མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་གྱིས་མི་ ༢༠༣༩ བསད་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༠
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་རྒུ་མདོའི་ས་ཡོམ་གྱིས་བསད་པའི་གྲངས་འབོར་དེ་ ༢༠༣༩ ལ་བསླེབས་འདུག་ཅེས་ཕྱི་ཚེས་ ༢༠ ཉིན་རྒྱ་གཞུང་གིས་བཤད།

རོའི་ཊར་གསར་ཁང་གིས་པེ་ཅིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་དེ་གཟའ་ཟླ་བའི་ཉིན་ ༡༩༤༤ ཡིན་ལ། གཟའ་མིག་དམར་གྱི་ཞོགས་པར་ཤི་འབོར་དེ་ ༢༠༣༩ ལ་འཕར་ཡོད་པ་དང་། ད་དུང་གར་སོང་ཆ་མེད་དུ་གྱུར་བའི་མིང་གཞུང་དུ་མི་ ༡༩༥ ཡོད་འདུག འདི་ནི་རྒྱ་ནག་གཞུང་གི་གྲངས་ཐོ་རེད།

ས་གནས་བོད་མི་རྣམས་ཀྱིས་ཤི་འབོར་ནི་འདི་ལས་མང་བ་ཡིན་ཚུལ་ཉིན་དང་པོ་ནས་བཤད་ཡོད་ལ། མ་མཐར་ཡང་མི་ཁྲི་གཅིག་ལྷག་བསད་ཡོད་ཚུལ་བཤད་ཀྱིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 14

  1. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    ha ha བོད་ཀྱི་ལྷ་ཀླུ་ཐམས་ཅད་ཀྱང་གང་ཞིག་ལ་བུད་སོང་བ་རེད་ཨང་

    Reply
  2. འཁྲུངས་སྐར། says:
    ལོ་ 16 སྔོན།

    མདོ་ཁམས་སྐྱེ་རྒུ་མདོ་ས་ཡོམ་དོན་ཅན་འདི་འདྲ་ནི་སྔོན་མི་ལོ་བརྒྱ་ཕྲག་དུ་མ་ནང་བྱུང་མ་མྱོང་བ་ཞིག་ཡིན་ཡང་དེ་ཡི་ཆེད་དུ་རོགས་སྐྱོབས་དང་གདུང་སེམས་མཉམ་བསྐྱེད་དེ་ཡང་བོད་གཞི་བྱེས་གཉིས་ཀྱི་སྐྱབས་མགོན་༧རྒྱལ་བ་རིན་པོ་ཆེ་དང་དཔལ་ས་སྐྱ་༧གོང་མ་ཁྲི་འཛིན་མཆོག དཔལ་༧རྒྱལ་བ་ཀརྨ་པ་མཆོག་གཙོས་པའི་ཆོས་ལུགས་ཡོངས་རྫོགས་ཀྱི་བླ་ཆེན་རྣམས་པ་དང་དེ་བཞིན་འཛམ་གླིང་གང་སར་གནས་པའི་བོད་རིགས་ཡོངས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པ་འདི་ནི་མ་འོང་པ་ལོ་ངོ་བརྒྱ་ཕྲག་དུ་མ་ལ་བཞག་པའི་མིང་དོན་མཚུངས་པའི་རྡོག་རྩ་གཅིག་བསྒྲིལ་ཞུ་བ་འདི་ཡིན་པའི་འདས་གྲོང་སུ་བྱུང་བ་རྣམས་དོན་ལྡན་དུ་འགྱུར་ཡོད་ལ་ཤུལ་ལུས་རྣམས་བདག་པོ་བ་ཞིག་ཡོད་པའི་སྤོབས་པ་སྐྱེས་བའི་རེ་བ་གཙང་མ་ཡོད། བོད་རྩམ་ཟས་ཡོད་ཚད་སམ་ཡང་ན་གུས་པའི་རེ་བསྐུལ་འདི་ཐོས་པ་རྣམས་ནས་ཤི་བོ་ཆེད་དུ་མ་ཎི་གྲངས་བཅུ་རེ་དང་ཤུལ་ལུས་རྣམས་པའི་ཆེད་དུ་སོ་སོ་གནས་ཡུལ་ནས་སྒོར་བཅུ་རེ་ཞལ་འདེབས་ཕུལ་རོགས་ཞུ།།

    Reply
  3. ཁ་བའི་འོད་མདངས། says:
    ལོ་ 16 སྔོན།

    གླེན་པ་ལུག་གིས། དེ་རིང་ང་། ལས་དོན་ག་གེའི་མོའི་སླད་དུ་གངས་སྐྱིད་དུ་སོང་། ཉོབ་མདངས་ལྷུག་ལྷུག་གི་གཞུང་ཞབས་ཕོ་མོ་ཚོ་མཐོང་བས། ང་སྐྱོ་ཞིང་གདུང་། དེ་ནས་དཔེ་མཛོད་ཁང་གི་ཉེ་འཁྲིས་སུ་བཅར། དཔེ་མཛོད་འགན་འཛིན་གཙོས་པའི་ལས་བྱེད་ཚོའི་དགོད་སྒྲ་དང་། མཛུབ་བར་ནས་ཐག་ཐག་ཡར་བའི་གེ་རམ་གྱི་ཁྲོག་སྒྲ། ཧ་ཧ་དང་ཧོ་ཧོའི་དགོད་སྒྲ་དེ་ལས་རེ་བའི་སེམས་པ་རྨེག་མེད་དུ་བཅོམ་སོང་། རོ་ཐོག་རྟ་རྒྱུག་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་སོང་། རྡ་རམ་ས་ལ་ན་ཅི་ཞིག་ཡོད་དམ། ༸གོང་ས་མཆོག་བཞུགས་པ་དངོས་གནས་རེད། ཁོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་སྐྱེ་རྒུའི་མི་དམངས་ལ་མཛའ་བརྩེའི་གསུང་འཕྲིན་དང་བསྔོ་སྨོན་གནང་སོང་། ད་དུང་ཐོག་དང་པོར་གོ་སྐབས་བརྩོན་ལེན་གནང་སྟེ། ཕ་ཡུལ་སྐྱེ་རྒུའི་ཡུལ་གྱི་རང་གི་འབངས་མི་ལ་ཐུག་ཏུ་འགྲོ་བར་དྲིལ་བསྒྲགས་སོང་། ༸གོང་ས་ཐམས་ཅད་མཁྱེན་པ་དངོས་གནས་བཞུགས་འདུག
    འོན་ཀྱང་བོད་གཞུང་གི་བཀའ་ཁྲི་མཆོག་ཀྱང་བཞུགས་ཡོད་དམ་མེད། མི་དམངས་སྤྱི་འཐུས་རྣམས་ཀྱང་བཞུགས་ཡོད་དམ་མེད། ཚོར་སྣང་ཅི་ཡང་མ་བྱུང་། གཅིག་བྱས་ན་གསང་བའི་བརྒྱུད་ལམ་རེ་ན་འབད་འབུངས་བྱེད་བཞིན་ཡོད་ལས་ཆེ། ད་ལྟའི་རེ་བ་བཅངས་ཡོད། ཉིན་གུང་གཞུང་ཞབས་ཚོའི་གུང་གསེང་སྐབས་ཀྱང་མཐོང་སོང་། ཚ་གདུག་ཆེ་བས་ཡིན་ནམ། ཚང་མའི་གདོང་ན་གྲིམ་རིག་རིག་གི་རྣམ་འགྱུར་དང་། ལང་ཆོག་ཆོག་གི་སྙིང་སྟོབས་ཟུར་ཙམ་ཡང་མི་འདུག ཚང་མ་ཕག་པ་ལྟར་ཡམ་ཡོམ་ལྷ་ལྷུག་ངང་འགྲོ་བཞིན་འདུག ལས་ཁུངས་ཁག་གི་ར་སྐོར་དང་། གྱང་རྟིང། རྒྱ་ལམ་བཅས་སུ་གད་སྙིགས་དང་ས་རྡུལ་ཕྱུར་བུར་སྤུངས་ཏེ་འདུག ངའི་སེམས་ལ་ཁོང་ཅག་ལ་ཚོར་བ་ཡོད་དམ་སྙམ། ཐེངས་འདིའི་སྐྱེ་རྒུའི་མི་དམངས་ལ་འཕྲད་པའི་གོད་ཆག་ཐད་ཁོ་ཚོར་རྒྱུས་མངའ་ཇི་ལྟར་ཡོད་དམ། བོད་གནས་ཉམས་ཞིབ་ཀྱིས་ཇི་ཞིག་ཉམས་ཞིབ་བྱས་ཡོད་ཨང་སྙམ། གལ་སྲིད་བདུན་ཕྲག་རེ་གཉིས་རྗེས་བོད་གནས་ཉམས་ཞིབ་པ་ཚོར་ཐེངས་འདིའི་གནས་ཚུལ་ཐད་དོན་དངོས་ལ་འབབ་པའི་རྒྱུགས་གཞི་ཞིག་སྤྲད་ན་གང་འདྲ་ཡིན་ནམ། རྒྱ་གཞུང་གིས་ལག་གང་སྔ་བརྩད་ནས་ཚེས་༢༡་ཉིན་སྐྱེ་རྒུའི་མི་དམངས་ལ་རྒྱལ་ཡོངས་ནས་མྱ་ངན་ཞུ་རྒྱུ་ཟེར། ང་ཚོའི་སྲིད་གཞུང་འདིའི་ཐད་ཀྱང་རྗེས་སུ་ལུས་སོང་། རང་གི་མི་དམངས་ལ་ད་ལྟའི་དར་སྲོལ་ལྟར་གྱི་མྱ་ངན་ཞུ་བར་རྒྱ་གཞུང་སྔོན་ལ་ཤོར་སོང་བར་ཅི་སྙམ་གྱི་འདུག་གམ། ངའི་གཅེས་ཤིང་བརྩེ་བའི་གཞུང་ས་དགའ་ལྡན་ཕོ་བྲང་དང་དེའི་གཞུང་ཞབས་པ་ཚོ།
    ད་ལྟ་རྒྱ་ནག་དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་སྐྱེ་དགུའི་མི་དམངས་ལ་མྱ་ངན་དང་རྒུད་སྐྱོབས་ཀྱི་ཞལ་འདེབས་བསྡུ་བའི་བྱ་འགུལ་སྤེལ་གྱི་འདུག གསར་འགོད་པ་དག་གངས་སྐྱིད་དཔེ་མཛོད་ཀྱི་སྒོ་འགྲམས་དང་། གསོལ་ཐབས་ཁང་བཅས་སུ་སོང་ནས་ལྟོས་དང་། དེ་གར་གེ་རམ་རྩེ་བཞིན་པའི་གཞུང་ཞབས་པ་ཚོའི་དགོད་སྒྲ་དང་། དཔེ་མཛོད་ལས་བྱེད་ཚོའི་འཛུམ་མདངས་དང་དགོད་སྒྲས་བཀང་ནས་འདུག ཐག་ཉེ་བའི་གསར་འགོད་པ་ཚོ་མྱུར་དུ་རྒྱུགས

    Reply
  4. goed says:
    ལོ་ 16 སྔོན།

    ༄༄།། གངས་ཅན་བོད་ཀྱི་ཕ་ས། མདོ་ཁམས་སྐྱེ་རྒུ་ལུང་པ།
    རྐྱེན་ངན་འདས་གྲོངས་བྱུང་ཆེ༹། ཨེ་མ་སེམས་པ་སྐྱོ་སོང།།

    Reply
  5. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 16 སྔོན།

    རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་ལས་གསར་དུ་ཐོན་གསལ་ལྟར་ན། ༼ཚེས་༢༠ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་ནས་བཏང་བའི་གསར་འགྱུར་ལྟར་ན། ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠བར་དུ་ཡུལ་ཤུལ་དུ་ས་ཡོམ་བྱུང་ནས་མི་ ༢༠༤༦ ཚེ་ལས་འདས་པ་དང༌། མི་ ༡༩༣ གར་སོང་ཆ་མེད་དུ་གྱུར་བ། མི་ ༡༢༡༣༥ ལ་རྨས་ཕོག་པ་དང༌། དེ་ལས་མི་ ༡༤༣༤ ལ་རྨས་ལྕི་མོ་ཕོག་ཡོད་པ་རེད།༽ ཅེས་བཀོད་འདུག
    http://tibet.people.com.cn/141101/11413506.html

    Reply
  6. རྒྱལ་བསྟན། says:
    ལོ་ 16 སྔོན།

    ལྷ་ཀླུ་གཉན་གསུམ་ ཧ་ཧ་ ཆོས་དད་པ་ཉམས་ཆུང་ཚོ་ལ་ཐུབ་ཚོད་གཏོང་མཁན་ཞིག་ལས་ཆོས་འཇིག་རྟེན་གང་ལ་ཡང་དགོས་པ་ཆེ་བ་མ་མཐོང་། དེ་ལས་འདས་པོ་རྣམས་ཀྱི་ཆེད་དུ་མ་ནི་ཚིག་འགའ་རེ་གྲངས་ན་དགའ།

    Reply
  7. གནམ་ལྕགས། says:
    ལོ་ 16 སྔོན།

    ད་རེའི་གནས་ཚུལ་འདིས་བྱང་ཁོག་སྟོད་ན་སྙིང་ཡོད་མཁན་ཚང་མ་ལ་མིག་ཆུ་འབྱིན་དུ་བཅུག་སོང་།

    Reply
  8. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་ཚོ་ལ་ཁག་འགེལ་ནས་ཅི་ཞིག་ཡོང་།

    ཁོ་བ་ཚོ་ལ་དུས་ཐུང་བའི་འདས་མ་འོང་ཤེས་བའི་ཚོལ་ཤེས་ཏོག་ཙམ་ཞིག་ཡོད་ཆོག་ཀྱང་།
    འགྲོ་བ་མི་ལས་ལྷག་པའི་བློ་གྲོས་དང་ནུས་པ་ཆེན་པོ་ཞིག་མེད་པ་གསལ་བོ་རེད།

    Reply
  9. ནད་པ says:
    ལོ་ 16 སྔོན།

    པདྨ་འདམ་གྱི་མ་འགོས་པར། །སྲིད་གསུམ་དྲི་མས་མ་འགོས་ཤིང་། །
    སྲིད་པའི་པདྨོ་ལས་གྲོལ་མ། །བདེ་བ་ཅན་དུ་སྐྱེ་བར་ཤོག །

    རི་བོ་ཏྰ་ལའི་ཞིང་ཁམས་སུ། །ཡིདམ་ཐུགས་རྗེ་ཆེན་པོ་བཞུགས། །
    སྙིང་རྗེ་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    མངོན་པར་དགའ་བའི་ཞིང་ཁམས་སུ། །རྫོགས་པའི་སངས་རྒྱས་མི་འཁྲུགས་བཞུགས། །ངན་སོང་སྦྱོང་བའི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    ཟམ་མདོག་དཔལ་གྱི་རི་བོ་ལ། །གུ་རུ་པདྨ་འབྱང་གནས་བཞུགས། །
    སྐྱེ་འཆི་སྤངས་པའི་འཁྲུངས་ས་ཡི། །ཞིང་མཅོག་དེ་རུ་སྐྱེ་བར་ཤོག །

    གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །
    ཆགས་སྡང་སྤངས་པའི་འཁྲུངས་ས་ཡི། ། ཞིངང་མཆོག་དེ་རུ་སྐྱེ་བར་ཤོག །

    ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས། །
    བདག་ཉིད་སྤངས་པའི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    དག་པ་མཁའ་སྤྱོད་ཞིང་ཁམས་སུ། །རྡོ་རྗེ་རྣལ་འབྱོར་མ་ཉིད་བཞུགས། །
    འཇའ་ལུས་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    བདེ་བ་ཅན་གྱི་ཞིང་ཁམས་སུ། །སངས་རྒྱས་འོད་དཔག་མེད་པ་བཞུགས། །
    སྣང་བ་མཐའ་ཡས་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    Reply
  10. ནད་པ says:
    ལོ་ 16 སྔོན།

    པདྨ་འདམ་གྱི་མ་འགོས་པར། །སྲིད་གསུམ་དྲི་མས་མ་འགོས་ཤིང་། །
    སྲིད་པའི་པདྨོ་ལས་གྲོལ་མ། །བདེ་བ་ཅན་དུ་སྐྱེ་བར་ཤོག །

    རི་བོ་ཏྰ་ལའི་ཞིང་ཁམས་སུ། །ཡིདམ་ཐུགས་རྗེ་ཆེན་པོ་བཞུགས། །
    སྙིང་རྗེ་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    མངོན་པར་དགའ་བའི་ཞིང་ཁམས་སུ། །རྫོགས་པའི་སངས་རྒྱས་མི་འཁྲུགས་བཞུགས། །ངན་སོང་སྦྱོང་བའི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    ཟམ་མདོག་དཔལ་གྱི་རི་བོ་ལ། །གུ་རུ་པདྨ་འབྱང་གནས་བཞུགས། །
    སྐྱེ་འཆི་སྤངས་པའི་འཁྲུངས་ས་ཡི། །ཞིང་མཅོག་དེ་རུ་སྐྱེ་བར་ཤོག །

    གཡུ་ལོ་བཀོད་པའི་ཞིང་ཁམས་སུ། །རྗེ་བཙུན་འཕགས་མ་སྒྲོལ་མ་བཞུགས། །
    ཆགས་སྡང་སྤངས་པའི་འཁྲུངས་ས་ཡི། ། ཞིངང་མཆོག་དེ་རུ་སྐྱེ་བར་ཤོག །

    ལྷོ་ཕྱོགས་དཔལ་གྱི་རི་བོ་ལ། །སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་བཞུགས། །
    བདག་ཉིད་སྤངས་པའི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    དག་པ་མཁའ་སྤྱོད་ཞིང་ཁམས་སུ། །རྡོ་རྗེ་རྣལ་འབྱོར་མ་ཉིད་བཞུགས། །
    འཇའ་ལུས་ཅན་གྱི་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    བདེ་བ་ཅན་གྱི་ཞིང་ཁམས་སུ། །སངས་རྒྱས་འོད་དཔག་མེད་པ་བཞུགས། །
    སྣང་བ་མཐའ་ཡས་འཁྲུངས་ས་ཡི། །ཞིང་མཆོག་དེ་རུ་སྐྱེ་བར་ཤོག །

    Reply
  11. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མཚོ་སྔོན་བརྙན་འཕྲིན་ཁང་གིས་ཐེངས་འདིར་ལས་ཀ་བྱས་དང་བྱེད་བཞིན་པའི་རྣམ་པ་དེ་དངོས་གནས་ཧ་ལས་པའི་ཚད་དུ་འདུག སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུས་པ་དང་། ད་དུང་གསར་འགོད་པ་ཚེ་སྒྲོན་གྱིས་བྱིས་པ་ཆུང་ཆུང་ཞིག་ལ་བཅར་འདྲི་བྱེད་བཞིན་ཁོ་མོའི་སེམས་ཀྱིས་མ་བཟོད་པར་ངུ་ཤོར་པའི་རྣམ་པ་དེས་ངའང་རང་དབང་མེད་པར་མིག་ཆུ་ཤོར་བར་བཅུག་སོང་། ཁྱེད་བརྙན་འཕྲིན་ཁང་གི་ལས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ། ད་དུང་ཡང་མུ་མཐུད་ནས་དངོས་ཡོད་ལ་གཞོལ་བའི་གནས་ཚུལ་རྣམས་དུས་ཐོག་མཁོ་གཏོང་ཐུབ་པའི་རེ་སྨོན་ཞུ།
    དེ་བཞིན་དུས་བབ་ཚང་ལའང་གནས་ཚུལ་རྣམས་དུས་ཐོག་བཏང་བ་དང་གང་ཐུབ་ཀྱིས་འཚོལ་སྒྲིག་བྱས་ཏེ་ཉིན་མཚན་དབྱེར་དུ་དྲ་ཐོག་ཏུ་བཞག་དང་འཇོག་བཞིན་པར་ཡང་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མདང་དགོང་མཚོ་སྔོན་བརྙན་འཕྲིན་ཁང་ནས་ཀྱང་མི་འདས་གྲངས་༡༠༢༦ལ་སླེབས་འདུག་ཟེར། ད་ནངས་ཞོགས་པར་མེག་ལོར་དུ་བརྙན་འཕྲིན་སྐུད་ལམ་ཆད་འདུག་ནས་ལྟ་མི་ཐུབ་གི
    དྲ་གྲོགས་མི་ཞུན་ལགས། ལྷ་ཀླུ་གཉེན་གསུམ་ཡིད་ལྷ་གཞི་བདག་དེ་ཚོ་ཅི་ཡིན་མིན། ང་བརྒྱད་ལོར་མདོ་སྨད་མགོ་ལོག་ཁུལ་ནས་རྒྱ་དམག་གིས་བོད་མི་ཁྱུ་འདེད་བྱེད་བཞིན་སྡེབས་གསོད་བྱེད་བྱེད་བཞིན་སྐབས་སུ་ཁོ་ཚོ་རང་མགོ་ཐོན་ལ་མ་ཐོན་གྱིས་མི་མ་བྲོས་གོང་ནས་ཁོ་ཚོ་བྲོས་པའི་གཏམ་རྒྱུད་ཉན་སྤྲོ་བ་དག་གྲོགས་མཁན་པོ་བསྟན་སྐྱོང་ལ་བཤད་རྒྱུ་མང་པོ་འདུག ངའི་ཕ་ཡུལ་དུའང་ངའི་ཨ་ཅེའི་མག་པ་ལྷ་བབ་ཅིག་ཡོད་པར་ཡང་གཏམ་རྒྱུད་དགོད་བྲོ་བོ་དེ་འདྲ་བཤད་རྒྱུ་ཡོད། མི་སྡིགས་ལ་ཐུག་དུས་དེ་ཚོས་ཕན་མི་ཐོག་པ་དངོས་ཡོད་གནས་ཚུལ།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལྷ་ཀླུ་གཉན་གསུམ་དང་ཡུལ་ལྷ་གཞི་བདག་ཚོ་ལའང་ས་ཡོམ་གྱི་འཇིགས་པ་འདི་བྱུང་ཡོད་ཀྱི་རེད། ཁོང་ཚོ་གནས་བཅའ་ས་ཡང་རི་ཆུ་ནགས་གསུམ་སོགས་རང་བྱུང་གི་ཁམས་རེད། རང་བྱུང་ཁམས་ཀྱི་གནོད་འཚེ་འདིས་དེ་ལ་གནས་བཅའ་མཁན་ཚང་མར་གནོད་ཀྱི་ཡོད་པ་རེད། ཁོང་ཚོ་ལ་མྱུར་སྐྱོབ་བྱེད་མཁན་ཡང་མེད་པས་ང་ཚོས་མ་མཐར་ཡང་ཁོང་ཚོར་གདུང་སེམས་མཉམ་སྐྱེད་བྱེད་དགོས་པ་རེད།

    Reply
  14. མི་ཞུན། says:
    ལོ་ 16 སྔོན།

    གནམ་རྒན་མ། ཁྱོའི་མིག་ཞར་སོང་བ་ཡིན་ནམ། བལྟས་བལྟས་རིག་རིག་ལ་བོད་མི་དམངས་སྡུག་ལ་སྦྱོར་གྱི་ཡིན་ནམ། བོད་ཀྱི་ལྷ་ཀླུ་ཐམས་ཅད་ཀྱང་གང་ཞིག་ལ་བུད་སོང་བ་རེད་ཨང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese