མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བ་ཇོ་ནང་བ་དང་ངྷ་སའི་མི་མང་གི་བརྟན་བཞུགས།

བོད་ཀྱི་དུས་བབ།
༢༠༡༠/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་བཀོད་དེ་ལོ་ ༥༠ འཁོར་བའི་རྗེས་དྲན་དང་། ཁོང་གི་སྐུ་ཚེའི་ཞབས་པད་བརྟན་ཆེན། དཔལ་རྒྱལ་བ་ཇོ་ནང་བ་དང་ངྷ་ས་མི་མང་མཉམ་འབྲེལ་ཐོག་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བླ་མ་མཆོད་པའི་ཆོ་གའི་སྟེང་ནས་བརྟན་བཞུགས་ཕུལ་ཡོད།

ཕྱི་ཚེས་ ༢༧ ཉིན་དཔལ་རྒྱལ་བ་ཇོ་ནང་བའི་ཆོས་རྒྱུད་དང་ངྷ་ས་ས་གནས་འཐུས་ཚོགས་དང་ས་གནས་མགོ་འཛིན། རང་བདེན་ཚོགས་ཆུང་བཅས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་སེར་སྐྱ་མི་མང་གིས་༧གོང་ས་མཆོག བཞུགས་སྒར་ངྷ་སར་ཞབས་སོར་བཀོད་དེ་ལོ་ལྔ་བཅུ་འཁོར་བའི་རྗེས་དྲན་སྲུང་གཙི་ཞུ་སླད་དང་། ཁོང་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་གེགས་ཀྱི་མཚན་མའི་རིགས་མི་བཞེས་པར་སྐུ་ཁམས་བརྟན་ཅིང་རླབས་ཆེན་ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པ། མཛད་འཕྲིན་གོང་ནས་གོང་དུ་རྒྱས་སླད་ཇོ་ནང་བསྟན་པའི་མངའ་བདག་སྐྱབས་རྗེ་ཁལ་ཁ་རྗེ་བཙུན་དམ་པ་མཆོག་དབུ་བཞུགས་ཀྱིས། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་བླ་མ་མཆོད་པའི་ཆོ་ག་དགེ་ལེགས་རབ་རྒྱས་ཀྱི་སྟེང་ནས་བརྟན་བཞུགས་ཕུལ་ཡོད།

བརྟན་བཞུགས་འབུལ་བའི་མཛད་སྒོར་གངས་ཅན་སྐྱིད་གཤོངས་ཀྱི་ལྷན་ཁང་ཁག་བདུན་གྱི་གཞུང་ཞབས་ལས་བྱེད་ཆེ་ཕྲ་ཡོངས་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། དགེ་འདུན་པ་དང་སློབ་ཕྲུག མང་ཚོགས་སོགས་མི་མང་སྟོང་ཕྲག་མང་པོ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འདུ་འཛོམས་དང་མཉམ་ཞུགས་གནང་ཡོད།

ཉིན་དེའི་བརྟན་བཞུགས་གྲུབ་མཚམས་༧གོང་ས་མཆོག་གིས། ནམ་རྒྱུན་ངོས་ནས་བཤད་བསྡད་པ་བཞིན་དཔལ་ན་ལེན་ཌའི་ཆོས་རྒྱུད་ཕྱིའི་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། མདོར་ན་ཐེག་པ་ཆེ་ཆུང་ལྔ་དང་བཅས་པ་ཆ་ཚང་བ་ཡོད་བསྡད་མཁན། དུས་ཡུན་རིང་བོ་ནས་གཏན་ལ་ཕབས་བསྡད་པའི་སངས་རྒྱས་ཀྱི་བསྟན་པ་དེ་བོད་གངས་ཅན་གྱི་ལྗོངས་སུ་དར་བའི་རྗེས་སུ། བོད་རང་ཉིད་ཀྱི་མཁས་གྲུབ་སྐྱེས་བུ་མང་བོ་ཞིག་གིས་བསྟན་པ་དང་བྱ་བ་རླབས་ཆེན་མཛད་ཡོད། དེ་བཞིན་བསྟན་པ་འཛིན་མཁན་གྱི་སྐྱེས་བུ་དམ་པ་མང་བོ་ཞིག་གིས་དུས་ནས་དུས་སུ། བསྟན་པ་དང་འགྲོ་བའི་ཞབས་བརྟན་རྒྱ་ཆེར་སྤེལ་ཡོད་ལ། དེའི་ནང་ནས་ཀུན་མཁྱེན་ཇོ་ནང་གི་བསྟན་རྒྱུད་འཛིན་མཁན་ཁྱེད་རང་ཚོས་དེ་རིང་འདིར་བརྟན་བཞུགས་གནང་བར་ཞེ་དྲག་དགའ་བོ་བྱུང་། ཅེས་གསུངས།

ཁོང་གིས་མུ་མཐུད་ནས་བཀའ་སློབ་བསྩལ་དོན། བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཚོས་རང་རང་གི་ཉམས་མྱོང་དང་། དེ་བཞིན་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་ཕྲན་བུ་ཕྲན་བུ་གསུང་སྟངས་མི་འདྲ་ལ། གཞུང་གི་གོ་བ་ལེན་སྟངས་ཀྱང་མ་འདྲ་ཡོང་བསྡད་ཀྱིན་ཡོད། རྒྱ་གར་མཁས་པའི་གཞུང་ནང་དུའང་ཡོང་བསྡད་ཀྱིན་ཡོད། མདོ་དོན་སྙིང་བོ་བོད་གངས་ཅན་ལྗོངས་སུ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ། ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་པ་ཚང་མ་དངོས་གནས་དཔལ་ན་ལེན་ཌའི་ཆོས་རྒྱུད་འཛིན་པ་གཅིག་གྱུར་ཡིན་པ་གསལ་བོ་རེད། དེར་བརྟེན་ཀུན་མཁྱེན་ཇོ་ནང་བས་བརྟན་བཞུགས་ཕུལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ལྟ་བའི་ཆ་ནས་ཇོ་ནང་བའི་ལྟ་བ་ཟེར་ནས་བོད་ཀྱི་སྔ་འགྱུར་མཁས་པ་མང་བོས་སྐབས་རེར་དགག་བྱ་རིམ་པ་མང་བོ་གནང་ཡོད་མོད། དེ་ཡང་ཆོ་གའི་ནང་ཡོད་པ་བཞིན་ཡིད་འོངས་མི་འགྱུར་རྡོ་རྗེ་ནས་བཟུང་ཀུན་མཁྱེན་དོལ་པོའི་ཡབ་སྲས་ཀྱིས་དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་བཞེས་དེ་དག་གཙོ་བོ་གནང་བསྡད་ཀྱིན་ཡོད། དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་བཞེས་ལ་ཆ་བཞག་ན་ས་དགེ་བཀའ་རྙིང་སོགས་ཚང་མས་དུས་ཀྱི་འཁོར་ལོར་བསྔགས་བརྗོད་ཆེན་པོ་གནང་གི་ཡོད་ནའང་། དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་ལེན་ལ་རྐང་འཛིན་བྱེད་མཁན་ནམ་རྩ་འཛིན་བྱེད་མཁན་དེ་ཇོ་ནང་བ་རེད། དེར་བརྟེན་ཁྱེད་ཚོས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད་ལ། ད་དུང་ཡིན་ནའང་ཧུར་ཐག་གནང་རོགས་ཞེས་གསུངས་ཡོད།

དེ་བཞིན་ངྷ་སའི་མི་མང་ལ་ཆ་མཚོན་ན་འདས་པའི་ལོ་ངོ་འདི་དག་རིང་ང་ཚོ་བཞུགས་སྒར་གྱི་མི་སྣ་ཆགས་ཏེ་བསྡད་པ་དང་། ཁྱེད་ཚོ་དངོས་གནས་བོད་སྤྱི་པའི་དོན་དུ་སེམས་འཁུར་ལེན་རྒྱུ་དང་དེ་བཞིན་ང་ཚོ་ཚང་མ་དད་པ་དམ་ཚིག་གཡོ་བ་མེད་པ་བྱས་ཏེ་བསྡད་ཡོད་སྟབས། དེ་རིང་ཁྱེད་ཚོས་བརྟན་བཞུགས་ཕུལ་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།

ཁོང་གིས་ད་དུང་ཡུལ་ཤུལ་ཁུལ་དུ་ས་ཡོམ་བྱུང་བའི་སྐོར་ལ་བཀའ་སློབ་གནང་དོན། བར་སྐབས་སྐྱེ་རྒུ་མདོར་ས་ཡོམ་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མི་མང་བོ་འདས་གྲོངས་སུ་ཕྱིན་བསྡད་ཡོད། མི་མང་བོར་སོ་སོའི་ཕ་མ་དང་སྤུན་མཆེད། གཉེན་ཉེ་འཁོར་སོགས་མང་བོ་འདས་གྲོངས་སུ་ཕྱིན་ཏེ་སེམས་ལ་སྐྱོ་སྣང་ཏན་ཏན་ཡོང་གི་རེད། གཙོ་བོའི་གཙོ་བོ་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་ཅི་བྱ་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན།། གསུངས་པ་ལྟར། བྱུང་ཟིན་པ་དེ་ཚོ་སོ་སོའི་ལས་དབང་གི་བྱུང་བ་དང་ལྡོག་ཐབས་མེད་ནའང་། མ་འོངས་པར་ང་ཚོས་ལས་དབང་གི་སྐད་ཆ་བཤད་རྒྱུ་མིན། མ་འོངས་པར་གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན་གསུངས་པ་ལྟར། སོ་སོས་ཐབས་ཤེས་བྱས་ཏེ་དཔེར་ན་ཁང་པ་འཛུགས་སྐྲུན་དང་སློབ་གྲྭ་འཛུགས་སྐྲུན་བྱེད་པར་མཚོན་ན། གནས་ཚུལ་གང་ཡང་ཡོང་སྲིད་པ་ཞིག་ལ་བསམ་བློ་བཏང་སྟེ། དེ་ལུགས་ཀྱིས་འཛུགས་སྐྲུན་སྲ་བརྟན་བྱས་ཚེ་ཕན་འགྲོ་གི་རེད།
དེ་མིན་སེམས་ཁྲལ་བྱས་ཏེ་སེམས་ཞུམ་བསྡད་ན་གཏན་ནས་ཕན་གི་མ་རེད་ལ། གལ་ཏེ་བཅོས་སུ་མེད་ན་ནི། དེ་ལ་མི་དགའ་བྱས་ཅི་ཕན་ཟེར་བ་ལྟར་སྡུག་བསྔལ་སྒོམ་ནས་ཕན་ཐོགས་གང་ཡང་མེད། མ་འོངས་པར་གལ་ཏེ་བཅོས་སུ་ཡོད་པ་ཞིག་ཡིན་ཚེ་དེ་ལ་མི་དགའ་བ་དང་སེམས་ཞུམ་ནས་འདུག་དགོས་དོན་མེད་པར་དཀའ་ལས་བརྒྱབ། འབད་བརྩོན་བྱས། སེམས་ཤུགས་མ་ཆགས་པ་ཞིག་བྱ་དགོས། དེར་བརྟེན་དེ་རིང་འདས་གསོན་ཚོའི་ཆེད་དུ་སྨོན་ལམ་རྒྱག་རྒྱུ་དང་། ཞོར་དུ་བོད་ནང་ཡོད་པ་རྣམས་ཀྱི་ཆེད་དུ་སེམས་ཤུགས་མ་ཆགས་པ་དང་སེམས་ཤུགས་སྐྱེད་རྒྱུའི་ཆེད་དུ་འཚམས་འདྲི་ཞུ་རྒྱུ་ཡིན། གཙོ་བོ་སེམས་ཤུགས་མ་ཆགས་པ་བྱོས་ཞེས་གསུངས་ཡོད།

ཁོང་གིས་ད་དུང་ཐེངས་འདིའི་ས་ཡོམ་བྱུང་རྗེས་ས་གནས་ས་ཐོག་ཏུ་གཡས་གཡོན་གྱི་དགོན་པ་མང་བོ་ཞིག་གི་དགེ་འདུན་པ་ཧ་ཅང་མང་བོ་ཡོང་ནས། ཧུར་ཐག་གིས་རོགས་སྐྱོར་བྱས་འདུག་པར་དགའ་སྤོབས་བྱུང་ཞིང་། དེའི་རིགས་ང་ཚོ་ལས་འབྲས་དང་ཆོས། དགེ་སྡིག་ཁས་ལེན་མཁན་ཞིག་ཡིན་སྟབས་ལས་བཟང་བོ་རེད་ལ། དངོས་གནས་ཞལ་འདེབས་སྒོར་གཅིག་སྤྲད་ནའང་དེ་བསམ་པ་རྣམ་པར་དག་པའི་སྒོ་ནས་ཞལ་འདེབས་བརྒྱབ། ཞལ་འདེབས་བརྒྱབ་པ་དང་ཆབས་ཅིག འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་བོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཞེས་བསྔོ་བ་སྨོན་ལམ་གྱི་སེམས་སྦྱར་ནས་བྱས་ཚེ། སོ་སོས་དངོས་སུ་དངུལ་སྤྲད་པའི་དགེ་བ་དང་ཕན་ཐོགས་ཡོང་གི་ཡོད། དགེ་བའི་བྱ་བ་དེར་བརྟེན་ཏེ་སེམས་སྐྱེད་ཀྱི་བསམ་པ་བྱུང་ན་དགེ་བ་རླབས་པོ་ཆེ་ཡོང་གི་རེད། དེ་ལྟར་མ་བྱུང་ཡང་ཕན་པའི་བསམ་པ་ཡག་པོ་ཞིག་གི་ཐོག་ནས་དགེ་བ་སྒྲུབ་བཞག་པ་དེ་བསྔོ་བ་བྱས་ཚེ། དེའི་ཚོད་ཀྱིས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྤུས་དག་པོ་ཡོང་གི་རེད་ཅེས་གསུངས།

མཇུག་མཐར། ཐེངས་འདིར་རྒྱ་ནག་གི་ས་ཁུལ་མང་བོ་ཞིག་དང་རྒྱ་ནག་གི་སྒྱུ་རྩལ་མཁན། ཚོང་པ་དང་མི་མང་དམངས་ཁྲོད་ནས་ཞལ་འདེབས་མང་བོ་ཡོང་བསྡད་ཀྱིན་འདུག དེ་ཚོ་ཚང་མར་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་ཐུགས་རྗེ་ཆེ་ཟེར་གྱི་ཡིན། ཅེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༣ སྔོན་ལ།
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

༧རྒྱལ་དབང་ཀརྨ་པ་མཆོག་གི་འཁྲུངས་སྐར་སྲུང་གཙི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཕྱི་དྲིལ་བཀའ་བློན་མཆོག་འཇར་མན་རྒྱལ་ཁབ་ནང་གཞུང་འབྲེལ་ཕྱོགས་ཕེབས།

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

༢༠༢༥/༠༦/༢༥

མཆན། 41

  1. མགར་རྟོགས་སད says:
    ལོ་ 15 སྔོན།

    བཙན་འབྱོར་ནང་ཇོ་ནང་གི་སྤྱི་འཐུས་མེད་པའི་རྒྱུ་མཚན་ཅི་ཡིན་ན།དྲ་གྲོགས་ཚོ་
    ཇོ་ནང་བའི་བོད་རང་བཙན་བརླག་བཞག་པ་ག་ལ་ཡིན།
    ཨ་མ་དང་འདྲེ་མོ་མ་ནོར།ལབ་རྩེས་དང་སོ་བ་མ་ནོར།
    ད་དམའ་འབེབས་དང་མཐོང་ཆུང་དེ་ཙམ་མ་གནང་ན་ཡག་པོ་འདུག

    Reply
  2. མགར་རྟོགས་སད says:
    ལོ་ 15 སྔོན།

    ང

    Reply
  3. མགར་རྟོགས་སད says:
    ལོ་ 15 སྔོན།

    ང

    Reply
  4. མགར་རྟོགས་སད says:
    ལོ་ 15 སྔོན།

    ང་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

    ་་་་་་་
    ་་་་་་་་
    ་་་་་་་
    ་་་་་་
    ་་་་་་་་་་་་་་
    ་་་་་་་་་་་་་
    ་་་་་་་་་

    ་་་་་་་་་་་

    Reply
  5. མགར་རྟོགས་སད says:
    ལོ་ 15 སྔོན།

    ཨ་རོ་་་གོང་ས་མཆོག་ལ་བླ་མ་མེད་པའི་དད་དམ་ཡོད་ཟེར་བའི་ནང་དོན་ཅི་ཞིག་རེད་ང་དང་ང་འདྲ་བའི་བློ་དམན་དག་གི་ཧ་གོ་གི་མི་འདུག་ཁྱེད་ཀྱི་གསལ་བཤད་ཞིག་གནང་རོགས།

    Reply
  6. མགར་རྟོགས་སད says:
    ལོ་ 15 སྔོན།

    སོག་པོ་སྟག་ཁྲིད་ཀྱི་རྒྱབ་ལྗོངས་ན་མི་ཁྲག་དམར་པོའི་མཆོད་པ་ཡོད།
    སོག་པོ་སྟག་ཁྲིད་ཀྱི་མདུན་ལྗོངས་ན་གྱོང་གུད་འབུམ་གྱིའི་གད་སྙིགས་ཡོད།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དཀོན་མཆོག་མཁྱེན། འདི་འདྲ་མ་བཀླགས་ན་ཡག་ས་རེད།

    Reply
  8. མགར་རྟོགས་སད says:
    ལོ་ 15 སྔོན།

    སོག་པོ་སྟག་ཁྲིད་གྱི་པར་རིས་འདི་མཐོང་ཐེང་རེ་ལ་ངའི་སེམས་ལ་མདའ་ཕོག་པ་ལྟ་བུའི་ན་ཟུག་ཞིག་ཡོང་གི་འདུག དེ་ནི་ང་གཅིག་པོའི་ན་ཟུག་ཞིག་ག་ལ་ཡིན།འདི་ནི་བོད་པ་ཚང་གི་འདས་ཟིན་པའི་གྱོང་གུད་དང་ཕམ་ཁའི་ན་ཟུག་ཞིག

    Reply
  9. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གནས་ས་ཞིག་པ་དེ་གནང་ས་ལ་ནོར་བཅོས་གནང་རོགས་ཞུ།

    Reply
  10. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ཨ་རོགས་སྨྲ་བརྗོད་རང་དབང་ལགས་དེ་ལྟར་བེུད་གཉིས་པོས་མཚན་ཚོགས་གོ་སྒྲིགས་གནས་ས་དེ་ས་གནས་དྷེ་ཧ་ར་དུན་ཡིན་ནམ་ཡང་Belgiumཡིན་གསལ་ཁ་ཞིག་གསུང་རོགས་ཅི་སྟེད་དངོས་ཉིད་དེ་ལྟར་ཡིན་ཚེ་བེུད་གཉིས་པོའི་སྒོ་བརྡུངས་ཐག་ཆོད་ཡིན།

    Reply
  11. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

    Reply
  12. གྲགས་པ། says:
    ལོ་ 15 སྔོན།

    སྨར་དྷཱིཿཟེར་གྱིས་ག་རེ་གསུང་གི་ཡོད་དམ། གོང་ས་མཆོག་ལ་བརྟན་བཞུགས་ཕུལ་པར་སྲིད་དོན་ག་ལ་ཡིན་དགོས། དེས་ན་ལྟ་སྒོམ་སྤྱོད་གསུམ་ལ་ཉམས་ལེན་བྱེད་ཀྱང་སྲིད་དོན་ལ་མི་འགྱུར་བའི་ངེས་པ་ག་ལ་ཡོད། ཇོ་ནང་པ་ལ་རྒྱབ་སྐྱོར་ཡོད། ཇོ་ནང་པའི་བསྟན་པ་རྒྱས་གྱུར་ཅིག

    Reply
  13. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    ད་ནི་ཡོད་ཚད་སྲིད་དོན་མཐའ་ན་བརྟན་བཞུགས་ཀྱང་སྲིད་དོན་འགྱུར་འདུག་མ་གཞི་ཁྱེད་ཅག་གིས་ཇོ་ནང་གི་བསྟན་པ་རྣམ་དག་ཞིག་སྤེལ་འདོད་ན་ཇོ་ནང་གི་སྔོན་བྱུང་མིང་པོ་རྣམས་ཀྱི་ལྟ་སྒོམ་སྤྱོད་གསུམ་ལ་སློབ་སྦྱོང་རྣམ་དག་ཞིག་བྱས་ཏེ་གྲུབ་པ་ཐོབ་པའི་སྐྱེ་བུ་ཁྱུ་ཚོགས་ཅིག་བྱུང་ན་དངོས་ཉིད་ཇོ་ནང་གི་བསྟན་པ་འཛིན་པ་རེད་སྤེལ་བ་ཡང་རེད་ཡིན་ནའང་ད་ལྟ་ཆ་ཇོ་ནང་གི་བསྟན་འཛིན་ཡིན་མདོག་དང་མཁན་པོ་བླ་སྤྲུལ་ཡིན་མདོག་གི་རློམ་པ་ཁག་ཅིག་གིས་ཆེད་དུ་བསྟན་དགྲ་རྒྱ་དམར་གྱི་དམིགས་ཡུལ་མངོན་འགྱུར་བྱེད་རྒྱུ་ལ་ཉེ་ལེན་གྱི་རྒྱུ་ཞིག་སྒྲུབ་བཞིན་གདའ།

    Reply
  14. རྒྱ་ཉམས་ཞིབ་པ། says:
    ལོ་ 15 སྔོན།

    འོ་ལེ་ད་ཅིག་དཀའ་གི་ཡ་།

    Reply
  15. getse ngodup from .be says:
    ལོ་ 15 སྔོན།

                        

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་དགོན་ར་ཉག་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།

    Reply
  16. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    ཆོས་ལུགས་ཀྱི་གནད་དོན་གསེལ་དགོས་ན་ཆེད་དུ་བསྔགས་ནས་རང་གཞུང་ཆོས་དོན་ལྷན་ཁང་བཙུགས་ཡོད་རེད་ཆོས་དོན་ལྷན་ཁང་ལ་བདེ་སྡུག་ཞུས།
    དོན་མེད་རྙོག་ཁྲ་མ་བརླང་མ་ཡོང་གནས་ཚུལ་ཆུང་ཆུང་འདི་ཆེན་པོ་བཟོས་མ་ཡོང།
    ཆོས་འབག་གྱོན་པའི་མི་ངན་རེ་ཟུང་ཞིག་གིས་ཆོས་ལུགས་ཁ་ལ་འཁྱེར་ནས་བོད་མི་ནང་འཁུལ་དཀྲུགས་དཀྲུགས་དང་བོད་བསྟན་པ་ཆབ་སྲིད་ལ་གནོད་གཞིའི་སྤྱོད་ངན་གྱི་རིགས་ནམ་ཡང་སྤེལ་མི་ཆོག
    ཧ་གོ་གསོང་ངས།

    Reply
  17. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དྲྭ་གྲོགས་གྲགས་པ་ལགས། སྐྱབས་མགོན་རིན་པོ་ཆེ་ལ་བསྐུར་འདེབས་ག་བར་བྱེད་འདུག།
    ད་དུང་དགེ་ལུགས་དང་རྙིང་མ་ཡང་འཛུལ་འདོད་ཡོད་འཛུལ།

    Reply
  18. འཁྲུངས་སྐར། says:
    ལོ་ 15 སྔོན།

    ས་ཇོ་གཉིས་བར་དགེ་ལྡན་གནས་པ་དེ།
    འོ་ཆུ་བར་ལ་རུས་ལྦལ་དཔྱད་པ་འདྲ།
    གོང་ས་གོང་འོག་མིན་པ་གཟིགས་རོགས་ཞུ།
    བོད་གཞུང་རྒྱ་གཞུང་མིན་པའི་རེ་བ་ཡོད།
    དྲ་གྲོགས་བློ་ལྡན་ཡིན་པའི་རེ་བ་ཡོད།

    Reply
  19. གྲགས་པ། says:
    ལོ་ 15 སྔོན།

    ཁྱད་མེད་སྐད་ཆ་ཆོས་ལུགས་ཡོད་ཚད་ས་སྐྱ་ག་ལ་ཡིན། ད་དུང་དགེ་ལུགས་དང་། རྙིང་མ། བཀའ་བརྒྱུད་པ་སོགས་ཚང་མ་ས་སྐྱ་མ་ཡིན་ནམ། ཧམ་པ་ཆེ་འདུག་སྐྱབས་མགོན་རིན་པོ་ཆེ་ལ་བསྐུར་འདེབས་ཞུ་འདུག

    Reply
  20. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    མ་གཞིག་ནས་ཁྱེད་ཐོས་རྒྱ་ཆུང་ཆུང་ཞིག་ཡིན་ས་རེད་ས་སྐྱ་པ་ལ་ས་ངོར་ཚར་གསུམ་ལས་མ་ཚད་མང་པོ་ཡོད་རབས་འདུག། དཔེ་ན། རྫོངས་པ། བོ་གདོང་་་་་་་ཞ་ལུ་ལྟ་བུ་རེད།

    Reply
  21. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    འོ་རེད་་་་་དྲྭ་གྲོགས་གྲགས་པ་ལགས་ལྟ་བ་མེད་དགག་བཟོ་ནས་དགེ་ལུགས་སུ་བསྒྱུར་ན་ག་འདྲ་འདུག། འདོད་པ་འགྲུབ་ཨེ་སོང་།

    Reply
  22. གྲགས་པ། says:
    ལོ་ 15 སྔོན།

    ས་སྐྱ་པ་ལ་ས་ངོར་ཚར་གསུམ་ལས། གཞན་པ་ཇོ་ནང་ཟེར་བ་གོ་མྱོང་མེད། ཇོ་ནང་པའང་ཆོས་བརྒྱུད་གཞན་པ་ལྟར་ཆོས་བརྒྱུད་ཆེན་པོ་ཞིག་གི་ཁོངས་སུ་བཞག་ན་འགྲིག དབུ་མ་གཞན་སྟོང་གི་ལྟ་བ་ཡིན་ན་ས་སྐྱ་པ་ག་ལ་ཡིན་དགོས་སོ།།

    Reply
  23. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དྲྭ་གྲོགས་འཇམ་དཔལ་རྣོན་པོ་ལགས་
    ལྟ་བའི་གཤན་འབྱེད་དུ་་་་་་་་་རྟག་མཐའ་ལ་དབུ་མར་སྨྲ་བའི་ལུགས་དགག་པ་དང་།
    ཆད་མཐའ་ལ་དབུ་མར་སྨྲ་བའི་ལུགས་དགག་པ།
    མཐའ་བྲལ་ལ་དབུ་མར་སྨྲ་བའི་ལུགས་བརྗོད་པ།
    ཞེས་ལས་མི་འདུག་ཀྱང་་་་་ད་དུང་ཁྱེད་ཀྱི་ཡོད་མདོག་མདོག་ཀྱི་རྫུན་མ་བཤོད།
    ས་བཅད་ཀྱི་བསྟན་དོན་དེ་ལྟརཡིན་ཡང་ལུང་འདྲིན་བྱེད་དུས་ཚིག་དོན་མ་ནོར་བར་བྲིས་རོགས་གནང་།

    Reply
  24. རབ་བརྟན། says:
    ལོ་ 15 སྔོན།

    ཨོ་ལེ།   གཅིན་རྒྱུད་ཟེར་ནས་སྨད་རྒྱུ་མེད།   བོད་ཀྱི་རྒྱལ་པོ་རིམ་བྱོན་གནམ་གྱི་ཁྲི་བདུན།  ས་ཡི་ལེགས་དྲུག  བར་གྱི་སྡེ་བརྒྱད།  ཚིགས་ལ་བཙན་ལྔ།  སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ནས་ཟེར་ནས་ངོམ་བསྡད་ཀྱི་ཡོད་པ་འདི་ཚོ་ཡང་གཅིན་རྒྱུད་ཀྱི་ཐོག་ནས་བྱུང་བ་མ་ཡིན་ནམ།   ད་དུང་ཁྱོད་ཚོས་ལྷ་ལུང་དཔལ་རྡོར་གྱིས་བོད་ཀྱི་རྒྱལ་པོའི་གཅིན་རྒྱུད་བཅད་ནས་བོད་ཕུངས་པ་རེད་ཟེར་གྱི་མེད་དམ།  ལྷག་པར་ས་སྐྱ་པའི་གདུང་རྒྱུད་འདི་ལྷ་རིགས་འཁོན་གྱི་རིགས་རྒྱུད་ཡིན་པས་གཅིན་རྒྱུད་ཡིན་ན་ཡང་ལྷའི་གཅིན་རྒྱུད་ཡིན་པས་མི་རྣམས་ཀྱི་མཆོད་གནས་སུ་ལོས་འོས་དྲན།   

    Reply
  25. ར་ཉག་ཀུན་བཟང་། says:
    ལོ་ 15 སྔོན།

    ཤེས་རབ་འབྱུང་གནས་ཟེར་བ་མགོ་སྒུར་ནས་ཉོན་ཅིག་།།

    ཨེ་མ་ཧོ་།།
    དཔལ་ལྡན་ས་སྐྱ་ཉིན་བཞིན་རྒྱས་།།
    ཇོ་ནང་ཟེར་བ་ཉིན་བཞིན་རྒུད་།།
    དོལ་ཚོགས་ཇོ་ནང་གཉིས་པོ་ལ་།།
    རྒྱལ་ཁ་ཐོབ་པའི་དུས་ཚོད་མེད་།།

    མ་དཀྲུགས་མ་དཀྲུགས་ཇོ་ནང་པ་།།
    དཀྲུགས་ན་ངོ་ཚ་ཉོ་སྤྱད་ཡིན་།།
    མ་འཕག་མ་འཕག་ཤེར་འབྱུང་བ་།།
    འཕག་ན་སྣ་བུག་བརྡབ་བྱེད་ཡིན་།།

    སྐྱབས་མགོན་རྒྱལ་བ་ཆེན་པོ་ཡིས་།།
    དུས་དབང་སུམ་ཅུ་སོ་གྲངས་གནང་།།
    བླ་རྒྱུད་དེ་ལ་ཇོ་ནང་པ་།།
    ཡོད་མེད་ཡིག་ཆར་ལྟོས་དང་ཤེས་།།

    ད་དུང་གུང་ཐང་འཇམས་དབྱངས་དང་།།
    མཁན་པོ་འཇིགས་མེད་ཕུན་ཚོགས་སོགས་།།
    དུས་དབང་བསྐུར་མཁན་ཆེ་ཁག་གི་།།
    བླ་རྒྱུད་ནང་དུ་ཇོ་ནང་མེད་།།

    འོ་ན་ཇོ་ནང་གང་དུ་ཡོད་།།
    དུས་འཁོར་འཛིན་སྐྱོང་གང་ནས་བྱས་།།
    སྦྱོར་དྲུག་ཟེར་བ་བརྐུས་ནོར་བཞིན་།།
    ལྐོག་ནས་སྤེལ་བཞིན་ཡོད་ལགས་སམ་།།

    སྦྱོར་དྲུག་མཁན་པོས་སྦྱོར་སྦྱོར་གྱིས་།།
    གསེར་རྐུ་བྱི་ཕྲུག་འཛིན་འཛིན་བྱས་།།
    ལྟོས་དང་ཇོ་ནང་བུ་མོ་ཚོ་།།
    སྦྱོར་ནས་ཡི་ཐང་ཆད་ནས་འདུག་།།

    ས་སྐྱའི་གོང་མ་རྡོ་རྗེ་འཆང་།།
    སྐྱབས་མགོན་རྒྱལ་བའི་གཡས་ནས་བཞུགས་།།
    ཇོ་ནང་བླ་རྒན་ཧལ་ཧ་ཁོ་།།
    རྒྱལ་བའི་ཐག་ཉེར་བཅར་མི་ཐུབ་།།
    འདི་ཡིས་ཇོ་ནང་ས་སྐྱ་ཡི་།།
    ཁོངས་གཏོགས་ཡིན་པ་གསལ་བོར་རྟོགས་།།

    གཅིན་རྒྱུད་གཅིན་རྒྱུད་མ་ཟེར་ཅིག་།།
    གོང་ལ་ཕྲག་དོག་མ་བྱེད་ཅིག་།།
    ཕྲག་དོག་འདི་ལས་སྡུག་པ་ཡི་།།
    ཉོན་མོངས་པ་ཞིག་གང་དུ་ཡང་མེད་།།

    རྒྱ་གར་རྒྱན་དྲུག་མཆོག་གཉིས་དང་།།
    བོད་ཀྱི་བུ་སྟོན་ཐམས་ཅད་མཁྱེན་།།
    འཇམ་མགོན་ཙོང་ཁ་པ་ལ་སོགས་།།
    མངལ་ནས་སྐྱེས་པའི་མཁས་གྲུབ་ཀུན་།།
    གཅིག་རྒྱུན་མིན་ན་ཇི་ཞིག་ཡིན་།།

    དེ་ཡི་མི་ཚད་ཁྱོད་ཚང་གི་།།
    ཡུ་མོ་མི་བསྐྱོད་ཟེར་བ་ཡང་།།
    གཅིན་རྒྱུད་མིན་ན་ཇི་ཞིག་རེད་།།
    སྐྱག་པའི་བརྒྱུད་པ་ཡིན་དོགས་མེད་།།
    ཨ་རོག་བསམ་བློ་ཞིབ་ཏུ་ཐོངས་།།

    ས་ཇོ་གཉིས་ཀྱི་འགལ་བ་འདི་།།
    ཇོ་ནང་ཚང་གིས་བསམ་བཞིན་བཟོས་།།
    ད་ནི་ཇོ་ནང་དོལ་ཚོགས་དང་།།
    མཉམ་དུ་ཕམ་ནས་སྡོད་ལ་ལྟོས་།།
    ཧ་ཧ་ཧོ་ཧོ་ཧུ་ཧུ་ཧི་།།

    ཇོ་ནང་ཁ་ལ་དེ་འདྲ་ཆུག་།།
    ཕམ་ཁ་ཉོས་ན་དེ་འདྲ་ཉོས་།།
    ངོ་ཚ་ཉོས་ན་དེ་འདྲ་ཉོས་།།
    མཛུབ་མོ་ཁ་རུ་ཆུག་ལ་སྡོད་།།

    བཀྲ་ཤིས་ཞལ་དྲོ་།།

    Reply
  26. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    ཡོད་ཡོད་རེད་ཡོད་པས་མི་ཚད་་ངས་ཚིག་འདི་བློ་ལ་འཛིན་མྱོང་། གཞུང་གི་ས་བཅད་རེད། གཞུང་ནོར་ན་མི་ཤེས་ད་ཕལ་ཆེར་ནོར་མེད།

    Reply
  27. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    ཨོ་ད་རུང་རྒྱུ་མཚན་གཞན་ཞིག་ནི། ཇོ་ནང་པ་དགའ་ལྡན་ཕོ་བྲང་དང་སོག་པོས་རྩ་གཏོར་བྱེད་སྐབས་ཀྱང་། ས་སྐྱ་པ་ལ་ཅི་ཡང་གནོད་མི་འདུག་འདི་ཡང་གཅིག་རེད།

    Reply
  28. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    དྲྭ་གྲོགས་འཇམ་དཔལ་རྣོན་པོ་ལགས་་་་་་་་་་རྫུན་མ་གསུང་ལྟ་བའི་གཤན་འབྱེད་དུ་་་་་་་་་་་་་་་་་རྟག་ལྟ་དབུ་མར་སྨྲ་བའི་ཇོ་ནང་དགག།
    ཆད་ལྟ་དབུ་མར་སྨྲ་བའི་དགེ་ལུགས་དགག།
    ཟུང་འཇུག་དབུ་མར་སྨྲ་བའི་རང་ལུགས་བཞག། ཅེས་པའི་ཚིག་ཞིག་ཞུང་གི་མགོ་འཇུག་གང་དུ་ཡང་མི་གསལ་བའི་ཚིག་འདི་ཁྱེད་ཀྱི་དཀྲུག་ཤེས་ཀྱི་ཆེད་དུ་སར་དུ་བཟོས་པ་ཞིག་རེད་
    འདི་འདྲིའི་ཚིག་ཞིག་སྟོན་དང་ངས་ཁྱོད་ལ་རི་བོང་གི་རྭ་རིང་ཐག་ཆོད་ཞིག་སྤྱན་འབུལ་ཞུས་ཆོག། འོན་ཀྱང་ཇོ་ནང་ས་སྐྱ་ཡིན་མིན་ཇོ་ནང་གི་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ལ་གཟིགས་ན་ཤེས་ཐུབ།

    Reply
  29. འཇམ་དཔལ་རྣོན་པོ་། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། དཔལ་ས་སྐྱའི་ཁུངས་གཏུགས་ས་ཡོད་ན་མེད་ན་ཀུན་མཁྱེན་གོ་རམས་རེད། གོ་རམས་པས་མཛད་པའི་ལྟ་བའི་ཤན་འབྱེད་ཐེག་མཆོག་གནད་ཀྱི་ཟླ་འོད་ནང་དུ།
    རྟག་ལྟ་དབུ་མར་སྨྲ་བའི་ཇོ་ནང་དགག །
    ཆད་ལྟ་དབུ་མར་སྨྲ་བའི་དགེ་ལྡན་དགག །
    ཟུང་འཇུག་དབུ་མར་སྨྲ་བའི་རང་ལུགས་བཞག །
    ཅེས་གསུངས་ཡོད་ནི་རེད། དེས་ན་ས་ཇོ་གཉིས་སོ་སོ་ཡིན་པམགསལ་བོ་རེད་དྲན་ནོ།

    Reply
  30. dondub། says:
    ལོ་ 15 སྔོན།

    བུ་བུ་མོ་ལ་དགའ་བ་དང་། བུ་མོ་བུ་ལ་དགའ་བ་ནི་གཟུགས་པོའི་གྲུབ་ཆ་ཞིག་ལས་དམིགས་བསལ་གྱི་སྐྱོན་ཆ་མ་རེད། ས་ཇོའི་བླ་མ་རྣམ་པ་སྟུ་ལ་དགའ་བའང་སྐྱེས་པའི་རང་བཞིན་ལས་གཞན་མིན་ཕྱིར་ཕན་ཚུན་སྐྱོན་འཛུགས་ཀྱི་ཆ་རྐྱེན་དུ་བཟུང་བ་ནི་ནོར་འཁྲུལ་རེད།

    Reply
  31. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ལྟོས་དང་། ཇོ་ནང་ཚང་ལ་རྟེན་བཞུགས་འགྱོག་མཁན་གྱི་བུ་མོ་མཛེས་མ་ཁ་ཤས་ཤིག་འདུག གསེར་སྐུ་ལི་མ་ཚོ་བུ་གུ་འཛིན་འཛིན་བྱས་ནས་ཡོང་གིན་འདུག ངོ་མ་སྦྱོར་དྲུག་ཟེར་བ་དེས་སྦྱོར་ཡོད་ས་རེད་ད། ཀུ་རེ་ཡིན།

    Reply
  32. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པ་ཞེས་གསུང་རྒྱུ་ཡིན་པ་ལ་་་དེ་རིང་འདི་འདྲ་གསུང་དགོས་དོན་གང་ཡིན་ནམ་་་་་་་་ཡིག་ནོར་མིན་ནམ། གང་ལྟར་དེ་རིང་གི་གསུང་འདི་སར་པ་ཞིག་རེད། སུ་ལ་ཕན་པ་དང་སུ་གནོད་པ་ངའི་ཤེས་མ་སོང་། གཡུང་དྲུང་བོན་གྱི་བསྟན་པ་དེ་དེ་རིང་རྐུ་མར་ཤོར་ཚར་འདུག།

    Reply
  33. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ཤེས་རབ་འབྱུང་གནས་ལགས་་་་་་་་་སྐད་ཆ་དེ་ཚོ་རིགས་དེ་བཤད་ཡ་ཉུང་རུ་གཏང་ན་ག་འདྲ་འདུག་་་་་་་་་ཉ་བསད་ནས་ཁྱི་ལ་སྦྱིན་ན་ཕན་ཐོག་ཡོད་དམ། ད་དཀྲུག་མ་ཡོང་རོགས་སྐུ་ཚེ་རིང་།

    Reply
  34. ཤེས་རབ་འབྱུང་གནས། says:
    ལོ་ 15 སྔོན།

    ཀ་ཡེ་ཉོན་དང་འཁྲུངས་སྐར་མིང་།།
    ༧གོང་ས་མཆོག་གི་བཀའ་སློབ་ནི།།
    ཇོ་ནང་རྒྱལ་པའི་བཀའ་སློབ་ཡིན།།
    ས་སྐྱ་ཕམ་པའི་བཀའ་སློབ་ཡིན།།
    ༧གོང་ས་མཆོག་གི་ཞལ་བཟང་ལས།།
    ས་དགེ་བཀའ་རྙིང་ཇོ་ནང་དང་།།
    ཞེས་པའི་བཀའ་ལུང་ཐོག་རྒོད་གྱིས།།
    ས་སྐྱའི་ཧམ་སེམས་བྲག་རི་གཏོར།།
    ད་དུང་ཆོས་བརྒྱུད་གཞན་དག་གིས།།
    དུས་འཁོར་གཙུགས་སུ་འཛིན་མོད་ཀྱི།།
    དུས་འཁོར་བཀའ་བབ་ཇོ་ནང་པ།།
    ཁོ་ན་ཉིན་ཞེས་བསྔགས་པ་དེས།།
    ས་སྐྱའི་ཁ་ལ་ས་ནག་བརྫངས།།
    དེ་ནི་རྒྱལ་བ་ཇོ་ནང་པའི།།
    བརྟན་བཞུགས་ཕུལ་བའི་གྲུབ་དོན་ཡིན།།
    ༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡིན།།
    ས་སྐྱ་ཕམ་པའི་ཐན་ལྟས་རེད།།
    ཇོ་ཇོ་མོ་ལ་བྱམས་པ་དེ།།
    ཇོ་ནང་མ་རེད་ས་སྐྱ་རེད།།
    ས་སྐྱའི་ཕ་བུ་དེ་ཚོ་རེད།།
    གཅིན་རྒྱུད་སྟུ་དགའ་དེ་ཚོ་རེད།།
    དགེ་མེད་དཀྲུགས་འདྲེ་དེ་ཚོ་རེད།།
    སྤྲུལ་རྫུན་སྟུ་ལ་དགའ་མཁན་དག།
    ཇོ་ནང་མ་རེད་ས་སྐྱ་རེད།།
    ས་སྐྱའི་གཅིན་སྤྲུལ་དེ་ཚོ་རེད།།
    ཤེས་མེད་ཀླེན་རྒན་དེ་ཚོ་རེད།།
    སྡོམ་མེད་དམ་ཉམས་དེ་ཚོ་རེད།།
    ནང་ཁུལ་དཀྲུགས་འདྲེ་ཚོ་རེད།།
    གནམ་ས་བླ་འོག་བསྒྱུར་ན་ཡང་།།
    ལས་འབྲས་མགོ་མཇུག་ལྡོག་ན་ཡང་།།
    ཕོ་རོག་དཀར་པོར་གྱུར་ན་ཡང་།།
    ས་སྐྱ་ས་འོག་ཐིམ་ན་ཡང་།།
    ཇོ་ནང་ས་སྐྱར་འགྱུར་མི་སྲིད།།
    བཙན་གྱིས་དབང་སྒྱུར་བྱེད་མི་ཐུབ།།
    འདི་དག་དངོས་ཡོད་གནས་ཚུལ་ཡིན།།
    དུས་རབས་ཉི་ཤུའི་ཁ་ཕྱོགས་རེད།།
    ༧གོང་ས་མཆོག་གི་དགོངས་གཞི་རེད།།
    ཇོ་ནང་རྒྱལ་བའི་རྒྱལ་རྟགས་རེད།།

    Reply
  35. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཡིད་འོངས་མི་འགྱུར་རྡོ་རྗེ་ཟེར་བ་མ་རེད། ཡུ་མོ་མི་བསྐྱོད་རྡོ་རྗེ་ཟེར་བ་རེད།
    བསྔོ་བ་སྨོན་ལམ་གྱིས་སེམས་སྦྱར་ནས་ཟེར་བ་མ་རེད། བསྔོབ་སྨོན་ལམ་གྱིས་མཚམས་སྦྱར་ནས་ཟེར་བ་རེད།
    དུས་ཀྱི་འཁོར་ལོའི་འབྱོར་དྲུག་གི་ཉམས་བཞེས་ཟེར་བ་མ་རེད། དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་བཞེས་ཟེར་བ་རེད།
    ཐེག་པ་ཆེ་ཆུང་ལྔ་དང་བཅས་པ་ཟེར་བ་མ་རེད། ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཟེར་བ་རེད།

    Reply
  36. karma dorje says:
    ལོ་ 15 སྔོན།

    འཁྲུངས་སྐར་ལགས་འཁྲུགས་ནས་ག་རེ་གསུང་འདོད་ཡོད་མེད་ཧ་གོ་བགྱིད་མི་འདུག

    Reply
  37. བདེན་པའི་གཅེར་བུ་མ། says:
    ལོ་ 15 སྔོན།

    ཁྱེད་ཅག་ནི་རྒྱུན་དུ་གྲུབ་མཐའ་འདྲ་མིན་གྱི་ཚིག་ཟིན་ནམ་ཡང་ན་བྱེད་སྟངས་ཅུང་ཟད་རེ་ཡི་སྟེང་ན་དཀྲུགས་ཡོམ་རྒྱག་པར་གོམས་འདུག ངོ་མ་དགོད་སྤྱད་རེད་ཡ། ཁ་དཔེར་གསེར་གྱི་དྭངས་ཁ་ལ་མི་བལྟ་བར་ཐུག་པའི་ཕོར་ཁ་བལྟ་བའི་དཔེ་གསོན་པོ་རང་ཡིན་པས། བྱ་སྤྱོད་འདི་འདྲའི་སྟེང་ནས་སྒོ་གསུམ་ལ་བདག་པོ་རེ་བརྒྱབས་ཏེ་ཆིག་སྒྲིལ་ཞིག་འོང་བར་འབད་ན་མི་འོས་སམ། རང་མིང་རྫུན་མ་རེ་བཀོད་ནས་གཞན་གྱིས་མི་ཤེས་མདོག་བྱེད་པ་ནི་དོན་དམ་དུ་རང་ཉིད་ཀྱི་མི་གཞི་ཆེས་དམན་ཤོས་སུ་ལྷུང་བའི་རྟགས་རེད། འདི་ལྟ་བུའི་ཞབས་མཆན་འགོད་ལུགས་ནི་ཆོས་སྲིད་རིག་གནས་གང་དུ་ཡང་མི་ཐེ་བར། བོད་མིའི་བར་ལ་གཏོར་ཞིག་གཏོང་སླད་གཞན་གྱིས་སྨྱོ་འབོགས་གཏད་པ་དང་འདྲ། ཤི་རེ་ཁོ། ཨ་མའི་བུ་དག་གིས་གཅེས་པའི་སྲོག་བཏང་ལུས་སེམས་བཙོན་དུ་བཅུག ལོ་དང་ཁེ་ལ་སོགས་པ་གྱི་ནར་གཡུགས་ནས་ཆོལ་གསུམ་གྱི་དོན་དུ་མུན་པའི་ཕུག་དང་། ལྕགས་ཀྱི་སྒྲོགས་སུ་བཅུག་ཡོད་པ་མི་གོ་འམ། དེ་དག་རེ་རེར་འདང་རེ་བརྒྱབས་ཏེ་གཞན་གྱིས་གདུག་རྩུབ་དྲན་ན་རང་མི་ལ་བསྙད་འདོགས་ཟུར་གསོད་བྱེད་པའི་ལག་པ་དེ་འཁུམས་པར་མི་འགྱུར་རམ།

    Reply
  38. འཁྲུངས་སྐར། says:
    ལོ་ 15 སྔོན།

    ༧གོང་ས་མཆོག་གིས་བཀའ་སློབ་ནི།
    ཇོ་ནང་དགོས་པའི་བཀའ་སློབ་ཡིན།
    ཐམས་ཅད་མཁྱེན་པ་ཡིན་ངེས་ལ།
    སང་ཉིན་ས་སྐྱ་འཁྲུག་ཉན་ཡོད།

    ཇོ་ནང་ས་སྐྱ་མིན་པའི་བཀའ་སློབ་ཞིག
    གནང་དགོས་བསམ་ཡང་ལོ་རྒྱུས་ལ་བལྟས་ཚེ།
    ཁ་སྐྱེམས་སྒོ་ནས་གཡོལ་གཏམ་མང་པོ་གསུང་།
    དེ་ནི་བྱུང་བ་དེ་རིང་དང་པོ་མིན།།

    ཇོ་ནང་ཕ་ཡུལ་གཅིག་པ་ཡིན་རྒྱུ་གཅིག
    ཇོ་ནང་དགེ་ལུགས་གཞུང་ལ་བལྟ་རྒྱུ་གཉིས།
    ཇོ་ནང་བཟུང་ན་དཀྲུག་ཤིང་འཕེལ་ངེས་གསུམ།
    ཇོ་ནང་བརྟན་བཞུགས་བཞེས་པའི་དགོས་པ་ཡིན།

    ཇོ་ནང་ལྟ་བ་གཞན་སྟོང་ཡིན་ནོ་ཟེར།
    ཇོ་ནང་མེད་དགག་སྟེང་ལ་འཕྲོད་དོ་ཟེར།
    ཇོ་ནང་ཨ་མདོ་ཚོགས་པ་ཡིན་གོ་ཟེར།
    ཇོ་ནང་རང་དབང་འདོད་པ་ཉེར་དགོས་ཡིན།

    ཇོ་ནང་ཇོ་ཇོ་ཁ་མཁས་་མོ་ལ་བྱམས།
    ཇོ་ནང་སྤྲུལ་རྫུན་དབྱིན་མོ་སྟུ་ལ་དགའ།
    ཇོ་ནང་གྲ་རྒན་ཟང་ཟིང་སྒྲུབ་ལ་བརྩོན།
    ཇོ་ནང་བརྟན་བཞུགས་དགོས་ཆེད་འགྲུབ་པར་ཤོག

    Reply
  39. karma dorje says:
    ལོ་ 15 སྔོན།

    བོད་ཡིག་དག་ཆ་ལ་རང་སྣང་གང་དྲན་བྱས་ན་འགྲིག་བགྱིད་མ་རེད་བོད་ཡིག་དེ་ང་ཚོ་ཚང་མའི་རེད།

    Reply
  40. karma dorje says:
    ལོ་ 15 སྔོན།

    སྲུང་བརྩི་ལ་སྲུང་གཙི་བྲིས་མཁན་ཁྱེད་རང་། ་་་མདོར་ན་ཐེག་པ་ཆེ་ཆུང་ལྔ་དང་བཅས་པ་ཆ་ཚང་་་་། ་་་་་་་་་་་་་་་་་་ཐེག་པ་ཆེ་ཆུང་སྔགས་དང་བཅས་གསུངས་བགྱིད་ཡོད་པ་རེད། དེང་སང་གསར་འགོད་པ་ཚོས་བོད་ཀྱི་རིགས་གཞུང་གི་གནས་ཚད་ནི་ངའི་ངོ་ཤེས་པའི་ཨིན་ཇི་ཧིབ་པི་དེ་ཚོ་ལས་དམའ་བ་དང་། བོད་ཡིག་དག་ཆ་ལ་གཟབ་ནན་མེད་ཁར་རང་ཤེད་ཚ་དྲགས་བགྱིད་འདུག་

    Reply
  41. ལྷ་མོ། says:
    ལོ་ 15 སྔོན།

    སྐུ་ཚེ་བརྟན་ཞེས་འོ་དོད་བོས་སོང་། །
    བཀའ་སློབ་ཟབ་མོར་སློབ་མཁན་མི་འདུག །
    ཕན་ཐོགས་མེད་ཅེས་ཞུ་ཕོད་མིན་ཡང་། །
    དུས་ཚོད་འགྲོ་དུས་སྐུ་ཚེ་ཨེ་བརྟན། །

    ཟླ་མེད་གསུང་གི་ལམ་བུ་དེ་ཚོ། །
    ལན་གཅིག་ཙམ་མིན་ཞིབ་ཀློག་བྱས་ཏེ། །
    ཡང་ཡང་དཔྱད་བཞིན་མདུན་བསྐྱོད་མེད་པར། །
    བརྟན་བཞུགས་ཕུལ་ཡང་དེ་འདྲ་མིན་ནམ། །

    བོད་མི་དེ་ཚོ་ས་འོག་ཤོར་སོང་། །
    རྡ་སའི་རི་ནས་བརྟན་བཞུགས་ཕུལ་སོང་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese