མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ཞོགས་དུང་ཟི་ལིང་ཉེན་རྟོག་པས་བཟུང་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་ཚེས་ ༢༣ ཉིན་སྐུ་ཞབས་ཞོགས་དུང་ལགས་ཟི་ལིང་ཉེན་རྟོག་པས་བཟུང་འདུག་ཅེས། ཁོང་གི་གྲོགས་པོའམ་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་གནས་ཚུལ་སྤེལ་འདུག
དེ་རིང་སེང་རྡོར་དྲ་བར་ན་གཞོན་རྩོམ་པ་བོ་ཉི་གཞོན་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོའི་དུས་ཚོད་ ༥ དང་ཕྱེད་ཀའི་སྟེང་ཟི་ལིང་གྲོང་ཁྱེར་ཉེན་རྟོག་ཚན་པའི་ཉེན་རྟོག་པ་ལྔ་དྲུག་ཙམ་གྱིས། ན་གཞོན་རྩོམ་པ་བོ་གྲགས་ཅན་དང་མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པ་སྐུ་ཞབས་ཞོགས་དུང་ལགས། ལས་ཁུངས་ནས་ཁྲིད་དེ་ཁྱིམ་དུ་ཕྱིན་པ་དང་། ཁྱིམ་གྱི་དཔེ་ཀློག་ཁང་སོགས་སུ་བཤེར་སློག་དང་བརྙན་པར་གང་འཚམ་བརྒྱབ་རྗེས་གཞི་ནས་ཁྲིད་འདུག་ལ། དགོང་མོ་དུས་ཚོད་ ༡༠ ཡས་མས་སུ་ཉེན་རྟོག་པ་སླར་ཡང་ཁྱིམ་ལ་ཡོང་སྟེ་རྩིས་འཁོར་གཉིས་ཀ་དང་གཞན་ཡིག་དཔར་སོགས་ཁྱེར་ཡོད་འདུག
ཞོགས་དུང་གི་ཆུང་མ་ལྷ་འཚོས་བཤད་པ་ལྟར་ན། ཉིན་དེའི་མཚན་གུང་དུས་ཚོད་ ༣ ཡས་མས་སུ་ཉེན་རྟོག་པ་ཡང་བསྐྱར་ཁྱིམ་ལ་ཡོང་སྟེ་ཞོགས་དུང་དངོས་སུ་བཀག་སྐྱིལ་བྱེད་པའི་བརྡ་ཡིག་བྱིན་པ་དང་ཁོ་རང་ལ་མཁོ་བ་ཡིན་ཟེར་ནས་ཉལ་ཆས་སྟབས་བདེ་ཙམ་ཁྱེར་ནས་བུད་སོང་ཟེར། ཕྱི་ཉིན་སྔ་དྲོ་བཀག་སྐྱིལ་ཡི་གེའི་སྟེང་གསལ་བ་ལྟར་ལྷ་འཚོ་དང་བུ་མོ་ཡེ་ཤེས་འཚོ་མོ་སོགས་ཟི་ལིང་གྲོང་ཁྱེར་བཀག་སྐྱིལ་ཁང་དང་པོ་རུ་ཐེངས་འགར་ཕྱིན་ཀྱང་ངོ་ཐུག་མ་ཐུབ་པར་མ་ཟད། ད་ལྟ་དངོས་གནས་དེ་རུ་ཡོད་མེད་ཀྱང་ཤེས་དཀའ་འདུག
རྩོམ་ཡིག་དེའི་ནང་མུ་མཐུད་དེ་གསལ་དོན། ས་ཡོམ་གོད་ཆག་བྱུང་བའི་ཉིན་གསུམ་པར་ཞོགས་དུང་སོགས་ཡུལ་ཤུལ་དུ་ཆས་རྒྱུ་བྱས་ཀྱང་སྒེར་ངོས་ནས་ལམ་ཡིག་མ་ལོན་པས་ཁེགས་པར་གྱུར། དེ་བས་ཟི་ལིང་དུ་བསྡད་དེ་རོགས་སྐྱོར་དངོས་རྫས་དབོར་འདྲེན་ལ་རོགས་འདེགས་དང་སྨན་ཁང་དུ་འབྱོར་བའི་རྨས་མར་སེམས་གསོ་རོགས་རེས་ཀྱི་ལས་སུ་ཞུགས་ཏེ་ཁོ་རང་མ་བཀག་སྔོན་གྱི་ཉིན་དེ་དག་ལ་དབུགས་དལ་བའི་གོ་སྐབས་ཤིག་ཡེ་ནས་བྱུང་ཡོད་པ་མིན།
 
ཏག་ཏག་སྐབས་དེ་ཚོད་ལ་ཁོ་ཁྲིད་སོང་བས་ཁོ་པའི་ཁྱིམ་མི་དང་གྲོགས་པོ་དག་ལ་མཚོན་ན་སྡུག་ཐོག་སྡུག་གིས་མནན་སོང་བ་ནི་སྨོས་མེད་རེད། ཡིན་ཀྱང་ད་ཐེངས་ས་ཡོམ་གོད་ཆག་ཁྲོད་ཀྱི་ཤི་གསོན་སྤུན་ཟླ་དག་ལ་འདང་རེ་བརྒྱབ་ན། ཡང་གཞན་དང་གཞན་ལ་འདང་རེ་བརྒྱབ་ན་དེ་འདྲ་མ་སྡུག་ན་འགྲིག་སྙམ། ཁོ་རང་བཀག་སྐྱིལ་བྱས་པའི་ཉིན་གཅིག་པུ་འདིའི་རིང་ལ་གྲོགས་པོ་དང་ངོ་ཤེས་མིན་གང་མང་ཞིག་གིས་བསྟུད་མར་ཁ་པར་གྱི་ལམ་ནས་དོན་དངོས་འདྲི་རྟོག་དང་སྲིད་གཞུང་གི་བྱ་བྱེད་ལ་ཧང་སང་བའི་རྣམ་འགྱུར་བསྟན་སོང་། ཡིན་ཡང་ང་ཚོས་སེམས་རྣལ་དུ་ཕབ་ནས་ཞིབ་འདང་བརྒྱབ་ན་ཧང་སང་དགོས་དོན་མི་འདུག་སྙམ་སྟེ། ཟླ་གཅིག་ལྷག་གི་སྔོན་དུ་མཛོད་དགེའི་ཀིརྟི་སྐྱབས་སོགས་དགེ་རྒན་གསུམ་འཇུས་སོང་སྟེ་ད་དུང་གློད་མེད་པ་དང་། དེའི་རྗེས་སུ་ནུབ་བྱང་གི་ཐེའུ་རང་དང་ཞོགས་ལྗང་གཉིས་འཇུས་སོང་སྟེ་ད་ལྟའང་གང་དུ་ཡོད་པ་སུས་ཀྱང་ཤེས་ཀྱི་མེད་པ་མ་ཡིན་ནམ། དེ་བཞིན་དུ་སང་གི་ཉིན་ལ་ང་ཚོ་ཡང་སུ་ཡོད་སུ་མེད་ངེས་ཆ་ཡོད་པ་མ་རེད།
ད་ལྟའི་བར་གྱི་གནས་ཚུལ་རགས་ཙམ་ནི་འདི་འདྲ་རེད། རྗེས་སུ་གནད་དོན་འདི་ག་འདྲ་ཞིག་ཏུ་འགྱུར་བར་ང་ཚོས་སེམས་ཁུར་བྱེད་ཀྱིན་ཡོད། ༢༠༡༠.༤.༢༥ ཕྱི་དྲོ། ཞེས་གསལ་འདུག
 
ཟླ་ཤས་གོང་དུ་སྐུ་ཞབས་ཞོགས་དུང་ལགས་ཀྱིས་བརྩམས་པའི་གནམ་ས་གོ་འབྱེད་དེ། ས་བྱི་ཞི་བའི་གསར་བརྗེ་ལ་བྲིས་པ་ཞེས་པའི་དཔེ་དེབ་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་ལ། དེའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཟི་ལིང་དུ་ཡོད་པའི་སྐུ་ཞབས་ཞོགས་དུང་ཁོང་གི་སྒེར་གཉེར་དཔེ་ཚོང་ཁང་ ༡+༡ དཔེ་ཁང་ཞེས་པའང་སྒོ་བརྒྱབས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༨ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༩ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།

མཆན། 63

  1. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    http://www.youtube.com/watch?v=B2Hh-_t-_ug&feature=related

    ཧ་མ་གོ་ན་འདིར་ཉན།

    Reply
  2. ཕུན་ཚོགས ། says:
    ལོ་ 15 སྔོན།

    ང་ཚོའི་སྤྱི་ཚོགས་སུ་སྐུ་ཞབས་ཁོང་ལ་གཡས་འཐེན་གཡོན་སྐྱོར་གྱི་སྐད་ཆ་ལུང་བ་གང་བཤད་རྒྱུ་ཡོད་མོད།དུས་ལ་བབ་ཅིང་གནད་ལ་ཐུག་དུས་ཅིར་ཡང་མི་སྨྲ་བར་ལྐུག་པའི་རྟུལ་ཞུགས་འཛིན་མཁན་ཤིན་མང་ཨང་།

    Reply
  3. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཀླུ་མཁར་བྱམས་ཀྱིས་བཤད་ན་༼ཡིག་འབྲུ་ཁྲི་བདུན་ནས་གནམ་ས་གོ་འབྱེད་བར་༽ཞེས་པའིབགྲོ་གླེང་ཞིག་གོ་སྒྲིག་བྱ་འཆར་ཡོད་རབ་ཟེར།གལ་སྲིད་དེ་འདྲ་ཡིན་ན་ངོ་དུས་ཐོག་ཆར་བའི་དཔེ་ལྟར་ཤིན་ཏུ་བཀའ་དྲིན་ཆེ་ཟེར་རྒྱུ་ཡིན།

    Reply
  4. ཕུན་ཚོགས ། says:
    ལོ་ 15 སྔོན།

    བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་གླེང་རིན་ཡོད་པའི་སྐད་ཆ་ཞིག་བུད་ན་རེད།

    Reply
  5. འབྲི་འབྲོང་། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ཟི་ལིང་ཉེན་རྟོག་པས་བཟུང༌།
    རྩོམ་པོ་དེ་རྒྱ་ནག་གིས་འཛིན་བཟུང་བྱས་པ་དེ་བློ་ཕམ་དང༌། གྱོང་གུད་ཞིག་ཀྱང་རེད། ང་ཚོ་དེའི་ཆེད་དུ་ལས་འགུལ་འདྲ་སྤེལ་ཐབས་ལ་བརྩོན་དགོས། རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲག་དགོས་པ་དང་བྱེད་འོས་པ་ཞིག་རེད། འོན་ཀྱང་རང་གིས་བསམ་ཚུལ་བྱས་ན། དྲ་རྒྱའི་རྒྱུད་ལམ་རྩོམ་པ་པོ་དེ་ཉེས་མེད་རྒྱ་ནག་གིས་འཛིན་བཟུང་བྱས་ཚུལ་བཤད་དགོས་པ་ལས། ཁོང་གིས་དེ་སྔོན་བྱས་པའི་ལོ་རྒྱུས་དང༌། བརྩམས་དེབ་ཀྱི་ནང་དོན་དྲ་ལམ་འབྲིམ་པ་ཡིན་ལ་ཉེས་པ་ཆེ་རུ་འགྲོ་རྒྱུ་ལས་ཆུང་དུ་འགྲོ་དཀའ། དེས་ན་དྲ་ལམ་ནང་ལ་འབྲིམ་སྤེལ་བྱེད་རྒྱུ་གལ་ཆེ་ཆུང་གང་ཡིན་ཡང་ཐུགས་བསམ་གཏན་པོ་བཞེས་ནས་བཀོད་དགོས་པ་གལ་ཆེན་པོ་མཐོང་གི་འདུག

    Reply
  6. དུག་ཚེར། says:
    ལོ་ 15 སྔོན།

    མི་ལ་མིག་ཞེས་འདོན་རོགས།

    Reply
  7. དུག་ཚེར། says:
    ལོ་ 15 སྔོན།

    ན་གཞོན་གསར་བའི་མི་འཕྲོག་པ

    སེམས་སྐྱོ་བ་ལ་ཡིད་སྡུག་པ་ལ་གཅིག་མཇུག་གཉིས་མཐུད་ཀྱིས་བོད་མི་རིགས་ལ་གོད་ཆགས་དང་གས་གཏོར་ཆག་སྒོ་དང་འཇིག་སྐྲགས་སློང་སོང་། འདི་ལྟར་ཕྱོགས་ཡོངས་ནས་བསམ་ན་ང་ཚོའི་ཅི་ཞིག་བྱེད་ང་ཚོ་གང་དུ་འཚོ་ད་ནི་འཇིག་རྟན་ཁམས་འདིར་ཡིན་རིང་མི་གནས་ན་ཅི་མ་རུང་མཉམ་པའི་ཚོར་བ་ཞིག་ངང་གིས་སྐྱེ་གི་འདུག

    Reply
  8. དོང་སྤྲུགས། says:
    ལོ་ 15 སྔོན།

    ཤེས་ཡོན་ཅན་དང་། མི་རིགས་ཅན། ལ་རྒྱ་ཅན་ཚང་མ་མདོ་སྨད་ནས་ཡོང་བཞིན་པ་འདི་གང་ཡིན་ནམ། བོད་ཁུལ་གཞན་དག་ན་ཤེས་ཡོན་པ་དང་ལར་ཞེན་ཅན་མེད་པ་འདྲ། ང་རང་མདོ་སྟོད་ཀྱི་མི་ཞིག་ཡིན་པས་ཆ་ནས་མདོ་སྨད་ཀྱི་ཤེས་ཡོན་པ་དག་གི་བློ་སྤོབས་ལ་གུས་འདུད་དང་ད་ཐེངས་ས་ཡོམ་ཁྲོད་མདོ་སྨད་མི་དམངས་ནས་མི་རིགས་གཅིག་པའི་འདུ་ཤེས་ཟབ་མོས་རོགས་སྐྱོར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ། བོད་རྒྱལ་ལོ།།

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    བུ་རེ་བ་ཅན་པོ། བོད་མི་ས་ཡ་དྲུག་པོ་ཁྱེད་ཀྱི་རྒྱབ་ལ་ལངས་ཡོད། ཁྱེད་ནི་བོད་མི་ཤེས་ཡོན་ཅན་གྱི་སྣེ་འདྲེན་པའི་དེད་དཔོན་ཁོ་ནའོ།

    Reply
  10. ཨ་འབྲུག་དཀོན་མཆོག says:
    ལོ་ 15 སྔོན།

    སྐུ་ཞབས་ཁོང་ལ་ཡང་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་བྱེད།

    སྐུ་ཞབས་ཞོགས་དུང་འཛིན་བཟུང་བྱས་པ་ནི།་་་་་་་་་བོད་ནང་གི་ཤེས་ཡོན་ཅན་གྱི་དཀའ་སྡུག་གི་མཚོན་ཚུལ་ཞིག་རེད་་་་་་བོད་ནང་གི་སྨྲ་བརྗོད་རང་དབང་གི་གནས་བབ་ཀྱི་མཚོན་ཚུལ་ཞིག་རེད་་་་་བོད་ནང་གི་མི་རབས་གསར་པས་བདེན་དོན་རྩོད་ལེན་བྱེད་ཚུལ་ཞིག་རེད་་་་་བོད་དོན་བདེན་རྩོད་ཀྱི་ངོ་བོའི་འགྱུར་ལྡོག་གི་མཚོན་ཚུལ་ཞིག་རེད་་་་ད་དུང་དེ་ལ་སོགས་པ་མང་པོ་ཞིག་རེད།
    ་་་་

    མ་གཞི་ངའི་བསམ་ན་་་་རྒྱ་གཞུང་གིས་ཞོགས་དུང་མ་བཟུང་བའི་ཡར་སྔོན་ལ་ཞོགས་དུང་གིས་རྒྱ་གཞུང་འཛིན་བཟུང་བྱས་པ་རེད།་་་་་ཁོང་གིས་རྒྱ་གཞུང་དེ་བདེན་པའི་ཁྲིམས་ཁང་དུ་བཟུང་བ་རེད།་་་་་དུས་རབས་དང་ལོ་རྒྱུས་མིག་སྔའི་གནས་བབ་ཀྱི་བཅད་ཁྲ་ཆེན་པོ་ཞིག་བཏང་ནས་འཛམ་གླིང་ལ་བསྒྲགས་པ་རེད། ་་་་བསྒྲགས་གཏམ་དེ་གནམ་ས་གོ་འབྱེད་རེད། ང་ཚོའི་གནས་བབ་འདི་ཚོ་གནས་ལུགས་གཞན་ཞིག་གི་སྟེགས་བུར་ཕུད་ནས་བགྲོ་གླེང་ཞིག་སྐོང་འཚོགས་བྱས་ན་དོན་སྙིང་ཡོད་གི་འདོད།

    Reply
  11. གཉན་པོ། says:
    ལོ་ 15 སྔོན།

    དེང་གི་སྐབས་སུ་བོད་ནང་དུ་བོད་ཀྱི་ཤེས་ཡོན་ཅན་རྣམས་དང་། བོད་མིའི་ཆེད་དུ་དངོས་སུ་ཕྱག་ལས་གནང་མཁན་དག་གཅིག་གཅིག་གཉིས་གཉིས་བྱས་ཏེ་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་དང་བྱེད་བཞིན་འདུག་ན། ཕྱི་ཕྱོགས་ཀྱི་བོད་ཀྱི་ཤེས་ཡོན་པའི་སྡེ་ཡིས་སྣེ་ཁྲིད་ནས་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྟེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་དང་། རྩོམ་པ་པོ་དང་ཤེས་ཡོན་པའི་འགན་དབང་སྲུང་སྐྱོབ་བྱེད་མཁན་གྱི་མི་རྣམས་ཀྱི་མདུན་སར་སྙན་ཞུ་འབུལ་བ་དང་། བོད་ནང་གི་བོད་ཀྱི་ཤེས་ཡོན་པ་ཚོའི་ད་ལྟའི་གནས་བབ་ཇི་འདྲ་ཡིིན་ཚུལ་འགྲེལ་བརྗོད་གསལ་བོ་བྱེད་པ་སོགས་ཀྱིས་མཚོན་པའི་ནུས་ཤུགས་ལྡན་པའི་ལས་འགུལ་ཞིག་སྤེལ་དགོས་པར་འདུག འདི་ལ་ངེས་པར་དུ་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་དག་གིས་འགན་འཁྱེར་ཏེ་ལས་འགུལ་ཞིག་མ་སྤེལ་ཐབས་མེད་དུ་གྱུར་ཡོད། ཉིན་ཁ་ཤས་ཀྱི་ནང་དུའང་རྩོམ་པ་པོ་ཞོགས་དུང་ལགས་འཛིན་བཟུང་བྱས་པ་དང་། ཞོགས་ལྗང་དང་ཐེའུ་རང་གཉིས་སློབ་གྲྭ་ནས་བཙན་ཁྲིད་བྱས་པ། རྨ་ཆུ་ནས་སྐྱབས་ཆེན་སོགས་བོད་ཀྱི་ཤེས་ཡོན་ཅན་ནམ་དགེ་རྒན་སྐོར་ཞིག་སློབ་གྲྭ་ནས་གནས་དབྱུང་བཏང་བ། རྨ་ཆུ་རྗོང་གི་སློབ་གྲྭ་ནས་དགེ་རྒན་ཉེར་གཅིག་ལ་སྒོར་ཆད་ལྕི་མོ་བཀལ་བ། ད་དུང་བོད་ཁུལ་གྱི་ཕྱོགས་ཡར་མར་ནས་དགེ་རྒན་དང་ཤེས་ཡོན་ཅན། སློབ་མ་དང་། སྐྱ་སེར་མང་བོ་ཞིག་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་སོགས་ལ་དམིགས་ཏེ་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་དགོས་འདུག། འདི་ཙམ་གྱིས་མཚམས་འཇོག་པར་ཐག་མི་ཆོད་ཀྱང་། ད་ནི་སྤུན་ཟླའི་རྒྱབ་ན་སྤུན་ཟླ་ལངས་ཡོད་པའི་བརྡ་སྟོན་དགོས་ལ། ཉེས་མེད་འཛིན་བཟུང་བྱེད་ཀྱིན་པའི་བོད་ནང་གི་ཤེས་ཡོན་པ་ཚོའི་གནས་སྟངས་སྐྱོ་བོ་འདི་འཛམ་གླིང་ཁྱོན་ཀུན་ཏུ་བསྒྲགས་རན་ཡོད། འདི་ལ་ནམ་རྒྱུན་ལྟར་མེག་ལོར་ནས་ཀ་ཅ་རིའི་བར་དུ་ཤར་སྐྱོད་བྱས་པས་མི་ཕན་ལ། ཤོག་ངོས་རྐྱང་བར་ས་ཡིག་སྐྱོན་པས་ཀྱང་མི་འགྲུབ་སྟེ། ཚུལ་འདི་ནི་རྒྱལ་སྤྱིའི་ཚོགས་པ་ཆེ་ཁག་དག་དང་། གཞུང་སྒེར་གང་རུང་གི་བོད་དོན་རྒྱབ་སྐྱོར་བ་སོགས་ལ་མ་གོ་མ་ཐོས་མེད་པ་ཞིག་བྱེད་དགོས་པར་མ་ཟད། ངེས་བར་དུ་རྒྱ་གཞུང་ལ་གནོན་ཤུགས་ཡོང་བའི་ལས་འགུལ་སྤེལ་བ་དང་ཁྱབ་བསྒྲགས་བྱེད་དགོས། ང་ཚོའི་ཤེས་ཡོན་པའི་སྡེ་རྩ་མེད་བཟོ་བཞིན་པའི་གནས་ཚུལ་འདི་རང་དགར་བསྐྱུར་རུང་བ་ཞིག་གང་ནས་ཡིན། དེ་བས་ཉིན་ཤས་རྗེས་ཀྱི་ཨ་རི་དང་རྒྱ་ནག་གཉིས་བར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཞིག་ཚོགས་འཆར་ཡོད་པའི་སྐབས་སུའང་ང་ཚོས་སྙན་ཞུ་ཕུལ་བ་དང་ལས་འགུལ་སྤེལ་བ་སོགས་གྲ་སྒྲིག་འཐུས་ཚང་ཡོད་དགོས་པར་འདོད་ན། ད་ནི་གོང་སྨྲས་འདི་དག་གི་ཆེད་དུ་ཕྱི་སྡོད་བོད་ཀྱི་ཤེས་ཡོན་པའི་སྡེ་གཙོ་བྱས་ཏེ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་བར་གང་མྱུར་གྱིས་གྲ་སྒྲིག་བྱེད་དགོས་པར་འདོད་དོ།

    Reply
  12. བློ་དཔལ། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས་དབང་སྒྱུར་བའི་འཛིན་བཟུང་བྱས་བར་སྐྱོ་བ་དང་རེ་བ་གཉིས་དུས་གཅིག་ལ་སེམས་ནང་ཡོང་གི་འདུག སྐྱོ་དགོས་དོན་ཁོང་ལ་གཅར་རྡུང་སོགས་མནར་གཅོད་ཚད་མེད་གཏོང་ངོས་རེད།
    རེ་བ་ནི་ སྐུ་ཞབས་ཞོགས་དུང་ལགས་ཀྱི་གནམ་ས་གོ་འབྱེད་ནང་གསུང་དོན༼ བདེན་མཐའ་གསལ་རྒྱུའི་རྟགས་མཐོང་བ་ནི། ས་བྱི་ཞི་བའི་གསར་བརྗེ་ལས་བོད་མིའི་བདེན་མཐའ་ངེས་པར་དུ་གསལ་རྒྱུ་ཡིན་པ་དང་བོད་མིའི་བསམ་དོན་ངེས་པར་དུ་འགྲུབ་རྒྱུ་ཡིན་པའི་རྟགས་མཐོང་ཡོད་པ་ཡིན། ཞར་དང་ཞོར་ལ་ཁོ་བོའི་བསམ་དོན་འགྲུབ་པའི་རྟགས་ཀྱང་མཐོང་སོང་བ་ཡིན།༽ ཞེས་གསུངས་ཡོད་པའི་དུས་ལ་བབ་པ་རེད།
    སྐུ་ཞབས་ཞོགས་དུང་ལགས་གན་དྷིའི་བདེན་པའི་ཨུ་ཚུགས་ལག་ལེན་ལྟར་བའི་དུས་ལ་བབ་པ་རེད། བོད་མི་རིགས་ཀྱི་དཔའ་བོ་ས་ཡ་མང་པོ་ཁྱེད་ཀྱི་རྗེས་སུ་ཡོང་ངེས་རེད་ལ་བློ་དམན་པ་བདག་གིས་ཅང་ཁྱེད་ཀྱི་གནམ་ས་གོ་འབྱེད་ལ་སློབ་སྦྱོང་བྱེད་བཞིན་པ་ཡིན་ལ་བདག་གི་བོད་སེམས་མཉམ་ཆུང་དེའང་ཉིན་མཚན་མེད་པར་ཁྱེད་དང་ལྷན་དུ་ཡོད།
    མཐའ་དོན་རླབས་ཆེ་ལ་གཟི་བརྗིད་ལྡན་པའི་གསར་བརྗེ་པ་སྐུ་ཞབས་ཞོགས་དུང་ལགས་བཙོན་ནས་མགྱོག་མྱུར་ཐར་ནས་རྒྱ་ནག་དབང་འཛིན་པར་བོད་དོན་བདེན་མཐའ་གསལ་བར་བདེན་པའི་ཨུ་ཚུགས་མཐའ་སྐྱེད་གནང་མཁན་གྱི་སྐྱེ་བུ་རླབས་ཆེན་ཅིག་ཡོང་བར་སྨོན།

    Reply
  13. ཨ་མྱེ says:
    ལོ་ 15 སྔོན།

    ཕོ་རབ་རྣམ་དཔྱོད་ཅན་པོ་གླེང་རིན་ཡོད། གནོད་ཤུགས་བསྐྱེད་དུ་འགྲོ

    Reply
  14. གནམ་ལྕགས། says:
    ལོ་ 15 སྔོན།

    ད་བྱེས་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འདིའི་སྐོར་ལ་སྐད་ཆ་ཞིག་བཤད་དགོས་པ་རེད། འདི་ལ་མི་བཤད་པར་ནམ་ཞིག་ལ་བཤད། གཞིས་བཞུགས་རྩོམ་པ་པོ་འདི་ལྟ་བུ་བཙོན་དུ་བཟུང་ན། མིག་ཆུ་མི་ཐོན་རུངཁ་མཆུ་ཡང་འདྲུད་དགོས་པ་རེད།

    འདིའི་སྐོར་ནས་གྲག་མེད་བྱེད་ཀྱིན་པ་འདི་ནི་ཤིན་ཏུ་ནས་ངོ་ཚ་དགོས་པ་རེད།

    Reply
  15. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ཨ་རིག་པས་ངའི་ཡིག་ནོར་ལ་མངོན་གསལ་དོད་པོས་དགག་པ་ཐུགས་རྗེ་ཆེ། ཡིན་ཡང་ངས་ཨ་ལྟ་ཡང་ལྟ་བྱས་ཀྱང་ཡིག་ནོར་དེ་ཚོ་ངོས་འཛིན་མ་ཐུབ། ཡ་ཨ་རིག་པ་ཁྱོས་རེ་རེ་ནས་ཐེར་འདོན་ཡོས་ཤོག ཡང་གཅིག་བཤད་ན་ཁྱོས་ཀྱང་ཤ་ཀླན་གྱི་ཞེས་མ་བྲིས་པར་ཤ་ཀླན་གི་བྲིས་པ་དང་རྩད་ཀྱི་མ་བྲིས་པར་ཚིག་ཕྲད་ནང་མེད་པའི་ཀི་སྒྲ་ཞིག་སྦྱར་བས་མཆན་ཚིག་བཅུའི་ནང་ལ་ཡིག་ནོར་གསུམ་ཐོན་འདུག(བརྩིད་ཞེས་པ་ཡིག་ནོར་རེད།)གང་ལྟར་ཀྱང་ཨ་རིག་པས་ཐེར་འདོན་གནང་བར་ཐུགས་རྗེ་ཆེ།ཧཧཧཧཧཧཧཧཧཧཧཧཧཧཧཧཧ་མ་རེད་དམ། ཨོ་དྲན་དགོས་པ་ཞིག་ལ་གོང་གི་ཁྱོས་ཞེས་པ་ཁྱོད་ཀྱིས་ཞེས་པའི་བསྡུས་ཚིག་རེད་ལ།ཡོས་ཞེས་པ་བྱོས་ཞེས་པའི་ཁ་སྐད་རེད།

    Reply
  16. བློ་དཔལ། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་དབང་སྒྱུར་སྲིད་གཞུང་ནས་བཟུབ་དེར་བློ་ཕམ་ཚད་མེད་ཡོད།

    Reply
  17. མི་ཆུང་། says:
    ལོ་ 15 སྔོན།

    དེང་རབས་བོད་ཀྱི་བསམ་བློའི་སྒོ་འབྱེད་པ། སྐུ་ཞབས་ཞོགས་དུང་ལགས། རྒྱ་གཞུང་གིས་བཀག་ཉར་བྱས་པར་བློ་ཕམ་ཡོད། ཁོང་གིས་འདི་འདྲ་ཞིག་ཀྱང་གསུངས་འདུག ཝ་རྔ་མ་དྲུད་དེ་བྲོས་པ་ལས། །སྟག་འཛུམ་དྲུག་ཉིལ་ལེར་འཆི་ན་དགའ།། ཞེས་པའི་བོད་ཀྱི་གཏམ་དཔེ་འདི་ཡིན། སྔ་ས་ནས་ཐག་གཅོད་གནང་གྲུབ་ཡོད། ཁོང་རྣམས་ནི་མི་རིགས་ཀྱི་དཔའ་བོ་དངོས་མ་རྣམས་ཡིན།

    Reply
  18. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་ཁྱོད་ཚོས་ཉོག་གཏམ་ཀྱི་མཚམས་བཞག་ན་ཨེ་ཆོགགི།ཤི་རྒྱུ་ཐམས་ཅད་ཤི་ཚར་བ་དང་འཛིན་རྒྱུ་ཐམས་ཅད་བཟུང་ཚར་བའི་རྗེས་ལ་དཔའ་པོ་ཡིན་རབ་དང་བཟང་བོ་ཡིན་རབ་ཀྱི་ལོ་རྒྱུས་གཅིག་པུ་གླེང་བས་ཅི་ཞིག་ཕན།ཁྱོད་ཚོས་ཁོ་དཔའ་བོ་ཡིན་ཚུལ་དང་གནས་ལུགས་ལ་དགའ་ཚུལ་གྱི་སྐད་ཆ་དེ་རིང་གསར་ཏུ་གོ་བ་ཡིན་ནམ།ད་སྔོན་ཁོང་གིས་མི་ཁ་རྒྱབ་ཏུ་གཡུགས་ཚེ་སྲོག་འབེན་འཛུག་བཞིན་མི་སྐད་བཤད་ཅིང་མི་དོན་གླེང་བཞིན་པའི་སྐབས་དེར་ཁྱོད་ཚོས་ཚིག་སྣེ་ཅི་ཞིག་གི་རྒྱབ་སྐྱོར་བྱས་མྱོང་ཡོད་དམ།

    Reply
  19. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    ཡུ་ཤུལ་གྱི་ས་འགུལ་དེ་བོད་ཀྱི་རྒྱ་ཆེའི་མི་དམངས་ཀྱི་སེམས་འགུལ་ལ་སྒྱར་མཁན་ཡང་། ཁྱེད་ཅག་ལྷན་རྒྱས ༼ ༼སྨིན་དྲུག ཞོགས་དུང་། བྱང་སྐར། ཉི་གཞོན། སེང་རྡོར། འགྱན་སངས་རྒྱས་དོན་གྲུབ། འབར་རྡེའུ། མེ་ལྕེ། ༽ སོགས་གཙོ་བོའི་གྲས་ཡིན་པ་དང་། ངེད་ཅག་ཕྱིར་སྡོད་བོད་རིགས་རྣམས་ས་ཡོམ་དེ་ལ་ཁ་གདང་མིག་ཅེར་ནས་བསྡད་ཡོད་པའི་ཁ་ཐུག་འདིར། སྐུ་ཞབས་ཞོགས་དུང་ལ་སྐྱེན་ངན་བྱུང་བའི་གནས་ཚུལ་གོ་ཡོང་དུས། ཁ་དཔེར་མགོ་ན་བའི་གང་ལ། གཡུ་འབྲུག་གི་ཙག་སྒྲ། སེམས་སྐྱོ་བའི་གང་ལ། ཁུ་བྱུང་གི་སྐད་སྒྲ། རང་ཡིན་མོས། སྤྱིར་རང་བྱུང་གི་གནོད་འཚེ་སོགས་ཀྱི་སྐྱེ་འགྲོའི་སྲོག་འཕྲོག་པ་ནི། ༼ གོད་ཆག་༽ རང་ཡིན་ནའང་། ལྷན་རྒྱས་རྣམ་བཞིན་བསམ་ཕོད་པ་དང་། སྒྲུབ་ཐུབ་པའི་མི་བུ་རུས་རྐང་ཅན་ཚོ་སྟེ། ཞོགས་དུང་ལ་སོགས་པའི་འགྲོ་སྟངས་དེ་ནི་གདོང་དམར་བོད་ཀྱི་རང་གཤིས་རྣལ་མ་ཞིག་ཡིན་ལ། གང་ལྟར་མི་རིགས་འདི་འཚོ་ཐུབ་ན་འཚོ་སྟངས་དེ་རང་ཡིན་ལ། ཤི་དགོས་ན་འགྲོ་སྟངས་ཀྱང་དེ་ག་རང་ཡིན། ཨ་མའི་བུ།

    གཞན་ཡང་། ཁ་སྔོན་ཞོགས་དུང་གི་དེབ་གནམ་ས་སྒོ་འབྱེད་སླེབས་མ་ཐག ཕྲན་གྱིས་འདི་གར་དུས་བབ་རྩོམ་སྒྲིག་པ་ལུང་རིག་རྒྱལ་གཙོས་
    འབྲེལ་ཡོད་རྩོམ་པ་པོ་རྣམས་ལ་གོ་བསྡུར་ཞུས་པ་བརྒྱུད། དེབ་དེ་དང་འབྲེལ་༼ ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ནས་གནམ་ས་སྒོ་འབྱེད་བར། ༽ ཞེས་པ་འི་བགྲོ་གླེང་ཚོགས་འདུ་ཞིག་འཚོག་རྒྱུའི་གྲ་སྒྲིག་བྱེད་པའི་སྒང་ཡིན་མོད། ཏན་ཏན་ཁ་ཐུག་འདིར་ཞོགས་དུང་ལ་སྐྱེན་ངན་བྱུང་བར་བརྟེན། ད་ནི་རིམ་གྱིས་ལྟ་ཆོག

    Reply
  20. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་གོ་མ་ཐག་བློ་ཕམ་བྱུང་། ཁོས་བཤད་འདོད་པའི་དྲང་བདེན་ཞིག་བཤད་པ་དེ་ནོར་འཁྲུལ་ཞིག་ཏུ་གཙིས་ནས་བཟུང་བ་ཡིན་ན། རྒྱ་ནག་གིས་ནམ་ཡང་དེ་རིགས་འགོག་མི་ཐུབ། ང་ཚོ་བོད་མི་རིགས་ནི་གཟུར་གནས་དྲང་བདེན་གྱི་མི་རིགས་ཤིག་ཡིན་པས་སོ།།

    Reply
  21. བཀྲ་ཤིས། ། says:
    ལོ་ 15 སྔོན།

    བོད་པའི་རྩོམ་པ་པོ་ཡག་ཤོས་ཞོགས་དུང་རེད།
    བོད་སྤྲུལ་སྐུ་ལ་དད་པ་བྱས་ཏེ་ཕུང་བའི་ལོ་རྒྱུས་འབྲི་བ་པོ་ཞོགས་དུང་རེད།
    བོད་པའི་སྤྲུལ་སྐུས་རྒྱ་སོག་གི་དམག་མི་བོད་ལ་གདན་འདྲེན་བྱས་པ་ལ་སྐྱོན་བརྗོད་ཐེར་འདོན་བྱེད་མཁན་ཞོགས་དུང་རེད།
    བོད་སྤྲུལ་སྐུས་དབང་སྒྱུར་བྱས་པའི་མཇུག་འབྲས་གསལ་སྟོན་བྱེད་མཁན་ཞོགས་དུང་རེད།

    Reply
  22. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ད་སྙིང་མ་རྗེ། སྐུ་ཞབས་ཁོང་སྒོའི་ཕྱི་ལོགས་སུ་ཡོད་དུས། ཁ་ངན་དམོད་གཏོང་གིས་ཚིག་གི་བརྙས་པར་མ་ཟད། རྒྱ་དམར་དང་རྒྱུག་ཁྱི་བདུད་རྒན་དང་འདྲེ་རྒན་སོགས་ཀྱི་དམོད་པ་དང་གཤེ་བའི་སྦྱོར་བ་བོད་ཕྱི་ནང་གཉིས་ནས་ང་ཡིན་དང་ཁོ་ཡིན་དག་གིས་བརྩམས་ཏེ་བོད་གྲལ་ནས་ཕུད་ཐབས་ལ་བརྩོན་ཡང་། ཨམ་ཚུགས་ཀྱིས་བསྡད་པ་ཙམ་རེད། ད་ཡིན་ན་མུན་ཁང་ཞིག་གི་ནང་ལོག་ན་གཉེན་རྟོག་པས་དྲག་ཤེད་སྣ་ཚོགས་སྤྱད་དེ། གཞོན་ནུ་ཚོགས་པར་འབྲེལ་བ་ཡོད་མེད། རྡ་རམ་ས་ལའི་སྲིད་གཞུང་ལ་འབྲེལ་བ་ཡོད་མེད་ནས་མགོ་བརྩམས་ཏེ་ཤ་རུས་རྐང་གསུམ་སྡིག་བཙིར་དང་གནོན་བཙིར་བྱེད་ཀྱིན་ཡོད་པ་མ་ཟད། གཞུང་ཞབས་པའི་གྲས་ནས་རྒྱང་ཕུད་བྱ་རྒྱུའི་སྟ་གོན་བརྩོན་གྱིན་ཡོད་པ་ཐག་གིས་བཅད་ཆོག་པ་ཞིག་ཡིན་ངེས། ཨ་ཤི་རེ་ཁོ། དོན་དམ་བོད་མི་གཅིག་གིས་ཁོ་ལ་རོགས་སྐྱོར་མ་བྱས་པར་ཞོགས་དུང་གི་གྲོགས་པོ་ཡིན་པར་རྣམ་རྟོག་སྐྱེས་ཏེ་བསྡད་པ་མ་ཡིན་ནམ།

    Reply
  23. གངས་རྡེའུ། says:
    ལོ་ 15 སྔོན།

    ཨ་རིག་ལགས་ད་ཁྱོས་ཁོང་གི་པར་ལ་བལྟས་ནས་གླེན་བཤད་ཡིད་ཀི་མ་འདུག
    བོད་ཡིན་ན་བོད་ལ་གོན་དགོས་པའི་བཅས་པ་ཞིག་གང་ན་ཡོད་ཀི

    Reply
  24. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཤ་ཀླན་གི་ཡིག་ནོར་རིག་ན་ཤ་བརྩིད་ཀི

    Reply
  25. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 15 སྔོན།

    ངས་ཞོགས་དུང་གི་རྩོམ་ཡིག་མང་པོ་བཀླགས་མྱོང། དཔྱད་ཤེས་རྒྱངས་འབོད་ཕུད་བྱིངས་རྣམས་མ་བཀླགས་པ་ཞིག་མེད་སྙམ་བསྡད་ཡོད། ང་ཁོང་གི་རྩོམ་ཡིག་ཀློག་དུས་མཚམས་རེར་ཁོང་ཁྲོས་མེ་ལྕེ་འབར་མྱོང་ཞིང་ལན་རེར་དགའ་བས་བསྟོད་པའི་མེ་ཏོག་ཕུལ་མྱོང་། གང་ལྟར་ཀྱང་འགྲིག་བསྡད་ཡོད། ཚོར་བ་ཅི་ཡང་མི་སྟེར་བའི་རྩོམ་ཡིག་དག་དང་ཁོང་གི་རྩོམ་དག་བསྡུར་སྣ་མེད། ཡིན་ཡང་ངས་ཁོང་གི་པར་ཞིག་མཐོང་འདོད་སྔོན་ནས་ཡོད་ཀྱང་པར་ཞིག་རྩ་ནས་མཐོང་མ་མྱོང་། དགའ་འོས་པ་ཞིག་ལ་དེ་རིང་དུས་བབ་དྲ་བ་འདི་ནས་ཁོང་གི་པར་དེ་མཐོང་བྱུང་། ཡིན་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་སྐུ་ཞབས་ཁོང་མུན་དོང་བཙོན་དུ་བཅུག་ཟིན་པའི་གནས་ཚུལ་ཞིག་ཀྱང་མཉམ་དུ་སྦྱར་འདུག ང་ཚོའི་ལས་དབང་འདི་ལ་བསམ་ན། སྔོན་གྱི་ལོ་རྒྱུས་དང་ཉེ་བའི་གནས་ཚུལ་དག་ལ་བསམ་ན། གནས་ཚུལ་འདི་ཤིན་ཏུ་ཛ་དྲག་པོ་རེད།

    Reply
  26. གངས་རྡེའུ། says:
    ལོ་ 15 སྔོན།

    ཨོ་ད་དགྱ་རོ་ཉི་མར་སྡེབ་རྒྱུ་འདི་ཚང་གིས་འདུག་གི་འཇུག་རྒྱུ་མ་རེད་ཡ་ད། བོད་མི་རིགས་ལ་བློ་སེམས་དཀར་བའི་དཔའ་བོ་ཚོ་གཅིག་གཉིས་བྱས་ནས་ལུག་འཛིན་བྱས་ཐལ། ཨ་ཧ་བོ་ན་ཧ་བོ་། ད་ཅི་བྱེད་རྒྱུ།

    Reply
  27. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    གོང་དུ་འདྲེ་རིག་ལྡན་གྱིས་གསུང་བ་བཞིན། བཙན་བྱོལ་གཞུང་གིས་ཁོང་གི་རྩོམ་ཡིག་དག་ལ་མཐོང་ཆེན་ཞིག་གནང་དགོས་ལ། ཁོང་གི་སྐོར་ལའང་མ་གོ་ཁུལ་དང་མ་ཤེས་རྩ་ནས་བྱེད་མི་ཉན། ད་ཐེངས་རང་རེའི་གཞུང་གི་ངོས་ནས་འདི་ལ་གོ་རྒྱུ་གྲགས་རྒྱུ་ཡོད་པ་ཞིག་མ་བྱས་ན།་གཞིས་བཞུགས་ཤེས་ཡོན་པ་དག ལྷག་པར་དུ་བོད་ཀྱིས་བདེ་སྡུག་གླེང་མཁན་དག་གི་སེམས་ཤུགས་ཆག་ངེས་ཡིན།

    Reply
  28. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    དངོས་གནས་བདག་ལ་ནི་ཕངས་སེམས་ཀྱིས་སྡོད་བཟོད་མི་འདུག

    དྲ་གྲོགས་རྣམས་ཀྱིས་འདིའི་སྐོར་ནས་ལས་འགུལ་འདྲ་སྤེལ་བའི་གྲབས་ཡོད་དམ། གལ་སྲིད་ཡོད་ན་ང་ནི་སྔོན་ལ་ཐོན་མཁན་ཡིན།

    Reply
  29. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ངས་རྒན་པོ་འདིས་བོད་ལྭ་གོན་ནོ་ནི་ཞིག་རིག་ན་འདོད་ཀི གསར་འགོད་པ་ཚོས་པར་འདི་མ་གཏོགས་ལག་ཏུ་མ་ཟོན་ནི་ཡིན་རྒྱུ་རེད། དེ་མིན་པར་འདིའི་སྟེང་་ན་རྒྱ་རྒན་ཟིག་ག་རིག་གི
    ངའི་སེམས་ནང་གི་རྩོམ་པ་པོ་དང་བསམ་བློ་བ།

    Reply
  30. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    འདྲེ་རིག་ལྡན་གྱིས་དྲི་བ་དེ་ལ་ལན་རྒྱག་ཐུབ་ན་བཟང་ གི

    ཞོགས་དུང་ལ་སྡིགས་མཁན་ཚོ་ད་ཁྱེད་ཅག་གི་བསམ་དོན་ཨེ་འགྲུབ་ཐལ།

    Reply
  31. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    གོ་སྐབས་འདི་དང་བསྟུན་ནས་བོད་གཞུང་མང་གཉིས་ཀྱིས་རྩོམ་པ་པོ་གྲགས་ཅན་ཞོགས་དོང་གང་མགྱོགས་གློད་བཀྲོལ་ཡོང་བའི་ལས་འགུལ་སྤེལ་དགོས་པ་དང་། གནམ་ས་གོ་འབྱེད་དཔར་སྐྲུན་འགྲེམས་སྤེལ་བྱེད་དགོས།

    Reply
  32. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ཁོང་ལ་མཚོན་ན། ཡོད་ཚད་བློས་བཏང་བའི་མི་རིགས་ཀྱི་དཔའ་བོ་ཞིག་ཡིན། འོན་ཀྱང་། ཁོང་གི་ཤུལ་ལུས་བཟའ་ཟླ་ལྷ་མཚོ་དང་བུ་མོ་ཡེ་ཤེས་མཚོ་མོ་གཉིས་ལ་སྙིང་རྗེ་བ་ཞིག་མ་རེད་དམ། ད་དུང་ཉེ་སྔོན་ཁོང་གི་ནང་མིའི་མུག་ཁ་བཟོ་བྱེད་ཀྱི་དཔེ་ཚོང་ཁང་དེའི་སྒོ་ཡང་གཏན་དུ་བརྒྱབས་པ་མ་རེད་དམ།

    ཨ་ཤི་རེ་གོ འདི་ལྟར་བོད་ཀྱི་སྤྱི་ཚོགས་ཁྲོད་མགོ་འབུར་འབུར་ཚང་མ་གཅིག་རེ་གཉིས་རེ་བྱས་ནས་ཁྱུར་མུད་གཏོང་བཞིན་པ་འདིའི་སྙིང་ནད་ཇི་ལྟར་སངས་ཨང་། དེ་རིང་ངས་ཡིད་སྐྱོ་བའི་གནས་ཚུལ་འདི་ཐོས་མ་ཐག་ཡིད་གདུང་བས་མནར་ནས་ལག་པའང་འདར་གྱི་འདུག ཅི་འདྲའི་མི་སྙན་པའི་གཏམ་ངན་ཞིག་རེད་ཨང་། སྐུ་ཞབས་ཞོགས་དུང་རྒྱལ་གྱུར་ཅིག སྐུ་ཞབས་ཞོགས་དུང་གི་བསམ་དོན་འགྲུབ་པར་སྨོན།

    Reply
  33. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དེ་རིང་ཞོགས་པར་སེང་རྡོར་དྲ་རྒྱ་སྒོ་བརྒྱབས་འདུག དེ་ཡང་ཁ་སང་གི་སྐུ་ཞབས་ཞོགས་དུང་བཟོང་བའི་སྐོར་གྱི་གནས་ཚུལ་ཁོང་གི་དྲ་ཚིགས་སུ་སྤེལ་སྟབས་མིན་འགྲོ། རྒྱ་བཙོག་འདི་ཚོས་རང་ངར་འདུག་འཇུག་རྒྱུ་མ་རེད། སང་རྡོར་དྲ་བ་ཉིན་འགའི་སྔོན་ཏག་ཏག་དེར་ཉེན་ཁ་ལས་ཐར་ཙམ་རེད། བོད་མིའི་ལས་འདི།

    Reply
  34. དབྱར་ཁབ་ཀུན་བཟང། says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས་ནི་རང་་མི་རིགས་ལ་སེམས་ཁུར་དང་གྱིས་བདེ་སྡུག་ཁོ་ནར་བསམ་མཁན་གྱི་ཤེས་འགྱོན་གཉིས་ལྡན་གྱི་མཁས་དབང་ཞིག་རེད།
    ང་ཚོའི་བོད་ལ་ཡོད་པའི་དེ་ཡོད་ནང་གི་དེ་དྲག་དེ་ཚོ་སྔ་ནས་རྒྱ་མིའི་ལག་འོག་ནར་སྐུ་ཚེ་འཕེན་པ་རྫོགས་སོང་བ་ཤིན་ཏུ་མང་།
    ད་རེང་འདི་ལ་ང་ཚོས་ངེས་པར་དུ་ཐབས་ཤེས་བྱེད་ཏེ་མ་མཐའ་ཡང་ཚེ་སྲོག་ལ་བར་ཆད་མི་ཡོང་བ་བྱ་རྒྱུ་གལ་ཆེ།

    Reply
  35. ཁ་བའི་འོད་མདངས། says:
    ལོ་ 15 སྔོན།

    ཨོ་བླ་མ་དཀོན་མཆོག་མཁྱེན། འདི་ལྟར་ཞོགས་དུང་ལགས་འཛིན་བཟུང་བྱེད་དོན་གང་ཡིན་ནམ། ཁོང་ནི་སྤྱིར་མི་རིགས་ཀྱི་ལ་རྒྱ་ཆེ་ཞིང་བདེན་དོན་ལ་བློ་ཁ་ཕྱོགས་པའི་ཐུན་མིན་གྱི་ཤེས་རབ་ལྡན་པ་ཞིག་དང་། བཤད་ཕོད་པའི་སྙིང་སྟོབས་དང་བཅས་ཏེ་ཚིག་དོན་གཉིས་ཀར་ཕུལ་དུ་བྱུང་བའི་རྩོམ་ཡིག་ཇི་སྙེད་ཅིག་བྲིས་ཡོད། རང་ཉིད་ཀྱིས་ཁོང་དངོས་སུ་མཐོང་མྱོང་མེད་ཀྱང་ཁོང་གི་རྩོམ་ཡིག་མང་པོ་ཀློག་མྱོང་བས་རང་ཉིད་ཁོང་ལ་ཧ་ཅང་དགའ་བོ་ཡོད། ད་སྐབས་སྡུག་ཐོག་སྡུག་བཞག་རྨ་ཐོག་ཚྭ་ཟེར་བ་ལྟར་ང་ཚོ་འདི་ལྟར་རྒྱུན་བཐུད་དེ་མི་རིགས་ལ་གུད་ཆག་ཡོང་དུས་སེམས་སྡུག་ལ་ཚད་ཅིག་མི་འདུག

    Reply
  36. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    ཞོགས་དུང་ནི་ཟི་ལིང་སྨན་ཁང་དུ་ཡོད་པའི་གོད་ཆག་བྱུང་མཁན་ཚོར། མི་མང་གི་ངོས་ནས་་རོགས་རམ་ཇི་ལྟར་བྱེད་དགོས་པའི་ཐབས་སྤྲོད་མཁན་ཡིན་པར་བསྙད་བཏགས་་ནས་འཇུ་བཟུང་བྱས་པར་ཁོ་བོས་ངོས་འཛིན་བྱེད།

    Reply
  37. ཚེ་རིང་། says:
    ལོ་ 15 སྔོན།

    མི་གཅིག་འཇུས་པའི་དོན་དག་ཙམ་མ་ཡིན་པར། ད་ནི་སྲ་མཐུས་ཀྱིས་སྨིན་བཞིན་པའི་བོད་མི་རིགས་ཀྱི་རུས་རྐང་ཞིག་ལ་ཕྱོགས་ཡོངས་ནས་ཆག་སྒོ་སློང་བའི་མགོ་བརྩམས་པ་རེད། འདི་ནི་ར་བསད་དེ་ལུག་འདར་དུ་བཅུགས་པའི་དཔེ་མ་ཡིན་ནམ། ཆག་སྒོ་འདིས་ཁ་མིག་ཅི་ཙམ་གདང་ཡོད་མེད་སུས་མཁྱེན།

    Reply
  38. ཆུ་ཐིགས་སྔོན་མོ། says:
    ལོ་ 15 སྔོན།

    དངོས་གནས་ཧང་སངས་པ་ཞིག་རེད་་་་་ད་ང་ཚོའི་མི་རིགས་འདིའི་ནང་གི་ཡག་པོ་ཚོ་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་མེད་པར་བཟོས་ན་ཤུལ་ལུས་ཚོས་ཅི་ཞིག་བྱེད་དགོས་པ་རེད། ད་ཡིན་ན་ཁོང་གི་བདེ་འཇགས་ལ་ང་ཚོས་ཤུགས་དགོས་པ་རེད།

    Reply
  39. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    མཁས་པ་ཚོ་འདི་ལྟར་ལང་བྱུང་། དཔོན་པོ་ཚོ་གྲགས་མེད་དུ་ཉལ་འདུག

    Reply
  40. འདྲེ་རིག་ལྡན། says:
    ལོ་ 15 སྔོན།

    བོད་གཞུང་ངམ། ཡང་ན་སྤྱི་འཐུས་གྲོས་ཚོགས། དེ་མིན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་ཞིག་གིས་སྐུ་ཞབས་ཞོགས་དུང་ལགས་ཀྱི་གནམ་ས་གོ་འབྱེད་དབྱིན་བསྒྱུར་བྱེད་པ་དང་། དེ་བཞིན་བོད་ཡིག་གི་མ་རྩོམ་དེ་ཉིད་པར་སྐྲུན་འགྲེམ་སྤེལ་བྱ་འཆར་ཡོད་དམ། འདིའི་ཐད་ལ་དུས་བབ་ཚང་གི་གསར་འགོད་པས་ཕྱོགས་ཀུན་ལ་བཅར་འདྲི་ཞིག་བྱེད་ན་ལེགས།

    དེ་མིན། ད་རེས་སྐུ་ཞབས་ཞོགས་དུང་ལགས་འདི་ལྟར་བཙན་ཁྲིད་བྱས་པར་ཕྱི་ཕྱོགས་ཀྱི་ང་ཚོས་དམིགས་བསལ་གྱིས་ལ་འགུལ་སྤེལ་དགོས་འདུག སྐྱེ་རྒུ་མདོ་རུ་བོད་ཀྱི་དགེ་འདུན་པ་ཚོར་རོགས་སྐྱོར་བྱེད་དུ་མི་འཇུག་པར་མ་ཟད། མཐའ་ན་ཟི་ལིང་གྲོང་ཁྱེར་དུ་འབྱོར་བའི་རྨས་མ་དག་ལ་རོགས་རམ་བྱེད་མཁན་ཚོ་ཡང་འདི་ལྟར་འཇུ་བཟུང་བྱས་ན་ད་ནི་ངོ་མ་སྡོད་བཟོད་མེད་པ་ཞིག་རེད།

    Reply
  41. ཨརྱ། says:
    ལོ་ 15 སྔོན།

    # 32 Time:2010-4-26 4:06:27
    ངོ་མ་གྱོང་གུད་རེད།རེད་དེ་ཉིན་འདི་དག་གི་བྱེད་སྟངས་གཞན་དང་གཞན་དག་ཀྱང་འདི་འདྲ་རེད།ཉེ་སྔོན་རྨ་ཆུ་ནས་བོད་རིགས་སློབ་འབྲིང་གི་སློབ་གཙོ་ཆོས་སྐྱོངས་ཚེ་བརྟན་བཟུང་ནས་གར་སོང་ཆ་མེད་རེད།དེ་རྗེས་སློབ་ཕྲུག་གཉིས་དང་གྲྭ་བ་གཉིས་བཟུང་སོང་།དེ་ནས་གྲྭ་བཀྲ་ཤིས་རྒྱ་མཚོ་ལ་ཕྱི་ཕྱོགས་ལ་ཁ་པར་བཏང་འདུག་ཟེར་ནས་གར་སོང་ཆ་མེད་བཏང་སོང་།ཡང་གཙོད་ཀྱི་བོད་རིགས་སློབ་གཙོ་དེ་དང་རྨ་ཆུའི་བོད་རིགས་སློབ་གཙོ་སྐྱབས་ཆེན་བདེ་གྲོལ་དང་།རྡོ་རེ་སོགས་ལས་གནས་ནས་ཕྱིར་ཕུད་བཏང་བ་མ་ཟད་དགེ་རྒན་མང་བོར་ཉུང་བ་སྒོར་༢༠༠༠༠ནས་མང་ཤོས་སྒོར་༦༠༠༠༠བར་ཆད་པ་བཅད་འདུགད་ནི་ང་ཚོས་འཚེ་མེད་བསྟུན་མེད་ཀྱི་ལས་འགུལ་སྤེལ་དགོས་པ་མིན་ནམ།ཨ་ཨ་ངོ་མ་མི་སྡུག་ཐུག་རྒྱུ་ཡོད་ངེས།འདི་རྒྱ་ནག་སྲིད་གཞུང་གིས་ཤེས་ན་འགྲིག་གིསང་ཉིན་ནས་དྲ་བ་འདི་ཡང་གང་ཞིག་ལ་བསྐྱལ་ཡོང་བསམ་ན་དེ་བས་ཀྱང་བློ་འཚབ་ཆེ་གི

    Reply
  42. སྦྲ་ནག་པ་རོལ་དབྱངས། says:
    ལོ་ 15 སྔོན།

    ཞོགས་དུང་རྒྱ་མིའི་སོ་བ་རེད་ཟེར་བའི་བོད་རྒན་མགོ་མཁྲེགས་ཚོ།
    དེ་རིང་འཁྱོག་བཤད་ཅི་ཞིག་དྲན་ཀི ད་ཤོད་ཡ
    སྤྱིར་བོད་རྒན་འདི་ཚཽ་ནོར་བུ་རང་ལ་ཡོད་དུས་ནོར་ངོ་མི་ཤེས་བ་དང་ནོར་བུ་གཞན་ལ་ཤོར་དུས་ངུ་ཁ་འཆོར་ནི་རེད།

    Reply
  43. karma dorje says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ལགས་ནི། བོད་ཞེན་ཅན་ཡིན་མིན་ནི་ཁོང་འཛིན་བཟུང་དེ་ཡིས་ངོ་སྤྲད་པ་རེད། སྐུ་ཞབས་ཞོགས་དུང་ལགས་མཆོག་རྟག་ཏུ་རྒྱལ་འགྱུར་ཅིག

    Reply
  44. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    འདི་ནི་རྒྱ་ནག་གིས་གོ་སྐབས་དམ་འཛིན་བྱས་པ་ཞིག་རེད། ད་ལྟ་མི་ཚང་མས་ཡུལ་ཤུལ་གྱི་གནད་དོན་ཐོག་ལུས་སེམས་སྒྲིམ་སྟེ་གཞན་དག་ལ་ཉམས་པར་འཇོག་ལོང་མེད་པའི་དུས་འདི་དང་བསྟུན་ཏེ་ཞོགས་དུང་འཛིན་བཟུང་བྱས་པ་རེད། དེ་ལྟར་བྱེད་དོན་མི་རྣམས་ཀྱིས་ཞོགས་དུང་འཛིན་བཟུང་བྱས་པར་དོ་སྣང་མི་ཡོང་ཆེད་རེད། དུས་སྐབས་འདི་འདྲ་ཞིག་ལ་འདི་ལྟར་བྱེད་པ་ནི་འགྱེལ་བའི་སྟེང་ལ་རྡོག་བརྫིས་བྱས་པ་རང་རེད། ད་ནི་བོད་མི་རྣམ་པ་ཚོ། མ་འདུག་ལ་མོར་ལོངས་ཤིག་ཀྱེ། ང་ཚོར་འདི་འདྲའི་བརྙས་བཅོས་བྱས་པར་ངོ་རྒོལ་བྱེད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སོགས་རྒྱལ་སྤྱིའི་སྟེང་གི་མི་སྡེ་ཡོད་ཚད་ལ་རེ་སྐུལ་དང་ཁྱབ་བསྒྲགས་བྱེད་དགོས། འདི་ལྟར་བྱས་ཚེ། གཅིག་བྱས་ན་རྒྱ་ནག་གིས་ང་ཚོས་ཡུལ་ཤུལ་ལ་གདུང་སེམས་མཉམ་བསྐྱེད་བྱེད་པའི་ཚབ་དུ་ཆབ་སྲིད་ཀྱི་གནད་དོན་སློང་གི་འདུག་ཟེར་ཏེ་བོད་གཞིས་བྱེས་གཉིས་སོགས་བར་དབྱེད་དཀྲུགས་བྱེད་ན་ཐང་། ཡིན་རུང་རྒྱ་ནག་གི་སྐྱུག་བྲོ་བའི་བྱེད་སྟངས་འདི་དག་རྒྱལ་སྤྱིའི་སྟེང་གསལ་བོར་སྟོན་དགོས།

    Reply
  45. སྐྱོ་བྲག་དགའ་དབང་། says:
    ལོ་ 15 སྔོན།

    དངོས་གནས་དཔེ་བསགས་བཞག །ཞོགས་དུང་ལ་བོད་པའི་སྤྱི་ཚོགས་ནང་གླེང་སློང་འདྲ་མིན་ཡོད་ནའང་། དོན་དུ་ཁོང་ལ་ནང་ཆོས་ཀྱི་ཤེས་ཚད་ཡག་པོ་མེད་པ་ཙམ་ལས། ལྷན་སྐྱེས་ཀྱི་རྣམ་དཔྱོད་དང་། རིག་གཞུང་གི་ཤེས་ཡོན་བཟང་རབ་ཡོད་པ་མ་ཚད། རང་རིགས་ལ་ཞེན་པའི་ལྷག་བསམས་ཀྱང་མི་དམན་པ་ཡོད་པར་བརྟེན་ང་ཚོ་བོད་མི་རིགས་ལ་དགོས་ངེས་ཀྱི་གང་ཟག་ཁོང་ལ་ཉམས་ཉེས་བྱུང་བ་ནི་སེམས་གཏིང་ནས་སྐྱོ་བའི་གནས་ཚུལ་ཞིག་རེད།

    Reply
  46. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    http://www.youtube.com/watch?v=B2Hh-_t-_ug&feature=related

    གླུ་སྙན་མོ་སྐྱིད་སྡུག་འདྲེས་གླུ་འདིས།
    ང་ཅོ་རི་སེམས་ཁམས་ཆུ་ལ་བསྒྱུར།
    དུས་འདི་འདྲ་དཀྱུལ་སེམས་འཁྲུལ་དེར།
    ང་ཅོ་རིས་བཟོད་ཐབས་མེད་དུས་སྙན།

    Reply
  47. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    སྤུན་གྲོགས་ཚོ་གླུ་འདིར་ལན་རེ་ཉན་དང་འཚོ་བ་འདྲ་མིན་རེ་སླེབས་ཡོང།

    http://www.youtube.com/watch?v=rMd3_qR1wbw&feature=related

    Reply
  48. མགར་རྟོགས་སད says:
    ལོ་ 15 སྔོན།

    སྐུ་ཞབས་ཞོགས་དུང་ནི་རང་རིགས་ལ་ཤ་ཞེན་ཆེས་བའི་དཔའ་བོ་ཞིག་ཡིན།

    Reply
  49. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་བསམ་མཁན་ཞིག་ཡིན་ན་རྒྱ་དམར་པོའི་འོག་ཏུ་སྲོག་འགོ་ཐོན་པར་ཁག་པོ་རེད།
    ད་གཅིག་རྗེས་གཉིས་མཐུད་ནས་གསོད་བཟུང་བྱེད་བསྡད་པར་ཡིན་ན་ལོ་ག་ཚོད་རྗེས་སུ་བོད་མི་ཟེར་བ་ཞིག་མེད་པར་ཆགས་འགྲོ་གྱིན་རེད་།

    ཐུགས་རྗེ་གཟིགས་དགྲ་དམར་པོའི་འོག་ཏུ་ཡོད་པའི་སྤུན་གྲོགས་ཚོའི་སྲོག་འགོ་ཐོན་གྱི་གལ་ཆེ་པོ་རེད། རང་གི་་སྲོག་འགོ་མ་ཐོན་ན་བོད་མི་རིགས་སྐྱོབ་མི་ཐུབ་པར་མཁྱེན་པ་གནང་རོགས། གཟབ་གཟབ་གནང་རོགས།

    Reply
  50. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་བསམ་མཁན་ཞིག་ཡིན་ན་རྒྱ་དམར་པོའི་འོག་ཏུ་སྲོག་འགོ་ཐོན་པར་ཁག་པོ་རེད།
    ད་གཅིག་རྗེས་གཉིས་མཐུད་ནས་གསོད་བཟུང་བྱེད་བསྡད་པར་ཡིན་ན་ལོ་ག་ཚོད་རྗེས་སུ་བོད་མི་ཟེར་བ་ཞིག་པར་ཆགས་འགྲོ་གྱིན་རེད་དམ།

    ཐུགས་རྗེ་གཟིགས་དགྲ་དམར་པོའི་འོག་ཏུ་ཡོད་པའི་སྤུན་གྲོགས་ཚོའི་སྲོག་འགོ་ཐོན་གྱི་གལ་ཆེ་པོ་རེད། རང་གི་་སྲོག་འགོ་མ་ཐོན་ན་བོད་མི་རིགས་སྐྱོབ་མི་ཐུབ་པར་མཁྱེན་པ་གནང་རོགས། གཟབ་གཟབ་གནང་རོགས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese