མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་ས་ཡོམ་བརྒྱབ་པ།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གི་ཞོགས་པའི་དུས་ཚོད་ ༡༠ དང་སྐར་མ་ ༥༩ སྟེང་ཐའེ་ཝན་གྱི་མཚོ་རྒྱུད་དུ་ཚད་རིམ་ ༦་༩ ཅན་གྱི་ས་ཡོམ་ཞིག་བརྒྱབ་འདུག

ཨ་རིའི་ས་དཔྱད་ཚན་པས་བཤད་ན། དེ་རིང་ཐའེ་ཝན་མཚོ་འགག་ལ་བརྒྱབ་པའི་ས་ཡོམ་གྱི་ཤུགས་ཚད་ནི་ ༦་༩ རེད་ཟེར་ལ། དེ་ནི་སྐྱེ་རྒུ་མདོར་ས་ཡོམ་བརྒྱབ་པའི་ཤུགས་ཚད་དང་གཅིག་མཚུངས་ཆགས་ཡོད་འདུག

ས་ཡོམ་དེ་བརྒྱབ་མ་ཐག་ཐའེ་པེ་གྲོང་ཁྱེར་གྱི་ཁང་བརྩེགས་དག་གཡོ་འགུལ་ཐེབས་ཡོད་འདུག འོན་ཀྱང་ཤི་རྨས་སོགས་ས་ཡོམ་དེའི་ཤུགས་རྐྱེན་སྐོར་ལ་གནས་སྐབས་རིང་གསལ་བཤད་ཅི་ཡང་མི་འདུག

ཨ་རིའི་ས་དཔྱད་སྡེ་ཚན་གྱིས་བཤད་པ་ལྟར་ན། སྐྱེ་རྒུ་མདོའི་ས་ཡོམ་དང་ཐའེ་ཝན་མཚོ་རྒྱུད་ཀྱི་ས་ཡོམ་གཉིས་གཅིག་མཚུངས་ཡིན་འདུག འོན་ཀྱང་། ཐའེ་ཝན་གཞུང་གིས་མཚོ་གཏིང་གི་ས་ཡོམ་ཡོང་རྒྱུའི་ཐད་ད་ལྟའི་ཆར་ཉེན་བརྡ་བཏང་མེད་ཚུལ་འདུག

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༩ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 25

  1. getse ngodup from .be says:
    ལོ་ 15 སྔོན།

                        རོགས་སྐྱོར་གནང་བ།

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  2. Dhamchoe @Tommy Thokme says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོར་བརྒྱབ་པའི་ས་ཡོམ་ཤུགས་ཚད་ནི་7.1རེད། ༦་༩ མ་རེད།

    Reply
  3. ཐོས་དགའ། says:
    ལོ་ 15 སྔོན།

    རྡ་ས་ན་ས་ཡོམ་ཆེན་པོ་དེ་འདྲ་ཞིག་བརྒྱབ་ན་དཔེ་བསགས་པ་འདུག ཁང་བ་དེ་ཚོ་བརྟན་མདོག་ཁ་པོ་མིན་འདུག་དཱ།

    Reply
  4. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ངས་བསམ་པར་ཞེས་བཟོ་རོགས།

    Reply
  5. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ང་ཚོའི་གཞུང་ནས་རང་གི་མི་མང་རྣམས་ས་གཡོའི་འཇིགས་པ་ལས་གཡོལ་རྒྱུའི་ལམ་སྟོན་མ་གནང་བ་ཡིན་ན་བོད་ནང་གི་བོད་པའི་དུད་ཁྱིམ་མང་ཆེ་བ་ནི་ཞིག་ཆོག་ཆོག་ལས་བརྟན་པོ་ཞིག་རྩ་བ་ནས་མེད། དེ་ཡང་ས་ཡོམ་གྱི་ཉེན་སྐྱོབ་ཐུབ་པའི་ཁང་པ་བཟོ་སྐྲུན་བྱ་ཕྱོགས་ཀྱི་མཚོན་པའི་ལམ་སྟོན་དགོས་ངེས་ཡིན། ངས་བསམ་ང་ཚོའི་མེས་པོ་དག་གིས་རྣམ་དཔྱོད་ལས་སྐྲུན་པའི་སྦྲ་ནག་གུར་གྱི་ཁྱིམ་གཞི་ནི་ས་ཡོམ་གྱི་འཇིགས་པ་མེད་པའི་རང་ཁྱིམ་བརྟན་ཤོས་དེ་ཡིན་འོན་ཀྱང་དེང་ཚན་རིགས་ཀྱི་ནད་ཡམ་ཞིག་གང་སར་དར་ཁྱབ་སོང་བའི་རྐྱེན་གྱི་དེ་ནི་བག་ཁུམ་གྱི་བསམ་ལས་ཡར་མཐོན་གྱི་བསམ་བློ་མ་རེད་ཟེར་ནས་མཆི་ཞག་འཕེན་ངེས། དེ་ལས་ལེགས་པའི་ཐབས་གང་ཡོད་གསུང་དང༌།

    Reply
  6. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    ང་ཚོའི་བོད་མིའིསྤྱིར་ཚོགས་ནང་དུ་དབྱིན་ཡིག་བྲི་ཤེས་མཁན་བཙན་པོའི་བུ་ལས་གཞན་མེད་པ་འདྲ་་་་་དེ་འདྲ་ཡིན་ན་གྲོགས་པོ་ཁྱེད་རང་ཡོང་ས་གནས་གཞན་དུ་འགྲོ་རོགས་་་་་

    Reply
  7. རྒྱལ་བསྟན། says:
    ལོ་ 15 སྔོན།

    བཙན་པོའི་བུ་ ཁྱེད་རང་དབྱིན་ཡིག་བྲིས་འདོད་ཡོད་ན་གཞན་དུ་འགྲོ་རོགས།
    གལ་སྲིད་འདིར་ཡོང་ན་བོད་ཡིག་བེད་སྤྱོད་བྱེད་དགོས།

    འདི་ནི་བོད་ཡིག་གི་བཙན་ས་ཞིག་ཡིན་པས་གཏོར་རྒོལ་བྱེད་མོ་ཆོག

    Reply
  8. བཙན་པོའི་བུ། says:
    ལོ་ 15 སྔོན།

    Hi Friend མགོ་རུལ། what you said while ago was not true because I read Book of Mark from the Holy Bible which is God’s Word. But it didn’t say about what you said. Well, I am gona show you some verses from the Book so that you will understand more about it.
    “5 Jesus began to say to them, “Watch out that no one misleads you. 6 Many will come in my name, saying, ‘I am he,’ and they will mislead many. 7 When you hear of wars and rumors of wars, do not be alarmed. These things must happen, but the end is still to come. 8 For nation will rise up in arms against nation, and kingdom against kingdom. There will be earthquakes in various places, and there will be famines. These are but the beginning of birth pains.” ( Mark 13:5-8)

    Reply
  9. ཨ་བཀྲ་ཤིས། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེེན།
    ད་ནི་མིའི་རིགས་ཀྱིས་བཟོས་པའི་ནག་ཉེས་ཡོད་ཚད་རང་བྱུང་གི་འཇིགས་པས་ཐག་གཅོད་བྱེད་བཞིན་པ་ཞིག་དང་མཚུངས།
    སྤྱིར་རྨང་གཞི་ནས་ཨ་རི་དང་རྒྱ་ནག་གཙོས་པའི་རྒྱལ་ཁབ་ཁ་ཤས་ཤིག་གིས་དཔལ་འབྱོར་ཡར་རྒྱས་ལ་ཁ་ཕྱོགས་ཏེ་མིའི་རིགས་ཀྱི་ཚེ་སྲོག་ལ་བར་ཆད་འདི་འདྲ་བཏང་དུས་སུ་ཚན་རིག་དང་དཔལ་འབྱོར་གྱིས་ཇི་ལྟར་འདོད་པ་བསྐོངས་ཐུབ།
    སྔོན་ཆད་ཚན་རིག་མ་དར་གོང་གི་དུས་རབས་དེ་ཚོ་དམག་འཁྲུག་རྐྱང་རྐྱང་བརྒྱབ་ནས་ཡོལ་ཚར་བ་རེད། ད་སྐབས་མིའི་རིགས་ཀྱི་འཚོ་བའི་ཚད་ཐིག་ཇེ་མཐོར་ཕྱིན་ཚེ་རང་བྱུང་གོད་ཆག་གིས་བཟོད་མི་ནུས།
    ངོ་མ་ཁ་དཔེ་ལ། ཆུང་དུས་སྐྱིད་རུང་སྐྱིད་དུས་ངུ་ཞེས་པའི་དཔེ་ལྟར། ད་དུང་རིག་པ་མ་སྒྲིམ་ན་ད་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  10. ཨ་མྱེ says:
    ལོ་ 15 སྔོན།

    སྙུག་འཛིན་པ་ཚོ་གཡོན་མི་ཉན། ང་ཚོས་ཐེ་ཝན་ཚེ་འདས་ཚོ་ཡང་མ་ཎྀ་འདོན།

    Reply
  11. མཚོ་ཚང་བཀྲིས། says:
    ལོ་ 15 སྔོན།

    ང་ཚོའི་མི་རིགས་འདིས་རྒྱུ་ནོར་ཕྲན་བུ་ཡོད་པ་རྣམས་གསེར་དངུལ་ཟངས་ལྕགས་ཀྱི་རྒྱན་ཆ་འདོག་རྒྱུ་དང་། གཞན་ལ་ངོམ་ངོམ་བྱེད་རྒྱུ་མ་གཏོགས་དེང་རབས་ཉེ་བར་མཁོ་བའི་ཤེས་རིགས་ལ་མ་བརྩོན་པས་ལན་པ་རེད་བསམ།

    Reply
  12. གངས་རྡེའུ། says:
    ལོ་ 15 སྔོན།

    དོན་དུ་ང་ཚོའི་ལས་འདི་གཙོག་གི་མ་གཏོགས་གཞན་པ་ཚོ་ས་འགུལ་བརྒྱབ་ཀྱང་མོ་ཟོག་གང་གི་གྱོང་མི་རེག་གི

    Reply
  13. ཡོན་བྷེ། says:
    ལོ་ 15 སྔོན།

    ད་ཕལ་ཆེར་འདི་ལྟར་བལྟས་ཡོང་དུས་གོ་ལའི་ཚ་དྲོད་ལས་ས་འགུལ་གྱི་གནད་དོན་དེས་གནོད་ཚབས་ཀྱི་ཤུགས་རྐྱེན་ཆེ་བ་ཐེབས་རྒྱུ་ཡིན་པ་འདྲ།

    Reply
  14. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    གང་ལྟར་ཐ་ཝན་གྱི་ཚད་རིམ་ ༦་༩ ཅན་གྱི་ས་ཡོམ་འདིས་ཚབས་ཆེའི་གོད་ཆག་བཟོས་མེད་པ་འདྲ། མ་མཐའ་ཡང་ཐེ་ཝན་གྱི་ཁང་བརྩེགས་དག་རྨང་གཞི་བརྟན་པ་དང་ཨར་འདོམས་ཀྱིས་བཟོས་ཡོད་པའི། ཡུལ་ཤུལ་ཁུལ་གྱི་ཁང་པའི་རྨང་གཞི་ལས་བརྟན་ཅིང་། གོད་ཆག་གི་ཉེན་ཁ་ཆུང་བ་ཡོད་ངེས།
    ང་ཚོ་བོད་མི་འདི་ཚོས་ཕྱོགས་གང་ས་ཅི་ཐད་ནས་སྡུག་ཁུར་ཁུར་དུ་འདུག་དགོས་ཀྱི་འདུག འདི་ཡོད་ཚད་ཤེས་ཡོན་གནས་ཚུལ་ལ་ཐུག་འདུག ཤེས་ཡོན་གྱིས་ལྕོགས་རྒྱུ་ན་དང་ཐོག་ནས་ཆུ་མ་ཡོང་གོང་གི་རགས་བྱེད་ཤེས་ནི་རེད། གང་ལྟར་ཡང་། ད་ཚར་སོང་། ངའི་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་དེ་ཚོ་སྙིང་རྗེ། ཨོྃ་མ་ཎི་པདྨེ་ཧཱུྃ།

    Reply
  15. མགོ་རུལ། says:
    ལོ་ 15 སྔོན།

    དུས་ཀྱི་འཁོར་ལོ་ནས་གསུངས་པའི་རིགས་ལྡན་དྲག་པོ་འཁོར་ལོ་ཅན་དེ་འཛམ་བུ་གླིང་ལ་ཕེབས་རན་པ་ཡང་འདྲ།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཕྱི་ཟླ་ ༤ པའི་ནང་གི་ས་ཡོམ།

    ཕྱི་ཚེས་ ༤ ཉིན་མེ་ཁི་སི་ཀོ་དང་ཁ་ལེ་ཧྥོར་ནེ་ཡའི་རྒྱལ་མཚམས་སུ་ཚད་རིམ་ ༧་༢ ཅན་གྱི་ས་ཡོམ་བརྒྱབ།

    ཕྱི་ཚེས་ ༦ ཉིན་ཨིན་རྡུ་ནེ་ཤེ་ཡའི་ནང་ཚད་རིམ་ ༧་༧ གྱི་ས་ཡོམ་ཞིག་བརྒྱབ།

    ཕྱི་ཚེས་ ༡༡ ཉིན་སོ་ལོ་མོན་གླིང་ཕྲན་དུ་ཚད་རིམ་ ༧་༡ ཅན་ཞིག་བརྒྱབ།

    ཕྱི་ཚེས་ ༡༤ ཉིན་སྐྱེ་རྒུ་མདོར་ཚད་རིམ་ ༦་༩ ཅན་ཞིག་བརྒྱབ་སྟེ་མི་ ༡༠༠༠༠ ཙམ་བསད་པར་བཤད།

    ཕྱི་ཚེས་ ༡༧ ཉིན་པ་པོ་ཡ་ནེའུ་གྷ་ན་རུ་ཚད་རིམ་ ༦་༣ ཅན་གྱི་ས་ཡོམ་བརྒྱབ།

    ཕྱི་ཚེས་ ༡༨ ཉིན་ཨབ་གྷན་གྱི་དབུས་ཁུལ་དུ་ཚད་རིམ་ ༥་༣ ཅན་ཞིག་བརྒྱབ།

    ཕྱི་ཚེས་ ༢༤ ཉིན་ཆི་ལི་རུ་ཚད་རིམ་ ༦་༡ ཅན་གྱི་ས་ཡོམ་ཞིག་བརྒྱབ།

    ཕྱི་ཚེས་ ༢༦ ཉིན་ཐའེ་ཝན་དང་ཧྥི་ལི་པིན་དུ་ཚད་རིམ་ ༦་༩ ཅན་གྱི་ས་ཡོམ་བརྒྱབ།

    Reply
  17. མགོ་རུལ། says:
    ལོ་ 15 སྔོན།

    ཡེ་ཤུའི་ཆོས་ལུགས་པ་མང་པོས་ཉིས་སྟོང་བཅུ་གཉིས་ལོ་ནི་འཛམ་གླིང་གི་དུས་མཐའ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། སྟོན་པ་ཡེ་ཤུ་ལ་དད་པ་ཡོད་ན་ད་ནི་བཟའ་རྒྱུ་ཡོད་ཚད་ཟོ། གྱོན་རྒྱུ་ཡོད་ཚད་གྱོན་རན་རེད།

    Reply
  18. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    ཨོ་ཨོ་ཉིས་སྟོང་བཅུ་གཉིས་ཀྱི་གློག་བརྙན་དེས་བཤད་ནོ་བདེན་ས་རེད།

    ཡུམ་དུམ་པཱ། ས་ཡོམ་གྱིས་སེམས་ཅན་ཡོད་ཚད་ཉེས་ཆད་གཅོད་ཀྱིན་ཡིན་པ་འདྲ།

    Reply
  19. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ཨ་གནམ་རྒན་མ། ད་འཛམ་བུ་གླིང་འགུལ་གྱིན་ཡོད་པ་འདྲ།

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    སྐྱེ་རྒུ་མདོའི་ངུ་ངག་ད་དུང་ཆད་མེད། ཧེ་ཐེའི་ས་ཡོམ་རྗེས་ཀྱི་མུ་གེ་ད་དུང་ལྷག་ཡོད། དེའི་ཁར། ད་དུང་གཡོ་གི་འདུག ས་ཡོམ་དང་མཉམ་དུ་མཚོ་ཡོམ་ཡང་ཡོང་ཉེན་འདུག

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ས་ཡོམ་འདི་ཐའེ་ཝན་ཙམ་དུ་མ་ཟད། ཧྤི་ལི་པིན་ལང་བརྒྱབ་འདུག ཚད་རིམ་གཅིག་པ་རེད། ཤི་རྨས་ཀྱི་གོད་ཆག་རིགས་ལ་གོ་རྒྱུ་མི་འདུག

    ཧྥི་ལི་པིན་གཞུང་གིས་མཚོ་རྒྱུད་ཀྱི་མི་དམངས་ལ་མཚོ་ཡོམ་ (Tsunami) ཉེན་བརྡ་བཏང་འདུག

    ཞི་བདེའི་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་ཡོམ་ཉེན་བརྡའི་ལྟེ་གནས་ཁང་གིས་ས་ཡོམ་བརྒྱབ་སའི་ལྟེ་གནས་ནས་ཀི་ལི་མི་ཊར་ ༡༠༠ བར་དུ་མཚོ་ཡོམ་རྒྱག་སྲིད་པའི་ཉིན་བརྡ་བཏང་འདུག

    Reply
  22. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    སྙིགས་མ་ལྔ་བདོའི་དུས་ལ་སླེབས་པ་འདྲ། ས་གཡོ་བའི་འཇིགས་པ། ཆུའི་འཇིགས་པ། རྒྱལ་པོའི་ཆད་པའི་ལས་ཀྱི་འཇིགས་པ།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ས་འགུལ་བ་དེར་གནམ་གྱིས་ག་འདྲ་སུ་གཟིགས་དགོས་པ་རེད། ས་གཡོ་དུས་གནམ་ལ་རེ་བ་རྒྱག་པ་འདི་ནི་གླེན་པའི་བསམ་བློ་རེད།

    Reply
  24. ཡུས་ཞུན། says:
    ལོ་ 15 སྔོན།

    ད་གནམ་རྒན་མས་སྤྱན་གྱིས་གཟིགས་རན་རེད།

    Reply
  25. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    མིའི་རིགས་འདི་སྲོག་ཆགས་གཞན་ལས་ཅུང་ཙམ་སྤྱང་པོ་ཡོད་པ་དང་། རྣམ་དཔྱོད་ཡོད་པ་བདེན་ན། ད་ནི་དངོས་གནས་ས་ཡོམ་འདི་དག་ལས་སློབ་སྦྱོང་དང་ཉམས་མྱོང་ལེན་རན་རེད། གྲ་སྒྲིག་ཀྱང་དགོས་པར་འདུག

    བཙན་བྱོལ་བོད་གཞུང་གིས་ཀྱང་ཁ་རོག་གེར་མ་ཎི་འདྲ་བསགས་ནས་འདུག་རན་མ་རེད།

    ད་ལོའི་ས་ཡོམ་འདི་དག་སྐབས་ཀྱི་ཉམས་མྱོང་བླངས་ཏེ་རང་གི་སྤྱི་ཚོགས་ནང་ལྟ་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese