མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་ཀྱི་གྲོས་ཆོད། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

 

བུ་ཆུང་ཚེ་རིང་།

༢༠༡༠ ཟླ་བ་༤ ཚེས་༩ ནས་ ༡༡ ཉིན་སུད་སིར་ ཡུ་རོབ་བོད་ཀྱི་གཞོནནུའི་གོས་ཚོགས་ཐེངས་དང་པ་  དེ་འཚོགས་གནང་བ་རེད། ཚོགས་འདུ་དེའི་སྐོར་ཐོག་མར་ཐོས་སྐབས་ལོ་རྒྱུས་ཐོག་གནད་འགག་ཡོད་པའི་ལས་འགུལ་ཞིག་ཡིན་པ་མཐོང་བྱུང་། དེའི་རྒྱུ་མཚན་ནི་སྤྱི་ཚོགས་ཚན་རིག་གི་བལྟ་ཕྱོགས་ནས་ད་ལྟའི་དུས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ངོ་བོ་དེ་འགྱུར་བ་འགྲོ་བཞིན་པའི་དུས་ཞིག་ཡིན་པས། མ་འོངས་པའི་ཁ་ཕྱོགས་གང་འདྲར་འགྲོ་མིན་ཡོ་རོབ་ཁུལ་དུ་ཡོད་པའི་བོད་མི་ན་གཞོན་ལྟ་བུར་རག་ཆེན་པོ་ལས་ཀྱི་ཡོད། དེས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ཕུགས་ཀྱི་གནས་སྟངས་དེ་ལ་བག་ཆགས་ཆེན་པོ་ཡོང་གི་རེད་། དེ་བཞིན་ཚོགས་བཅར་བ་གཞོན་སྐྱེས་ཚོ་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ནང་འཚར་ལོངས་བྱུང་མཁན་ཡིན་པས་རྒྱ་བལ་འབྲུག་གསུམ་སོགས་སུ་གནས་པའི་བོད་མིའི་སྤྱི་ཚོགས་ལས་མཐོང་རྒྱ་མ་འདྲ་བ་ཡོད་མཁན་ཡིན། ཡང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་སྐོར་གུས་པར་དངོས་སུ་རྒྱུས་ཡོད་པས་དེའི་ལས་འགུལ་སྤེལ་སྟངས་མ་འདྲ་བ་ཡོད་པར་རེ་བ་ཡང་ཆེ་བ་ཡོད།


གཞོན་ནུའི་གྲོས་ཚོགས་དེའི་གྲོས་ཆོད་བཀླགས་རྗེས་གུས་པའི་བསམ་པར་ཚོགས་བཅར་བ་ཚོས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁོར་ཡུག་བརྒལ་ཏེ་དགོངས་པ་བཞེས་ཐུབ་མེད་པ་དེ་བྱུང་། གཅིག་བྱས་ན་གྲོས་ཆོད་འདིའི་ནང་མ་བཀོད་པའི་དོན་མང་པོའི་ཐོག་བཀའ་མོལ་གནང་ཡོད་སྲིད་ལ། གུས་པའི་ཚོར་བ་དེ་གྲོས་ཆོད་ཁོ་ནར་བལྟས་པའི་སྐོར་ཡིན། ཁོང་རྣམས་ནས་སོ་སོའི་ངོ་བོ་གསར་པ་དང་བོད་མིའི་འཐབ་རྩོད་ཀྱི་ཕུགས་ཀྱི་གནས་སྟངས་དང་ཁ་ཕྱོགས་སྐོར་བཀའ་བསྡུར་གཏིང་ཟབ་པོ་གནང་ཡོད་པའི་སྐོར་གྲོས་ཆོད་ནས་མཐོང་གི་མི་འདུག

ངའི་བསམ་པར་དུས་རབས་ ༢༡ པའི་བཙན་བྱོལ་བོད་མི་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་དེའི་ཆབ་འབངས་ཡིན་པའི་ངོ་བོ་དེའི་ཐོག་ དགོངས་པ་བཞེས་དགོས་པའི་དུས་ལ་བབ་འདུག རྒྱ་གར་ལ་བོད་མི་མང་ཆེ་བ་ཡོད་རུང་རྒྱལ་ཁབ་དེའི་མི་སེར་གནང་མཁན་མང་པོ་མེད་ སྟབས་གནས་སྟངས་དེ་སླེབས་མེད། འོན་ཀྱང་སུད་སིའི་བོད་མི་ཡིན་ན་བོད་མི་གཅིག་གི་ངོ་བོ་སྟེང་སུད་སིའི་མི་སེར་ཡིན་པའི་ངོ་བོ་དེ་ཡོད། ངོ་བོ་གསར་པ་དེའི་ནུས་པ་ཚོར་ཆེད་སོ་སོའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་དགོས་ཡོད། གུས་པའི་བསམ་པར་དེ་འདྲ་བའི་ངོ་བོ་དེའི་ནུས་པ་ལ་དགོངས་པ་བཞེས་ནས་དེ་བཞིན་བེད་སྤྱོད་ཐུབ་རྒྱུ་དེ་ནི་བོད་མིའི་ཕུགས་ཀྱི་འཐབ་རྩོད་ཀྱི་ལག་ཆ་གལ་ཆེ་ཤོས་ཤིག་ཆགས་ཀྱི་རེད། དེར་བརྟེན་ཡོ་རོབ་རྒྱལ་ཁབ་ཁག་ཏུ་ཡོད་པའི་བོད་མི་གཞོན་སྐྱེས་ཚོས་སོ་སོའི་རྒྱལ་ཁབ་དེའི་ཆབ་སྲིད་ལམ་ལུགས་སུ་མཉམ་བཞུགས་གནང་ནས་དེ་བརྒྱུད་བོད་པའི་གནད་དོན་དེ་རྒྱལ་ཁབ་དེའི་གནད་དོན་བཟོ་ཐུབ་རྒྱུའི་སྐོར་བཀའ་བསྡུར་གནང་རྒྱུའི་དུས་རེད་། དེ་དང་འབྲེལ་བ་ནི་བོད་མི་གཞོན་སྐྱེས་ཚོས་རང་ཉིད་མི་སེར་ཡིན་པའི་རྒྱལ་ཁབ་དེའི་ཆབ་སྲིད་ལས་དོན་ཐོག་མཉམ་བཞུགས་གནང་ནས་དེ་བརྒྱུད་བོད་དོན་ལ་བག་ཆགས་གང་འདྲ་བཞག་ཐུབ་མིན་སྐོར་ལའང་དགོངས་པ་བཞེས་དགོས་ཡོད། གྲོས་ཆོད་དེའི་ནང་ཡོ་རོབ་ཆབ་སྲིད་འགྲོ་ལུགས་ཐོག་བོད་མི་གཞོན་སྐྱེས་ཚོས་མཉམ་ཞུགས་གང་འདྲ་གནང་འཆར་ཡོད་མེད་སྐོར་གང་ཡང་གསལ་མི་འདུག

བཙན་བྱོལ་བོད་མིའི་དམངས་གཙོའི་གནས་སྟངས་དེར་དགོངས་པ་བཞེས་ནས་ལེགས་བཅོས་དགོས་པར་གསུངས་པ་དེ་ཡག་པོ་ཡིན་རུང་། དུས་ཚོད་དང་གནས་སྟངས་ལ་གཟིགས་ན་གལ་ཏེ་བོད་ཀྱི་གནད་དོན་དེ་ཡོང་རྒྱུའི་ལོ་འགའ་ཞིག་ནང་ཐག་མ་ཆོད་ན་དམངས་གཙོ་ཚད་ལྡན་ཞིག་ལས་བོད་མིའི་འཐབ་རྩོད་སྲ་བརྟན་བཟོ་ཐབས་དེ་གལ་ཆེ་བར་མཐོང་། ལར་ནས་དགོངས་པ་བཞེས་དགོས་ཡག་ལ་བཙན་བྱོལ་བོད་མིའི་དམིགས་ཡུལ་གཙོ་བོ་དེ་ག་རེ་ཡིན་དགོས་མིན་སྐོར་དེ་རེད་། དམངས་གཙོ་ཚད་ལྡན་བཟོ་རྒྱུ་དེ་གཙོ་བོ་རེད་དམ་འཐབ་རྩོད་དེར་ཐབས་ལམ་ཡོང་རྒྱུ་དེ་གལ་ཆེ་བ་རེད། དམིགས་ཡུལ་གང་ཡིན་མིན་གྱི་རྐྱེན་པས་ལས་འགུལ་སྤེལ་ཕྱོགས་ལ་ཁྱད་པར་ཡོང་གི་རེད།

གུས་པའི་རེ་བར་མ་འོངས་པའི་ཡོ་རོབ་བོད་ཀྱི་གཞོན་ནུའི་གྲོས་ཚོགས་དང་བོད་མིའི་ཚོགས་འདུ་ཁག་ནས་གནད་དོན་འདི་རིགས་ཐོག་དགོངས་པ་བཞེས་པའི་རེ་བ་ཡོད།

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

སྐར་མ ༡༠ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

སྐར་མ ༤༤ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༢ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༢༤ སྔོན་ལ།

མཆན། 7

  1. སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗ says:
    ལོ་ 15 སྔོན།

    ད་ལྟའི་དུས་ཚོད་དང་གནས་སྟངས་ལ་གཟིགས་ན། བཙན་བྱོལ་བོདགཞུང་་ལེགས་བཅོས་སྲ་བརྟན་བཟོ་ཐབས་དང་། བོད་མིའི་འཐབ་རྩོད་ཀྱི་ཐབས་ཇུས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས། འདིར་རང་གི་བསམ་ཚུལ་འགའ་ཞིག་རང་གཞུང་གིས་གསན་ཏེ་དགོངས་དཔྱད་གནང་ཐུབ་པའི་ཆེད་དུ་འགོད་ན།

    བོད་གངས་ཅན་པའི་རྒྱལ་དམངས་ཀྱི་གནས་སྟངས་ཤིན་ཏུ་སྐྱོ་བའི་དུས་རབས་འདིར། མཁས་མཛངས་ལྡན་པའི་བོད་རིགས་རྣམས་ཀྱིས་གཞུང་སྒེར་གྱིས་མགྲོན་འབོད་བྱེད་པ་ལ་ནམ་ཡང་མི་སྒུག་པར། མ་བསྐུལ་དང་ལེན་གྱིས་བཙན་བྱོལ་བོད་གཞུང་གི་ལས་རིགས་ཁག་གི་ནང་དུ་གང་འགྱོགས་སྒོས་ཞུགས་ནས། རང་གི་ཤེས་འཇོན་ལྟར་བོད་དོན་རླབས་ཆེན་སྒྲུབ་དགོས་པ་ནི། རྒྱལ་སྤྱིའི་དུས་བབ་ཀྱིས་སྤྲད་པའི་སོ་སོ་མི་ཚེའི་ལས་འགན་རེད་ལ་ཤི་གསོན་བོད་འབངས་ཡོངས་ཀྱི་རེ་བ་ངོ་མ་ཡང་འདི་རེད། དེར་བརྟེན་བདག་གིས་ཀྱང་བོད་གཞུང་གི་ལས་རིགས་སུ་ཞུགས་ཏེ། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་གང་ནུས་ཉིན་ལྟར་ཞུ་བཞིན་ཡོད་ལ། ད་དུང་བཙན་བྱོལ་བོད་གཞུང་གི་ལས་ཁང་ཁག་ལ་ངེས་པར་དུ་ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་མང་པོ་ཡོད་དགོས་པ་འདི་གལ་གནད་ཤིན་ཏུ་ཆེ་བར་མཐོང་།

    གལ་ཏེ་བཙན་བྱོལ་བོད་གཞུང་གིས། ཐབས་ཇུས་ལ་མཁས་པའི་ཤེས་འཇོན་ཅན་གྱི་བོད་མི་རྣམས་ལ། མཐོང་ཆུང་གིས་མཐོ་གནོན་དང་འབུར་འཇོམས་བྱས་ནས། ལས་གནས་མི་སྤྲད་པ་དང་ཐབས་ཇུས་གོང་འཕེལ་ཀྱི་བྱ་འགུལ་སྣ་ཚོགས་པ་ཞིག་སྤེལ་མ་བཅུག་ན། ང་ཚོའི་བོད་གཞུང་འདི་སྔར་གྱི་ལོ་རྒྱུས་རྙིང་པ་བཞིན་འཕེལ་མེད་སོར་གནས་དང་ནུས་མེད་ཉམས་རྒུད་ནས་རྩ་མེད་དུ་འགྲོ་ངེས་ཡིན་པ་ཀུན་གྱི་ཤེས་གསལ་རེད།

    ད་ལྟ་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་བསྒྲུབ་དགོས་པའི་བྱ་བ་གལ་ཆེན་ཞིག་ནི། ༼བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས༽ཚད་ལྡན་ཕུན་སུམ་ཚོགས་པ་ཞིག་མྱུར་དུ་གསར་འཛུགས་བྱེད་རྒྱུ་འདི་རེད།

    ཤེས་རབ་གསལ་ཞིང་ཉམས་མྱོང་ཆེ་བའི་བོད་རིགས་ལྷག་བསམ་ཅན་རྣམས། བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིར་གང་འགྱོགས་ཕྱོགས་གཅིག་ཏུ་བསྡུས་ནས། འཆར་གཞི་ཡོད་པའི་སྒོ་ནས་ཉམས་ཞིབ་སྡེ་ཚན་དུ་མ་རྩ་འཛུགས་བྱས་ཏེ། ཞིབ་འཇུག་པ་རྣམས་ཀྱིས་ཉིན་ལྟར་ཆུ་ཚོད་བརྒྱད་རེ། བློ་དང་རིག་པ་སྣ་ཚོགས་པས་བོད་ཀྱི་རྒྱ་ཆེའི་ལས་དོན་སྤྱི་ལ་ཞིབ་དཔྱོད་བྱེད་རྒྱུ་དང་། ཡང་སྐབས་རེ་བློ་སེམས་རྩེ་གཅིག་གིས་ཟབ་མོའི་ལས་དོན་དམིགས་བསལ་ལ་ཞིབ་འཇུག་མཐར་ཕྱིན་པ་བྱས་ནས་ཐབས་ཇུས་ཀྱི་བསྡོམས་རྩིས་ཐོབ་པར་བྱེད་བཅུག་དགོས།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་ལས་འགན་ནི། བོད་གངས་ཅན་ལྗོངས་ཀྱི་ཆོས་ལྡན་མི་རིགས་འདིའི། གནས་སྐབས་དང་མཐར་ཐུག་གི་དམིགས་ཡུལ་རྣམས་སྒྲུབ་ཐུབ་པའི་མཐུན་རྐྱེན་དུ། གོ་རིམ་ཡོད་པའི་འཆར་གཞི་དང་། ཕན་ནུས་ཆེ་བའི་ཐབས་ཇུས། སྣ་ཚོགས་མཉམ་འབྲེལ་ཀྱི་ལས་འགུལ་སོགས་དུས་ཐོག་ཏུ་བོད་གཞུང་གི་ལས་རིགས་སོ་སོའི་ལས་བྱེད་པ་རྣམས་ལ་ཐབས་ཇུས་བསླབ་སྟོན་དང་གནས་ཚུལ་མཁོ་འདོན་བྱེད་རྒྱུ་དེ་ཡིན།

    བོད་ཀྱི་ཆེས་མཐོའི་ཐབས་ཇུས་ཞིབ་འཇུག་ལྟེ་གནས་འདིའི་མེད་ན་མི་རུང་བའི་འབྲེལ་ཡོད་ལས་ཁང་གལ་ཆེན་ཞིག་ནི། ཕྱི་ནང་གི་དགོས་ངེས་གནས་ཚུལ་རྣམས་འཚོལ་སྡུད་ཐུབ་པའི་༼བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང༽ཞིག་ཡོད་དགོས་ལ། བོད་ཀྱི་ཆེས་མཐོའི་གསང་བའི་ལས་ཁང་འདིས་ངེས་པར་དུ་གནས་ཚུལ་མཁོ་སྤྲོད་བྱེད་ཐུབ་པའི་མི་སྣ་སྤྱང་གྲུང་འཛོམས་པ་མང་པོ་སྦྱོང་བརྡར་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའམ་སྒེར་བ་རྣམས་དང་། འབྲེལ་བ་མངོན་ལྐོག་གཉིས་ནས་བྱས་ཏེ་འབྲེལ་ཡོད་དགོས་ངེས་ཀྱི་གནས་ཚུལ་རྣམས་དུས་ཐོག་ཏུ་རག་ཐུབ་པ་བྱེད་དགོས།

    འདིར་ངེས་པར་དུ་ཤེས་དགོས་ཞིག་ནི།

    བོད་ནི་རྒྱ་ནག་གི་ཆ་ཤས་ནམ་ཡང་བྱེད་མ་མྱོང་ལ། བོད་ནི་རང་བཙན་ཆ་ཚང་ཡོད་པའི་རྒྱལ་ཁབ་གཅིག་ཡིན་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པས། སུས་ཀྱང་ལོ་རྒྱུས་ལ་འགྱུར་བ་བཏང་མི་ཐུབ། རྒྱ་དམར་གྱིས་བསམ་བཞིན་བོད་ལ་བཙན་འཛུལ་བྱས་ནས་བོད་ཡུལ་རྒྱ་ནག་གི་མི་སེར་སྤེལ་ཡུལ་བྱེད་བཞིན་པ་ནི། རྒྱ་སྤྱིའི་ཁྲིམས་དང་ཡོངས་སུ་འགལ་བའི་ཉེས་སྤྱོད་ཚབས་ཆེན་ཞིག་རེད། དེར་བརྟེན་བོད་མི་དམངས་རྣམས་ལ་བོད་རང་དབང་རང་བཙན་རྩོད་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་ལ། བོད་མི་དམངས་རྣམས་ལ་རང་དབང་རང་བཙན་རྩོད་རྒྱུ་ནི་དུས་རབས་ཀྱིས་སྤྲད་པའི་ལས་འགན་ཞིག་ཡིན།

    འོན་ཀྱང་གོང་ས་སྐྱབས་མགོན་ཏཱ་ལའི་བླ་མས། རྒྱ་བོད་མི་རིགས་ཕྱོགས་གཉིས་ཀྱི་གནས་སྐབས་དང་ཡུན་རིང་གི་ཞི་བདེའི་ངང་མཉམ་གནས་ཡོང་ཆེད། ཕྱོགས་གཉིས་ལ་ཕན་པའི་དབུ་མའི་ལམ་གྱི་ཐབས་ཇུས་ལ་བརྟེན་ནས་རྒྱ་བོད་གྱི་འགལ་ཟླ་རྣམས་བསལ་ཐུབ་པའི་དགོངས་ཚུལ་གསུངས་ཡོད། དབུ་མའི་ལམ་ཐབས་ཇུས་ནི་སྔར་བྱུང་ལོ་རྒྱུས་རྣམས་བྱུང་ཚར་བ་ཞིག་ཡིན་པས་རྩོད་ལེན་མི་བྱེད་པ། གཙོ་ཆེ་ཤོས་ཕྱིས་འབྱུང་རྒྱ་བོད་མི་རིགས་གཉིས་ཞི་བདེ་ཡུན་གནས་ཡོང་བའི་ཕྱིར། རྒྱལ་བ་རིན་པོ་ཆེས་ཐུགས་བརྩེ་བས་རླབས་ཆེན་གྱི་དགོངས་པ་དབུ་མའི་ལམ་གྱི་ཐབས་ཇུས་འདི་སྟོན་ཡོད་པ་ལས། ལོ་རྒྱུས་ཐོག་བོད་རང་བཙན་མིན་པས་དབུ་མའི་ལམ་འདི་སྟོན་པ་ཞིག་མ་རེད།
    འོན་ཀྱང་ཤེས་ལྡན་ཁང་གསར་རྡོ་རྗེས། ད་ལྟའི་རྒྱ་ནག་དམར་པོའི་གཞུང་འདི་ལ་གཞི་རིམ་གྱི་འགྱུར་བ་ཧ་ཅང་ཆེན་པོ་ཞིག་མ་སོང་གི་བར་དུ། རང་བཙན་དང་རང་སྐྱོང་གཉིས་ཕར་བཞག ལྷ་ས་གྲོང་ཁྱེར་གྱི་ས་ཆ་ཆུང་ཆུང་དེ་ཙམ་ཞིག་ཀྱང་བདག་ཅག་ལ་རྩ་བ་ནས་སྤྲོད་ཀྱི་མ་རེད། སྤྲད་ཀྱང་ཡུན་རིང་གནས་ཀྱི་མ་རེད། ནམ་རྒྱ་ནག་དམར་པོའི་གཞུང་འདི་འཐོར་བ་ན། དེ་དུས་རང་བཙན་དང་རང་སྐྱོང་གཉིས་ཀ་ལ་གོ་སྐབས་འདྲ་མཉམ་དུ་ཡོད་པ་རེད། གསུངས་པ་ལྟར་ང་ཚོས་ཞུམ་པ་མེད་པའི་སྙིང་སྟོབས་དང་ལྷག་བསམ་རྣམ་དག་གིས་སྔར་ལས་ལྷག་པའི་ཞིབ་འཇུག་དང་། སྔར་ལས་ལྷག་པའི་འཆར་གཞི་དང་། སྔར་ལས་ལྷག་པའི་ཐབས་ཇུས་དང་། སྔར་ལས་ལྷག་པའི་ལས་འགུལ་སྣ་ཚོགས་ཞིག་བོད་འབངས་ཡོངས་ཀྱི་མངོན་འདོད་མ་འགྲུ་བར་དུ་ཕྱོགས་ཀུན་ནས་གཏིང་ཟབ་སྤེལ་དགོས་སོ།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བུ་ཆུང་ལགས་ཀྱིས་གསུངས་པ་དེ་རྒྱུ་མཚན་ལྡན་པ་དང་གནད་ལ་འཁེལ་བ་འདུག་ན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔལ་འབྱོར་ཡར་རྒྱས་ལྡན་པའི་རྒྱལ་ཁབ་ན་བཞུགས་ཡོད་ནའང་བསམ་བློའི་ཤེས་ཚད་ཡར་ཐོན་ཡིན་པའི་ངེས་པ་གང་ཡང་མེད།

    Reply
  3. དབྱངས་བུ། says:
    ལོ་ 15 སྔོན།

    ཐོག་མར་ཡོ་རོབ་ཁུལ་གྱི་བོད་རིགས་གཞོན་ནུའི་ཚོགས་ཆེན་ཐེངས་དང་པོའི་སྐོར་དྲ་ལམ་ནས་མཐོང་བྱུང་བས་དགའ་སྤོབས་ལྡན་པ་ཞིག་རེད་དྲན། འོན་ཀྱང་བརྙན་འཕྲིན་ལམ་ནས་བོད་ཕྲུག་ཚོས་སྤྱི་ནོར་༸གོང་ས་མཆོག་ལ་དྲི་བ་བཏང་པའི་ནང་དོན་དང། བོད་སྐད་ཤོད་སྟངས། བོད་ཀྱི་གནད་དོན་ཐད་གོ་རྟོགས་ཇི་ཡོད་སོགས་ལ་གཞིགས་ན། དུས་རྒྱུན་ནས་བོད་མི་རིགས་ཀྱི་གནས་སྟངས་ཐད་དོ་འཁུར་དེ་ཙམ་མེད་པ་གསལ་པོ་མཚོན་ཐུབ་ཀྱི་འདུག རྒྱུ་མཚན་དང་པོ། ངའི་བསམ་ཚོད་ལ་བྱས་ན་སྤྱི་ནོར་༸གོང་ས་མཆོག་དབུ་བཞུགས་ཐོག་ཚོགས་ཆེན་ལ་སྐད་ཆ་བཤད་དགོས་དུས། ཐོག་མ་ནས་གྲ་སྒྲིག་གང་ལེགས་བྱས་ཡོད་ངེས་ཀྱང། གཞོན་ནུའི་ཚོགས་གཙོ་དང་། དྲི་བ་འདོན་མཁན་རྣམས་ཀྱི་བོད་སྐད་སྐྱོན་སྟངས་ལ་བལྟས་ན་ངོ་མ་ཕྱི་རྒྱལ་མ་མི་རིགས་ཤིག་གིས་བོད་སྐད་ཟླ་བ་ཁ་ཤས་སྦྱངས་པ་དང་ཨ་ན་མ་ན་རེད། རྒྱུ་མཚན་གཉིས་པ། དྲི་བའི་ནང་དོན་ལ་གཞིགས་ན་བོད་ཀྱི་རྩ་དོན་ཐད་གོ་རྟོགས་ཇི་ཙམ་ཡོད་མིན་གསལ་པོ་མཚོན་ཐུབ་ཀྱི་འདུག དེ་ཡང་དུས་རྒྱུན་དུ་སྒོར་མོ་དང་རང་དོན་སྙིང་ལ་བཅངས་པ་དང། ༸གོང་ས་མཆོག་ཕེབས་སྐབས་བོད་དོན་རྩོད་མདོག་བྱེད་པ་ནི་༸༌ཁོང་ལ་དབུ་བསྐོར་ཞུས་པ་ཞིག་མ་ཡིན་ནམ།

    Reply
  4. གཡང་ལགས། says:
    ལོ་ 15 སྔོན།

    བུ་ཆུང་ལགས་ཀྱིས། བཙན་བྱོལ་བོད་མིའི་དམངས་གཙོའི་གནས་སྟངས་དེར་དགོངས་པ་བཞེས་ནས་ལེགས་བཅོས་དགོས་པར་གསུངས་པ་དེ་ཡག་པོ་ཡིན་རུང་། དུས་ཚོད་དང་གནས་སྟངས་ལ་གཟིགས་ན་གལ་ཏེ་བོད་ཀྱི་གནད་དོན་དེ་ཡོང་རྒྱུའི་ལོ་འགའ་ཞིག་ནང་ཐག་མ་ཆོད་ན་དམངས་གཙོ་ཚད་ལྡན་ཞིག་ལས་བོད་མིའི་འཐབ་རྩོད་སྲ་བརྟན་བཟོ་ཐབས་དེ་གལ་ཆེ་བར་མཐོང་། ཅེས་གསུངས་འདུག སྐད་ཆ་འདི་ངས་གོ་བ་ཡག་པོ་ཞིག་ལེན་ཐུབ་མ་སོང་། གུས་པའི་བསམ་ཚུལ་ལྟར་ན་དམངས་གཙོ་ཚད་ལྡན་ཞིག་བཟོ་རྒྱུ་འདི་ནི་བོད་མིའི་འཐབ་རྩོད་སྲ་བརྟན་ཡོང་ཐབས་ལེགས་ཤོས་དེ་ཡིན་པ་དང་། བོད་མིའི་འཐབ་རྩོད་སྣུམ་ཟད་ཀྱི་མར་མེ་ལྟར་མི་འགྱུར་བའི་ཐབས་ལམ་བཟང་ཤོས་དེ་མཐོང་གི་འདུག ད་ལྟ་བཙན་བྱོལ་བོད་གཞུང་ལ་དམངས་གཙོའི་སྤྱི་ཁོག་ཞིག་ཡོད་ཀྱང་ཚད་ལྡན་དམངས་གཙོའི་མགོ་བོ་སྙོབ་པ་ལ་ད་དུང་མི་ཆུང་གཟུགས་ཐུང་ཞིག་རེད། རང་རེ་བོད་པ་རྣམས་ལས་མེད་ནང་གི་ལས་སྐལ་ཅན་འདྲ་བས་ད་ལྟ་ང་ཚོ་ལ་མཁྱེན་རྒྱ་ཡངས་པའི་གོང་ས་མཆོག་ཡོད་པ་རེད། གོང་ས་མཆོག་བཞུགས་པའི་རིང་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་ཡོད་ཀྱང་རུང་མེད་ཀྱང་རུང་བོད་ཕྱི་ནང་གཉིས་ཀྱི་སྟོབས་ཤུགས་ཟླ་འགྲིལ་ཐུབ་པ་དང་། བོད་དོན་གྱི་ལས་འགུལ་འདི་དག་འཛམ་གླིང་འདིར་ཚ་ཚ་འུར་ངང་གནས་ངེས་རེད། ཡིན་ནའང་གོང་ས་མཆོག་བཞུགས་བཞིན་པའི་བསྐལ་པ་བཟང་པོའི་དུས་ཚོད་འདི་བེད་སྤྱད་ནས་ང་ཚོས་དམངས་གཙོ་ཚད་ལྡན་ཞིག་འཛུགས་སྐྲུན་བྱེད་མ་ཐུབ་ན། གོང་ས་མཆོག་མ་བཞུགས་པའི་སྐབས་སུ་ང་ཚོ་བོད་པ་རྣམས་ཀྱི་སྟོབས་ཤུགས་ཀྱི་ཟླ་ཇི་ལྟར་སྒྲིལ། དོན་ཆེན་ཆེ་ཆེ་ཆུང་ཆུང་ལ་ཐག་ཇི་ལྟར་གཅོད། མུ་མཐུད་དཔུང་པ་འཕུར་རེས་བྱེད་ནས་སྡོད་པ་དང་། གྲོས་མ་མཐུན་ན་ཚོགས་གྲལ་ནས་ཐོན་རྒྱུ་ཡིན་ནམ། གལ་ཏེ་ང་ཚོ་ལ་ཚད་ལྡན་དམངས་གཙོ་ཞིག་ཡོད་ན་དཀའ་ངལ་དེ་སེལ་ཐུབ། བོད་དོན་འཐབ་རྩོད་མུ་མཐུད་གནས་ཐུབ། འདི་གཉིས་འགལ་ཟླ་རྩ་བ་ནས་མེད་པ་རེད།

    Reply
  5. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    གཞོན་ནུས་ལས་འགན་གཅིག་ནི། རང་བཙན་དང་འབྲེལ་བའི་ཡིག་ཆ་རྙིང་པ་དང་གསར་པ་ཡོད་ཚད་དབྱིང་ཡིག་སོགས་སྐད་ཡིག་ཆེ་ཁག་ཐོག་ཏུ་བསྒྱུར་ནས་འཛམ་གླིམ་མི་དམངས་ཀྱི་མི་ལམ་དུ་བསྟན་ན་བསམ། དེ་བཞིན་རྩོམ་རིག་གི་མི་ན་གང་མང་ཡོད་པའི་ཚོགས་པ་ཞིག་ཐོག་ནས་བོད་འདི་སྔར་ཡང་རང་བཙན་ཡིན་པ་མ་ཚད་ཕྱིན་ཆད་ལ་ཡང་རང་བཙན་ཡིན་དགོས་པའི་བསམ་ཚུལ་གང་ཡོད་འཛམ་གླིང་གི་སྐད་ཡིག་ཆེ་ཁག་དང་ཚག་པར་ཆེ་ཁག་དེ་བཞིན་དུས་དེབ་ཆེ་ཁག་ཐོག་ཏུ་འགོད་ཐུབ་དགོས། མདོར་ན་རྒྱ་ནག་གིས་ལོག་བཤད་ལ་ཁ་ཐད་ཀྱི་ལས་འགུར་དེ་འདྲ་ཤིག་དུས་ལ་བབ་པ་རེད། མི་ཁ་ཤས་ཀྱི་རྩོམ་རིག་གི་ལས་འགུལ་མ་གཏོགས་མེད་པ་འདི་ནི་བོད་མི་རིགས་ཀྱི་ནང་ལ་ཤེས་ཡོན་གྱི་མི་སྣ་ཉིན་ཁར་གྱི་སྐར་མ་ཙམ་ལས་མེད་པར་མངོན།

    Reply
  6. ལྷུན་འགྲུབ་། says:
    ལོ་ 15 སྔོན།

    ངའི་བསམ་པར། གཞོན་ནུ་ཚོགས་པ་འདི་ནི་བོད་ཀྱི་གནད་དོན་ནང་དུ་གལ་གནད་ཆེ་བའི་ཚོགས་པ་ཞིག་རེད་ལ། འདས་པའི་དུས་ཚོད་ནང་བོད་ཀྱི་རྩ་དོན་ཐད་ཕན་ཐོག་ཡང་ཆེན་པོ་བྱུང་ཡོད། འོང་ཀྱང་དེང་སྐབས་ལས་འགུལ་སྤེལ་སྟངས་དང་ཚོགས་མིའི་ནང་གི་མཐུན་ལམ་སོགས་གོད་ཆགས་འགྲོ་བཞིན་མེད་ན་སྙམས།

    Reply
  7. yontne says:
    ལོ་ 15 སྔོན།

    བུ་ཆུང་ཚེ་རིང་ལགས་ཀྱིས་གནད་ལ་འཁེལ་བ་ཞིག་གསུངས་འདུགའོན་ཀྱང་ཡོ་རོབ་གཞོན་ནུས་བོད་མི་རིགས་ཀྱི་འཐབ་བརྩོད་ཀྱི་ཁ་ཕྱོགས་ལ་སྣེ་འཁྲིད་ཐུབ་མིན་དེ་ནི་གནད་དོན་གཞན་ཞིག་རེད། འདིར་ངས་གནད་དོན་གཅིག་གི་ཐད་མདོ་ཙམ་བརྗོད་པར་འདོད། དེ་སྔོན་དང་མི་འདྲ་བར་བོད་རིགས་མི་ཉུང་བ་ཞིག་ནུབ་གླིང་ས་ཕྱོགས་མི་ཉུང་བ་ཞིག་གི་ནང་གནས་སྡོད་བྱེད་ཀྱི་ཡོད་པ་མ་ཟད་དེ་དག་གི་ཁྲོད་ནས་བོད་རིགས་མི་ཉུང་བ་ཞིག་རང་ཉིད་གནས་ཡུལ་གྱི་རྒྱལ་ཁབ་དེ་དང་དེའི་སྤྱི་འབངས་ཆགས་ཡོད་པ་རེད། སྤྱི་འབངས་ཀྱི་ཐོབ་ཐང་ཡོད་པ་དེས་གོ་སྐབས་གསར་པ་ཞིག་སྤྲོད་ཀྱི་ཡོད་པ་ནི་ཡུལ་གྲུ་དེ་དང་དེའི་ཆབ་སྲིད་ཀྱི་དཀྱིལ་འཁོར་དང་ལས་རིགས་ཀྱི་ཁྱབ་ཁོངས་སྣ་ཚོགས་ནང་འཛུལ་ཞུགས་བྱེད་ཆོག་གི་ཡོད་པ་རེད། དེར་བརྟེན་ཡོ་རོབ་ནང་འཚོ་གནས་བྱེད་མཁན་མཁན་གྱི་སྤུན་ཟླ་ཙམ་མིན་པར་ནུབ་གླིང་ས་ཆ་གང་སར་འཚོ་བའི་བོད་རིགས་ཚོས་རང་རིགས་ཀྱི་ལས་འཐབ་བརྩོད་ལ་དངོས་ཤུགས་ཕན་འབྲས་འདོན་ཐུབ་པའི་ལས་སྣེ་དང་ཆབ་སྲིད་ནང་ཞུགས་དགོས་པར་སེམས། དེ་ཡང་ཁོ་བོར་བསམ་པར་བོད་རིགས་གཞོན་སྐྱེས་ཚོས་གསར་འགོད་ལས་རིགས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ཀྱི་ནང་ཞུགས་ནས་དེ་དག་བརྒྱུད་ནས་རང་ཉིད་ཀྱིས་བོད་ལ་སྨན་པའི་ནུས་པ་འདོན་དགོས་པར་འདོད། གོ་སྐབས་དེ་ནི་མང་པོ་མིན་ན་ཡང་མེད་པ་མིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese