མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧའོ་ཡའོ་པང་རྗེས་སུ་དྲན་པ། ཚེ་རིང་རྒྱལ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྒྱལ།

ཕྱི་ཟླ་ ༤ ཚེས་ ༡༥ ཉིན་དེ། རྒྱ་ནག་དམར་ཤོག་དྲུང་ཆེ་ཧའོ་ཡའོ་པང་འདས་ནས་ལོ་ ༢༡ འགོར་བའི་དུས་དྲན་ཀྱི་སྐབས་དང་བསྟུན་ནས། སྲིད་བློན་ཝུན་ཇ་པའོ་ཡིས་རྒྱ་ནག་གཞུང་འབྲེལ་གསར་ཤོག་<<མི་དམངས་ཉིན་རེའི་གསར་ཤོག>> ཅེས་པའི་ཐོག་ཁོང་ལ་རྗེས་དྲན་གྱི་རྩོམ་ཡིག་ཅིག་སྤེལ་ཡོད་པ་དང་། རྗེས་དྲན་རྩོམ་ཡིག་དེར་མཚོ་འགག་གཉིས་ཀྱི་རྒྱ་རིགས་མི་མང་ཁྲོད་གླེང་སློང་ཤུགས་ཆེན་འབྱུང་བཞིན་ཡོད།

ཧའོ་ཡའོ་པང་གི་གནད་དོན་དེ་དྲུག་བཞིའི་སློབ་མའི་ཡར་ལངས་དང་འབྲེལ་ནས་ཡོད། དྲུག་བཞིའི་སློབ་མའི་ཡར་ལངས་ནི་ཧའོ་ཡའོ་པང་འདས་རྗེས་སློབ་གྲྭ་ཆེན་མོ་བ་དག་གིས་ཏིན་ཞའོ་ཕིན་གྱིས་ཧའོ་ཡའོ་པང་ལས་གནས་ནས་ཕུད་པར་ཡི་མ་རངས་པར་བྱུང་བ་ཞིག་ཡིན་པ་དང་།  དེ་རྗེས་ཀྲའོ་ཙི་ཡང་གིས་རྒྱལ་ཁབ་ཀྱི་དམག་མིས་སློབ་མར་དྲག་གནོན་བྱ་རྒྱུར་མོས་མཐུན་མ་བྱས་པ་བཅས་ལ་བརྟེན་ནས་བྱུང་བའི་ཆབ་སྲིད་ལམ་ཕྱོགས་ཀྱི་འགལ་བ་ཞིག་རེད།  ད་ལྟ་རྒྱ་ནག་དམར་ཤོག་དྲུང་ཆེ་ཟུར་བ་ཧའོ་ཡའོ་པང་དང་ཀྲའོ་ཙི་ཡང་གཉིས་རྒྱ་ནག་གི་ཆབ་སྲིད་གར་སྟེགས་སྟེང་ནས་སྔ་ཕྱིར་ཡལ་ཟིན་ནའང་། དམར་ཤོག་མགོ་ཁྲིད་འདི་གཉིས་ལ་ཇི་ལྟར་གདེང་འཇོག་བྱེད་མིན་ཐད་ལ་རྒྱ་ནག་དམར་ཤོག་མགོ་ཁྲིད་ཚོའི་ཁྲོད་གཟེད་གྲོལ་དཀའ་བའི་གནད་དོན་ཆེན་པོ་ཞིག་གི་འཐབ་རྩོད་ལྷག་བསྡད་ཡོད་པ་རེད། ཧའོ་ཡའོ་པང་དང་དྲུག་བཞིའི་སློབ་མའི་ཡར་ལངས་ཐད་འབྲེལ་བ་དམ་ཟབ་ཡོད་ནའང་། སྲིད་བློན་ཝུན་ཇ་པའོ་ཡིས་དམར་ཤོག་གཞུང་འབྲེལ་གསར་ཤོག་སྟེང་ཡོངས་ཁྱབ་ཀྱི་རྗེས་དྲན་རྩོམ་ཡིག་ཅིག་སྤེལ་བ་དེས་རྒྱ་ནག་གི་སྤྱི་ཚོགས་སུ་ཕྱོགས་ཡོངས་ནས་དོགས་སློང་དང་དབྱེ་ཞིབ་ཀྱི་སྒོ་མོ་ཞིག་ཕྱེ་ཡོད་འདུག

དེ་སྔའི་རྒྱ་ནག་གསར་སྤེལ་ཁང་གི་གསར་འགོད་པ་ཟུར་བ། ད་ལྟ་པེ་ཅིན་དུ་སྡོད་པའི་རང་དབང་དཔྱད་བརྗོད་པ་ཀོ་ཞན་གྱིས་བརྗོད་དོན། ངས་བསམ་ན་དེ་ནི་ཧའོ་ཡའོ་པང་དཀར་འདོན་བྱ་བའི་ཆེད་དུ་མ་རེད། ཧའོ་ཡའོ་པང་ལ་རྒྱ་ནག་གི་ཤེས་ལྡན་པ་དང་མི་དམངས་ཁྲོད་དུ་བཀུར་བརྩི་ཆེན་པོ་ལྡན་པའི་རྐྱེན་གྱིས། ད་ལྟའི་འགལ་བ་དང་འཐབ་རྩོད་ཀྱིས་ཁེངས་བའི་རྒྱ་ནག་སྤྱི་ཚོགས་དེ་དམར་ཤོག་སྒེར་གཅོད་ལམ་ལུགས་འོག་བརྟན་ལྷིང་ཡོང་ཆེད་རྗེས་དྲན་རྩོམ་ཡིག་སོགས་སྤེལ་ཏེ་དམངས་སེམས་འགུག་ཐབས་ཙམ་ལས་ཅི་ཡང་མ་རེད་ཅེས་བརྗོད་ཡོད།

རྒྱ་ནག་དམར་ཤོག་དྲིལ་བསྒྲགས་ཁང་གི་མགོ་གཙོ་ཟུར་བ་ཀྲུང་ཧྲི་ཀྲང་གིས་ཀྱང་།  དེ་སྔོན་ཧའོ་ཡའོ་པང་གི་དོན་གནད་དང་འབྲེལ་བའི་བགྲོ་གླེང་ཞིག་གི་ཐོག  རྒྱ་ནག་དུ་མོའོ་ཙེ་ཏུང་དང་ཧའོ་ཡའོ་པང་གཉིས་བྱུང་ཡོད་པ་རེད། མའོ་ཙེ་ཏུང་སྙན་གྲགས་བརྩི་མཐོང་ལྡན་ཡང་བྱས་ཉེས་གཉིས་ལྡན་ཞིག་རེད།  ཡིན་ནའང་། ཧའོ་ཡའོ་པང་ནི་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་མགོ་ཁྲིད་ཡག་པོ་ཞིག་རེད། ཧའོ་ཡའོ་པང་དང་ཀྲའོ་ཙི་ཡང་གིས་ཆབ་སྲིད་ལས་འགན་ཁུར་ཏེ་རྒྱ་ནག་རང་དབང་དམངས་གཙོར་སྐུལ་བར་བརྟེན་ནས་ད་ལྟའི་རྒྱ་ནག་གི་འཕེལ་རྒྱས་ཀྱི་རྣམ་པ་འདི་བྱུང་བ་རེད་ཅེས་བརྗོད་ཡོད་པ་རེད།
ཡང་དཔྱད་བརྗོད་པ་རེ་འགས་འདི་ཡིས་རྒྱ་ནག་དམར་ཤོག་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་འགལ་བ་རྣོ་ངར་ཆེ་རུ་འགྲོ་བཞིན་པ་བསྟན་ཡོད་ལ། ཅང་ཙེ་མིན་ཤོག་ཁག་དང་རྒྱལ་སྲས་ཚོགས་པའི་ཤོག་ཁག་གི་སྟོབས་ཤུགས་ཕྱོགས་ཡོང་ནས་ཉམས་རྒུད་དུ་གྱུར་ཏེ་ཝུན་ཤོག་ཁག་གི་ཆབ་སྲིད་དབང་ཤུགས་མངོན་བཞིན་པ་ཡིན་ཚུལ་བརྗོད་ཡོད།

གཞན་རྒྱ་ནག་གི་གསར་འགྱུར་ལས་རིགས་པ་དག་གིས། ཧའོ་ཡའོ་པང་དཀར་འདོན་བྱ་ཐུབ་མིན་གྱི་གླེང་གཞི་ངོ་མ་དེ་ལོ་རྗེས་མའི་ཕྱི་ཟླ་ ༧ པའི་ཚེས་ ༡ ཉིན་དེ་རྒྱ་ནག་དམར་པོའི་ཤོག་ཁག་བཙུགས་ནས་ལོ་ ༩༠ ལོན་པའི་དུས་དྲན་ཚོགས་འདུའི་སྐབས་ཡིན་པ་དང་། དེ་དུས་ཧའོ་ཅིན་ཐའོ་དང་ཝུན་ཇ་པའོ་གཉིས་ཀྱིས་ཇི་ལྟར་ཧའོ་ཡའོ་པང་ལ་གདེང་འཇོག་བྱ་མིན་ལ་ཐུག་ཡོད་ཚུལ་བརྗོད་ཀྱིན་ཡོད།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. karma dorje says:
    ལོ་ 16 སྔོན།

    ཧའོ་ཡའོ་པང་དེ་རྒྱ་ནག་གི་ལས་བྱེད་བདུག་རྩུབ་ཅན་ནང་ནས་དྲང་ཤོས་ཅིག་བྱུང་བ་ཡིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese