགས་དང་ཅིག་ཤོས་ཀྱིས་རྒྱལ་ཁབ་བློས་གཏོང་གི་སྐད་ཆ་བཤད་ཀྱིན་ཡོད་པས་དེ་ལ་གཉི་ག་ཡིན་པ་དང་འགལ་བ་མེད་པ་ཞིག་ཡོང་ཐབས་མེད་པ་རེད། དེ་ནི་གཅིག་འདོད་ན་གཅིག་འདོར་དགོས་པའི་བསམ་ཚུལ་གཉིས་རེད། དེ་བས་དེ་གཉིས་ཀྱིས་བསམ་ཚུལ་དེ་འཛིན་མཁན་གཉིས་ལ་གཅིག་གྲོགས་གཅིག་གིས་བྱེད་པ་ལས་ལྡོག་སྟེ་གཅིག་ལམ་གཅིག་གིས་འགོག་བཞིན་པའི་ཚོར་སྣང་ཡོང་གིན་ཡོད་པ་རེད། རྒྱ་གཞུང་ནས་ཀྱང་བོད་མིར་རང་བཙན་དོར་བའི་སྐད་ཆ་རྣམ་དག་བཤད་འདོད་མི་འདུག་ཚུལ་བཤད་ཀྱིན་པའང་བདེན་པ་ཆགས་ཀྱིན་ཡོད་རེད། དེ་བས་བོད་ཡོངས་ལ་རང་སྐྱོང་ཞིག་སྤྲད་ཀྱང་དེ་ལས་ལྡོག་ནས་རང་བཙན་རྩོད་རྒྱུར་དོགས་པ་དང་འཇིགས་སྣང་བྱེད་ཀྱིན་པ་རེད།

    ཁྱོད་རང་གཉིས་དང་གཞོན་ནུ་ཚོགས་པ་སོགས་ཀྱི་ལྟ་ཚུལ་ལ་བར་ཁྱད་ཆེན་པོ་ཡོད། ཁྱོད་གཉིས་ཀྱིས་དབུ་མའི་ལམ་དེ་ཡང་འགྲིག་པ་དགོས་པ། གལ་ཡང་ཆེ་ཚུལ་ཤོད་ཀྱིན་འདུག འོན་ཀྱང་ཁོང་ཚོ་དེ་འདྲ་མ་རེད། འདིར་ང་ཚོའི་ཐག་ཉེ་ས་ནས་གང་ཟག་ཅིག་དཔེ་མཚོན་ལ་བཞག་ན།     ཟིན་བྲིས་ནང་། 1.༧གོང་ས་མཆོག་གིས་དམ་པའི་ལྷ་ཆོས་ལག་ལེན་སྟར་དུས་བོད་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་ཡར་རྒྱས་འགྲོ་བ་ལ་འགོག་རྐྱེན་མཐོང་མཁན་ཞིག་ཡིན། 2.༧གོང་ས་མཆོག་གིས་བདག་གཞན་མཉམ་བརྗེ་གྱི་སྒོ་ནས་རྒྱ་རིགས་སྤུན་ཟླ་ཞེས་དགྲ་བོའི་རིགས་རྒྱུད་ལ་དགའ་གུས་བྱེད་པར་མཐོང་དུས་སྙིང་ལ་གྲི་རྒྱག་པ་བཞིན་ཁོང་ཁྲོ་མེ་འབར་ཡོང་མཁན་ཞིག་ཡིན། 3.༧གོང་ས་མཆོག་གི་དགོངས་པ་ལྟར་རྒྱ་ནག་དམར་པོའི་རྩ་ཁྲིམས་འོག་ཏུ་སྡོད་འདོད་མེད་པ་མ་ཟད་མ་འོང་པ་སྡོད་རྩིས་མེད་མཁན་ཞིག་ཡིན། ཞེས་ངར་ངར་རྫིག་རྫིག་གིས་བཤད་ཡོད། འདི་དག་གིས་བོད་ཀྱི་ཕ་ཆོས་དར་བའི་འགོག་རྐྱེན། དགྲ་བོ་པང་དུ་ལེན་མཁན། རྒྱལ་འཚོང་བ་ཞིག་རེད་ཟེར་གྱི་མི་འདུག་གམ། ད་དུང་སྙིང་ལ་གྲི་བཙུགས་པའི་ཚོར་བ་ཁོང་ཁྲོའི་མེ་འབར་གྱི་ཡོད་པ་རེད། འོན་ཀྱང་ད་དུང་མཇལ་ཁ་དང་བཀའ་སློབ་ཞུ་རུ་སོང་བ་ཡིན་ཞེས་བཤད་ཀྱིན་འདུག་ག ད་བཀའ་སློབ་ག་རེ་ཞུ་རྒྱུ་ཡོད་དམ། མཐོང་ཚུལ་འདི་ཁོང་གི་ཐུགས་ཀྱི་ར་བ་ཆེ་ཆུང་གང་ཞིག་ལས་འདས་ཡོད་མེད་གླེང་ཕོད་དམ། ངས་འགལ་འདུའི་ལྟ་ཚུལ་ཞེས་ཡང་ཡང་ནན་གྱིས་བརྗོད་པ་དག་གི་དཔེ་མཚོན་ཡང་འདི་འདྲ་རང་རེད། འདི་དག་ལ་དཀར་འདོན་ཇི་ལྟར་བྱའམ།

    གཞན་ཡང་ལ་ལས། བཀའ་ཁྲི་དམངས་བསྐོས་རྒྱལ་བོ་ལྟ་བུ་ཞིག་ཡིན་པའམ་ཡིན་དགོས་ཚུལ་བཤད་པ་དག་ཀྱང་ནོར་བ་སྟེ། བཀའ་ཁྲི་ལ་༸གོང་ས་མཆོག་གི་སྐུ་དབང་ལས་ཆེ་བ་ཞིག་དགོས་པར་འདོད་ན་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་དགོས་པར་མ་ཟད་རྒྱ་ཆེ་བའི་བོད་མི་དམངས་ལ་སྐད་ཆ་འདྲི་དགོས་པ་ཞིག་ཡིན་པ་བཅས་དེ་རིང་འདི་ཙམ་མོ།

 

ང་ལ་སྲིད་ཀྱི་ལྟ་བ་མེད་ཀྱང་རུང། ང་ལ་ཆོས་ཀྱི་འདུ་ཤེས་ཆེ་ཡང་རུང།
ང་ནི་ང་ལས་གཞན་དུ་མི་འགྱུར་བས། ཅི་ཞིག་བཤད་ཀྱང་སུ་ལ་ཉེས་པ་མེད།

 

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༢༣ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 19

  1. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་ཟེར་བ་དང་གསར་བརྗེ་སྐྱབས་ཟེར་བ་སོགས་ལ་ཞུ་རྒྱུར། ངས་ཁྱོད་ཚོ་དུས་བབ་ཟིན་བྲིས་ནས་མ་གཏོགས་སྤྱིར་གོ་མ་མྱོང་། དེའི་རྒྱུ་མཚན་ཅི་ཡིན་ནམ། ལན་ཞིག་ཡོད་པ་ཞུ།

    Reply
  2. བྱ་གཞུང་དཔལ་རྡོར། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས། ཁྱེད་རང་སྐུ་ཁམས་བཟང། ཁྱེད་ཀྱི་རྩོམ་ཡིག་མཐོང་བས་བདག་ཡིད་དགའ། ཁྱེད་དང་ཁང་གསར་གཉིས་ཅུང་ཙམ་རྩོད་རན་འདུག་ལ་ང་ཚོ་ཚང་མར་ཕན་ཐོགས་ཀྱང་ཡོང་གི་འདུག འོན་ཀྱང་གསར་རྗེ་སྐྱབས་ཟེར་བ་དང། ཅོ་རི་ཉི་མ་ཟེར་བ་སོགས་ལ་རྩོད་པ་མ་རྒྱག བྱ་ཁྭ་ཏའི་ཁ་ནས་གཏམ་བཟང་མེད་ཟེར་བ་ལྟར་དེ་ཚོར་ཁ་མ་སློངས། སྐྱག་ཚང་བྲུས་ནས་དྲི་ངན་མ་གཏོགས་ཅི་ཡང་མེད་པས། ཁྱེད་ལྟ་བུའི་བོད་མིའི་ཤེས་ཡོད་ཐད་ལ་ལོ་ངོ་དེ་འདྲའི་མང་པོ་ཞིག་ཏུ་ཞབས་ཞུ་ཞུ་མཁན་ཞིག་གི་རྩོད་ཟླ་མིན། ཁོང་ཚོ་ནི་ཡར་མར་གང་ལའང་མ་ཐེ་བར་དུས་བབ་ཟིན་བྲིས་ནང་དུ་གཏམ་ངན་རྐྱང་རྐྱང་གིས་ཉི་མ་སྐྱབས་མཁན་རེད། ཁྱི་ངན་གཅིག་གིས་ལུང་པ་ཀུ་ཅོས་བཀང།། ཟས་ངན་གཅིག་གིས་ལུས་ཀྱི་སྟོད་སྨད་དཀྲུགས་ཟེར་བ་ལྟར། ད་ལྟ་ནས་དེ་ཚོར་གཟབ་གཟབ་ཀྱིས།

    Reply
  3. karma dorje says:
    ལོ་ 15 སྔོན།

    གཞན་སྡེས་ཁ་བྲལ་ཁ་འཁྱེར་རྩུབ་འགྱུར་ན། །
    རང་སྡེས་དབུ་མ་མཉམ་གནས་བྱམས་པོས་རྩོད། །

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེང་རབས་གསར་པའི་སྐུ་དྲག་ལྷ་མོ་སྐྱབས་མཆོག་ལགས།
    ཁྱེད་ཀྱིས་ངའི་བཏབ་པའི་མཆན་བུ་དོན་ཚན་གསུམ་པ་དེར་ཁང་གསར་ལ་དཀར་འདོན་བྱེད་དགོས་གསུངས་ནས་ཅི་ཡིན་ནམ།
    ངའི་བཤད་པའི་སྐད་ཆ་དེ་ངའི་དམ་བཅའ་རེད་མ་གཏོགས་ཁང་གསར་གྱི་མ་རེད་ད།

    སྐུ་དྲག་ཁྱེད་ཀྱི་ཁ་ནས་དཀར་འདོན་ནག་འདོན་གསུངས་ལུགས་ལ་ལྟས་ན་ང་ཅོ་རི་བོད་པའི་སྤྱི་ཚོགས་ནང་དུ་མི་ནག་པོ་ཞིག་བཟོ་འདོད་ཡོད་པར་འདྲ།

    དེ་འདྲ་ཡིན་ན་ཁྱེད་ཀྱི་འདོད་པར་ལྟར་བྱ་ཆོག

    ཀམ་པུང་དྲར་ཤེས་ཀྱི་ཡོད་ན་མཆན་བུ་ལ་མཆན་ལན་བྲིས་དང་ནག་པོ་བཟོ་ཆོག་གི་རེད། ང་ཅོ་རིའི་ཁས་ལེན་པ་ནི་དངོས་སྟོབས་རིག་པ་དང་དངོས་ཡོད་གནས་ཚུལ་ཡིན། དེ་མ་གཏོགས་བརྒྱ་བཤད་སྟོང་བཤད་ཀྱང་སྙིང་པོ་སྤུ་ཙམ་མེད།

    Reply
  5. སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗ says:
    ལོ་ 15 སྔོན།

    ཐབས་ཇུས་ལ་མཁས་པའི་ཤེས་ལྡན་ཁང་གསར་རྡོ་རྗེས་སྤེལ་བའི་དཔྱད་རྩོམ་མང་ཆེ་བ་ལ། ཞིབ་པར་བལྟས་པས་སྲིད་དོན་ཚན་རིག་དང་མཐུན་པའི་ཐབས་ཇུས་དང་སློབ་གསོའི་རིན་ཐང་ཡོད་པར་མཐོང་བས། རང་སེམས་ཧ་ཅང་དགའ་མོས་བྱུང་།

    བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་སྒོས་ཞུགས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད། དེར་བརྟེན་བདག་གིས་ཀྱང་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད་ལ། ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བར་མཐོང་།

    གལ་ཏེ་བཙན་བྱོལ་བོད་གཞུང་གིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།

    ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།

    ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་གངས་ཅན་ལྗོངས་ཀྱི་ཆོས་ལྡན་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།

    འདིར་ངེས་པར་དུ་ཤེས་དགོས་ཞིག་ནི།

    བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱེད་མ་མྱོང་ལ། བོད་ནི་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པས། སུས་ཀྱང་ལོ་རྒྱུས་ལ་འགྱུར་བ་བཏང་མི་ཐུབ། རྒྱ་དམར་གྱིས་བསམ་བཞིན་བོད་ལ་བཙན་འཛུལ་བྱས་ནས་བོད་ཡུལ་རྒྱ་ནག་གི་མི་སེར་སྤེལ་ཡུལ་བྱེད་བཞིན་པ་ནི། རྒྱ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་ཉེས་སྤྱོད་ཚབས་ཆེན་ཞིག་རེད། དེར་བརྟེན་བོད་མི་དམངས་རྣམས་ལ་བོད་རང་དབང་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ལ། བོད་མི་དམངས་རྣམས་ལ་རང་དབང་རང་བཙན་རྩོད་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཞིག་ཡིན།

    འོན་ཀྱང་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས། རྒྱ་བོད་མི་རིགས་ཕྱོགས་གཉིས་ཀྱི་གནས་སྐབས་དང་ཡུན་རིང་གི་ཞི་བདེའི་ངང་མཉམ་གནས་ཡོང་ཆེད། ཕྱོགས་གཉིས་ལ་ཕན་པའི་དབུ་མའི་ལམ་གྱི་ཐབས་ཇུས་ལ་བརྟེན་ནས་རྒྱ་བོད་གྱི་འགལ་ཟླ་རྣམས་བསལ་ཐུབ་པའི་དགོངས་ཚུལ་གསུངས་ཡོད། དབུ་མའི་ལམ་ཐབས་ཇུས་ནི་སྔར་བྱུང་ལོ་རྒྱུས་རྣམས་བྱུང་ཚར་བ་ཞིག་ཡིན་པས་རྩོད་ལེན་མི་བྱེད་པ། གཙོ་ཆེ་ཤོས་ཕྱིས་འབྱུང་རྒྱ་བོད་མི་རིགས་གཉིས་ཞི་བདེ་ཡུན་གནས་ཡོང་བའི་ཕྱིར། རྒྱལ་བ་རིན་པོ་ཆེས་ཐུགས་བརྩེ་བས་རླབས་ཆེན་གྱི་དགོངས་པ་དབུ་མའི་ལམ་གྱི་ཐབས་ཇུས་འདི་སྟོན་ཡོད་པ་ལས། ལོ་རྒྱུས་ཐོག་བོད་རང་བཙན་མིན་པས་དབུ་མའི་ལམ་འདི་སྟོན་པ་ཞིག་མ་རེད།
    འོན་ཀྱང་ཤེས་ལྡན་ཁང་གསར་རྡོ་རྗེས། ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདི་ལ་གཞི་རིམ་གྱི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་མ་སོང་གི་བར་དུ། རང་བཙན་དང་རང་སྐྱོང་གཉིས་ཕར་བཞག ལྷ་ས་གྲོང་ཁྱེར་གྱི་ས་ཆ་ཆུང་ཆུང་དེ་ཙམ་ཞིག་ཀྱང་བདག་ཅག་ལ་རྩ་བ་ནས་སྤྲོད་ཀྱི་མ་རེད། སྤྲད་ཀྱང་ཡུན་རིང་གནས་ཀྱི་མ་རེད། ནམ་རྒྱ་ནག་དམར་པོའི་གཞུང་འདི་འཐོར་བ་ན། དེ་དུས་རང་བཙན་དང་རང་སྐྱོང་གཉིས་ཀ་ལ་གོ་སྐབས་འདྲ་མཉམ་དུ་ཡོད་པ་རེད། གསུངས་པ་ལྟར་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།

    Reply
  6. གཡག་རྒོད says:
    ལོ་ 15 སྔོན།

    ཁང་རྡོར་དང་ལྷ་སྐྱབས་ཀྱི་རྩོད་པ་འདི་ལ་དངོས་གནས་ཀློག་རིན་འདུག ཁུང་རྣམས་པ་གཉིས་ཀྱི་སེམས་ཁུར་བྱེད་སའི་གཞི་ཅུང་ཟད་མི་འདྲ་བ་ལས། རིག་ལམ་དང་གནས་ལུགས་ཀྱི་ཆ་ནས་གཉིས་ཀ་འདྲ་འདྲ་རེད། ང་ལྟ་བའི་ཀློག་མཁན་རྣམས་ལ་བསམ་བློའི་ཁ་ཕྱོགས་གསར་བ་མང་བོ་ཕྱོགས་གཉིས་ནས་རེག་གི་འདུག་པས། རྕོད་པ་མུ་མཐུད་ནས་གནང་རོགས།

    Reply
  7. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Various views are need for a country.It could be a kind of slave system if withought different views and values in a country.Therefore,please work it out with your view but not only waste pepers and spaces.

    Reply
  8. གསར་བརྗེ་སྐྱབས། says:
    ལོ་ 15 སྔོན།

    སྤྱིར་བཏང་ཁ་སང་ནས་ནག་མོ་ཅོ་མཛིང་ལྟ་བུའི་ཁ་རྩོད་ཚིག་འདི་མཚམས་བཞག་ན་འདོད་སོང་། དེ་ལྟར་མཚམས་འཇོག་འདོད་ཀྱི་མཇུག་བསྡུ་ཞིག་ཀྱང་འབྲི་ཁུལ་བྱས་ནས་མཆན་བུ་བཏབས་ཡོད། དེ་རིང་འདིར་རྒན་ལགས་ཀྱིས་ཁང་གསར་ངེད་གཉིས་ཀྱི་མིང་གི་བཟུང་ནས་ཕྱག་རྩོམ་ཕེབས་འདུག གུས་མེད་དུ་མི་འགྲོ་ཆེད་གཤམ་ལ་ཡང་བསྐྱར་བསམ་ཚུལ་འགའ་འབུལ་བར་བརྩོན།

    ༡༽གནས་ལུགས་རྒྱུ་མཚན་ཟེར་བ་དེ་མཐར་གཏུགས་ན་གནས་སྟངས་རེད་འདོད། དངོས་ཡོད་གནས་སྟངས་ལས་ལྷག་པའི་གནས་ལུགས་རྒྱུ་མཚན་ཞིག་དང་། བདེན་པ་རྡོག་རྡོག་ཟེར་བ་ཞིག་ཡོད་སྟངས་མེད་པ་ཞིག་རེད། མ་གཞི་ནས་རྒན་ལགས་ནང་བཞིན་ལྟ་གྲུབ་གླེང་བའི་གཞུང་ལུགས་སྟེ། དཔེ་དེབ་དང་ཡིག་ཆའི་གསེང་ནས་གནས་ལུགས་རྒྱུ་མཚན་དང་བདེན་པ་འཚོལ་བའི་དུས་ཚོད་དེ་སྔ་ས་ནས་ཡོལ་ཚར་བ་རེད། དངོས་ཡོད་གནས་སྟངས་ཀྱིས་སྟོང་བའི་གནས་ལུགས་རྒྱུ་མཚན་གང་ཡིན་ཡང་མཐར་གཏུགས་ན་གནས་ལུགས་མ་རེད་ལ། རྒྱུ་མཚན་ཡང་མ་རེད། བདེན་པ་ནི་དེ་བས་ཀྱང་ག་བ་ག་བ།

    ༢༽རང་བཙན་དང་ལམ་དབུ་མ་གཉིས་འགལ་བ་ཡིན་སྟངས་ངོ་བོའི་སྒང་ནས་གསུངས་འདུག རྒྱལ་ཁབ་གསར་འཛུགས་དང་རྒྱལ་ཁབ་བློས་གཏོང་གི་ཐད་ནས་གསལ་བོར་གསུངས་འདུག འདི་ཡང་ལྟ་གྲུབ་དང་གཞུང་ལུགས་བར་གྱི་འགལ་ཟླ་ཞིག་མ་གཏོགས། དངོས་ཡོད་གནས་སྟངས་སྟེ། བོད་དོན་དང་བོད་མིའི་མངོན་འདུན། རྒྱ་ནག་གི་ངོས་འཛིན་སོགས་ཀྱི་སྟེང་ནས་འགལ་ཟླ་གང་ཡང་མེད། རང་བཙན་བརྩད་ན་རེད། ལམ་དབུ་མར་ཞུགས་ནའང་རེད། འདི་གཉིས་གང་ཡིན་ཡང་བོད་དོན་ཡིན་པ་དངོས་ཡོད་གནས་སྟངས་རེད། བོད་མི་ཚོའི་རང་བཙན་ལ་འདོད་མོས་ཡོད་པ་དང་། ལམ་དབུ་མ་བརྒྱུད་ནས་རང་སྐྱོང་ཚད་ལྡན་ཞིག་རེག་པར་འདོད་བཞིན་པའང་དངོས་ཡོད་གནས་རེད། ང་ཚོས་ལམ་དབུ་མ་ཟེར་ནས་ལྟ་གྲུབ་དང་གཞུང་ལུགས་ཀྱི་འགྲེལ་བརྗོད་དང་གསལ་བཤད། དེ་བཞིན་འབྲེལ་མོལ་རིམ་པ་ག་ཚད་བྱས་ཀྱང་རྒྱ་ནག་གིས་དེ་ནི་རང་བཙན་རང་རེད་ཟེར་བཞིན་པ་འདི་ཡང་དངོས་ཡོད་གནས་སྟངས་རེད། ལྷག་པར་དུ་འབྲེལ་མོལ་ཐེངས་དགུ་བའི་རྗེས་རྒྱ་ནག་གིས་བོད་རིགས་ཡོངས་ལ་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དེ་དོན་ཚན་བདུན་གྱི་སྒང་ནས་རང་བཙན་དང་། རྣམ་པ་འགྱུར་བའི་རང་བཙན། ཕྱེད་རང་བཙན་ཡིན་ཚུལ་ང་ཚོའི་མིག་གིས་རིག་ས་དང་རྣ་བས་གོ་ས་ནས་གསལ་བསྒྲགས་བྱས་ཡོད། ད་བར་དུ་ང་ཚོས་འདི་གཉིས་ལ་འགལ་ཟླ་ཡོད་ཚུལ་གང་གླེང་བ་རྣམས་བཙན་བྱོལ་སྤྱི་ཚོགས་ནང་གི་རྩོད་གླེང་ཞིག་ལས་བོད་རྒྱའི་བར་གྱི་རྩོད་གླེང་ཞིག་མ་རེད། དེ་ཡང་གཙོ་བོ་དེ་གཉིས་ཀྱི་ལྟ་གྲུབ་དང་གཞུང་ལུགས་རྐྱང་བའི་སྒང་ནས་གླེང་བ་མ་གཏོགས། གནས་སྟངས་རང་གི་སྟེང་ནས་སུས་ཀྱང་གླེང་ཡོད་པ་མ་རེད་ལ། གླེང་ཤེས་སྟངས་ཀྱང་ཡོད་པ་མ་རེད།

    ༣༽རྒན་ལགས་ཀྱིས་ཨུ་ཚིགས་བསྐྱོན་གི་འདུག ལམ་དབུ་མ་གང་ཟག་གི་ཆེ་མཐོང་སྒང་ནས་ཡོང་བ་ལས་དོན་ལ་རྟོན་པའམ་ངེས་ཤེས་གསལ་བོ་ཆགས་ནས་ཡོང་མེད་པ་དངོས་ཡོད་གནས་ཚུལ་རེད། འདི་ལ་ངས་གསལ་བཤད་འབྲི་དགོས་དོན་མི་འདུག གསལ་གསལ་ལྷང་ལྷང་རེད་འདོད། གང་ལྟར་རྒན་ལགས་གནོད་ས་དེ་ཁང་གསར་ལགས་ཀྱིས་དབུ་མ་དང་པོ་འདོན་འཇམ་དབྱངས་ནོར་བུ་ཡིན་ན་ཞེས་པའི་དཔེ་འཇོག་དེ་རེད། རང་ཉིད་འདོད་པ་མེད་ས་དང་གནོད་ས་ཞིག་ཡོང་སྐབས་རྒྱུ་མཚན་བཙལ་ནས་ཨུ་ཚིགས་བསྐྱོན་པ་འདི་ལ་གསལ་བཤད་བྱས་ཀྱང་འགྲོ་ས་མེད་པ་གསལ་བོ་རེད།

    ༤༽བདག་གཞན་མཉམ་བརྗེ་ཟེར་བ་དེ་ཚོ་ངོ་མས་རྒྱ་ཆེན་པོ་དང་གཏིང་ཟབ་པོ་རེད། རྒྱ་ཅི་ཙམ་ཆེ་ཞིང་གཏིང་ཇི་ཙམ་རིང་བ་དེ་ཙམ་གྱིས་མིའི་རྣམ་དཔྱོད་དང་དང་ལེན་སོགས་ཀྱི་སྒང་ནས་ཡོང་ཐབས་ཁག་པོ་རེད། རྒྱ་རིགས་སྤུན་ཟླ་ཟེར་བ་དེ་ཡང་ཚད་མཐོན་པོ་དེ་ཚོས་བཤད་རྒྱུ་ཞིག་རེད་མ་གཏོགས་བོད་དང་བོད་མི་རིགས། རང་ཉིད་བོད་པ་ཞིག་གི་དགའ་སྡང་ཆགས་ཞེན་གྱི་ངོས་ནས་ཚད་དེ་འདྲ་ཞིག་ལ་སླེབས་ཐབས་ཁག་པོ་རེད། ང་ཚོའི་དབུ་ཁྲིད་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བའམ་ཤེས་ཡོན་ཅན་ཚོས་རྩོམ་ཡིག་རེ་ཟུང་གིས་རྒྱ་རིགས་མང་ཚོགས་སྤྱིའི་བོད་ལ་དགའ་སྡང་ཆགས་ཞེན་གང་འདྲ་ཡོད་མེད་ཚབ་མཚོན་ཐུབ་གི་མ་རེད། ཁ་ཐུག་གི་སྐད་ཆའམ། དངོས་ཡོད་གནས་སྟངས་ཀྱི་སྒང་ནས་རྒན་ལགས་དང་ངེད་གཉིས་བསྡུར་བ་ཡིན་ནའང་། རྒྱ་རིགས་ཚོར་འབྲེལ་འདྲིས་དང་། འབྲེལ་ལམ། རྒྱུས་ལོན། དེ་མིན་ཕྱོགས་གང་ཐད་ནས་ང་བཟང་བ་གི་རེད་མ་གཏོགས་རྒན་ལགས་ཡག་གི་མ་རེད། རྟོག་པ་མཐོན་པ་བྱས་ནས་གསུངས་ཀི་ཡོད་ན་གནས་ཚུལ་ལོགས་ཀ་རེད། འོན་ཏེ་རྟོག་པ་མཐོན་པོ་གནང་ས་ང་ཚོའི་ནང་ཁུལ་གྱི་ཁོར་ཡུག་འདི་མ་རེད། སྐུ་ཉིད་ལ་སྐད་ཡིག་གི་བཀག་རྒྱ་མེད་ན་བརྒྱུད་ལམ་ནི་ག་ཚད་དགོས་དགོས་རེད། ཐུགས་ལ་མ་གནོད་རོགས།

    ༥༽རང་བཙན་རྩོད་མཁན་དང་རང་བཙན་གླེང་མཁན་ཚོར་དཀར་འདོན་གནང་རོགས་ཞེས་རྒན་ལགས་དང་ལུང་རིགས་གཉིས་ཀར་ཞུས་ཡོད། དཀར་འདོན་གནང་སའང་ཁ་གསལ་བོ་བྱས་ནས་ཞུས་ཡོད། ཐ་ན་གང་གཉིས་ཀྱི་རྩོམ་ཡིག་སྔ་མ་དག་གི་ནང་སྤེལ་བའི་རྗོད་པའི་ཚིག་འགྲོས་གཅིག་བུའི་སྟེང་ནས་ཀྱང་དཀར་འདོན་གནང་དགོས་ས་མང་པོ་རེད། དཀར་འདོན་གནང་དང་མི་གནང་དེ་ཁྱེད་རྣམ་གཉིས་ཀྱི་རང་དབང་རེད་མ་གཏོགས་ངས་ཨུ་ཚིགས་གང་ཡང་བྱེད་ཀི་མིན།

    དེ་རིང་འདི་ཙམ་ཡིན། ཆུ་ཚོད་མི་འདུག ལས་ཀ་གཞན་པ་ཡོད།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དེ་ཡང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་བསམ་འཆར་ལས། བོད་རིགས་རྣམས་གྲངས་ཉུང་མི་རིགས་ལྔ་བཅུ་ང་ལྔའི་ནང་ནས་མི་རིགས་གཅིག་རང་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། བསམ་འཆར་དེའི་འགྲེལ་བརྗོད་ལས། ད་ལྟ་བོད་རིགས་རང་སྐྱོང་ས་ཁུལ་དུ་ངོས་འཛིན་གནང་བཞིན་པ་རྣམས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་སྐྱོང་ལྗོངས་གཞན་དང་འདྲ་བར་འཛིན་སྐྱོང་གཅིག་གི་ནང་ཚུད་དགོས་པ་ཞུས་ཀྱི་ཡོད། ཅེས་གསུངས་ཡོད།

    འདི་ལ་སློབ་སྦྱོང་བྱོས།

    Reply
  10. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ཆུ་ཚོད་གཅིག་གི་ནང་ལན་སྙིང་བསྡུས་ཤིག་བྲིས་ཏེ། དུས་བབ་རྩོམ་སྒྲིག་པར་ཕུལ་ཟིན། ད་ལྟ་འདིར་ཞོགས་པ་ཆུ་ཚོད་ ༡༡ དང་ཕྱེད་ཀ་ཙམ་རེད། ཕལ་ཆེར་རྒྱ་གར་ལ་ཚེས་ ༡༤ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༩ ཡོལ་ཙམ་རེད། ངའི་ལན་དེར་དོན་ཚན་ ༡༠ ཡོད་སྟབས་འདིར་མཆན་གྱི་ཚུལ་དུ་བཀོད་ན་ལན་པོ་མཐོང་མ་བྱུང་།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    རྒན་ལྷ་མོ་སྐྱབས་ལགས། དངོས་སུ་ཟིན་བྲིས་ཀྱི་ས་མིག་ཅིག་ཉར་རོགས། དགེ་མཚན་མང་བོ་མཐོང་གི་འདུག ་གལ་སྲིད་ཞུགས་འདོད་ཡོད་ཚེ་ཕྲན་གྱི་ལག་ཁྱེར་ཨང་གྲངས་སྟེང་འབྲེལ་བ་བྱེད་རོགས། 9916442227

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁང་གསར་མཆོག་སྔ་དྲོ་བདེ་ལེགས་ཞུ།

    ལྷ་མོ་སྐྱབས་ལགས་ཀྱིས་ཉན་རོགས།

    བདག་ལས་གཞན་གཅེས་དམ་པའི་ལྷ་ཆོས་དང་།
    དགྲ་འདུལ་གཉེན་སྐྱོང་འཇིག་རྟེན་ཕ་ཆོས་གཉིས།
    གཅིག་གི་རྒྱལ་ཁ་གཅིག་ལ་མི་སྟེར་པས།
    རྒྱལ་ཕམ་འདི་ཡིན་འཇོག་ལ་བློ་མ་བདེ།

    འཚི་མེད་ཞི་བདེ་སེམས་ཀྱི་ལོངས་སྤྱོད་དང་།
    སེམས་ཅན་བསད་ནས་འཚོ་བའི་ལོངས་སྤྱོད་གཉིས།
    གཅིག་གི་ལོངས་གཅིག་གིས་མི་འདོད་པས།
    ལོངས་སྤྱོད་འདི་ཡིན་འཇོག་ལ་བློ་མ་བདེ།

    ཐེག་ཆེན་སེམས་དཔའ་གཞན་དོན་རང་སྒྲུབ་དང་།
    ཉན་ཐོས་རང་རྒྱལ་རང་དོན་རང་སྒྲུབ་གཉིས།
    གཅིག་གི་སྤྱོད་པར་གཅིག་གིས་མི་འདོད་པས།
    ལ་རྒྱ་འདི་ཡིན་འཇོག་ལ་བློ་མ་བདེ།

    ཁ་ནས་༧གོང་སར་བསྟོད་པའི་སྤྱི་འཐུས་དང་།
    དོན་གྱི་སྐྱོན་བརྗོད་བྱེད་མཁན་འཇམ་ནོར་གཉིས།
    གཅིག་གི་ལམ་ལུགས་གཅིག་གིས་མི་འདོད་པས།
    ལུགས་བཟང་འདི་ཡིན་འཇོག་ལ་བློ་མ་བདེ།

    Reply
  13. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་ལྟ་ཞོགས་པ་ཆུ་ཚོད་དགུ་པ་མ་ཟིན་ཙམ་རེད། དྲྭ་རྒྱ་ཁག་ལ་མྱུལ་སྐབས་འདི་མཐོང་བྱུང་། ཆུ་ཚོད་ ༩ ཡོལ་ཙམ་ནས་ལས་ཀ་ཏོག་ཙམ་ཡོད། དེ་རྗེས་ལན་བྲིས་ཏེ་ཕུལ་ཆོག

    ཐུགས་རྗེ་ཆེ།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རེད་རེད། ཁང་གསར་དང་གསར་བརྗེ་སྐྱབས་ལྟ་བུ་བོད་མི་རིགས་ཆེད་དུ་ཉིན་མཚན་མེད་པར་བསམ་བློ་གཏོང་མཁན་ཚོ་ལ་དགག་པ་རྒྱག
    རྒྱ་འཁྱོམ་མང་གཙོ་དོན་གཉེར་བ་ཡིན་ཟེར་མཁན་ཚོ་སྤྱི་འཐུས་གྲོས་ཚོགས་ནང་དུ་ལྟ་སྐོར་ཁྲིད་པ་འདི་ནི་དངོས་གནས་རྣམ་རྟོག་ཟ་ཡ་གཅིག་རེད་ད་ལྷ་མོ་སྐྱབས་ལགས།

    སྐྱུར་མི་རུང་བ་དེ་རྒྱབ་ལ་སྐྱུར།
    བློན་ཚ་ཞང་མདན་མ་རྒྱབ་ལ་སྐྱུར།
    ལེན་མི་རུང་བ་དེ་བང་དུ་ལེན།
    དགྲ་རྒྱ་ནག་དམར་པོ་བང་དུ་ལེན།བྱས་སྟངས་འདི་ལྷ་མོ་སྐྱབས་དང་དེའི་ཕྱོགས་གཏོགས་རྣམས་ཀྱི་རེད།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་སྤྱི་འཐུས་ལྷ་མོ་སྐྱབས་ལགས།

    ༧གོང་ས་མཆོག་གིས་ཁ་དང་ཞེ་མེད་པ་མདུན་དང་རྒྱབ་མེད་པར་དངོས་དང་ལྐོག་མེད་པའི་ཐོག་ནས་སྐད་ཆ་ཁ་རུ་ཁ་ཐུག་བཤད་དགོས་ཞེས་གསུངས་གནང་ལས་ཆེ་པོ་ལ་ངོ་བསྟོད་དང་ཉམ་ཆུང་ལ་ཐུབ་ཚོད་གཏོང་ནས་བཤད་དགོས་གསུངས་གནང་མ་སོང་ལགས།

    ཁྱེད་ལྟ་བུ་ཁ་ནས་༧གོང་ས་མཆོག་བཤད་ཁུལ་དང་དོན་དུ་བོད་ཁ་བ་རི་པའི་ཕ་ཆོས་ལ་བསམ་བློ་སྤུ་ཙམ་ཡང་མེད་པས་སྤྱི་འཐུས་གྲོས་ཚོགས་མཇུག་སྡོམ་མ་ཐུབ་ཡང་རྒྱུ་རྐྱེན་འདི་འདྲ་ཐུག་པ་ཤེས་པ་བྱེད་རོགས་ཞུ།

    གལ་ཁྱེད་རང་ཡང་༧གོང་ས་མཆོག་ནང་བཞིན་བྱང་ཆུབ་སེམས་དཔའ་ཡིན་མདོག་གི་དགྲ་གཉེན་དབྱེ་བ་མེད་ན་ཁ་བ་རི་པའི་འཇིག་རྟེན་ཕ་ཆོས་སྐྱོང་མཁན་གྱི་སྤྱི་འཐུས་ཀྱི་མིང་འདི་མ་ཁུར་ན་ཡག་ལེ་རེད།

    འཇིག་རྟེན་ཕ་ཆོས་སྐྱོང་ས་ལ་དམ་པའི་ལྷ་ཆོས་བཤད་པ་འདི་ཁྱེད་རང་གི་ལྟོ་གོས་ཡིན་ནམ།

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧཧཧཧཧཧཧ་བྲག་ཆབ་ལྷ་མོ་སྐྱབས་ཀྱི་མིང་བྲིས་ལ་ཁང་གསར་ཞེས་བྲིས་ནོར་ཤོར་འདུག་པས་དགོངས་འགལ་མེད་པར་ཞུ་རྒྱུ་དང་ལྷ་མོ་སྐྱབས་ཞེས་བཅོས་རོགས་ཞུ།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཁང་གསར་ལགས།
    ངས་༧གོང་ས་མཆོག་ལ་རྒྱལ་འཚོང་བ་རེད་ཟེར་འདུག་ཞེས་བྲིས་འདུགཔ་མ་ཟད་༧གོང་ས་མཆོག་གི་བཀའ་སློབ་ཞུ་རྒྱུ་ཅི་ཡོད་དམ་ཞེས་བྲིས་འདུག་ཧཧཧཧཧཧཧཧ

    1.ཁྱེད་ཀྱིས། དམ་པའི་ལྷ་ཆོས་ལག་ལེན་སྟར་དུས་འཇིག་རྟེན་ཕ་ཆོས་ལ་འགོག་རྐྱེན་འགྲོ་བ་མཐོང་ངམ།

    2.༧གོང་ས་མཆོག་གི་བྱང་སེམས་ཀྱི་ཐོག་ནས་དགྲ་བོ་རིགས་རྒྱུད་ལ་དགའ་གུས་བྱས་དུས་སེམས་ལ་ཞེ་སྡང་མེད་དམ།

    3.ཁྱེད་རྒྱ་ནག་དམར་པོ་རྩ་ཁྲིམས་འོག་ཏུ་སྡོད་འདོད་ཡོད་དམ།

    རྩ་ཞིམ་པོ་གཡང་དཀར་ལུག་གིས་ཟས།
    ཁལ་ངན་པ་ར་དང་རའུ་ལ་བཀལ།

    Reply
  18. གནས་ཚང་། says:
    ལོ་ 15 སྔོན།

    སྐུ་ངོ་སྤྱི་འཐུས་འདིར་རྒྱའི་ཤུགས་རྐྱེན་ཆེན་པོ་འདུག དེའང་གསལ་བོར་བཤད་ན། དགྲ་གྲོགས་གཉིས་ཀྱི་རྒྱ་ལས་འདའ་ཐུབ་མེད་པའི་རིགས་ལམ་ཞིག་ལ་འཇུས་འདུག དོན་ལ་ཏཱ་ལའི་བླ་མ་མཆོག་ནི་དགྲ་གྲོགས་མཉམ་བརྗེ་གནང་ཐུབ་མཁན་ཞིག་ཡིན་པས། རང་མིས་བསམ་ཚུལ་བརྗེ་རེས་ཚུལ་དུ་ཕུལ་བའི་གླེང་སློང་ཞིག་ལ་དེ་ལས་ཀྱང་དོ་སྣང་ཡོད་ངེས་ཡིན་འདོད། དེ་གཅིག་ཡིན།

    གཞན་དེ་ནི་གྲོས་ཚོགས་ནང་བྱུང་བའི་རྩོད་རྙོག་དེ་ལས་འཕྲོས་པའི་ཁ་སང་དེ་རིང་གི་ཁ་རྩོད་ཚིག་རྩོད་འདི་ལ་དོན་སྙིང་གཏིང་ཟབ་ཅིག་ཡོད་ཅིང་། དེ་ནི༼ནང་བཀྲ་མ་ཤིས་ན་ཕྱི་དོན་མི་འགྲུབ༽པའི་འགྲེལ་སྟངས་སླ་ཤོས་དེ་ཆགས་ཡོད། དཔེར་ན། ཡེ་ཤེས་དབྱིངས་དཔྱད་ནི་ཞེ་ས་ཞིག་རེད་ལ། དོན་བསྡུས་ནས་བཤད་ན་གཡོལ་ས་ཞིག་ཀྱང་རེད། དེ་བས། མང་ཚོགས་ཀྱིས་ཐད་ཀར་འོས་ཤོག་འཕངས་ནས་གདམ་ཐོན་ཟིན་པའི་བཀའ་ཁྲིར་མཚོན་ན། བོད་འགན་རང་སྟེང་ནས་མི་འཁུར་བར་སླར་ཡང་ཡེ་ཤེས་དབྱིངས་དཔྱད་སྒང་འགེལ་དོན་གྱི་དམིགས་ཡུལ་ཅི། ལོ་རྒྱུས་ཀྱི་ལས་འགན་ལ་ཞེད་ཀྱིན་ཡོད་དམ།

    གལ་སྲིད་དེ་ལྟ་མ་རེད་ལབ་ན། བཀའ་ཁྲི་ལགས་བོད་རྒྱ་ཞི་མོལ་ཚོགས་ཆུང་གི་ཚོགས་གཙོ་ཡིན་དོན་ཅི། ཚོགས་གཙོ་ཡིན་པའི་འོས་འགན་ཅི། མ་འགྲུབ་པ་མཐའ་དག་ཡེ་ཤེས་དབྱིངས་དཔྱད་དང་འགྲུབ་ཟིན་པ་ཡོད་ཚད་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ཡིན་ནམ།

    Reply
  19. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཆབ་བྲག་ལྷ་མོ་སྐྱབས་ཀྱི་ཡོན་ཏན་ལ་ཡིད་སྨོན་འཆོར་གི་ཡོད། ཁོང་གི་རྩོམ་རྩལ་ལ་སེམས་པ་ཤོར་གི་ཡོད། འདི་ལྟར་གནས་ལུགས་ཤིག་བགྲངས་སླེབས་པས། ད་གཟོད་སེམས་ལ་འབབ་པ་ཞིག་འདུག ཁྱེད་རང་དུས་རྟག་ཏུ་འདིར་ཕེབས་པར་དགའ་བསུ་ཡོད། ད་གིན་འདི་རུ་མཆན་བུ་ཞིག་འདུག་པ་ཡལ་ཕྱིན་སོང་འདུག དེ་ཚོའི་རིགས་ནག་བསུབ་བཏང་བཞག་ན་ཏག་ཏག་རེད། གནས་ལུགས་བཤད་ས་ལ་ས་རྩུབ་རྡོ་རྩུབ་ཀྱིས་ཅི་བྱེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese