མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བྱུང་ཁམས་ལ་བཟོད་གསོལ་ཞུ་བ། ཆབ་བྲག་ཕོ་ཉ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཆབ་བྲག་ཕོ་ཉ།

ཀ༽ རང་བྱུང་གི་ཁོར་ཡུག རི་དྭགས་ཀྱི་ཉལ་ས། གཅན་གཟན་གྱི་འདུར་ས། འདབ་ཆགས་ཀྱི་འཕུར་ས། ཉ་ཚོགས་ཀྱི་རྐྱལ་ས། མིའི་རིགས་ཀྱི་འཐབ་ས། ཡོད་ཚད་འཚོ་ས་ཁྱོད་ཡིན་ལ། ཐམས་ཅད་འཆི་ས་ཡང་ཁྱོད་ཡིན།

ཁ༽རྐང་གཉིས་མི་ཡི་ཧམ་སེམས་ཀྱིས། འཇམ་རླུང་དྭངས་མོར་དུག་རླངས་བསྲེས། གཙང་ཆབ་སྔོན་མོ་རྫས་ཀྱིས་རྙོག སྔོ་བསངས་ནམ་མཁའ་དུ་བས་བསླད། མ་ཡུམ་ས་གཞིར་རྡོག་བརྫིས་བཏང། རང་བྱུང་ཁམས་ལ་ན་ཚ་ཕོག

ག༽ས་ཆེན་འཇིགས་པའི་འདར་སིག་རེ་རེས། སེམས་ཅན་ཁྲི་སྟོང་ཚེ་སྲོག་འགགས། སྤྲིན་དཀར་གཟེར་ནས་སྐྱུགས་ཐེངས་གཅིག་གིས་ལུང་ཁུག་ཆེན་པོ་ཆུ་ཡིས་བཀྲུས། ཉི་མ་ཚ་བ་འབར་ཐེངས་གཅིག་གིས་རི་ལུང་ཆེན་པོ་ཐན་པས་བསྲེགས། ནམ་མཁའི་སྙིང་རླུང་སྟོད་ལ་འཚངས་ཏེ་ཡོད་ཚད་རླུང་ལ་སྐུར་རྩིས་བྱས།

ང༽ འགའ་རེས་གནས་འགའ་རེར་ཆུ་ལོག་རྒྱུགས་པར་ལྟད་མོ་བལྟས། ལ་ལས་ཕྱོགས་འགར་ཐན་པས་གདུངས་ཀྱང་མི་ཚོར་ལ། ལ་ལ་ཡུལ་འགར་ས་ཡོམ་བརྒྱབ་པར་དགའ་ཡང་མྱོང། ལ་ལས་ད་དུང་དམག་འཁྲུག་སློང་དགོས་ཀྱང་ཟེར། འདི་ལྟར་ཆགས་སྡང་གི་མིག་དབང་ཆེ་ཆུང་འདིས། མང་པོ་ཞིག་ལ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཆུང། མིའི་རིགས་གཅིག་གྱུར་གྱི་བརྩེ་སེམས་ཞན། ང་ཚོའི་སྙིང་རྗེ་དང་ང་ཚོའི་གདུང་སེམས། ང་ཚོའི་བྱམས་བརྩེ་འདི་དག་ནི་ཅི་འདྲའི་ཉམ་ཐག་དང་ཅི་འདྲའི་ཉི་ཚེ་བ་ཞིག་རེད་ཨང།

ཅ༽ཉམ་ཆུང་རི་དྭགས་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་རྩྭ་ས་བརླག་མཁན་ང་ཚོ་ཡིན། གཏུམ་དྲག་གཅན་གཟན་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་ཟས་སྐལ་འཕྲོག་མཁན་ང་ཚོ་ཡིན། གསེར་མིག་ཉ་མོའི་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་གཙང་ཆབ་རྙོག་མཁན་ང་ཚོ་ཡིན། རང་དབང་འདབ་ཆགས་ཚོགས་ལ་དགོངས་དག་ཞུ། ཁྱེད་ཅག་ནམ་མཁའ་བསླད་མཁན་ང་ཚོ་ཡིན།

ཆ༽གནམ་གྱི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་ཕ་ལྟར་བཀུར་ན་བརྩེ་སྐྱོང་མཛོད། ས་ཡི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་མ་ལྟར་བཀུར་ན་བྱམས་སྐྱོང་མཛོད། ཆུ་ཡི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་བདུད་རྩིར་མཆོད་ན་སྐོམ་གདུང་སེལ།  རླུང་གི་ལྷ་ལ་བཟོད་གསོལ་ཞུ། སྔར་བཞིན་རླུང་རྟས་བསུས་ན་མྱུར་སྐྱོབ་མཛོད། ཀྱེ་ཀྱེ། རང་བྱུང་ཁམས་ལ་བཟོད་གསོལ་ཞུ། འབྱུང་བ་སྙོམ་པར་གནས་པའི་སྐྱབས་འཇུག་ཞུའོ།
༢༠༡༠།༤།༢༢

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༥ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 22

  1. karma dorje says:
    ལོ་ 16 སྔོན།

    འབྱུང་བཞིའི་གནོད་འགོགས།

    ས་གཞི་ས་འཁྲེགས་གནས་དགོས་ན། །
    ཉེས་སྡིག་མང་པོ་མ་བསོག་ཅིག། །
    ཆུ་གཙང་དྭངས་གསལ་གནས་དགོས་ན། །
    སྦགས་གཙོག་མང་པོ་མ་བྱེད་ཅིག །

    མེ་ཉིའི་དྲོད་ཚད་རན་དགོས་ན། །
    འདོད་རྔམས་ཚ་དྲོད་མ་སྤོར་ཅིག །
    རླུང་བསིལ་ཡང་གཡོར་གནས་དགོས་ན། །
    ངན་གཙོག་རྡུལ་ངན་མ་སྤེལ་ཅིག །

    ཟས་སྤྱོད་རན་ལ་སྤྱོད་གཙང་སོགས། །
    འགྲོ་འདུག་ཉལ་འཆག་སྤྱོད་པ་བཞིས། །
    ལུས་ཀྱི་འབྱུང་བཞི་མཉམ་འགྱུར་ན། །
    ལུས་བདེ་སེམས་སྐྱིད་མི་ཚེ་སྐྱིད། །

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    ད་ནི་ང་ཡིས་མིག་ཆུ་མི་འདོན། །
    ལས་དབང་གནམ་གྱི་རྒྱལ་མོར་མི་བཅོལ། །
    སེམས་དང་བསམ་པའི་ན་ཟུག་བར་ནས། །
    ཨམ་གཙིགས་སྡོམ་བཞིན་གླུ་ཞིག་ལེན་འདོད། །

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཧཧཧ་་་ཧོ་ཧོ་ཧོ་་་་་རི་བོང་གནམ་རྡིབ་ཀྱི་དཀའ་ངལ་
    དགོས་མེད་ཉོག་གཏམ་གྱི་རྩོད་གླེང་
    གཞི་མེད་བསྙོན་འཛུགས་ཀྱི་གླེང་གཞི་་་་ཧཧཧཧཧཧཧཧཧཧཧཧཧཧཧ

    Reply
  4. གནམ་ལྕགས། says:
    ལོ་ 16 སྔོན།

    དྲ་བདག་ལུང་རིགས་ལགས། ཡིན་དང་ཡིན། བདག་གི་ལྷུག་རྩོམ་དེ་ཉིད་ཀྱིས་གསུང་བ་ལྟར་ཕྱོགས་གང་སར་བཀོད་ཡོད། བསམ་ཚུལ་འགོད་སར་མ་བཞག་པའི་རྒྱུ་མཚན་ལ་ངས་གུས་བཀུར་ཞུ།

    ཨོ་མདོ་ཁང་བ་དང་སྐུ་ཉིད་ཀྱི་ཁ་རྩོད་དེའི་བར་དུ་རང་བཞིན་གྱིས་ལྷུང་སོང་བ་མ་གཏོགས། ངས་ཆེད་དུ་དེ་ལྟར་བྱས་པ་མིན་ཞེས་བཀུར་འོས་དྲ་བདག་ལགས་ལ་ཞུས་པ་ཡིན། རྗེས་མར་ཡང་འདི་དང་འདྲའི་ཕྱོགས་ལ་རང་ཉིད་ཀྱིས་འབད་པས་གཟབ་པར་ཁས་ལེན་བྱས་པ་ཡིན།

    Reply
  5. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། ཉིད་ཀྱི་རྩོམ་ཡིག་དེ་སྤྱིར་བཏང་བསམ་ཚུལ་གྱི་ཁོངས་སུ་བཞག་མ་ཆོག་པ་མི་འདུག་ཀྱང་། གཅིག་ནས། ཁྱེད་ཀྱི་ཟིན་བྲིས་ཀྱི་ནང་དུ་སྤེལ་འདུག གཉིས་ནས། རྩོམ་ཡིག་གཞན་གྱི་མཆན་དུ་བཀོད་འདུག གསུམ་ནས། ཉིད་ཀྱི་རེ་སྐུལ་དེ་ཚིག་རྩོད་ཅིག་དང་མཉམ་དུ་དྲུད་ཡོང་བ་རེད། འགྲན་བཙུགས་པ་འདྲ་བོ་རེད། བརྙས་བརྐོས་པ་འདྲ་བོའང་རེད། དེ་བས་དགོངས་དག ཉིད་ཀྱི་ལྷུག་རྩོམ་དེ་བསམ་ཚུལ་གྱི་ཁོངས་སུ་བཀོད་མེད། ད་བར་དུ་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་སྤུས་ལེགས་དེ་འདྲ་མང་པོ་ཞིག་ཀློག་རྒྱུ་བྱུང་བར་ཐུགས་རྗེ་ཆེ།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མདོ་ཁང་བ་ལགས། ཉིད་ཀྱི་བསམ་ཚུལ་ལ་ཤེས་ཚོད་ནུས་ཚོད་ཀྱི་བརྩི་བཀུར་བྱས་ཡོད། མང་པོ་བཤད་འདོད་མི་འདུག

    Reply
  7. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    བསམ་ཚུལ་འདི་ངས་མ་བཤད་སྔོན་ལ་གནམ་ལྕགས་ཀྱིས་བཤད་ཚར་འདུག ཆབ་བྲག་ཕོ་ཉའི་འཛམ་གླིང་ཉིན་མོའི་ཆེད་དུ་བྲིས་བ་རེད་ཟེར་བའི་ལྷུག་རྩོམ་འདི་བསམ་ཚུལ་གྱི་ཁོངས་སུ་འོས་ཤིང་འཚམས་ན། གནམ་ལྕགས་ལགས་ཀྱིས་སྐྱེ་རྒུ་མདོའི་ས་ཡོམ་སྐོར་ལ་བྲིས་བའི་ལྷུག་རྩོམ་དེ་དེ་བས་ཀྱང་འཇོག་པར་འོས། དུས་བབ་རྩོམ་སྒྲིག་པས་མིག་མ་བཙུམ་པར་གནམ་ལྕགས་ཀྱི་ལྷུག་རྩོམ་དེ་ཡང་བསམ་ཚུལ་གྱི་ཁོངས་སུ་འཇོག་རོགས་གནང་། ངས་ཀྱང་རེ་བ་ཞུ་གི་ཡིན།

    Reply
  8. གནམ་ལྕགས། says:
    ལོ་ 16 སྔོན།

    མི་ནག་ཚང་ལགས། བདག་གིས་ཀྱང་བསམ་ཚུལ་ཡིན་ལ་ལྷུག་རྩོམ་ཡང་ཡིན་པའི་རྩོམ་ཡིག་ཅིག་ཟིན་བྲིས་སུ་བཞག་ཡོད་པ་དེ། འདི་གའི་བསམ་ཚུལ་འགོད་སར་འཇོག་པའི་ཚད་མེད་གཟིགས་རོགས་ཞུ།

    Reply
  9. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    ཆབ་བྲག་ཕོ་ཉའི་ལྷུག་རྩོམ་འདིའི་ཆེད་དུ་བསམ་ཚུལ་མང་པོ་བཤད་རྒྱུའི་དུས་ཚོད་ཡོང་གི་མི་འདུག་ལ་དུས་བབ་རྩོམ་སྒྲིག་པ་དང་མཉམ་དུ་རྩོམ་རིག་གི་སྐོར་ཕྱོགས་རྩོད་འདོད་ཀྱང་མེད། ཟླ་ངོ་འགའི་རྗེས་སུ་དུས་བབ་དྲ་ཚིགས་འདི་ཡང་ལྷུག་རྩོམ་སྙན་ངག་སོགས་སྙན་ངག་གི་ཕ་ས་ཞིག་ཆགས་པའི་སྨོན་ལམ་འདེབས། དུས་བབ་རྩོམ་སྒྲིག་པ་མཆོག་ཀྱང་ཨ་མཆོག་དང་མིག་གཉིས་ཀ་བཙུམས་ནས་བསམ་ཚུལ་འབྲི་མཁན་ཞིག་ཆགས་པར་སྨོན། བདེ་མོ་བྱོས།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ལྷུག་རྩོམ་དང་བསམ་ཚུལ་ཞེས་པ་གཉིས་ལ་གོ་བ་ཇི་ལྟར་བླངས་པ་ཡིན།

    ལྷུག་རྩོམ་གྱི་ནང་དུ་བསམ་ཚུལ་མི་འདུག་ཟེར་གི་ཡོད་དམ། བསམ་ཚུལ་ཞེས་པ་དེ་རྩོམ་ལུས་ཤིག་ལ་གོ་བ་བླངས་པ་ཡིན་ནམ།

    འདི་ལ་འགོད་དགོས་པའི་རྒྱུ་མཚན་གོང་དུ་བཤད་ཟིན། དམིགས་བསལ་གྱིས་བཀོད་པ་ཡིན། མ་གཞི་ནས་དགོངས་ཚུལ་བཏོན་པར་ཐུགས་རྗེ་ཆེ། ཉིད་ཀྱིས་གསུངས་པ་ལྟར། རྗེས་ཕྱོགས་དྲ་ངོས་གཙང་སྦྲའི་ཐད་ལ་ཤུགས་སྣོན་རྒྱག་གི་ཡིན།

    Reply
  11. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    ཁ་སྔོན་དུས་བབ་རྩོམ་སྒྲིག་པས་ཨམ་ཅོག་བཀབ་སྟེ་རྩོད་པར་ཞུགས་པ་ཟེར་བའི་ཟིན་བྲིས་ཞིག་སྤེལ་འདུག དེ་རིང་གི་ལྷུག་རྩོམ་འདི་དུས་བབ་ཚང་གིས་མིག་བཀབ་སྟེ་བསམ་ཚུལ་གྱི་ཁོངས་སུ་བཞག་འདུག

    Reply
  12. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    ངས་ཀྱང་སའི་གོ་ལར་ཉིན་མོར་རང་མོས་སྙན་ངག་ཞིག་བྲིས་ཡོད་པས་ཁྱེད་ཚོར་བསྐུར་ན་བསམ་ཚུལ་གྱི་ཁོངས་སུ་འགོད་ཀྱི་ཡིན་ནམ།
    གཞན་ལ་བཤད་པ་གཅིག་པོ་མིན་པར་ཁྱེད་ཚོས་དྲ་ངོས་ཆུང་ཆུང་འདི་གཙང་སྦྲ་ཡག་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་དེ་ལ་བཤད་པ་ཡིན། བཀྲ་ཤིས་ཀྱིས་གསུངས་བ་ནང་བཞིན་བསམ་ཚུལ་བསམ་ཚུལ་གྱི་ཁོངས་སུ་བཞག་ན་ཕན་པ་ཆེ་མ་གཏོགས་ལྷུག་རྩོམ་ཞིག་འདི་ལ་དྲུད་ཡོང་ནས་ད་དུང་དེས་སྔ་མ་སྐྱོར་ན་སེམས་གཏིང་ནས་བགད་མོ་དགོད་རྒྱུ་ཡོང་གི

    གོ་ན་རྣ་བའི་བདུད་རྩི་བྱས་མི་གོ་ན་གཡུག་ཞོག

    Reply
  13. བཀྲ་ཤིས། says:
    ལོ་ 16 སྔོན།

    བསམ་ཚུལ་ལ་རྫོགས་མཐའ་མེད་པས་ཡོད་བཤད་ས་འདི་མ་ཡིན། དུས་ཚོད་ལ་ཚོད་འཛིན་ཡོང་ཆེད་གནད་ལ་ཁེལ་བའི་དགོངས་ཚུལ་དང་། དུས་དང་མཐུན་པའི་སྐབས་སུ་བབས་པའི་དགོངས་ཚུལ་ཡོད་ན་་ང་ཚོའི་རེ་བ་སྟོང་ཟད་དུ་མི་འགྲོ་བས་ཁ་ནང་་དུཕྱོགས་ནས་ཟིན་བྲིས་ལ་གཟིགས་དང་བསམ་བློ་བ།

    Reply
  14. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མདོ་ཁང་ལགས། ག་དུས་ཡིན་ཡང་དཀའ་རྙོག་ཅིག་གི་ཆ་ཤས་བླངས་ནས་བསྡད་ན་སྐྱིད་པོ་འདུག་གམ། དེ་རིང་ནི་སའི་གོ་ལའི་ཉིན་མོ་རེད། ལྷུག་རྩོམ་འདི་ལ་ཉིན་མོ་འདི་དྲན་སྐུལ་གྱི་རིན་ཐང་ཡོད་པ་དངོས་ཡོད་རེད།

    གཞན་ལ་ཅིག་བཤད་ནས་འདུག་པ་ལས་རང་ཉིད་ཀྱི་བསམ་ཚུལ་རེ་འགོད་ཐུབ་ན་དགེ་མཚན་ཆེན་པོ་འདུག་སྟབས། དེ་དོན་གཞེན་སྐུལ་ཞུ་བ་ལགས།

    Reply
  15. མདོ་ཁང་བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    དུས་བབ་ཚང་གིས་ཆབ་བྲག་ཕོ་ཉའི་ལྷུག་རྩོམ་ཞིག་བསམ་ཚུལ་གྱི་ཁོངས་སུ་འཇོག་པ་དང་བུ་ཆུང་ཚེ་རིང་གི་ཟིན་བྲིས་གད་སྙིགས་འདྲ་བ་དེ་ཚོ་བསམ་ཚུལ་གྱི་གཏེར་དུ་སྦས་བ་འདི་གཉིས་ནི། དུས་བབ་ཚང་ལ་བསམ་ཚུལ་གྱི་མུ་གེ་བྱུང་བའི་མངོན་རྟགས་རེད།

    Reply
  16. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ནོར་བཅོས། བཟོད་གསོལ། རྒྱ་རྒན་གྱི།

    Reply
  17. གནམ་ལྕགས། says:
    ལོ་ 16 སྔོན།

    ཆུ་ཐིགས་སྔོན་མོ་ལགས། སྐད་ཆ་དེ་ཡང་ཅུང་ཐལ་དྲགས་པ་མིན་འགྲོ

    Reply
  18. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    འབྲོག་རྒན་ལགས། ད་ནི་དོན་མེད་སྙན་ཚིག་འདི་རིགས་འབྲི་བའི་དུས་ཤིག་མ་རེད། རྒྱ་ནག་གཞུང་ནི་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་སྲོག་ཤིང་ཡིན་པའི་བྱམས་སྙིང་རྗེ་དང་། བྱང་ཆུབ་སེམས་དཔའ། སྟོང་ཉིད་བདག་མེད། བདག་གཞན་མཉམ་བརྗེ་ཡི་ཉམས་ལེན་མཁན་མ་ཡིན་ལ། ཁོ་ཚོའི་སྲིད་ཇུས་སུའང་གདུང་སེམས་མཉམ་སྐྱེད་དང་ནང་མི་ཕུ་ནུ་སོགས་ཀྱི་བསམ་བློ་ལྟ་བ་འདུག་ནའང་། “བདག”ལ་ཁེ་ཕན་མེད་ཚེ་གཞན་ལ་རོགས་གྲོགས་མི་བྱེད་ཅིང་། རྟག་ཏུ་རང་དབང་དང་འདྲ་མཉམ་དང་ཐོབ་ཐང་དང་དམངས་གཙོ་སོགས་ཡི་གེར་བྲིས་ཤིང་ཁ་ལ་ཁྱེར་ཏེ་རྒྱུག་ནའང་། སྔོན་འགྲོ་ནི“བདག”སྟེ་རྒྱ་གཞུང་རང་གི་ཁེ་ཕན་ཁོ་ན་ལས་མ་འདས་པ་བདེན་དུ་ཆུག་ཀྱང་། ད་ཐཻངས་རང་གཞུང་ལ་གཟའ་ནད་ཕོག་དགོས་དོན་གང་ཡིན་ནམ། དབང་དང་རྒྱུ་ནོར་གྱི་ཕོངས་བ་བདེན་ཡང་སེམས་ཚོར་གྱི་ཕོངས་དགོས་དོན་གང་ཡིན་ནམ།

    Reply
  19. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    ས་ཆེན་པོའི་དོན་སྣོད་རྒྱ་ཡིས་དཀྲུགས།
    ཐུགས་ཁྲོས་པའི་གདུག་རྩུབ་བོད་ལ་བསྟན།
    ང་ཉེས་མེད་ཉམས་ཆུང་གདོང་དམར་ཚོས།
    མགོ་སྒུར་ནས་བཟོས་གསོལ་ཞུ་དོན་མེད།

    རི་བརྒྱ་ཀླུང་བརྒྱ་བོད་ཀྱིས་བསྡམས།
    རི་བརྒྱ་ཀླུང་བརྒྱ་རྒྱ་ཡིས་སློག
    རི་བརྒྱའི་སྙིང་པོ་རྒྱ་ལ་ཁྱེར།
    ར་བརྒྱའི་རོ་ཡིས་བོད་པ་མནན།

    ལས་འབྲས་མེད་པའི་ས་ཆེན་གྱིས།
    ལས་ངན་བོད་ལ་བརྙས་བཅོས་བྱེད།
    ལས་འབྲས་མེད་པའི་རྒྱ་རྒན་གྱིས།
    ལས་དང་རླུང་ཡར་ལ་འདེགས།

    Reply
  20. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ལྷ་ཀླུ་གཉེན་གསུམ་ལ་བཟོད་གསོལ་མེད་ལ་གཏོར་མའང་འབུལ་རྒྱུ་མེད་་་་ཡོད་ཚད་ཚར་སོང་་་་་ཡོད་ཚད་ཤི་སོང་་་་་མཆོད་མཆོད་ནས་མཐར་བསླུས་སོང་་་་བཀུར་བཀུར་ནས་མཐར་གཡུགས་སོང་་་་ད་ཅི་ཡང་མི་དགོས་ལ་ཅི་ཡང་མི་འདོད་་་་རང་ཉིད་ཀྱི་རང་གི་མགོན་དང་སྐྱབས་ཡིན་་་

    Reply
  21. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ལྷ་ཀླུ་གཉེན་གསུམ་ལ་བཟོད་གསོལ་མེད་ལ་གཏོར་མའང་འབུལ་མེད་་་་ཡོད་ཚད་ཚར་སོང་་་་་ཡོད་ཚད་ཤི་སོང་་་་་མཆོད་མཆོད་ནས་མཐར་བསླུས་སོང་་་་བཀུར་བཀུར་ནས་མཐར་གཡུགས་སོང་་་་ད་ཅི་ཡང་མི་དགོས་ལ་ཅི་ཡང་མི་འདོད་་་་རང་ཉིད་ཀྱི་རང་གི་མགོན་དང་སྐྱབས་ཡིན་་་

    Reply
  22. གནམ་ལྕགས། says:
    ལོ་ 16 སྔོན།

    རྩོམ་ཡིག་འདིའི་ནང་དོན་གྱི་ཆ་ནས་ཤིན་ཏུ་ལེགས་ཀྱང་། རྗོད་བྱེད་ཚིག་སྦྱོར་དང་ནང་དོན་བརྡ་སྤྲོད་སྟངས་ཀྱི་རྣམ་པ་ནི་ད་དུང་བདག་གི་བློ་ལ་མི་འབབ། རྒན་ཆབ་བྲག་ལགས་ཀྱིས་དུས་དང་ནམ་དུ་ཡང་རྩོམ་ཡིག་གསོན་ཉམས་ལྡན་པ་ཞིག་འབྲི་མི་ཐུབ་པ་ནི་ཀློག་པ་པོ་བདག་གི་ཕངས་སེམས་ཉག་བུ་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese