མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་རྒུའི་དྭ་ཕྲུག་རྣམས་བོད་མིར་བསྒྱུར་རམ། བསྟན་འཛིན་ཤེས་རབ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཤེས་རབ།
 
སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཐེབས་ཏེ་ཉིན་བདུན་འགོར་བའི་ཉིན་མོ་འདིར།  ང་ཚོས་སྒྲུབ་དགོས་པའི་དོན་དག་མང་བོ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་མོད།  འོན་ཀྱང་བསམ་བློ་ཡང་དང་བསྐྱར་དུ་སྐོར་ཚེ།  ད་དུང་ངེས་པར་སྒྲུབ་དགོས་པའི་དོན་དག་གལ་ཆེན་ཞིག་ལྷག་འདུག་སྟེ།  དེ་ནི་གོད་ཆག་ཐེབས་ཤུལ་དུ་ལུས་པའི་དྭ་ཕྲུག་རྣམས་ཀྱི་འདུན་ལམ་ཡིན།
 

ད་ལྟ་གསར་འགྱུར་དང་དྲ་ཚིགས་དག་ལས་ཤེས་གསལ་ལྟར་ན།  བོད་ནང་དང་རྒྱ་ནག་གི་ས་ཁུལ་རྣམས་སུ།  གཞུང་སྒེར་དང་ཚོགས་པ་སོ་སོས་རྒུད་སྐྱོབ་ཀྱི་བྱ་འགུལ་སྤེལ་བའི་གནས་ཚུལ་ནི་ཚ་ཚ་འུར་འུར་རེད་ལ།  ཞལ་འདེབས་བསྡུ་བའི་བྱ་འགུལ་གྱི་དགོང་ཚོགས་གཅིག་གི་སྟེང་ཡང་རྒྱ་སྒོར་དུང་ཕྱུར་བཅུ་ཕྲག་ལྷག་འདུས་འདུག་པས།  ད་ནི་སྐྱེ་རྒུ་མདོའི་བསྐྱར་བསྐྲུན་གྱི་མ་དངུལ་ཐད་ང་ཚོར་སེམས་ཁྲལ་དེ་ཙམ་མེད་པར་སྣང་།  འོན་ཀྱང་ཕྱོགས་གཉིས་པོ་གང་གིས་ཀྱང་ད་དུང་ཁ་མ་གྲགས་པའི་དྭ་ཕྲུག་རྣམས་ཀྱི་འདུན་ལམ་ཐད།  ངས་བསམས་ན།  རང་རེའི་སྲིད་གཞུང་གིས་གང་མྱུར་གྱིས་ཐབས་ལམ་ཅི་འདྲ་ཞིག་སྤྱོད་དགོས་རུང་སྤྱད་དེ།  དྭ་ཕྲུག་རྣམས་བྱེས་ཀྱི་སློབ་གྲྭ་ཁག་ཏུ་ལེན་ཐབས་གནང་དགོས།  འདི་ནི་དྭ་ཕྲུག་དེ་རྣམས་ཀྱི་གནས་སྐབས་ཀྱི་དཀའ་སྡུག་སེལ་བ་ཙམ་མ་ཡིན་པར།  མི་ཚེ་གཅིག་གི་ལས་དབང་དང་སྦྲེལ་ཡོད་པར་མ་ཟད།  ཐ་ན་བོད་མི་རྣམ་དག་ཅིག་ཏུ་འགྱུར་མིན་དང་ཡང་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས།  རང་རེའི་གཞུང་སྒེར་གང་ཡིན་རུང་སྒྲིམ་དགོས་པའི་དོན་ཞིག་རེད་དོ ། །
 

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༦ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༧ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༡༡ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

མཆན། 12

  1. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བསྟན་འཛིན་ཤེས་རབ་ལགས། བོད་ནང་དུ་ཤེས་ཡོན་ཅན་དང་དཔལ་འབྱོར་གྱི་ཆ་རྐྱེན་བཟང་པོའི་བུ་ཕྲུག་རྣམས་རྒྱ་ནང་དུ་སློབ་གྲར་གཏོང་གང་ཐུབ་བྱེད་བཞིན་པ་མ་ཡིན་ནམ། རྒྱ་གར་གཙོས་པའི་བཙན་བྱོལ་ནང་དུའང་རང་གི་བུ་ཕྲུག་གི་མ་འོངས་པའི་མདུན་ལམ་ཆེད་དཀའ་ལས་ཆེ་ཡང་ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཏུ་འགྲོ་མཁན་དང་། ཁ་དབང་ཡོད་ཚད་ཀྱིས་ཐོངས་མཆན་ཉོས་ནས་འགྲོ་མཁན་ཡོད་པ་དེ་དག་གི་བུ་རབས་ཚ་རྒྱུད་བོད་མི་དག་མ་བྱེད་མ་དགོས་པར། ད་ལྟ་དཀའ་ངལ་འཕྲད་འདུག་པ་དང་ཕ་མ་དང་གཞི་རྟེན་གང་ཡང་མེད་པའི་ད་ཕྲུག་དེ་ཚོ་དག་མ་ཞིག་གི་ཆེད་དུ་རང་ཉིད་ཀྱི་མདུན་ལམ་དང་གོ་སྐབས་ཡོད་ཚད་བློས་གཏོང་དགོས་པ་ཡིན་ནམ།

    Reply
  2. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    སྔོན་ཆད་ཟི་ཁྲོན་བུན་ཁྲོན་གྱི་ས་ཡོམ་སྐབས་ངས་གནས་ཚུལ་འདི་འདྲ་ཞིག་མཐོང་མྱངས། དོན་དམ་པར་སེམས་བསམ་པའི་གཏིང་ནས་རོགས་སྐྱོར་བྱས་མིན་གང་ལྟར་རུང་། སྲིད་གཞུང་དང་སྒེར་གྱི་བར་དང་། ཚོགས་པ་དང་ཚོགས་པའི་བར་དག་ཏུ་རོགས་སྐྱོར་བྱས་པའི་དགེ་ཁ་ཛ་དྲག་གིས་རྩོད་བཞིན་འདུག་ལ། གོད་ཆག་ཐེབས་ཤུལ་གྱི་མི་མང་བོ་ཞིག་རོགས་སྐྱོར་བྱས་པའི་མིང་ཐོག་ནས་རྒྱ་ནག་གི་ས་ཆ་ག་ས་གར་བགོས་སོང་། དེ་ཙམ་མ་ཟད་ཕ་མེད་མ་མེད་དང་། ཕ་ཕྱེད་མ་ཕྱེད་ཀྱི་དྭ་ཕྲུག་མང་བོ་ཞིག་ཀྱང་དགེ་ཁ་བརྩོན་ལེན་གྱི་ཆེད་ཕྱོགས་ཕྱོགས་སུ་ཁྲིད་སོང་། རྗེས་སུ་གོ་ཐོས་ལྟར་ན། གནས་སྤོར་བྱས་པའི་མི་དམངས་དེ་དག་གིས་གཞན་ཡུལ་གྱི་གནམ་གཤིས་དང་ས་ཆུ་མ་འཕྲོད་པའི་དཀའ་ངལ་མྱོང་བཞིན་འདུག་ཟེར་ལ། ལྷག་དོན་ཐོག་མའི་རོགས་སྐྱོར་གྱི་རྣམ་གྲངས་དེ་ཙམ་གྱིས་རྒྱུན་རིང་གི་འཚོ་བར་འདང་ཐབས་མེད་པ་དང་། ཆགས་ས་བརྟེན་ས་མེད་ཅིང་ཐོག་མའི་ཁ་ཡག་ཚིག་འཇམ་གྱི་རྣམ་འགྱུར་དེ་ཚོ་ཡང་ཡལ་ཚར་བས། ཁོང་ཚོ་དཀའ་ངལ་གསར་བ་ཞིག་གི་འོབས་དོང་དུ་ལྷུང་འདུག་ཟེར།

    ཉམས་མྱོང་དེ་དག་ལས་བླངས་ཏེ། ད་ལྟ་ང་ཚོས་ཀྱང་སྐྱེ་རྒུའི་དྭ་ཕྲུག་རྣམས་ལ་སེམས་ཁྲལ་མི་བྱེད་རང་བྱེད་རེད། བུན་ཁྲོན་གྱི་དྭ་ཕྲུག་ནི་ཕན་ཚུན་གཉིས་ཀ་རྒྱ་རིགས་ཡིན་པས་གནད་དོན་དེ་ཙམ་ཡོད་མི་སྲིད་མོད། འོན་ཀྱང་སྐྱེ་རྒུའི་དྭ་ཕྲུག་རྣམས་ནི་བོད་རིགས་ཡིན་ལ། གལ་སྲིད་རྒྱ་ཁོག་དག་ཏུ་ཁྲིད་ཕྱིན་ཚེ། སྐད་རིགས་གོམས་གཤིས་སོགས་སྣ་སྒོར་མོ་ནས་ཐ་དད་ཡིན་སྟབས་དཀའ་ངལ་མི་དམན་པ་ཞིག་འཕྲད་རྒྱུར་མ་ཟད། རྨང་གཞིའི་ས་བོན་ནས་བཟུང་སྟེ་རྒྱའི་རིག་གནས་ཀྱིས་བསྐྲུན་ངེས་ཡིན་པས་བོད་མི་དག་མ་ཞིག་ཏུ་འགྱུར་ཐབས་མེད་པ་དང་། ཕྱིས་འཚར་ལོངས་དང་འདང་ཕོག་ཐུབ་དུས་ཁོང་ཚོར་ན་ཟུག་དེ་ལས་ཆེ་བ་ཞིག་ག་ལ་ཡོད། ཡང་གཅིག་བཤད་ན་ང་ཚོས་འདས་པོའི་ཤུལ་གྱི་གསོན་ཕྲུག་ལ་བདག་པོ་རྒྱག་མ་ཐུབ་པར་གྱུར་པ་རེད།

    རོགས་ཚོགས་ཁག་ནས་གཟིགས་སྐྱོང་གནང་ན་ཡང་། ཕུགས་རྒྱང་རིང་བོར་བསམ་བློ་བཏང་ཚེ་ཡོད་ཚད་བདེ་ལེགས་སུ་འགྱུར་འགྲོ་བའི་ངེས་པ་མེད་པ་དང་། དྭ་ཕྲུག་དེ་དག་རྒྱ་གར་དུ་ཁྲིད་ཡོང་རྒྱུ་ཞེས་ན་ཡང་རྒྱ་ནག་གི་ཆོག་མཆན་ཐོབ་མིན་བཅས་ཀྱིས་ལས་སླ་བོ་ཞིག་མེད་པ་ཧ་ཅང་གསལ་བོ་རེད། ད་ནི་གང་ལྟར་རུང་ཐབས་ཤེས་གང་དྲག་སྤྱད་དེ། སྐྱེ་རྒུའི་དྭ་ཕྲུག་རྣམས་རྒྱ་ཁོག་ཏུ་ཆ་བགོས་བྱེད་མི་འཇུག་རྒྱུའི་དོན་ལ་འབད་རྒྱུ་ནི་་སྐབས་སུ་བབས་པའི་ཁ་ཚ་དགོས་ཀྱི་དོན་ཞིག་རེད།

    སྐྱེ་རྒུའི་དྭ་ཕྲུག་འདི་དག་གི་འདུན་ལམ་ཐད། རྒྱ་ནག་གིས་གོད་སྒྲིག་ཅིག་བྱེད་བཞིན་པ་རྣམ་པ་ཚོ་ལས་གསར་དུ་ཐོས་པ་ཡིན་ལ། ད་ལྟ་ནི་སེམས་པར་དངངས་སྐྲག་ཅིག་གིས་ཁྱབ་བཞིན་འདུག

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གྲོགས་པོ་ཚོ།བང་ཆེན་ཚང་གིས་འདྲ་པར་དང་ལྡན་པའི་གསར་འགྱུར་ལ་བལྟས་ན།རྒྱ་ཚང་གིས་ད་ལྟ་ནས་ཡུལ་ཤུལ་ས་གནས་ནས་རྐུ་འཁྱེར་བྱེད་ཡག་གི་འགོ་ཚུགས་འདུག་གོ།ད་ཅི་བྱེད་དགོས་ལེ་རེད།

    Reply
  4. ནད་པ says:
    ལོ་ 15 སྔོན།

    སྐུ་ཞབས་བསྟན་འཛིན་ཤེས་རབ་ལགས། སྐྱེ་རྒུ་མདོའི་བུ་ཕྲུག་ཚོའི་ཆེད་དུ་རྒྱ་ནག་དབུས་གཞུང་གིས་ཁ་སྔོན་ནས་ཐེངས་དང་པོར་སློབ་གྲྭ་ཁག་ ༢༢ བསྐྲུན་རྒྱུའི་སླད་དུ་རྒྱ་སྒོར་དུང་ཕྱུར་ ༡ དང་བྱེ་ ༨ ས་ཡ་༦ འབུམ་༧ ལྷག་གི་མང་དངུལ་བཏང་ནས་འཆར་འགོད་ཆེད་བཀོད་ཁྱབ་བཏང་ཟིན་པ་རེད།

    ད་དུང་པེ་ཅིང་དུ་ཞལ་འདེབས་ཆེད་མཚན་ཚོགས་གཉེར་སྐྱོང་གི་སྐབས་སུ་རྒྱ་སྒོར་དུང་ཕྱུར་ ༢༡ ལྷག་བྱུང་ཡོད་པའི་གསལ་བསྒྲགས་སྤེལ་ཟིན་འདུག

    གྱོང་གུན་ཐེབས་མཁན་ཚོ་ནི་གོད་ཆག་ཁྲོད་ཤི་བ་དང་། རྨས་པ། སྐྱོན་ཅན་དུ་དུ་གྱུར་པ་དག་རེད། འོན་ཀྱང་ཤུལ་ལུས་ཅན་ཚོའི་འབྱུང་འགྱུར་གྱི་འཚོ་གནས་ལ་གནས་སྐབས་ཙམ་མ་གཏོགས་སྔར་ལས་ལྷག་པའི་ཡར་རྒཡས་དང་འཛུགས་སྐྲུན྄ཡོང་རྒྱུར་ཐེ་ཚོམ་ཁྱོན་ནས་མེད་པ་རེད།

    Reply
  5. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ངས་ཚེས་ ༢༠ ཉིན་སྐྱེ་རྒུ་མདོ་ས་ཁུལ་ལ་ཉིན་རེར་ཐེངས་ཉི་ཤུ་ནས་སུམ་བཅུ་བར་འབྲེལ་བ་བྱེད་མཁན་ཞིག་ལ་བཅར་འདྲི་ཞིག་བྱས་པ་ཡིན། སྐབས་དེར་བཅར་འདྲི་བྱེད་ཡུལ་དེས་བརྗོད་དོན་ལ། སྐྱེ་རྒུ་མདོ་ས་ཁུལ་གྱི་དྭ་ཕྲུག་སྟོང་ཕྲག་གཅིག་པེ་ཅིང་གི་སློབ་གྲྭ་གྲགས་ཆེ་བ་ཞིག་གིས་ལེན་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག་ལ། མགྱོགས་མྱུར་དྭ་ཕྲུག་དེ་དག་བསྡུ་བར་ཡོང་གི་ཡོད་འདུག་པའི་གླེང་གི་འདུག དྭ་ཕྲུག་ཚོ་ལ་སློབ་སྦྱོང་སྤྲོད་རྒྱུའི་བསམ་བློ་གཏོང་བར་ཡག་པོ་ཡིན་པའི་ངོས་འཛིན་བྱེད་བཞིན་འདུག་ཀྱང་། སྐྱེ་རྒུ་མདོ་ས་ཁུལ་གྱི་བོད་མི་ཚོའི་སེམས་ཁྲལ་ཆེ་ཤོས་ནི་བོད་ཕྲུག་དེ་དག་མ་འོངས་པར་སོ་སོ་བོད་མི་ཡིན་པ་མི་ཤེས་མཁན་ཞིག་དང་། བོད་ཀྱི་ཐུན་མིན་རིག་གཞུང་གི་དྲི་མ་མེད་པའི་མི་རབས་ཤིག་ཏུ་འགྱུར་བར་སེམས་ཁྲལ་བྱེད་བཞིན་འདུག དེར་བརྟེན་སྐྱེ་རྒུ་མདོ་ས་ཁུལ་རང་དུ་སློབ་གྲྭ་རྒྱག་ཐབས་སམ་ཡང་ན་བོད་མི་འདུས་སྡོད་ཀྱི་ས་ཁུལ་ཁག་གི་སློབ་གྲྭར་གཏོང་བའི་རེ་བ་བྱེད་བཞིན་འདུག འདིའི་སྐོར་ཚེས་ ༢༠ ཉིན་གྱི་ཨ་རིའི་རླུང་འཕྲིན་ནས་གསན་ཐུབ།
    བསྟན་འཛིན་ཤེས་རབ་ལགས། ད་ལན་གནད་འགག་ཆེ་ས་ནས་གླེང་འདུག་པས་དགའ་ཡོད།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 15 སྔོན།

    དངོས་གནས་བདེན་པ་རེད། དྭ་ཕྲུག་དེ་རྣམས་བདག་སྐྱོང་ཚད་ལྡན་ཞིག་ཡོང་བ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་ནུས་ལྡན་རྣམས་ཀྱིས་དམིགས་བསལ་གྱི་དོ་སྣང་གནང་རོགས། ༸གོང་ས་མཆོག་གིས་ཀྱང་དམིགས་ཡུལ་དང་པོར་ས་གནས་དེ་ཡི་སློབ་གྲྭ་ཁག་གི་སློབ་སྦྱོང་ལ་འཐུས་ཤོར་མ་ཤོར་བར་གང་མགྱོགས་སློབ་སྦྱོང་སྤྲོད་ཐུབ་པའི་རེ་སྐུལ་གནང་འདུག
    བསམ་ཚུལ་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  7. གནམ་ལྕགས། says:
    ལོ་ 15 སྔོན།

    ད་རེར་རང་རེའི་སྲིད་བློན་ཟམ་གདོང་བས་སྐད་ཆ་གང་ཡང་མ་བཤད་པ་དེར་དངོས་གནས་བློ་ཕམ་ཆེན་པོ་ཡོད།

    Reply
  8. གྲགས་པ། says:
    ལོ་ 15 སྔོན།

    བཙན་བྱོལ་བོད་གཞུང་གིས་ཁ་ཚ་དགོས་བཏུགས་ཐོག་བཙན་བྱོལ་དུ་ཡོད་པའི་སྐྱེ་དགུ་མདོའི་ཕྲུ་གུ་རྣམས་ལ་བདག་སྐྱོང་དམིགས་བསལ་བྱེད་དགོས་ཡོད། ཟམ་གདོང་བླ་མ་བཞྀན་ལྟ་བ་འཁྲིགས་འཛིན་བྱེད་མི་ཉན།

    Reply
  9. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    འདིར་གཟིགས་པར་ཞུ།http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos#

    Reply
  10. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    http://picasaweb.google.com.au/aenpokyabgon/AllKyegu2010EarthquakePhotos#

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཕྱི་ཚེས་ ༡༨ ཉིན་སྐྱེ་རྒུ་མདོའི་བྱིས་པ་ ༦༠ ལྷག་ཕོ་བྲང་དུ་དམིགས་བསལ་མཇལ་ཁར་བཅར་འདུག ཚང་མ་སུ་ཇཱ་སློབ་གྲྭ་ནས་ཡོང་བ་རེད། འདི་ཕྱོགས་ནས་དེ་དག་གི་མདུན་ལམ་ཧྲ་ཐག་ཐག་ཅིག་བཟོ་ཐུབ་སོང་ན་འགྲིག་གི་རེད། ད་དུང་ངྷ་སྟེང་བོད་ཁྱིམ་དང་མ་སུ་རི་ན་སྐྱེ་རྒུ་མདོའི་བྱིས་པ་ག་ཚོད་ཅིག་ཡོད་མེད་མ་ཤེས།

    ཕར་ཕྱོགས་ཀྱི་དྭ་ཕྲུག་དེ་དག་ལ་གཟིགས་སྐྱོང་གནང་འདོད་ཡོད་ན་ངེས་པར་བཙན་བྱོལ་སྤྱི་ཚོགས་སུ་ཁྲིད་ཡོང་དགོས་དོན་མི་འདུག དེང་སྐབས་བོད་ནང་གི་སློབ་གསོ་ལ་རོགས་པ་བྱེད་མཁན་ཚོགས་སྡེ་མང་པོ་འདུག མ་ཅིག་དང་བོད་ཀྱི་ཐེབས་རྩ། ཀུན་ཕན་ཐེབས་རྩ་སོགས་མང་པོ་འདུག ཚོགས་སྡེ་འདི་དག་མཉམ་རུབ་ཀྱིས་ཁོང་ཚོར་དམིགས་བསལ་གྱི་སློབ་གྲྭ་ཞིག་འཛུགས་ཐུབ་ན་དགེ་མཚན་ཆེ། དངུས་དངོས་ཀྱི་རོགས་སྐྱོར་འབུལ་མཁན་ཡོད་ན་འབུལ་ཆོག་གི་རེད།

    ངས་བསམ་ན། ཁོང་ཚོ་ངེས་པར་དུ་སྐྱེ་རྒུ་མདོ་ནས་ནར་སོན་དགོས་པ་རེད། སྐྱེ་རྒུ་མདོའི་མི་རབས་གསར་པ་དག་རེད། ཤི་བོའི་རྗེས་ཀྱི་གསོན་པོ་ཚོ་རེད། སློབ་གྲྭའང་དེར་བརྒྱབ་ན་ཡག་གི་རེད། དེ་ནས་འཚར་ལོངས་བྱུང་། ཁོང་ཚོའི་རྨི་ལམ་དང་སྐྱིད་སྡུག་ཡོད་ཚད་ས་དེའི་རི་ཆུ་ནགས་གསུམ་དང་ཁ་མ་བྲལ་ན་ཡག་གི་རེད།

    Reply
  12. གནམ་ལྕགས། says:
    ལོ་ 15 སྔོན།

    སྐྱོ་གདུང་གི་ངུ་ངག་དང་ཡིག་དྲུག་གི་དབྱངས་རྟའི་ཁྲོད་འཐིམ་པའི་ཡུལ་ཤུལ། ཕམ་སེམས་ཀྱི་སྡུག་བསྔལ་དང་རྨ་ཁ་ཡི་ན་ཟུག་ཁྲོད་འཇགས་པའི་ཡུལ་ཤུལ། ཁྱོད་ནི་དུས་ལ་བབ་པའི་འབར་གས་ཆུང་ཆུང་ཞིག་དང་འདྲ་བར་འདི་ལྟར་མཁའ་ལ་འཕྱུར་བ་དང་གཏིང་ལ་སྣུབ་པའི་ཟང་ཟིང་གི་དུས་ཚོད་ཐུང་ཐུང་དེའི་ནང་དུ། བདག་གིས་ད་དུང་ཡང་ཁྱོད་ཀྱི་ཕྱོགས་ངོས་གཞན་ཞིག་གི་ཕམ་ཁ་མང་བོ་མཐོང་བྱུང་། ཨ་བདག་གི་ཡུལ་ཤུལ། ངེས་དོན་གྱི་ཡུལ་ཙམ་དང་ཤུལ་ཙམ་དུ་གྱུར་བའི་ཨར་འདམ་ཧྲལ་ཧྲིལ་གྱི་སྙིགས་རོ་ཡ།

    སྔོན་ཆད་ཅིག་ལ། བདག་གིས་ཡུལ་ཤུལ་ལ་ཁངས་ཆག་ལྷུང་བ་གོ་མྱོང་། སྔོན་ཆད་ཅིག་ལ། བདག་གིས་ཡུལ་ཤུལ་གྱི་ཁྱི་གོང་ཆེ་བ་ཐོས་མྱོང་། སྔོན་ཆད་ཅིག་ལ། བདག་ནི་ཡུལ་ཤུལ་ལ་ཤིན་ཏུ་དུངས་མྱོང་། ཨ་བདག་གི་ཡུལ་ཤུལ། དུས་ཚོད་ཐུང་ཐུང་ཞིག་ལ་རྨེག་མེད་དུ་གྱུར་བའི་ཨར་འདམ་གྱི་སྙིགས་རོ་ཧྲལ་ཧྲིལ། ཁྱོད་ནི་དེ་རིང་གི་འདི་ལྟར། ས་ཡ་དྲུག་གི་མིག་ཆུའི་ཀློང་ལ་འཐིམ་འགྲོ་བ་སུ་ཡིས་དྲན་མྱོང་།

    སྲིད་གཞུང་གིས་ཁྱེད་རང་བསྐྱབས་པར་དམག་དཔུང་བཏང་ནའང་། དམག་མི་ཡིས་ཁྱོད་ཀྱི་སྒོ་ཁྱི་ཚུན་ཆད་རྐུས་ནས་བུད་ཐལ། ད་ནི་ཁྱོད་ལ་ཅི་ཞིག་ལྷག་སོང་། བདག་གི་ཡུལ་ཤུལ་ཡ། ད་རེའི་གོད་ཆག་འདིས་སྲིད་གཞུང་ལ་འཁྲབ་སྟོན་ཐེངས་གཅིག་བསླངས་སོང་ལ། སྲིད་གཞུང་གིས་ཀྱང་གོ་སྐབས་དམ་འཛིན་བྱས་སོང་། ཁྱོད་ཀྱིས་ད་དུང་སུ་ཞིག་ལ་སྒུག་ཡོད་ཨ།

    ང་ཁྱོད་ཀྱི་གཡོ་འགུལ་དེར་མི་སྐྲག ང་ཁྱོད་ཀྱི་ཕམ་ཉེས་ལའང་མི་སྡུག ཡིན་ནའང་ངས་སྲིད་གཞུང་གི་གོ་སྐབས་དམ་འཛིན་དེར་བསྟུན་ནས་ཁྱོད་ཀྱི་སེམས་འགུལ་ལྷུག་ལྷུག་གི་ངང་ཚུལ་དེ་མཐོང་བྱུང་། ངས་ཕྱི་རོལ་སྦྲང་རྩིས་བསྟིམ་པའི་ནང་གི་དུག་དྲི་དེ་ཚོར་བྱུང་། ངས་ཁ་གཡང་སྙན་མོའི་ཤུགས་ཀྱི་འཆར་གཞི་གསར་བ་དེ་མཐོང་བྱུང་། ཨ་བདག་གི་ཡུལ་ཤུལ། གཤིན་པོ་ཁྲི་ཕྲག་གི་རྣམ་ཤེས་ཀྱི་བསྟི་གནས།

    གནའ་བོའི་འབྲོང་ཁྱུ་གཤར་སའི་ལྷད་མེད་ཀྱི་འབྲོག་ཐང་། རྨ་འབྲི་རྫ་གསུམ་འབྱུང་སའི་ཡིད་འོང་གི་འབྲོག་ཐང་། རང་བྱུང་ལྷུན་དུ་རྫོགས་པའི་དྭངས་གཙང་གི་འབྲོག་ཐང་། ཁྱོད་ནི་གློ་བུར་དུ་སྒྱུ་མའི་ཨར་འདམ་གྱི་སྙིགས་རོར་གྱུར་དོན་ཅི། ཁྱོད་ནི་གློ་བུར་དུ་རྡུལ་ཕྲན་དུག་རྫས་ཀྱི་ཡུལ་དུ་གྱུར་དོན་ཅི། ད་དུང་གློ་བུར་དུ་་་་་་་་

    ངས་ཁྱོད་ཀྱི་ངོ་གདོང་ནས་གོ་བ་གཞན་ཞིག་ལེན་འདོད། ངས་ཁྱོད་ཀྱི་རྒྱབ་ལོགས་ནས་ལས་འགུལ་གཞན་ཞིག་བརྩམས་འདོད། ཨ་ཡུལ་ཤུལ་ལགས། ཁྱོད་ཀྱི་བདག་པོ་ནི་ལམ་ལམ་འབར་བའི་དུར་ཁྲོད་ཀྱི་མེ་ལྕེ་དེ་ཡིན། ཁྱོད་ཀྱི་རེ་བ་ནི་གཡོ་འགུལ་ཁྲོད་གྱེར་བའི་ངུ་ངག་གི་དབྱངས་རྟ་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese