མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་རྒྱལ་ནས་མྱ་ངན་བྱེད་དུ་ཡོང་བར་སྣེ་ལེན་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp
 
དེ་རིང་ཕྱི་དྲོར་ཅ་ཆིན་ལེན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་བཤད་འདུག
 
དེ་རིང་ཕྱི་དྲོའི་ཆུ་ཚོད་ ༧ དང་སྐར་མ་ ༣༣ སྟེང་མཚོ་སྔོན་བོད་སྐད་རླུང་འཕྲིན་ཁང་གིས་ཐེངས་འདིར་ཆེད་གཉེས་བྱས་པའི་ ༧་༡ ས་འགུལ་ཞེས་པའི་ཆེད་གཉེར་དྲ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་མགོ་འཛིན་ཅ་ཆིན་ལིན་གྱིས་ཚེས་ ༡༩ ཉིན་མགོ་འཛིན་མཛད་དེ། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བའི་གྲོས་ཚོགས་བསྡུས་ནས། ཚེས་བཅུ་བདུན་ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་བྱས་པ་དང་། ཕྱོགས་སོ་སོའི་ནུས་པ་བཟང་པོར་བཏོན་ནས་མཚོ་སྔོན་ཡུལ་ཤུལ་ས་འགུལ་གྱི་གནོད་སེལ་རྒུད་སྐྱོབ་དང་མཐུན་སྒྲིལ་བརྟན་འཇགས་བྱ་བར་བཀོད་སྒྲིག་བྱས་སྐོར་བཀོད་འདུག
 
གསར་འགྱུར་དེའི་ནང་མུ་མཐུད་དེ་བཀོད་དོན། ཅ་ཆིན་ལིན་གྱིས་འཐབ་ཕྱོགས་གཅིག་གྱུར་གྱི་ས་འགུལ་གནོད་སེལ་རྒུད་སྐྱོབ་ཁྲོད་ཀྱི་ནུས་པ་སྔར་ལས་བཟང་པོར་འདོན་དགོས་ལ། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས། ཆོས་ལུགས་སྡེ་ཁག་བཅས་གནོད་འཚེ་ཐེབས་སའི་རིགས་སོ་སོའི་མང་ཚོགས་དང་དགོན་སྡེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་བཅས་ཀྱི་ཁྲོད་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱེད་དགོས་ཤིང་། འབྲེལ་ཡོད་སྡེ་ཁག་ལ་མཐུན་སྦྱོར་བྱེད་པ་དང་། མང་ཚོགས་དང་དགོན་པ། གྲྭ་བཙུན་དང་ཇོ་མོ་བཅས་རྩ་འཛུགས་བྱས་ཏེ་རྒུད་སྐྱོབ་དང་རང་སྐྱོབ་བྱེད་དགོས་པར་མ་ཟད། གཞན་ལ་རོགས་རམ་བྱེད་དགོས་པ་དང་། ས་ཆ་སོ་སོའི་དགོན་པ་དང་། གྲྭ་བཙུན། ཇོ་མོ་བཅས་ཀྱིས་འདས་པོ་རྣམས་ལ་སྨོན་ལམ་གསུང་བའི་བྱ་འགུལ་སྤེལ་པར་ཁྲིད་སྟོན་བྱེད་དགོས་ཞེས་གསལ་ཡོད།
 
ལྷག་པར་དུ་ཐེངས་འདིར་ཅ་ཆིན་ལེན་གྱིས་བཤད་རྒྱུར། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་ཤིང་། གནོད་སེལ་རྒུད་སྐྱོབ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་མཚམས་སྦྱོར་བྱེད་དགོས་ལ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞེས་གསལ་འདུག
 
ཕྱི་ཚེས་ ༡༧ ཉིན་༧གོང་ས་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ། ཁོང་ཐེངས་འདིའི་ས་ཡོམ་བྱུང་སར་ངོ་བསྐྱོད་གནང་སྟེ། མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ་ཞེས་གསུངས་ཡོད།
ཁོང་གིས་ད་དུང་། ཐེངས་འདིར་དམིགས་བསལ་བོད་རིགས་ཀྱི་ས་ཁུལ་དང་ལྷག་པར་ཞིང་གཤེགས་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ངེད་གཉིས་སྐྱེས་སའི་ཕ་ཡུལ་ཡིན་སྟབས། ས་གནས་ས་ཐོག་གི་རེ་བ་ལྟར་འགྲོ་ཐུབ་ན་བསམ་པའི་རེ་བ་ཡོད་པ་དང་། མི་མང་གི་རེ་འདོད་ལྟར་འགྲོ་ཐུབ་པ་ཡིན་ན། གཞན་སྒྲུབ་མི་ཐུབ་ཀྱང་མི་མང་པོ་ཞིག་གི་སེམས་སུ་སྤོབས་པ་སྐྱེད་པ་དང་སེམས་ཀྱི་སྡུག་བསྔལ་ཆུང་དུ་ཡོང་ཐུབ་པ་ཞིག་བྱ་ཐུབ་ཀྱི་རེད་བསམ་ལ། ང་རང་གིས་ཀྱང་རེ་བ་རྒྱག་གིན་ཡོད། ཅེས་གསུངས་ཡོད།
དེ་བཞིན་དེ་རིང་ཕྱི་དྲོར་ཅ་ཆིན་ལེན་གྱིས་བཤད་པའི་སྐད་ཆ་འདིས་ཕྱི་རྒྱལ་དུ་ཡོད་པའི་བོད་མི་སུ་འདྲ་ཞིག་ཡིན་རུང་། དབྱེ་བཀར་མེད་པར་ཐེངས་འདིར་ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་ས་ཁུལ་དུ་ཡོང་ཆོག་པ་བསྟན་ཡོད་མོད། ཞིབ་ཕྲའི་གནས་ཚུལ་གང་ཡང་གསེད་དཀྲོལ་བྱས་མི་འདུག

འབྲེལ་ཡོད་གསར་འགྱུར།

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༦།༤
Mobile App

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་གྲོས་ཆོད་དོན་ཚན་ ༦ གཏན་འབེབས་བྱུང་།

ཆུ་ཚོད་ ༡༨ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ལྷོ་ཀོ་རི་ཡས་སྲིད་འཛིན་གསར་པ་བདམས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

༧གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བའི་སྩལ་བའི་བཀའ་སློབ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་པར། ༢༠༢༥།༦།༤
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་བའི་ཐོག་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢༠ སྔོན་ལ།
Security personnel keep watch near the portrait of late Chinese Chairman Mao Zedong displayed on the Tiananmen Gate, in Beijing on Tuesday. | REUTERS
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་བར་དམ་དྲག་བྱས།

ཆུ་ཚོད་ ༢༣ སྔོན་ལ།

མཆན། 60

  1. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས la,

    I can understan your feeling.

    In fact,The staff of Tibetan government in exile and library are love India and Indian heroes but they do not like Tibet and Tibetan people in Tibet.

    Reply
  2. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས la,

    I can understan your feeling.

    In fact,The staff of Tibetan government in exile and library are love India and Indian heroes but they do not like Tibet and Tibetan people in Tibet.

    Reply
  3. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས la,

    I can understand your feeling.

    In fact,the staff of Tibetan government in exile and the library are love India and Indian heroes but they do not like Tibet and Tibetan people in Tibet.

    Reply
  4. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    ཁ་བའི་འོད་མདངས la,

    I can understand your feeling.

    In fact, The staff of Tibetan government in exile are love India and Indian heroes but not Tibet and Tibetans in Tibet.

    Reply
  5. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ད་རེས་གོ་སྐབས་དམ་འཛིན་གྱི་༧གོང་ས་མཆོག་བོད་ལ་ཕེབས་ཐུབ་པའི་ཕྱག་ལས་དེ་བོད་གཞུང་དང་སྐུ་སྒེར་གཉིས་ཀྱིས་ཅི་མགྱོགས་གནོང་རོགས་ཞུ་རྒྱུ་ཡིན།ཁོང་ཚོས་བཤད་པ་དེ་བདེན་པ་ཡིན་མིན་བལྟ་ཆོག་གི་རེད།
    སང་ཉིན་མྱ་ངན་ཞུ་ཡག་དེ་འཛམ་གླིང་མི་མང་མདུན་དུ་འཁྲབ་སྟོན་ཞིག་རེད།གང་ལ་ཞེ་ན་༢༠༠༨་ལོ་ངོ་ཚ་བོ་བཟོས་སོང་ཙང་།ད་རེས་གོ་སྐབས་དེ་ལ་རྟེན་ནས་བོད་མི་རིགས་ཁོང་རང་ཚོས་ནོར་བ་མ་གཏོགས་རྒྱ་གཞུང་གི་བོད་མི་རིགས་ལ་བྱམས་དང་སྙིང་རྗེ་ཡོད་མདོག་སྟོན་བྱེད་དུ་རེད།

    Reply
  6. ལུང་རྟོགས། says:
    ལོ་ 15 སྔོན།

    ད་རེས་ངེས་པར་དུ་ཤུག་རྒྱབ་ཏེ་རབ་བྱུང་ན་༸གོང་ས་མཆོག་ཕེབ་ཐུབ་པ་ཞིག་དང་། མ་བྱུང་རུང་སྐུ་ཚབས་ཞིག་ཕེབ་ཐུབ་པ་བྱེད་དགོས་ལ། ཕེབ་མ་ཐུབ་རུང་མ་ཐུབ་པའི་རྒྱུ་མཚན་གསལ་ཁ་ཡོད་པ་ཞིག་བཟོ་དགོས།

    Reply
  7. བློ་བཟང་། says:
    ལོ་ 15 སྔོན།

    རྒྱལ་བ་རིན་པོ་ཆེ་དང་། དེ་མིན་སྐུ་ཚབ་དང་། ཚོགས་སྡེ་ཁག་གི་སྐུ་ཚབ་སོགས་གང་མགྱོགས་བོད་དུ་འགྲོ་རྒྱུའི་རྒྱ་ནག་ལ་འབྲེལ་བ་བྱེད་དགོས། རྒྱ་ནག་གཞུང་གིས་སུ་ཡང་ཡོང་ན་འགྲིག་ཟེར་འདུག

    Reply
  8. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    གླེན་པ་ལུག་གིས། དེ་རིང་ང་། ལས་དོན་ག་གེའི་མོའི་སླད་དུ་གངས་སྐྱིད་དུ་སོང་། ཉོབ་མདངས་ལྷུག་ལྷུག་གི་གཞུང་ཞབས་ཕོ་མོ་ཚོ་མཐོང་བས། ང་སྐྱོ་ཞིང་གདུང་། དེ་ནས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་བཅར། དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་ཚོའི་དགོད་སྒྲ་དང་། མཛུབ་བར་ནས་ཐག་ཐག་ཡར་བའི་གེ་རམ་གྱི་ཁྲོག་སྒྲ། ཧ་ཧ་དང་ཧོ་ཧོའི་དགོད་སྒྲ་དེ་ལས་རེ་བའི་སེམས་པ་རྨེག་མེད་དུ་བཅོམ་སོང་། རོ་ཐོག་རྟ་རྒྱུག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་སོང་། རྡ་རམ་ས་ལ་ན་ཅི་ཞིག་ཡོད་དམ། ༸གོང་ས་མཆོག་བཞུགས་པ་དངོས་གནས་རེད། ཁོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་སྐྱེ་རྒུའི་མི་དམངས་ལ་མཛའ་བརྩེའི་གསུང་འཕྲིན་དང་བསྔོ་སྨོན་གནང་སོང་། ད་དུང་ཐོག་དང་པོར་གོ་སྐབས་བརྩོན་ལེན་གནང་སྟེ། ཕ་ཡུལ་སྐྱེ་རྒུའི་ཡུལ་གྱི་རང་གི་འབངས་མི་ལ་ཐུག་ཏུ་འགྲོ་བར་དྲིལ་བསྒྲགས་སོང་། ༸གོང་ས་ཐམས་ཅད་མཁྱེན་པ་དངོས་གནས་བཞུགས་འདུག
    འོན་ཀྱང་བོད་གཞུང་གི་བཀའ་ཁྲི་མཆོག་ཀྱང་བཞུགས་ཡོད་དམ་མེད། མི་དམངས་སྤྱི་འཐུས་རྣམས་ཀྱང་བཞུགས་ཡོད་དམ་མེད། ཚོར་སྣང་ཅི་ཡང་མ་བྱུང་། གཅིག་བྱས་ན་གསང་བའི་བརྒྱུད་ལམ་རེ་ན་འབད་འབུངས་བྱེད་བཞིན་ཡོད་ལས་ཆེ། ད་ལྟའི་རེ་བ་བཅངས་ཡོད། ཉིན་གུང་གཞུང་ཞབས་ཚོའི་གུང་གསེང་སྐབས་ཀྱང་མཐོང་སོང་། ཚ་གདུག་ཆེ་བས་ཡིན་ནམ། ཚང་མའི་གདོང་ན་གྲིམ་རིག་རིག་གི་རྣམ་འགྱུར་དང་། ལང་ཆོག་ཆོག་གི་སྙིང་སྟོབས་ཟུར་ཙམ་ཡང་མི་འདུག ཚང་མ་ཕག་པ་ལྟར་ཡམ་ཡོམ་ལྷ་ལྷུག་ངང་འགྲོ་བཞིན་འདུག ལས་ཁུངས་ཁག་གི་ར་སྐོར་དང་། གྱང་རྟིང། རྒྱ་ལམ་བཅས་སུ་གད་སྙིགས་དང་ས་རྡུལ་ཕྱུར་བུར་སྤུངས་ཏེ་འདུག ངའི་སེམས་ལ་ཁོང་ཅག་ལ་ཚོར་བ་ཡོད་དམ་སྙམ། ཐེངས་འདིའི་སྐྱེ་རྒུའི་མི་དམངས་ལ་འཕྲད་པའི་གོད་ཆག་ཐད་ཁོ་ཚོར་རྒྱུས་མངའ་ཇི་ལྟར་ཡོད་དམ། བོད་གནས་ཉམས་ཞིབ་ཀྱིས་ཇི་ཞིག་ཉམས་ཞིབ་བྱས་ཡོད་ཨང་སྙམ། གལ་སྲིད་བདུན་ཕྲག་རེ་གཉིས་རྗེས་བོད་གནས་ཉམས་ཞིབ་པ་ཚོར་ཐེངས་འདིའི་གནས་ཚུལ་ཐད་དོན་དངོས་ལ་འབབ་པའི་རྒྱུགས་གཞི་ཞིག་སྤྲད་ན་གང་འདྲ་ཡིན་ནམ། རྒྱ་གཞུང་གིས་ལག་གང་སྔ་བརྩད་ནས་ཚེས་༢༡་ཉིན་སྐྱེ་རྒུའི་མི་དམངས་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཟེར། ང་ཚོའི་སྲིད་གཞུང་འདིའི་ཐད་ཀྱང་རྗེས་སུ་ལུས་སོང་། རང་གི་མི་དམངས་ལ་ད་ལྟའི་དར་སྲོལ་ལྟར་གྱི་མྱ་ངན་ཞུ་བར་རྒྱ་གཞུང་སྔོན་ལ་ཤོར་སོང་བར་ཅི་སྙམ་གྱི་འདུག་གམ། ངའི་གཅེས་ཤིང་བརྩེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་དང་དེའི་གཞུང་ཞབས་པ་ཚོ།
    ད་ལྟ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དགུའི་མི་དམངས་ལ་མྱ་ངན་དང་རྒུད་སྐྱོབས་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་སྤེལ་གྱི་འདུག གསར་འགོད་པ་དག་གངས་སྐྱིད་དཔེ་མཛོད་ཀྱི་སྒོ་འགྲམས་དང་། གསོལ་ཐབས་ཁང་བཅས་སུ་སོང་ནས་ལྟོས་དང་། དེ་གར་གེ་རམ་རྩེ་བཞིན་པའི་གཞུང་ཞབས་པ་ཚོའི་དགོད་སྒྲ་དང་། དཔེ་མཛོད་ལས་བྱེད་ཚོའི་འཛུམ་མདངས་དང་དགོད་སྒྲས་བཀང་ནས་འདུག ཐག་ཉེ་བའི་གསར་འགོད་པ་ཚོ་མྱུར་དུ་རྒྱུགས

    Reply
  9. རྒྱང་རིང་ནས། says:
    ལོ་ 15 སྔོན།

    རྒྱ་ནག་གིས་སྤེལ་བའི་བསྒྲགས་གཏམ་འདིར་ཕྱོགས་གཅིག་ནས་ལྟོས་ན་བཟང་ཕྱོགས་ཞིག་ཡིན་མོད་ དེ་བརྟེན་ང་ཚོའི་ཕྱོགས་ནས་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ ཆོས་སྡེ་ཁག་ ཆོལ་ཁ་གསུམ་གྱི་སྐྱིད་སྡུག་ཁག་ མདོར་ན་ཕྱི་རྒྱལ་དུ་གནས་པའི་གཞུང་དམངས་གཉིས་ཀྱིས་ད་ཐེབབས་གོ་སྐབས་འདི་བརྒྱུད་གཞིས་ལུས་་བོད་མི་རྣམས་བློ་མ་ཕམ་པ་ཞིག་བྱེད་དགོས་པ་ནི་གལ་ཆེ་ནང་གི་གལ་ཆེ་རེད་སྙམ་ གལ་ཏེ་ང་ཚོའི་ཕྱོགས་ནས་མར་མེ་འགའ་སྤར་ནས་གསར་འགོད་ཆུང་ཆུང་རེ་སྤེལནས་གོ་སྐབས་འདི་ཤོར་སོང་ན་་་་་ རྒྱ་ཕྱོགས་ནས་མི་འགྱངས་བ་་་་ང་ཚོས་ཕྱི་སྡོད་སྤུན་ཟླ་རྣམས་ལ་འབོད་སྐུལ་ཞུ་ཡོད་ཀྱང་སླེབས་མ་སོང་ཡིན་ཡང་ང་ཚོས་མེས་རྒྱལངེས་ནས་གང་ནས་ཅི་ལྕོག་གིས་སྔོན་ལས་ལྷག་པའི་འཛུག་བསྐྲུན་བྱེད་ཀྱིན་ཡིན་ཞེས་་་་་་་་གསར་བསྒྲགས་ཟིག་སྤེལ་སོང་ན་གཞིས་ལུས་མི་མང་སེམས་ལ་འཆར་བཞིན་པའི་བཙན་འབྱོར་གཞུང་བོར་སྲིད་ ཕྱོགས་གཅིག་ནས་ལྟོས་ན་གོ་སྐབས་འདི་སྲིད་དོན་ཞིག་ཡིན་པས་ཡུན་རིང་བཞག་མི་སྲིད་ གང་ལྟར་སྲིད་དོན་དང་ཚུལ་མཐུན་གང་ཡིན་ཀྱང་ང་ཚོ་ལ་དགོས་ ང་ཚོས་གཅེས་འཛིན་གནང་དགོས་ ང་ཚོས་ཤོར་མི་རུང་ངོ་།།

    Reply
  10. ཨརྱ། says:
    ལོ་ 15 སྔོན།

    འགྲོ་ང་ཚོ་ཚང་མ་རྒྱ་ནག་གཞུང་ཚབ་ཁང་ལ་འགྲོ དང་བོ་ཐག་ཉེ་ཚོ་སོང་ལ་ཁ་མིན་དོན་ལ་གནས་མིན་ལྟོས་ཤིག གལ་སྲིད་དོན་ངོ་མ་ཡིན་ན་ང་ཚོ་མཉམ་ལངས་བྱས་ཏེ་འགྲོ ཆབ་སྲིད་ཙམ་མིན་པར་རོགས་རེམ་ངོ་མ་བྱེད་དུ་འགྲོ ང་ཚོས་ཀྱང་མ་གོ་བའི་སྐད་ཆ་རེད་ལ་སྐྱེ་དགུ་མདོའི་མི་མང་ལའང་ང་ཚོར་བརྩེ་བ་དང་ཡིད་ཆེས་ཡོད་ངེས།

    Reply
  11. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    དུས་བབ་ཚང་ལ་རེ་བསྐུལ་ཞུ་རྒྱུར།
    དྲ་ལམ་དུ་བསམ་འཆར་རམ་རིག་པ་འདོན་མཁན་ཨ་བཀྲ་ཤིས་ལགས་ཀྱི་བྲིས་པའི་དོན་ཚན་ཁག་དང་ཁོ་བོས་བྲིས་བཀོད་བྱས་པ་གཉིས་དྲ་གོྲགས་ཙམ་མ་ཡིནཔར་དམངས་ཚོགས་ཀྱིས་གསལ་པོ་ཤེས་ཐབས་ཆེད་དགོངས་བཞེས་ངེས་པར་དུ་གནོངས་རོགས་ཞུ་རྒྱུ་ཡིན།

    Reply
  12. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    ཆབ་སྲིད་ཟེར་བས་ག་དུས་ཡིན་ཡང་གོ་སྐབས་དང་ཁ་གཡར་ས་ཤིག་རྙེད་རྒྱུ་གལ་ཆེན་དང་མེད་དུ་མི་་རུང་བ་ཞིག་ཡིན། མིའི་རིགས་ཀྱིས་འཇིག་རྟེན་འདི་ནས་ཡོད་ཚད་ཆབ་སྲིད་ལ་བློས་འགེབས་བྱེད་པ་དེ་ཕྱོགས་གཉིས་ནས་ཁས་ལེན་མེད་པའི་བརྡ་རྟགས་ཤིག་ཡིན། ཞེས་གྷི་རིག་གི་ཚན་ཉིད་རིག་པས་གསུངས་མྱོང་ཡོད་པ་དང་། འོན་ཀྱང་ང་ཚོས་གོ་སྐབས་ཤིག་རྙེད་ཅི་ཐུབ་བྱ་རྒྱུ་གལ་ཆེན་པོ་རེད། གོ་སྐབས་ནི་ནམ་ཡང་ཐེངས་གཅིག་མ་གཏོགས་ཐེངས་གཉིས་ཐོབ་པར་བར་ཆད་ཤིན་ཏུ་ཆེ་བ་དང་། རྐྱེན་འདིས་ང་ཚོས་གཅིག་ནས་བོད་མི་རིགས་ཀྱི་འདས་པོ་རྣམས་ལ་སེམས་གསོ་མཚོན་བྱེད་གཅིག་དང་། གཉིས་ནས་ཕན་ཚུན་གྱི་སེམས་པར་ཡིད་ཆེས་བྱེད་སྟངས་ཀྱི་ཐབས་ལམ་ཡང་རེད། གསུམ་ནས་མི་རིགས་བར་གྱི་བརྩེ་སེམས་མཚོན་པ་བྱས་ཏེ་བོད་མི་རིགས་འདི་ནམ་ཡིན་ཡང་བྱང་སེམས་ཀྱི་བདག་པོ་གཅིག་ཡིན་པ་འཛམ་གླིང་ཡོངས་སུ་གསལ་བཤད་བྱ་ཐུབ་པ་དང་། འདིས་འོ་སྐོལ་བོད་མི་རིགས་ཀྱི་འབུར་དུ་ཐོན་པའི་རིག་གཞུང་དེ་ལག་ལེན་བྱས་པ་མཚོན་པ་མ་ཟད། བོད་མི་རིགས་ཀྱི་གཟི་བརྗིད་ཞིག་ཀྱང་རེད། རྒྱ་བོད་གཉིས་ཞི་འགྲིག་གི་གོ་སྐབས་ཤིག་ཐོབ་པར་ཡག་རྟགས་རེད་མ་གཏོགས། ཆབ་སྲིད་ཀྱི་གཡོ་ཇུས་འཁྲབ་པ་མཐོང་གི་མི་འདུག
    གལ་སྲིད་༧གོང་ས་མཆོག་ཕེབས་པར་རྒྱ་གཞུང་གིས་ངོས་ལེན་བྱས་ཚེ་ང་ཚོའི་ཕྱོགས་ནས་ཆབ་སྲིད་ལས་འགུལ་མི་སྤེལ་རྒྱུ་ཁས་ལེན་བྱ་ཆོག་པ་དང་། འདས་པོ་ཚོའི་རྗེས་ལ་མྱ་ངན་ཞུ་བ་ལས་མི་རིགས་བར་གྱི་གནད་དོན་དེ་ས་ཡོམ་ལ་ཁ་གཡར་ཏེ་ངོ་རྒོལ་བྱ་སྲིད་དམ། ལས་སྟངས་དེ་ཡིས་ལོ་རྒྱུས་ལ་ནག་ཐིག་བཟོས་པ་མ་རེད་དམ།

    Reply
  13. ཁ་སྒང་བ། says:
    ལོ་ 15 སྔོན།

    དེ་དང་དེས་མཚོན་པའི་ཁ་ཞེ་མི་མཚུངས་པའི་བྱེད་སྟངས་མང་བོ་ཞིག་རིམ་པར་འབྱུང་གིན་ཡོད་ན།རྒྱ་ནག་གི་དཔོན་རིགས་ཤིག་གིས་སྐད་ཆ་ཙམ་ལ་དེ་འདྲའི་ཆ་འཇོག་དང་ཡིད་ཆེས་རྩ་བ་ནས་བྱེད་ཐབས་མེད།
    གོང་གསལ་དེ་འོད་ཟེར་གྱི་དྲ་རྒྱ་ལས་བཤུས།

    Reply
  14. ཁ་སྒང་བ། says:
    ལོ་ 15 སྔོན།

    འདིར་གཞིགས་དང་།རྒྱ་ནག་གི་ཁ་ཞེ་མཐུན་པའི་ལས་ཤིག་བྱ་སྲིད་དམ།
    (来自玉树】紧急:20日,喇嘛被逐。政府统战部门要求正在救灾的各地喇嘛返回,严厉地说“你们什么样的事情都做了,太过分了,现在立即返回各自所在地方,否则会有麻烦。”有干部对喇嘛透露,已有维稳军队集结玉树.

    Reply
  15. རྒྱལ་བསྟན། says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མས་གསུངས་པ་དེ་ལ་རྒྱབ་སྐྱོར་ཡོད།
    ཕྱི་སྡོད་བོད་མི་ཚོས་ལས་འགུལ་ངེས་པར་དུ་སྤེལ་དགོས་ངེས་རེད།
    ལྷག་པར་གནོད་འཚེ་ཕོག་ཡུལ་གྱི་ཡུལ་མི་ཚོས་སྲིད་དོན་རྣམ་པ་མེད་པའི་ཐོག་
    ཆོས་ཕྱོགས་ཁོ་ནའི་ཆེད་དུ་༸གོང་ས་མཆོག་གདན་འདྲེན་ཞུ་དགོས་པའི་སྙན་ཞུ་རྒྱ་ནག་གཞུང་ལ་ངེས་པར་མང་ཙམ་འབུལ་དགོས་པ་གནད་འགག་ཆེན་པོ་རེད་སམ། དེ་ལ་ཉན་ཁ་ཡོད་ལ་དགོས་པ་ཡང་ཆེན་པོ་ཡོད།
    ཚང་མས་བསམ་ཚུལ་ག་རེ་ཡོད་ནའི་གསུང་དང་། བོད་མིའི་ལ་རྒྱ་སྤེལ་བར་འབད་བརྩོན་གནང་དང་།

    Reply
  16. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ད་རེས་རྒྱ་ནག་གི་ཆབ་སྲིད་ཅུའུ་རྒྱུན་ལས་ཨོ་ཡོན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་འཛིན་ཅ་ཆིན་ལིན་གྱིས་བཤད་པ་དེར་ཡིད་ཆེས་ཅུང་ཟད་སྟེར་ཆོག་སྙམ།་གང་ལགས་ཤེ་ན།་གྲངས་ཉུང་མི་རིགས་ཤིག་ལ་རང་འབྱུང་ཁམས་ཀྱི་གནོད་འཚེ་ཐེབས་པའི་མི་ཤི་རྐྱེན་ཆག་གི་དཀའ་ངལ་འོག་ནས་ཁོ་པས་འགན་འཁུར་བའི་སྐད་ཆ་ཞིག་ལས་ཆབ་སྲིད་དང་འབྲེལ་བའི་སྐད་ཆ་ཞིག་གཏན་ནས་མ་རེད་སྙམ་བཞིན་ཡོད།༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་ས་འགུལ་གནོད་ཐེབས་ཕོག་ཡུལ་རང་དུ་ཆིབས་བསྒྱུར་གནང་འདོད་ཀྱི་ཐུགས་འདུན་ཤུགས་ཆེན་པོ་གནང་བ་དེ་ཡང་ཆབ་སྲིད་དང་འབྲེལ་བ་རྩ་ནས་མེད་པར་ས་གནས་ས་ཐོག་གི་ཤུལ་ལུས་བོད་མི་རྣམས་ལ་ཐུགས་གསོའི་འཚམས་གཟིགས་གནང་རྒྱུ་ཁོ་ན་ཙམ་རེད།་དེར་བརྟེན་ང་ཚོས་རྐྱེན་ངན་གྲོགས་ཤར་གྱི་གོ་སྐབས་འདི་ཉིད་མ་ཤོར་བའི་ཐོག་ནས་གནད་ལ་འཁེལ་བའི་ལས་འགུལ་སྣ་ཚོགས་ཤིག་བརྩམ་དགོས་ཀྱི་འདུག
    ད་ལེན་གོ་སྐབས་འདིའི་ཐོག་ནས་༸གོང་ས་མཆོག་བོད་དུ་ཕེབས་ཐུབ་པ་ཞིག་འབྱུང་མ་ཐུབ་ན།་ངས་ནམ་ཡང་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་མཆོག་བོད་དུ་ཕེབས་ཐུབ་རྒྱུའི་གོ་སྐབས་མེད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།་དེ་དག་ནི་ངས་༸གོང་ས་མཆོག་གི་སྐུ་ནའི་བབས་དང་རྒྱ་ནག་གི་གཡོ་ཇུས།་་སྤྱིའི་གནས་བབ་བཅས་ཀྱི་ཐོག་ནས་བཤད་ཀྱིན་ཡོད་པ་ལས་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་གང་ཡང་མིན།ངས་དེ་སྔར་བཤད་ཟིན་པ་ལྟར་ཡུལ་ཤུལ་བོད་མི་གཙོ་བོར་གྱུར་པའི་བོད་མདོ་དབུས་ཁམས་གསུམ་ནས་རྒྱ་ནག་གཞུང་ལ་འདིའི་ཐོག་རེ་འབོད་ཀྱི་ཞུ་ཡིག་གཅིག་རྗེས་གཉིས་མཐུད་ཕུལ་བ་དང།་ཞུ་གཏུག་བྱེད་པ།་རྔམ་སྟོན་ཁྲོམ་སྐོར་བྱེད་རྒྱུ་སོགས་ལས་འགུལ་སྣ་ཚོགས་པ་ཞིག་ཚ་ཚ་འུར་འུར་ངང་སྤེལ་དགོས་ལ།་ཕྱོགས་མཚུངས་བཙན་བྱོལ་བ་ཚོས་ཀྱང་མཎི་བགྲང་བ་དང་སྡུག་སྐད་བཤད་ནས་བསྡད་རྒྱུ་ཙམ་མ་ཡིན་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་མི་སྣ་ཡོད་དོ་ཅོག་ལ་འབད་སྐུལ་ཞུ་ཡིག་ཕུལ་བ་དང་།་ལྷག་པར་དུ་ཆབ་སྲིད་ཀྱི་ཚིག་གཅིག་ཀྱང་མེད་པར་༸གོང་ས་མཆོག་བོད་དུ་ཕེབས་དགོས།་་ས་ཡོམ་གྱི་གནོད་འཚེ་སེལ་དགོས།་་ཡུལ་ཤུལ་མི་དམངས་སེམས་པ་མ་སྐྱོ།་ང་ཚོ་ཁྱེད་ཀྱི་ཕྱོགས་སུ་ལངས་ཡོད།་ཅེས་སོགས་འཁོད་པའི་ཕྲེད་དར་འཕྱར་ནས་འཛམ་གླིང་ཡུལ་གྲུ་ཀུན་ཏུ་རྔམ་སྟོན་ཁྲོམ་བསྒྲགས་བྱེད་རྒྱུ་སོགས་བོད་མིའི་ངོས་ནས་བྱེད་སྒོ་ཁག་ཆད་ལུས་མེད་པ་ཞིག་གནང་དགོས་པའི་སེམས་ཚོར་ཆེན་པོ་ཞིག་སྐྱེ་བཞིནའདུག་འདི་ལ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་ཁག་ཡོངས་ནས་ནུས་ཤུགས་ཇི་ཡོད་ཕྱོགས་གཅིག་ཏུ་སྤུངས་ནས་ལས་འགུལ་རྒྱུན་མ་ཆད་པར་སྤེལ་རོགས་གནོངས་ཞུ་རྒྱུ་ཡིན།་་་་་་་་་་་་་དྲ་གོྲགས་ཚོས་ཀྱང་འདི་ལ་མུ་མཐུན་ཡོད་ན་རྒྱབ་སྐྱོར་གྱི་རྩོམ་ཐུང་འགའ་འདོན་སྤེལ་ཡོང་བའི་རེ་བ་ཡོད།

    Reply
  17. བཀྲ་ཤིས། says:
    ལོ་ 15 སྔོན།

    ངས་རེ་བ་ཞུ་རྒྱུ་ལ་དེ་རིང་གོ་སྐབས་དེ་ལ་རྒྱལ་སྤྱའི་ནང་གི་རྩོམ་པ་པོ་དང་། ལྷག་བསམ་ཅན་ཚོས་ངེས་པར་དུ་བསམ་གཞིགས་བྱས་ཏེ་དཀའ་ངལ་དངོས་སུ་མྱོང་བཞིན་རྒྱ་བོད་མི་རིགས་རྣམས་ལ་དོན་དམ་པའི་ཕན་པ་བསྒྲུབས་ཐུབ་པར་བྱེད་དགོས་པ་མ་ཟད། གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་རེ་བ་ཡོངས་སུ་བསྐང་བ་ལའང་རམ་འདགས་ཞུ་དགོས།

    Reply
  18. རྒྱལ་བསྟན། says:
    ལོ་ 15 སྔོན།

    འདི་ནི་བཟང་ཕྱོགས་ཀྱི་རྣམ་པ་ཞིགརེད། ད་རེད་ངེས་པར་དུ་༸གོང་ས་མཆོག་བོད་ཡུལ་དུ་གདན་འདྲེན་ཞུ་ཐུབ་འབད་བརྩོན་བྱེད་དགོས་ཀྱི་འདུག རང་གཞུང་ངོས་ཀྱང་གང་མགྱོགས་འདིའི་ཐོག་ཤུགས་རྒྱབ་རོགས་གནོངས། ད་བར་བོད་གཞུང་ངོས་ནས་གོ་རྒྱུ་ཚོར་རྒྱུ་མེད་འདུག་པས། དེར་བློ་ཕམ་ཆེན་པོ་བྱུང་།

    Reply
  19. གནམ་ལྕགས། says:
    ལོ་ 15 སྔོན།

    ཕེབས་ཐུབ་མིན་གཙོ་བོ་མ་རེད། ང་ཕེབས་ཀྱི་ཡིན་ཟེར་མཁན་གྱི་བླ་ཆེན་ཞིག་ཡོད་ན་ཡག་གི་རེད།

    Reply
  20. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ཁོང་རྣམ་པའི་གཟིགས་ཞིབ་གནང་པར་་་་་་་་་་་་་་་་་་་ཞེས་བཅོས་

    Reply
  21. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ནད་པས་གསུངས་པ་བདེན་ཁ་འདུག
    ང་ཚོའི་དགག་ཕྱོགས་རྐྱང་རྐྱང་མི་བཤད་པར་བསྒྲིབ་ཕྱོགས་ཀྱི་དགེ་མཚན་རེད་གསུངས་ན་རེད

    ཁོང་རྣམ་པའི་གསིགས་རྟོགས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན

    Reply
  22. ནད་པ says:
    ལོ་ 15 སྔོན།

    ད་རེས་རང་བྱུང་ས་འགུལ་གྱི་གནོད་འཚེ་ཐེབས་སའི་ཁུལ་དུ་རྒྱ་ནག་གཞུང་གི་སྲིད་བློན་དང་། སྲིད་འཛིན་སོགས་ཆེས་མཐོའི་དབུ་འཁྲིད་ཚོས་དངོས་སུ་གཟིགས་ཞིབ་གནང་བ་དང་སྤྲགས་ཕྱོགས་གང་སར་འདས་སོན་ཡོངས་ལ་ཐུགས་འཁུར་དང་རོགས་རམ་ཆེ་བཞེས་གནང་བར་དེར་ང་ཚོས་སྙིང་དབུས་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་དགོས།

    ད་དུང་ཕྱི་རྒྱལ་དང་། ཚོགས་སྡེ། མི་དམངས། མི་སྒེར་སོགས་ཀུན་གྱིས་དུང་སེམས་མཉམ་བསྐྱེད་གནང་བ་དང་ཆིག་སྒྲིལ་གྱི་རོགས་འདེགས་གནང་བཞིན་ཡོད་པར་ཚང་མར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    རྒྱ་ནག་སྲིད་གྲོས་ཀྱི་ཀྲུའུ་ཞི་ཇ་ཆིན་ལིན་གྱིས་ཕྱི་རྒྱལ་དུ་བཞུགས་པའི་བོད་རིགས་སྤུན་ཟླ་སུ་ཞིག་གིས་དུང་སེམས་མཉམ་བསྐྱེད་དང་ཞལ་འདེབས་སོགས་གནང་ཆེད་བོད་དུ་ཕེབས་ན་གཞུང་ཚབ་ཁང་ནས་སྣེ་ལེན་ཞུ་དགོས་པའི་གསལ་བསྒྲགས་སྤེལ་བ་དེ་ཧ་ཅང་གྱི་བྱ་བ་བཟང་པོ་ཞིག་རེད།

    དེར་བརྟེན་ང་ཚོ་རྒྱ་བོད་མི་རིགས་གཉིས་ཀས་དུང་སེམས་མཉམ་བསྐྱེད་དང་འབྲེལ་ཆིག་སྒྲིལ་གྱི་གོང་བུ་གཅིག་ཏུ་སྤྲེལ་ཏེ་ད་རེས་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཀའ་དྲིན་ཞབས་སོར་ཅི་ནས་འཁོད་ཐུབ་པའི་ཆེད་རྒྱ་བོད་གཉིས་ཀས་བསམ་གཞིགས་ནན་མོ་ཞིག་གནང་ཐུབ་རྒྱུའི་རེ་བ་ཆེན་པོ་ལྡན་ཡོད།

    དེ་ནི་རྒྱ་ནག་དབུས་གཞུང་དང་། རྒྱ་ནག་མི་དམངས། བོད་རིགས་མི་དམངས་བཅས་ཚང་མར་ཐུན་མོང་དུ་དབང་བའི་ཕན་ཐོགས་དང་ཆེས་རླབས་ཆེ་བའི་བྱ་བའང་བཟང་པོ་རེད།

    Reply
  23. བཤད་སྒྲུབ says:
    ལོ་ 15 སྔོན།

    ཅ་ཆིན་ལིན་གྱི་སྐད་ཆ་འདི་སེམས་གཏིང་ནས་བཤད་པའི་སྐད་ཆ་ཡིན་མིན་གང་ལྟར་ཡང་ང་ཚོས་གོ་སྐབས་འདིར་དམ་འཛིན་བྱེད་དེ་༧གོང་ས་མཆོག་མཁྱེན་ཁྱེད་མྱུར་དུ་བོད་ལ་ཕེབས་ཐུབ་པའི་རེ་བ་རྒྱབ་དགོས། ཡིན་ཡང་གནས་ལུགས་འདི་ནི་རྒྱ་ནག་གི་ཕྱོགས་ནས་མཁན་ལེན་བྱེད་དཀའ་བས་བོད་རིགས་རྣམས་ནས་རེ་བ་དེ་ཙམ་ཆེན་པོ་རྒྱབ་རིན་མེད་པ་ལྟར་བུ་སྣང་། གནས་སྟངས་དེས་ཁོང་གི་སྐུ་ཚབ་སུ་འོས་མིན་ཐད་དྲ་གྲོགས་མང་པོ་ཞིག་གི་བསམ་ཚུལ་གསལ་སྟོན་བྱེད་པར་རྒྱུ་མཚན་མེད་པ་མ་རེད་སྙམ། ངས་ལྟས་ན་བོད་ཀྱི་བླ་ཆེན་ཞིག་ལས་ད་ལྟའི་བཀའ་ཁྲི་ཕེབས་ཐུབ་ན་ཆོས་སྲིད་གཉིས་ཀའི་ཐད་དགོས་པ་དང་རྒྱུ་མཚན་ལྡན་པ་མཐོང་། ད་འདྲ་མ་བྱུང་ན་སྐུ་ཚབ་དེ་གོང་མ་རིན་པོ་ཆེ་དང་རྒྱལ་བ་ཀརྨ་པ་ཆེན་པོ། ཡོངས་འཛིན་གླིང་རིན་པོ་ཆེ་། སོགས་ཕེབས་ཐུབ་ན་བསམ།

    Reply
  24. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    འདི་ནི་གནད་འགག་གི་དུས་སྐབས་ཞིག་ཡིན་པས་༧གོང་ས་མཆོག་ཕེབས་མ་ཐུབ་ནའང་བོད་ཀྱི་བླ་ཆེན་ཞིག་གམ་ཟམ་གདོང་ངམ་རྒྱ་རི་ལྟ་བུ་ཕེབས་ཐུབ་ན་ཡག་ས་རེད། གང་ལྟར་གོ་སྐབས་འདི་ཤོར་ཉེན་གི་མ་རེད་སྙམ།

    Reply
  25. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    འདི་ནི་གནད་འགག་གི་དུས་སྐབས་ཞིག་ཡིན་པས་༧གོང་ས་མཆོག་ཕེབས་མ་ཐུབ་ནའང་བོད་ཀྱི་བླ་ཆེན་ཞིག་གམ་ཟམ་གདོང་ངམ་རྒྱ་རི་ལྟ་བུ་ཕེབས་ཐུབ་ན་ཡག་ས་རེད། གང་ལྟར་གོ་སྐབས་འདི་ཤོར་ཉེན་གི་མ་རེད་སྙམ།

    Reply
  26. ནགས་མེ། says:
    ལོ་ 15 སྔོན།

    འདི་བཟང་ཕྱོགས་ཀྱི་བརྡ་ལན་དུ་འདུག་པས། གོ་སྐབས་གཏན་ནས་འཆོར་མི་ཉན། བོད་གཞུང་གིས་རིག་པ་ཡོད་ཚད་སྒྲིམ་དགོས།

    Reply
  27. བཀྲ་ཤིས། says:
    ལོ་ 15 སྔོན།

    ཕྱི་རྒྱལ་དུ་ཡོད་པའི་གཞུང་ཚབ་ཁང་དེ་ཚོས་སྣེ་ལེན་བྱེད་དགོས་ཟེར་བ་ག་རེ་ཡིན་ངས་་ཧ་གོ་མ་སོང་།
    ཡིན་ནའང་གོ་སྐབས་འདི་དམ་འཛིན་བྱེད་པའི་དུས་ལ་བབས་འདུག

    Reply
  28. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    Actually I have already gotten visa for Tibet ywo days ago.Therefore,you guys also do not miss this opportunities.

    Reply
  29. karma dorje says:
    ལོ་ 15 སྔོན།

    ཕ་མེས་སྤྲེལ་རྒན་བྲག་སྲིན་མི་འདྲའི་སྤྲེལ་དྲུག་དྲུག །
    མིའུ་གདུང་དྲུག་རིགས་རུས་འདྲ་བ་ཕྱོགས་འཚམས་གྱེས། །
    གཡུང་དྲུང་བོན་དང་ནང་ཆོས་བོད་སྐད་མ་བརླགས་པར། །
    གཞིས་བྱེས་གཅིག་མཐུན་གཅིག་གིས་གཅིག་ལ་སྐྱོབས་རན་འདུག །

    Reply
  30. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    བོད་མི་མང་པོ་རྩ་འཛུགས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་ལ་ཐོ་འགོད་དུ་འགྲོ་རྒྱུ་འདི་གལ་ཆེན་པོ་རེད། འགྲོ་དུས་རྣམ་འགྱུར་ཡག་དགོས། སྐད་ཆ་བཤད་སྟངས་ཤེས་དགོས། གོ་སྐབས་འདི་འཆོར་མི་རུང་།

    Reply
  31. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྒྱ་ནག་གི་ཅི་བཤད་ལ་ཉན་རྒྱུ་གང་ན་ཡོད། ༸གོང་ས་མཆོག་དང་ཀརྨ་པ་ཞིག་ཕེ

    Reply
  32. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    རྒྱ་ནག་གི་ཅི་བཤད་ལ་ཉན་རྒྱུ་གང་ན་ཡོད། ༸གོང་ས་མཆོག་དང་ཀརྨ་པ་ཞིག་ཕེབས་རྒྱུར་ཞོགས་བླ་ཆེན་ཞིག་ཀྱང་ཁག་པོ ཐ་ན་ང་ལྟ་བུའི་མི་དཀྱུས་མ་ཞིག་ཀྱང་གཏོང་རྒྱུའི་ཡིད་ཆེས་མེད། ཁོང་ཚོས་འཛམ་ཐོག་འགྲོ་བ་མིའི་ཐོག་ཐང་ཡོད་མདོག་གི་གསལ་བསྒྲགས་ལྟ་བུ་རེད། ལན་ལེན་ལ་ཐུག་དུས་དགག་གི་རེད།
    གོང་དུ་རེ་ཟུང་གིས་བླ་ཆེན་ཞིང་དང་རེ་ཟུང་གིས་ཟམ་གདོང་བཏང་ན་ཟེར་གྱི་འདུག གཏོང་རྒྱུའི་རེ་བ་མི་འདུག ཟམ་གདོང་ལས་ང་བཏང་ན་ཡག་པོ་འདུག་་་གང་ཡིན་ཞེ་ན་་་ངས་ཁམས་སྐད་དང་ཨམ་སྐད་རྒྱ་སྐད་སོགས་གོ་བས་ས་ཆོད་འདྲ་ས་མ་རེད།
    གང་ལྟར་གཞུང་ངོས་གོ་ཆོད་པ་ཞིག་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་རེད།

    Reply
  33. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 15 སྔོན།

    ད་ཐེངས་ཀྱི་རྒྱ་ནག་ཕྱོགས་ཀྱི་བརྡ་ལན་འདི་ངེས་པར་ང་ཚོར་གོ་སྐབས་དང་རེ་བ་ཆེན་པོ་ཞིག་རེད། གོ་སྐབས་འདི་དམ་འཛིན་གྱིས་རྒྱལ་བ་རིན་པོ་ཆེ་གནོད་འཚེ་ཕོག་པའི་ས་ཁུལ་དུ་ཕེབས་ཐུབ་རྒྱུར་ནུས་ཤུགས་ཡོད་དགུ་བཏོན་དགོས། གལ་ཏེ་དེ་ལྟར་མ་བྱུང་ན་ཡང་༸གོང་ས་མཆོག་གི་ཆེས་མཐོའི་སྐུ་ཚབ་ཅིག་འགྲོ་དགོས་ལ་དེ་ནི་ཕྱོགས་ཡོངས་ནས་དང་གཞི་བྱེས་དང་ཆོས་ལུས་རིས་སུ་མ་ཆད་པས་ཡིད་མོས་བྱ་ཐུབ་པའི་སྐུ་ཚབ་དེ་གོང་མ་རིན་པོ་ཆེ་རེད། དེ་དང་མཉམ་དུ་ཁྲ་འགུ་མཁན་ཆེན་ཀྱང་ཕེབས་པའི་འོས་བབས་ཆེན་པོ་ཡོད། རྒྱལ་བ་ཀརྨ་པ་ཆེན་པོ་ཡང་འོས་བབས་མེད་པ་ནི་ག་ལ་ཡིན། གང་ལྟར་འདིའི་ཆེད་དུ་བོད་ཀྱི་བླ་ཆེན་ཁག་དང་ཆབ་སྲིད་ཀྱི་བཀའ་སྤྱི་གཉིས་ཀྱི་ཛ་དྲག་གྱི་ལྷན་ཚོགས་འཚོགས་དགོས་པ་དང་། དེ་ཡང་ཉི་མ་གཅིག་དང་ཆུ་ཚོད་གཅིག་ལའང་ཕྱིར་འགྱངས་བྱེད་མི་རུང། ཨོྂ་མ་ཎི་༷པདྨེ་ཧཱུྂ་གང་མགྱོགས་ཅིག་གནང་རོགས། ཡར་མར་མང་པོ་མ་བཤད་པར་འཕྲལ་ཐག་ཆོད་པོས་ལས་ཀ་ཞིག་གནང་རོགས། མི་རེ་རེ་ནས་ཀྱང་ཚ་ཚ་འུར་འུར་གནང་རོགས། དེ་དང་ཆབ་བཅིག་གཏན་བརླིངས་བབས་གསུམ་ལྡན་པ་ཞིག་ཀྱང་མ་བརྗེད་རོགས། སྔོན་པཎ་ཆེན་རིན་པོ་ཆེ་གྲོངས་སྐབས་ཀྱང་༸གོང་ས་མཆོག་ལ་ཕེབས་པའི་ཆོག་མཆན་ནི་ཕུལ་བ་རེད། ཚང་མས་ཤུགས་ཤིག་རྒྱོབས་དང་།

    Reply
  34. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ཕྱི་ཕྱོགས་སུ་བཞུགས་པའི་རང་རིགས་སྤུན་ཟླ་རྣམས་པའི་སྐུ་ཚབ་ཞིག་གནོད་སྐྱོན་ཐེབས་ཡུལ་དུ་གཏོང་ཐུབ་ན་ཡག་པོ་འདུག ད་ལྟའི་གནས་བབས་ལ་བལྟས་ན་སྐུ་ཚབ་དེ་ཡང་བླ་ཆེན་ཞིག་འོས་བབ་འདུག ཁོ་བོས་བསམ་ན་༸ཀརྨ་པ་ཉིད་འཚམས་པོ་འདུག

    Reply
  35. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    སྐད་ཆ་འདི་ཅ་ཆིན་ལིན་སོགས་རྒྱ་དམར་གྱི་དབང་འཛིན་དག་གི་སེམས་གཏིང་གི་སྐད་ཆ་ཞིག་ཡིན་མིན་བཤད་ཚོད་དཀའ་ཡང་གཞི་ལུས་མི་མང་མགོ་སྐོར་གཏོང་བའི་གཡོ་འཇུས་ཞིག་ཡིན་པ་གསལ་པོ་རེད། འོན་ཀྱང་ང་ཚོའི་ངོས་ནས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་དག་གི་གོ་སྒྲིགས་འོག་མི་འགྲོ་ཏན་འབེབས་བྱས་ནས་རྒྱ་གཞུང་གི་གཞུང་ཚབ་དག་ལ་རེ་བསྐུལ་གྱི་གནོད་འཚེ་ཕོགས་ཡུལ་དུ་རོགས་སྐྱོབས་གཏོང་རྒྱུའི་མཐོང་མཆན་ངེས་པར་ཞུ་དགོས། ཁོ་ཚོས་གཞུང་ཚབ་ཀྱིས་གང་ཟེར་བ་གསལ་བསྒྲགས་ཤུགས་ཆེན་བྱ་དགོས་པ་ཡིན།

    Reply
  36. འབྲི་རུ་བཟང་མཚོ says:
    ལོ་ 15 སྔོན།

    ད་ཡིན་ན་གོ་སྐབས་དམ་འཛིན་བྱེད་ཏེ།    ང་ཅག་གངས་ཅན་པ་རྣམས་ཀྱི་འདི་ཕྱིས་སྐྱབས་གནས་དམ་པ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་་ངེས་པར་དུ་ཕེབས་ཐུབ་པ་བྱེད་དགོས།  བོད་མི་ཡོངས་གྱི་མགོན་སྐྱབས་གཅིག་པུ་ཡངདེ་ཡིན་ལ།  རེ་བ་ཞུ་ས་ཡང་དེ་ཡིན་༧གོང་ས་མཆོག་མཁྱེན་ཁྱེད་མྱུར་དུ་བོད་ལ་ཕེབས་ཐོབས་པར་ཤོག་

    Reply
  37. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་ཤིང་། གནོད་སེལ་རྒུད་སྐྱོབ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་མཚམས་སྦྱོར་བྱེད་དགོས་ལ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན།

    སྤུན་ཟླ་ཚོ། རྒྱ་རྒན་འདིས་སྐད་ཆ་ལ་ཞིབ་དུ་བརྟག་ནས་སྐད་ཆ་ཤོད། གོང་བཀོད་ཀྱིས་འདིའི་ནང་དོན་ལ་ཞིབ་དུ་བརྟག་པར་གྱིས་ཤིག

    Reply
  38. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    ཅ་ཆིན་ལིན་གྱི་སྐད་ཆ་འདི་སེམས་གཏིང་ནས་བཤད་པའི་སྐད་ཆ་ཡིན་མིན་གང་ལྟར་ཡང་། གོང་ས་མཆོག་གི་གསར་འགོད་གསལ་བསྒྲགས་དེའི་རྗེས་སུ་འདི་འདྲ་ཞིག་བཤད་པར་གོ་རྒྱུ་དང་བསམ་རྒྱུ་གཉིས་ཀ་འདུག་སྙམ། ད་ང་ཚོས་གོ་སྐབས་ངམ་འཛིན་གྱིས་༧གོང་ས་མཆོག་གདན་འདྲེན་བྱེད་མ་ཐུབ་ཀྱང་། བོད་རིགས་མང་ཙམ་རྩ་འཛུགས་ཀྱིས་གཞིས་ལུས་བོད་མིའི་མདུན་སར་འགྲོ་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་རེད་ལ། རྒྱ་ནག་གཞུང་དང་མི་མང་གི་རོགས་སྐྱོར་དེ་ཇི་འདྲ་ཞིག་ཡིན་རུང་ང་ཚོའི་ངོས་ནས་དེར་བཀའ་དྲིན་ཆེ་ཞུ་བའི་རྣམ་འགྱུར་གསལ་བོ་ཞིག་སྟོན་དགོས། དེ་ནི་བོད་རྒྱ་མི་རིགས་གཉིས་དབར་གྱི་འབྱུང་འགྱུར་ལ་རག་ལས་པ་ཞིག་རེད།
    ཐེངས་འདིའི་གོད་ཆགས་ཁྲོད་བོར་སོང་བའི་སྤུན་ཟླ་རྣམ་གྱི་རྣམ་ཤེས་རང་དབང་ལྡན་པའི་འབྱུང་འགྱུར་གྱི་བོད་དུ་སྐྱེས་པར་ཤོག

    Reply
  39. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ར་རྒྱ་བློ་དབང་གི་གསུངས་པ་དེ་ལ་རྒྱུ་མཚན་འདུག ས་སྐྱ་གོང་མ་དང་། ཁྲ་འགུ་རིན་པོ་ཅེ་གཉིས་ཕེབས་དགོས་པ་རེད། གོད་ཆག་ཕོག་ཡུལ་གྱི་དགོན་པ་ཆེ་ཤོས་གཉིས་དེ་གཅིག་ས་སྐྱ་རེད། གཅིག་ཁྲ་འགུ་དགོན་པ་རེད། དེ་རྒྱུ་མཙན་འདུག

    Reply
  40. མི་རྐང་གླིང་བུ། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་ཕེབས་ཐུབ་པར་གྲ་སྒྲིག་བྱེད་དགོས། གལ་སྲིད་མ་ཐུབ་ཚེ་མི་གོ་ཆོད་པ་ཞིག་འགྲོ་དགོས་པ་རེད། ཟམ་གདོང་གཅིག་འགྲོ་ན་ག་འདྲ་འདུག
    གཅིག་ནས་བོད་ཀྱི་ནང་དུ་ཁོང་ལ་མཐོང་ཆེན་པོ་ཡོད་རེད།
    གཉིས་ནས་བླ་མ་ཞིག་རེད། བོད་པ་ཚོ་དགའ་ནི་རེད།
    གསུམ་ནས་སྨྲ་བརྗོད་མཁས་པ་རེད། ཁམས་སྐད་ཀྱང་གསལ་པོ་བཤད་ཤེས་ནི་རེད།

    Reply
  41. karma dorje says:
    ལོ་ 15 སྔོན།

    སྤྱིར་བཏང་འཛམ་གླིང་སྲོལ་ལུགས་ལྟར་བྱས་ན། གསར་འགྱུར་ནང་ལ་དཔར་རིས་འགོད་འོས་པ་དང་། མི་འོས་པ་གཉིས་ཡོད་དགོས་སྙམ།

    Reply
  42. karma dorje says:
    ལོ་ 15 སྔོན།

    ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱིས་རྒྱ་མིས་སྔར་བྱས་ནག་ཉེས་ལ་འཁོན་འཛིན་བཞག་ནས། མ་འོངས་ཕུགས་རྒྱང་རིང་པོའི་བསམ་ཞིབ་ཀྱིས། བོད་རྒྱའི་དམ་ཚིག་སྔར་ལྷག་ཉམས་པ་སོར་ཆུད་ལ་འབད་དགོས་པ་ནི། ད་ལྟའི་ཁ་ཡོད་ལག་ཡོད་ཀྱི་ཆབ་སྲིད་ལ་ཕན་པའི་གཉིས་སྨན་དགོས་མཁོ་ཞིག་རེད་སྙམ་བགྱིད་འདུག བོད་རྒྱའི་དམ་ཚིག་འོ་ཆུ་འདྲེས་འགྱུར་ཅིག

    Reply
  43. ཁྲི་གཡུང་དྲུང་། says:
    ལོ་ 15 སྔོན།

    ད་ཡིན་ན་གོ་སྐབས་དམ་འཛིན་བྱེད་དགོས་རེད།
    གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་དང་གང་ཡིན་རུང་སོ་སོའི་ཁེ་ཕན་དང་སྙན་གྲགས་ལ་མ་དམིགས་པར་༧གོང་ས་སྐྱབས་མགོན་གཙོས་བླ་ཆེན་ཁག་བོད་དུ་གདན་འདྲེན་ཞུ་རྒྱུ་ལ་ཤུགས་རྒྱགས་དགོས་རན་རེད།
    དངོས་གནས་ཅ་ཆིན་ལེན་གྱི་སྐད་ཆ་བདེན་པ་ཡིན་མིན་ལ་ཚོད་བལྟ་ཞིག་ཀྱང་བྱེད་ན་འགྲིག དེ་ཡང་གོ་སྐབས་ཤིག་རེད།

    Reply
  44. karma dorje says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གིས། ་་་་་་་་་ངེད་གཉིས་སྐྱེས་སའི་ཕ་ཡུལ་ཡིན་སྟབས། ས་གནས་ས་ཐོག་གི་རེ་བ་ལྟར་འགྲོ་ཐུབ་ན་བསམ་པའི་རེ་བ་ཡོད་པ་དང་། མི་མང་གི་རེ་འདོད་ལྟར་འགྲོ་ཐུབ་པ་ཡིན་ན། ་་་་་གསུངས་པ་དང་།
    ཅ་ཆིན་ལེན་གྱིས། ་་་་་་་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་་་་་་་། ་་་་གསུངས་པ་འདི་གཉིས་ལག་ལེན་དུ་འཁེལ་པ་ཡིན་ན། བོད་རང་བཙན་ནམ་ཁ་བྲལ་བཞག་ནས་གཉིས་སྨན་དབུ་མའི་ལམ་ལ་ཤུགས་ལ་ངོས་ལེན་བྱེད་འགོ་འཚུགས་པ་ཞིག་ལ་ངོས་ལེན་བྱེད་མི་ཆོག་གམ།

    Reply
  45. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    འདི་ནི་གཏམ་བཟང་ཞིག་རེད། རྐྱེན་ངན་གྲོགས་སུ་འགྱུར་བར་རེ་བ་ཡོད། གོ་སྐབས་འདི་གཞུང་མང་གཉིས་ནས་དམ་འཛིན་གནང་དགོས་པ་རེད།

    Reply
  46. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    འདི་ནི་རྒྱ་ནག་གི་གཡོ་སྒྱུ་འཁྲབ་སྟངས་ཤིག་རེད། མིག་སྔའི་གུད་སྐྱོབ་ཀྱི་གནས་ཚུལ་ལ་བལྟས་ཡོང་ཚེ་ད་ཐེངས་ཁོ་ཚོའི་ཕྱོགས་ལ་དགེ་ཁ་དེ་མི་ཐོབ་པ་ཐག་གིས་ཆོད་ཚར་བས། ཐབས་བཀོད་འདི་འདྲ་ཞིག་འཐེན་དེ་གྲྭ་བ་སོགས་བོད་མིའི་གུད་སྐྱོབ་ཀྱི་བྱས་རྗེས་འཕྲོག་རྩིས་བྱེད་པ་རེད། མ་ཟད་འདི་ལྟར་འཛམ་བུ་གླིང་ལ་ཡང་འཁྲབ་སྟོན་སྙིང་རྗེ་བོ་ཞིག་བྱ་འདོད་ཡོད་པ་རེད།

    Reply
  47. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    གོ་སྐབས་འདི་བརྒྱུད་ནས་༧གོང་ས་མཆོག་གཙོའིརིས་མེད་ཀྱི་བླ་ཆེན་འགའ་བོད་དུ་གདན་འདྲེན་ཞུ་རྒྱུ་ཧ་ཅང་གལ་ཆེན་རེད། དང་པོ་སྒེར་ཚོགས་ཚོས་ཞལ་འདེབས་སློང་རྒྱུ་གཙོ་བོར་མི་བྱེད་པར་༧གོང་ས་མཆོག་བོད་དུ་ཕེབས་དགོས་པའི་རེ་འདུན་ཐད་ཤུགས་རྒྱག་རན་འདུག ཚོགས་པ་ཆེ་ཆུང་ཚོ་མྱུར་ཏུ་ཤོག

    Reply
  48. དབྱངས་བུ། says:
    ལོ་ 15 སྔོན།

    གོ་སྐབས་དམ་འཛིན་གྱིས་མགོན་པོ་གང་ཉིད་ཞབས་སོར་བདེ་བར་འཁོད་ཐུབ་པའི་སྨོན་འདུན་གྲངས་མེད་འདེབས་བཞིན་མཆིས་

    Reply
  49. རྭ་རྒྱ་བློ་དབང་། says:
    ལོ་ 15 སྔོན།

    ༸གོང་ས་མཆོག་གཙོ་བོར་མཛད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་གྱི་འཐུས་ཚབ་ཚོགས་པ་ཞིག་བསྔོ་སྨོན་གནང་གི་ཕེབས་ཐུབ་པར་འབད་བརྩོན་བྱེད་དགོས། འཐུས་འཚབ་དེའི་ནང་ས་སྐྱ་གོང་མ་རིན་པོ་ཆེ་དང་། ཁྲ་འགུ་རིན་པོ་ཆེ་གཉིས་ནི་༸གོང་ས་མཆོག་གི་འཁོར་དུ་ཕེབས་ཐུབ་ན་ཅི་མ་རུང་སྙམ་གྱི་འདུག

    Reply
  50. སྐྱེས་སར་ཀླུ་སྒྲུབ། says:
    ལོ་ 15 སྔོན།

    ཐེངས་འདིའི་གདུང་སེམས་མཉམ་བསྐྱེད་ཀྱི་གོ་སྐབས་འདིར་༸གོང་ས་མཆོག་ཕེབས་ཐུབ་མིན་ཤོད་དཀའ་ཡང་། བོད་རིགས་འགའ་རེ་འགྲོ་ཐུབ་ངེས་ལ་སོང་། ཅི་སྟེ་གྲ་སྒྲིག་ཚད་ལྡན་ཡོད་པ་ཞིག་བྱས་ཏེ་ཕེབས་དགོས་པ་ལས། སེམས་ཤུགས་དང་། བྲེལ་འཚུབ་གཉིས་ཀྱི་འཚང་ཀའི་བར་ནས་ཕེབས་མི་རུང་བར། གཞན་ལ་རོགས་རམ་ཐུབ་པ་ཙམ་ཟད། རང་གི་གནས་བབ་ཀྱང་བསྟན་སྲུང་བྱེད་ཐུབ་པ་ཞིག་བྱེད་དགོས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese