མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆབ་སྲིད་དང་མ་འབྲེལ་བའི་མྱ་ངན་རོགས་སྐྱོར། དགེ་བསྟན།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༣
Share on FacebookShare on TwitterShare on EmailShare on Whatsapp

དགེ་བསྟན།

༤་༡༤ དོན་རྐྱེན་བྱུང་བ་ནས་བཟུང་དེ་རང་གི་བར་ཉིན་བརྒྱད་འགྲོ་མུས་ཡིན་ཞིང་། ས་འགུལ་བྱུང་བའི་ཉིན་དེ་ནས་བཟུང་རྒྱ་ནག་གཞུང་མང་གཉིས་ཀའི་མྱུར་སྐྱོབ་ཀྱི་ལས་དོན་ཐད་བློ་རྩེ་གཅིག་བསྒྲིལ་གྱིས་མྱུར་སྐྱོབ་དཔུང་ཁག་གང་མང་གནོད་འཚེ་ཐེབས་སའི་ས་གནས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་བཏང་སྟེ་རྒུད་སྐྱོབ་ལས་དོན་ཉིན་མཚན་དབྱེར་མེད་དུ་གཞོལ་བཞིན་པ་མ་ཟད། ཅ་དངོས་སྐྱེལ་འདྲེན་དང་རྨས་མ་འོར་འདྲེན་སོགས་ཀྱི་ཆེད་དུ་སྐྱེལ་འདྲེན་རླངས་འཁོར་གྱི་གྲངས་འབོར་ལྟ་ཅི། གནམ་གྲུ་ཆེ་ཆུང་འདྲ་མིན་འཕུར་ཐེངས་སུམ་བརྒྱ་ཙམ་ཆེད་གཏོང་བྱས་པ། ལྷག་དོན་རྒྱལ་ཁབ་ཀྱི་གཙོ་འཛིན་རྣམ་པ་རིམ་པར་ས་གནས་སུ་ཆེད་ཕེབས་ཀྱིས་མང་ཚོགས་ལ་སེམས་གསོ་དང་འབྱུང་འགྱུར་འཛུགས་བསྐྲུན་ལ་དགོངས་བཞེས་གནང་པ་སོགས་ལ་ང་ཚོ་བོད་རིགས་ཚོས་ཐུགས་རྗེ་ཆེ་ཞུ་དགོས་ངེས་ཡིན། ཡིན་ནའང་གནོད་འཚེ་ཐེབས་སའི་ས་གནས་ནས་བཏང་བའི་གནས་ཚུལ་ལྟར་ན་དེ་དག་ནི་རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཕྱིའི་རྣམ་པ་ཙམ་ཡིན་པ་ལས་དོན་དམ་གྱིས་མྱུར་སྐྱོབ་བྱེད་མཁན་བོད་རིགས་སེར་སྐྱ་མང་ཚོགས་ཡིན་པའི་གནས་ཚུལ་མཁོ་སྤྲོད་བྱས་ཡོད། ངས་གནས་ཚུལ་དེ་ལ་བསམ་ཞིབ་བྱེད་སྐབས་ཁོང་ཚོའི་སྐད་ཆ་དེ་བདེན་པ་མིན་ཞེས་བཤད་དཀའ། རྒྱུ་མཚན་ནི། ཐེངས་འདིའི་གནོད་འཚེ་ནི་གཞི་རྒྱ་ཆེ་ཞིང་ཧ་ཅང་ཚབས་ཆེན་གྱི་རང་བཞིན་ཡིན་པའི་དབང་གིས་མྱུར་སྐྱོབ་རུ་ཁག་གང་སར་ཁྱབ་མ་ཐུབ་པའི་དཀའ་ངལ་འཕྲད་པ་ཏན་ཏན་ཡོད་སྲིད། ཡིན་ན་ཡང་སྤྱིའི་ཆ་ནས་རྒྱ་ནག་གཞུང་གི་རྒུད་སྐྱོབ་བཀོད་འདོམ་དང་མྱུར་སྐྱོབ་བྱེད་ཚད་ལྟོས་འཇོག་གིས་ཧ་ཅང་མྱུར་པ་དང་། རྒྱ་ཆེའི་བོད་རིགས་མང་ཚོགས་ཀྱི་ལྷག་བསམ་ཟོལ་མེད་ངང་རང་ནུས་གང་ལྕོགས་ བྱས་ཡོད་པའི་ཉེར་ལེན་ལ་གནོད་འཚེའི་གཞི་རྒྱ་ལ་དཔག་པའི་མྱུར་སྐྱོབ་ལས་དོན་ཚགས་ཚུད་པོ་བྱུང་སོང་སྙམ་པའི་སྣང་བ་བྱུང་། འོན་ཀྱང་གནད་དོན་རེ་ཟུང་ལྷག་སྲིད་པས་དེ་ལ་ང་ཚོ་ཚང་མས་གུ་ཡངས་དཀྱེལ་ཆེ་གནང་གལ་ཆེ། གནད་འགག་འདི་འདྲའི་སྐབས་དོན་དག་ཕྲན་ཚེགས་ལ་ཁག་དཀྲིས་ཏེ་ཕན་ཚུན་ལ་ཁ་རྡུང་བྱེད་པ་ནི་དོན་དངོས་ལས་དོན་སྒྲུབ་པའི་གེགས་སུ་འགྱུར་སྲིད་པས་གསར་ལམ་ཁག་ནས་ཡིད་གཟབ་ཡོང་བ་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། ལྷག་དོན་ད་ལམ་རྒྱ་ནག་སྲིད་གཞུང་དང་བཙན་བྱོལ་སྲིད་གཞུང་གཉིས་ཀས་ རེ་ཞིག་བོད་རྒྱའི་གནད་དོན་དེ་ཟུར་འཇོག་བྱས་ཏེ། ཐུན་མོང་གི་བསྒྲུབ་བྱ་གཅིག་དང་། དམིགས་ཡུལ་གཅིག རྨི་ལམ་གཅིག ལྟ་སྟངས་གཅིག་གི་འོག་ནས་ཡུལ་ཤུལ་མི་མང་གི་གོད་ཆག་གནས་བབ་སླར་གསོ་བྱ་རྒྱུ་དེ་གཙོ་བོར་འཛིན་ཐུབ་པའི་གུ་ཡངས་དཀྱེལ་ཆེ་གནང་དགོས་ལ། གནང་བའི་ཡིད་ཆེས་ཡང་ཡོད།

ས་འགུལ་གྱི་གོད་ཆག་བྱུང་བའི་ཞོགས་པ་དེ་ག་རང་དུ་༧གོང་ས་མཆོག་གིས་ཐུགས་སྨོན་མཚམས་སྦྱོར་དང་། སེམས་གསོའི་འཚམས་འཕྲིན་ཕུལ་ཡོད་པར་མ་ཟད། ཚེས་ ༡༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསར་འགོད་གསལ་བསྒྲགས་ཐོག་གོད་ཆག་འོག་ཤི་རྨས་བྱུང་རིགས་ལ་ཐུགས་སྨོན་སྐྱབས་འཇུག་དང་། རྒུད་སྐྱོབ་ལས་དོན་ནང་མཉམ་ཞུགས་གནང་མཁན་བོད་རིགས་སེར་སྐྱ་ཡོངས་དང་། ལྷག་པར་སྲིད་བློན་ཝུན་ཅཱ་པོའོ་ནས་ཐུགས་ཁུར་ཆེ་བཞེས་ཀྱིས་ས་གནས་སུ་ངོ་ཕེབས་གནང་བ་ལ་ཐུགས་རྗེ་ཆེ་ཞུས་ཀྱི་བསྔགས་བརྗོད་གནང་ཡོད།

ཡང་༧གོང་ས་མཆོག་ནས་ཕྱི་ལོ་ ༢༠༠༨ ལོར་སི་ཁྲོན་དུ་དེ་འདྲའི་ས་འགུལ་བྱུང་སྐབས་རྒྱ་ནག་དབུས་སའི་གཞུང་དང༌། ཆེས་མཐོའི་དབུ་ཁྲིད་རྣམ་པས་ཐུགས་སྣང་ཆེན་པོས་ཉེན་སྐྱོབ་ཀྱི་ལས་དོན་ཚགས་ཚུད་དང༌། ལྷག་པར་གསར་འགྱུར་བརྒྱུད་ལམ་ལ་ཚོད་འཛིན་མ་བྱས་པར་ཕྱི་གསལ་ནང་གསལ། དེ་བཞིན་རྒྱལ་སྤྱིའི་ཉེན་སྐྱོབ་མཐུན་རྐྱེན་རྣམས་དཀའ་ཚེགས་མེད་པར་ས་གནས་ས་ཐོག་ཏུ་འབྱོར་ཐུབ་པ་བྱུང་བ་བཅས་ལ་ཡི་རངས་བསྔགས་བརྗོད་གནང་ཡོད་ཅིང༌། ད་ལམ་ཡང་དེ་དང་མཚུངས་པ་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན། ཞེས་གསུང་པ་ལྟར་ད་ལྟའི་ཆར་རྒྱ་ནག་གཞུང་མང་གཉིས་ཀས་རྒུད་སྐྱོབ་ལས་དོན་གཙོ་གནད་དུ་བཟུང་སྟེ་ལས་རིམ་སྣ་མང་སྤེལ་བཞིན་ཡོད་པ་ལ་བལྟས་ན་ཧ་ཅང་ཚགས་ཚུད་ཡོད་པས་བསྔགས་སུ་མཐོང་། གཞན་ཡང་༧གོང་ས་མཆོག་གོད་ཆག་བྱུང་སའི་ས་ཐོག་ཏུ་ཕེབས་རྒྱུའི་ཐུགས་འདུན་ཡོད་པའི་སྐོར་གསུང་དོན། རྐྱེན་ངན་གོད་ཆགས་ཀྱི་འོག་སྡུག་བསྔལ་གྱིས་མནར་བ་ཚོ་དང་ངོ་ཐུག་གིས་སྡུག་བསྔལ་མཉམ་མྱོང་དང་སྨོན་ལམ་རེ་འདེབས་ཐུབ་ན་སྙམ་པའི་རེ་བས་དེ་སྔོན་སི་ཁྲོན་དུ་གོད་ཆག་བྱུང་སྐབས་འགྲོ་འདོད་བྱུང་ཡང་ཐབས་ཤེས་བྲལ། སྔ་ལོ་ཐའེ་ཝན་དུ་ཆུ་ཉེན་བྱུང་སྐབས་ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་དང་མཉམ་དུ་ཐུག་འཕྲད་དང༌། སེམས་གསོ་སྨོན་ལམ་བྱ་རྒྱུའི་གོ་སྐབས་ཐོབ་པ་དེས་རང་ཉིད་ཡིད་བློ་ཚིམས་པ་མ་ཟད། མང་ཚོགས་ལའང་ཕན་ཐོགས་གང་ལེགས་བྱུང་སོང་སྙམ། ད་རེས་ས་འགུལ་གྱི་གོད་ཆག་བྱུང་སའི་ས་ཁུལ་མཚོ་སྔོན་ཞིང་ཆེན་ནི་ངོས་དང་༧པཎ་ཆེན་སྐུ་གོང་མ་གཉིས་ཀའི་སྐྱེས་ཡུལ་ཡིན་སྟབས། ངོས་རང་ངོ་བསྐྱོད་ཀྱིས་མང་ཚོགས་ཀྱི་རེ་འདོད་བསྐངས་ཏེ་སེམས་གསོ་བྱ་རྒྱུའི་འདུན་པ་ཤིན་ཏུ་ཆེ། ཞེས་གསུངས་པ་དང་། ཕྱི་ཚེས་ ༡༩ ཉིན་ཅ་ཆིན་ལེན་གྱིས་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླས་རྒྱལ་ནང་དུ་མྱ་ངན་ཞུ་བ་དང་ཞལ་འདེབས་འབུལ་བར་ཡོང་བའི་རེ་བ་བཏོན་ཚེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་གཞུང་ཚབ་ཁང་གིས་ལྷག་བསམ་རྣམ་དག་གིས་སྣེ་ལེན་བྱེད་དགོས་ཤིང་། གནོད་སེལ་རྒུད་སྐྱོབ་དང་རྒྱལ་ནང་གི་གནས་ཚུལ་ངོ་མ་མཚམས་སྦྱོར་བྱེད་དགོས་ལ། ཁོ་ཚོའི་ལུགས་མཐུན་གྱི་རེ་བར་རྒྱུས་ལོན་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་བྱེད་དགོས་ཞེས་ནན་གྱིས་བསྟན། ཞེས་གསུངས་ཡོད་པས་ང་ཚོས་ད་ལྟ་༧གོང་ས་མཆོག་གི་ཐུགས་རེ་དང་ཅ་ཆིན་ལེན་གྱིས་བཤད་དོན་གཉིས་གཞི་ལ་བཞག་ནས་སྐྱེ་དགུ་མདོའི་རང་བྱུང་གནོད་སྐྱོན་ཉིད་ལ་ཁ་ཕྱོགས་ཏེ་ཞལ་འདེབས་གང་མང་བསྡུས་ཏེ་༧གོང་ས་མཆོག་གནོད་སྐྱོན་བྱུང་སའི་ས་ཐོག་ཏུ་ཆེད་ཕེབས་ཀྱི་གོ་སྐབས་བསྐྲུན་ཐུབ་བྱ་རྒྱུ་དང་དེ་མཚུངས་ ༤་༡༤ གནོད་སེལ་ཚོགས་པའི་མིང་ཐོག་ནས་བསྡུ་རུབ་བྱེད་བཞིན་པའི་ཞལ་འདེབས་ཁྱེར་ཏེ་སྐུ་ཚབ་རོགས་སྐྱོབ་ཚོགས་པ་ཞིག་འཕྲལ་གཏོང་ཐུབ་ཐབས་ལ་འབད་བརྩོན་བྱ་རྒྱུ་ནི་ང་ཚོའི་མདུན་དུ་ལྷག་པའི་ལས་དོན་གལ་ཆེན་ཞིག་ཏུ་མངོན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 10

  1. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    རྒྱ་གཞུང་ནས་ད་རེས་ཀྱི་གོ་སྐབས་འདི་བཟུང་ནས་སྐྱེ་རྒུ་མདོའི་རང་རེས་སྤུན་ཟླ་རྣམས་ཀྱི་བློ་ཁ་རྒུག་ཐབས་ཀྱི་རོགས་སྐྱོབས་ཕྲ་ལ་ཕྲན་བུར་བྱས་པར། ང་ཚོ་དགའ་དགོས་ཅང་མེད་དེ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ན་ཡིན། རྒྱ་དམར་གྱིས་མ་བཏང་རུང་ང་ཚོའི་ངོས་ནས་སྐྱེས་རྒུ་མདོའི་མི་མང་རྣམས་ལ་སེམས་གསོ་དང་རོགས་སྐྱོབས་བྱ་བར་འགྲོ་མཁན་ཞིག་དགོས་ཀྱང་དེ་ལྟར་མེད་པ་ནི་སྐྱེ་རྒུ་མདོའི་མི་མང་ཙམ་མ་ཟད། ངེད་ཀྱང་སེམས་ཕམ་བྱུང་།

    Reply
  2. ལུང་རྟོགས། says:
    ལོ་ 16 སྔོན།

    རྒྱ་ནག་གི་འོག་ལ་མི་ལོ་ཉི་ཤུ་ཁ་ཡར་འཚོ་བ་བསྐྱེལ་མྱོང་མཁན་ང་ལ་མཚོན་ན། རྒྱ་ནག་ལ་མི་དགའ་བསྡང་ཟུགས་མ་ཡིན་པ། རང་གི་ཉམས་མྱོང་གི་ཐོག་ནས་དྲང་པོ་བཤད་ན། ད་རེས་ས་ཡོམ་གི་གོད་ཆག་བྱུང་སར་རྒྱནག་སྲིད་འཛིན་དང་སྲིད་བློན་སོགས་ཡོང་བ་དང་། མྱ་ངན་ཞུས་པ་སོགས་ནི་ཆབ་སྲིད་གི་འཁྲབ་བསྟོན་ཙམ་ལས་ བོད་མི་རིགས་ལ་ལྷག་བསམ་རྣམས་དག་མ་ཡིན་པ་ཐག་གཅོད་ཐུབ།

    Reply
  3. lhaksam says:
    ལོ་ 16 སྔོན།

    love you !

    Reply
  4. lhaksam says:
    ལོ་ 16 སྔོན།

    You are really educated boy in these world ,
    I believe that you can do everything for our issue and people. Thanks

    Reply
  5. ནད་པ says:
    ལོ་ 16 སྔོན།

    དུས་རབས་ཉེར་གཅིག་པ་འདིར་མཚོན་ན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འདིར་མི་འབོར་དུང་ཕྱུར་བཅུ་གསུམ་ལྷག་ཡོད་ལ། དམག་དོན་དང་། ཆབ་སྲིད། དཔལ་འབྱོར། ལག་རྩལ་སོགས་ཕྱོགས་གང་སར་གཞིགས་ན་ཧ་ཅང་སྟོབས་ཆེན་རྒྱལ་ཁབ་གཅིག་ཡིན།

    དུས་རབས་འདིར་མཚོན་ན་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸ གོང་ས་སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ནི་འཛམ་གླིང་ནང་ཆེས་སྙན་གྲགས་ལྡན་པའི་རླབས་ཆེན་ཞིག་ཡིན་པ་མ་ཟད་འཛམ་གླིང་དམངས་དུང་ཕྱུར་མང་པོའི་བློ་ཁ་བསྒྱུར་ཐུབ་པའི་ཆེས་བླ་ན་མེད་པའི་རླབས་ཆེན་གྱི་མི་སྣ་གྲགས་ཅན་ཞིག་རེད།

    གལ་ཏེ་དུས་རབས་འདིའི་ནང་དཔལ་འབྱོར་དང་མི་འབོར་དམག་དོན་གྱི་སྟོབས་ཤུགས་ལྡན་པའི་རྒྱ་ནག་དང་། བོད་མའི་བླ་ན་མེད་པའི་༸གོང་ཏྰ་ལའི་བླ་མ་མཆོག་གཉིས་ཀྱི་དབར་མཛའ་མཐུན་མཉམ་གནས་ཀྱི་དུས་སྐབས་ཤིག་ཤར་ཚེ་རྒྱ་བོད་མི་རིགས་འདི་འཛམ་གླིང་ནང་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཆགས་རྒྱུར་ཐེ་ཚོམ་གནན་ནས་མེད་པ་ཞིག་རེད།

    ར

    Reply
  6. སྨྱོན་ནག says:
    ལོ་ 16 སྔོན།

    དགེ་བཤེས་ལགས།
    སྐྱེ་རྒུ་ལ་གཟིགས་དང་།
    ཕུང་བོ་བསྲེགས་པའི་དུད་ནག་སྤྲིན་ལ་འདྲེས་སོང
    རྨས་མ་སྐྱོབས་པའི་བྲེལ་འཚུབ་རླུང་དང་བསྡེབས་བྱུང
    མིག་ཆུ་བཞུར་བའི་རྒྱུན་ཐག་གཙང་བོར་འདྲེས་སོང
    ཀྱེ་མ དམྱལ་བ་ནི་ཅི་འདྲ་ཡིན་ནམ
    དེ་རིང་གི་སྐྱེ་རྒུ་ནི་དམྱལ་བ་མིན་ནམ
    ཡང་ན་དམྱལ་བ་ནི་དེ་རིང་གི་སྐྱེ་རྒུ་འདི་ཨེ་རེད

    Reply
  7. དོང་སྤྲུགས། says:
    ལོ་ 16 སྔོན།

    རང་ཉིད་ཕ རོལ་པོར་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོར་བསྙོན་འདིང་བ་དང་། ཕ་རོལ་པོའི་བྱ་སྤྱོད་བཟང་ངན་ཀུན་ལ་མི་དགའ་བའི་ཕྱོགས་ངོས་ནས་སྡང་མིག་གིས་བལྟ་བ་ནི་དྲང་བདེན་ཞིག་མ་རེད་ལ། བོད་མི་རིགས་ཀྱི་བཟང་སྤྱོད་དེ་བས་ཀྱང་མ་རེད།

    Reply
  8. བོད་ says:
    ལོ་ 16 སྔོན།

    བསམ་ཚུལ་གསར་པ་འདྲ་ནི་ཅང་རེད་མི་འདུག ཁ་གཡང་དེ་རིགས་ལ་བལྟས་ཚེ་རྒྱལ་སྤྱིའི་ཨོལ་ལིམ་ཕེ་ཁའི་ལུས་རྩལ་སྐབས་ཀྱི་ཁ་གཡང་འདྲ་བོ་ཞིག་འདུག དེར་མ་ཟད་ལུང་རིགས་ཀྱིས་གསུངས་པ་ལྟར་རྩོམ་བྱང་དང་རྩོམ་ལུས་གཉིས་འབྲེལ་ཆགས་མ་སོང་།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དགེ་བསྟན་ལགས། རྩོམ་ལུས་དང་ཚིག་སྦྱོར་ལ་བལྟས་ན་སྐུ་ཉིད་རབ་བྱུང་བ་ཞིག་ཡིན་པ་འདྲ། མཚོ་སྔོན་བརྙན་འཕྲིན་དང་རྒྱ་ནག་དབུས་གཞུང་བརྙན་འཕྲིན་སོགས་ཀྱི་ནང་དུ་ནང་དུ་གྲྭ་བ་ཚོས་ས་རོ་གཤོངས་བཞིན་པ་དང་བེམ་རོ་ལེན་བཞིན་པ། ཕུང་པོ་མེར་བསྲེག་གཏོང་བཞིན་པ། སྨོན་ལམ་འདོན་བཞིན་པ། སྦྱིན་པ་གཏོང་བཞིན་པ་སོགས་ཀྱི་འདྲ་པར་ཧ་ཅང་མང་པོ་འདུག དེར་མ་ཟད་བོད་དུ་ཁ་པར་བཏང་སྟེ་གནས་ཚུལ་ཤེས་རྟོགས་བྱུང་བར། རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་གྲྭ་བ་ཚོར་བསྔགས་བརྗོད་ཀྱང་བྱེད་ཀྱིན་འདུག་ཟེར། རང་ཉིད་ཕ རོལ་པོར་མི་དགའ་བ་རྒྱུ་མཚན་དུ་བྱས་ནས་ཕ་རོལ་པོར་བསྙོན་འདིང་བ་དང་། ཕ་རོལ་པོའི་བྱ་སྤྱོད་བཟང་ངན་ཀུན་ལ་མི་དགའ་བའི་ཕྱོགས་ངོས་ནས་སྡང་མིག་གིས་བལྟ་བ་ནི་དྲང་བདེན་ཞིག་མ་རེད།

    Reply
  10. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ༧གོང་ས་མཆོག་སྐྱེ་རྒུ་མདོར་ཕེབས་ཐུབ་མིན་ལ་དོགས་འདྲི་བྱེད་མཁན་འདུག རེ་བ་རྒྱག་མཁན་ཡང་འདུག འོན་ཀྱང་། ད་ལྟའི་ཆར་འདི་འདྲ་ཡོང་གི་མ་རེད། དེའི་རྒྱུ་མཚན་ནི་ད་ཐེངས་ཀྱི་ས་ཡོམ་གོད་ཆག་སྐབས་སུའང་རྒྱ་གཞུང་གིས། ཏཱ་ལའི་བླ་མའི་ཚབ་གུང་ཁྲན་ཏང་གིས་ཐུབ་པའི་བདེན་དཔང་སྟོན་ཅི་ཐུབ་བྱེད་ཀྱིན་འདུག

    ཐ་ན། སྐྱེ་རྒུ་མདོའི་བོད་རིགས་མི་མང་གི་སྐུ་ཚབ་ལྟ་བུ་ཞིག་རྡ་རམ་ས་ལར་བསྔོ་རྟེན་འབུལ་དུ་འགྲོ་རྒྱུ་ཡིན་ལབ་ནའང་པེ་ཅིན་གྱིས་ཁར་ཉན་གི་མ་རེད།

    རྩོམ་འདིའི་ཁ་བྱང་ལ། ཆབ་སྲིད་དང་མ་འབྲེལ་བའི་མྱ་ངན་རོགས་སྐྱོར་ཞེས་བྲིས་འདུག་ཀྱང་། ནང་དོན་ནི་ཁ་བྱང་གི་བསྟན་དོན་དང་རྦད་དེ་ཁ་ཁར་གྱུར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese