མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་ནས་དགའ་བཞིན་སྤྲོ་བཞིན་ཉམས་ཆག་ལ་བཏང་།

བོད་ཀྱི་དུས་བབ།
༢༠༡༠/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟ་ང་ཚོས་རྒྱ་ནག་གིས་བོད་པའི་དགོན་པ་སྟོང་ཕྲག་དྲུག་ཅུ་གཏོར་སོང་ཟེར་གྱིན་ཡོད་ཀྱང་། སྐུ་འདྲ་གཏོར་ཡང་བསྐྱར་དུ་བཟོ་ཆོག་ལ། དགོན་པ་གཏོར་ཡང་བསྐྱར་དུ་གསོ་ཆོག གྲྭ་བ་བསད་ཀྱང་བསྐྱར་དུ་བཟོ་ཆོག སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བརྩམས་ཆོས་ཤིག་རྩ་བརླག་ཏུ་སོང་བ་ཡིན་ན། དེ་ནི་སླར་གསོ་མི་ཐུབ་པའི་གྱོང་གུད་ཆེན་པོ་ཞིག་རེད་ཟེར།

 

དེ་རིང་ཞོགས་པའི་ཆུ་ཚོད་ ༩ སྟེང་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་པ་སྒོ་འབྱེད་ཀྱི་མཛད་སྒོ་ཞིག་བསྡུས་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཙན་བྱོལ་བོད་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་ཆུང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོས་དབུས་པའི་རྒྱུན་ལས་རྣམ་པ། བཀའ་བློན་ཁྲི་པས་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་རང་དབང་གི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་བཅས་ཕེབས་འདུག མཛད་སྒོའི་ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་དཔེ་མཛོད་ཁང་གི་བྱུང་རིམ་དང་འབྲེལ་ལས་དོན་ཁག་ཅིག་ངོ་སྤྲོད་གནང་དོན། བོད་ཀྱི་དཔེ་མཛོད་ཁང་འདི་གསར་འཛུགས་བྱས་ཏེ་ད་བར་ལོ་ ༤༠ ཙམ་འགྲོ་བཞིན་ཡོད་ཅིང་། ༢༠༠༥ ལོར་ང་རང་གིས་དཔེ་མཛོད་ཁང་འདིའི་འགན་འཛིན་གྱི་མིང་འཁུར་བ་ཡིན། དེའི་རྗེས་༧གོང་ས་མཆོག་གིས་མ་འོངས་པར་དཔེ་མཛོད་ཁང་འདི་རྒྱ་ཆེ་རུ་གཏོང་རྒྱུར་བསམ་བློ་གཏོང་དགོས། བོད་པའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱལ་ཁ་ལེན་དགོས་ན། སོ་སོའི་ཆོས་དང་རིག་གཞུང་གཅེས་ཉར་བྱས་ཏེ་བོད་པའི་ངོ་བོ་སྲུང་ཐུབ་པ་བྱ་དགོས་གསུངས་སོང་། འདི་ག་དཔེ་མཛོད་ཁང་དུ་ཉིན་རེར་ནང་ཆོས་འཛིན་གྲྭ་གསུམ་རེ་ཆགས་མེད་ཚོགས་ཀྱིན་ཡོད་ཅིང་། ཉིན་ལྟར་བོད་ཀྱི་སྐད་ཡིག་འཛིན་གྲྭ་གསུམ་རེ་ཚོགས་ཀྱིན་ཡོད། ད་བར་དཔེ་དེབ་ ༥༠༠ ལྷག་དཔར་སྐྲུན་བྱས་ཟིན་ཞིང་། དེ་དག་སྐད་ཡིག་གསུམ་ནང་སྒྱུར་གྱིན་ཡོད། བོད་ཀྱི་ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ཉི་ཤུ་ལྷག་དཔར་ཡོད། ༢༠༠༦ ནས་ད་ལྟའི་བར་ཧིན་རྡུའི་སྐད་ནང་དཔེ་དེབ་དྲུག་བདུན་ཞིག་བཏོན་ཡོད། ང་རང་གིས་ལྡི་ལི་དང་མམ་བྷེ་སོགས་སུ་ཕྱིན་ཏེ་ནང་ཆོས་ངོ་སྤྲོད་བྱས་པར་ཕན་ཐོགས་གང་འཚམ་བྱུང་སོང་ལ། ལྷོ་ཨ་ཧྥི་རི་ཀའི་ས་ཁུལ་དྲུག་བདུན་ཞིག་དང་། ཨ་རིའི་ས་ཁུལ་ཁག་ཅིག ཨེ་ཤ་ཡའི་རྒྱལ་ཁབ་ཁག་ཅིག རྒྱ་གར་ནང་ཁུལ་བཅས་སུའང་ཕྱིན་པ་ཡིན། ཞེས་དང་།

བྷི་ར་ཛིལ་གྱི་གཙུག་ལག་སློབ་གྲྭ་ཞིག་དང་། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ སོག་པོའི་ཁལ་བཅས་དང་བོད་ཀྱི་དཔེ་མཛོད་ཁང་བར་མཉམ་ལས་ཀྱི་གན་རྒྱ་བཞག་ཡོད། ཕྱི་ལོ་ ༢༠༠༠ ལོ་ནས་དཔེ་མཛོད་ཁང་གིས་དགེ་འདུན་པ་ཚོར་ཚན་རིག་སློབ་པའི་ལས་གཞི་ཞིག་བརྩམས་ཡོད་ལ། འདས་པའི་ལོ་བདུན་བརྒྱད་ནང་དགེ་འདུན་པ་ ༥༠ ཙམ་ལ་ཚན་རིག་བསླབ་ཅིང་། དེའི་ཁྲོད་ཀྱི་དགེ་འདུན་པ་ ༣༠ དྲག་འདེམས་བྱས་ཏེ། ཚན་རིག་སྣེ་ཁྲིད་གཙོ་སྐྱོང་ཁང་ཟེར་བ་ཞིག་བཙུགས་ཡོད། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་མཉམ་འབྲེལ་འོག དགོན་སྡེ་ ༢༣ གྱི་དགེ་འདུན་པ་ ༩༠ ཙམ་ལ་ཟླ་འདིའི་ཚེས་ ༡༧ ནས་ཟླ་གཅིག་རིང་ཚན་རིག་ཟབ་སྦྱོང་ཐེངས་གཉིས་པ་སྤྲོད་རྒྱུ་ཡིན། མུ་མཐུད་ལོ་ལྔའི་རིང་ཟབ་སྦྱོང་སྤྲད་ཅིང་ཚན་རིག་གི་སློབ་དེབ་བཟོས་ཏེ་དགོན་སྡེ་ཁག་ལ་དགྲམ་འཆར་ཡོད། ཅེས་ངོ་སྤྲོད་གནང་སོང་།  

 

དེའི་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། འདས་པའི་ལོ་ ༤༠ རིང་བོད་ཀྱི་དཔེ་མཛོད་ཁང་འདིར་སྟག་མཚེར་རིན་པོ་ཆེ་དང་རྒྱ་མཚོ་ལགས། ཨ་མཆོག་རིན་པོ་ཆེ། དགེ་བཤེས་ལྷག་རྡོར་ལགས་བཅས་ནས་བོད་མིའི་ཆོས་དང་རིག་གཞུང་ཐད། བྱས་རྗེས་རླབས་ཆེན་བཞག་ཡོད། སྒྲིག་འཛུགས་དེ་ཡང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་འོག་མ་ཡིན་པར་རང་དབང་གི་སྡེ་ཚན་ཞིག་གི་ངོ་བོར་རྒྱ་གར་གཞུང་གིས་རོགས་སྐྱོར་བྱེད་ཀྱིན་ཡོད། དཔེ་མཛོད་ཁང་འདིར་བོད་ས་ཤོར་རྗེས་བོད་པ་མང་པོ་ཞིག་གིས་ཕྱག་དཔེ་རྙིང་པ་དང་ཡིག་རྙིང་། ཐང་ཀ་རྙིང་པ། སྐུ་བརྙན་རྙིང་པ། རྒྱལ་རབས་ཆོས་འབྱུང་། བཀའ་བསྟན། གཞུང་གི་ཡིག་ཚགས་སོགས་ཡིག་རིགས་རྙིང་པ་ ༣༣༠༠༠ ལྷག་དང་། དུས་རབས་བཅུ་བའི་སྐབས་ཀྱི་ཕྱག་དཔེ་རྙིང་པ་ ༢༢༠༠༠ ཙམ་ཉར་ཚགས་བྱས་ཡོད་ས་རེད། དེ་བཞིན་ངག་རྒྱུན་ལོ་རྒྱུས་མང་པོ་ཞིག་བསྡུ་རུབ་གནང་ཡོད། དཔེ་མཛོད་ཁང་འདིར་རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༩༡ ལོར་བོད་ཀྱི་རིག་གཞུང་ཞིབ་འཇུག་ལྟེ་གནས་ཁང་ཞེས་ངོས་འཛིན་གནང་ཡོད་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཀྱང་ ༡༩༩༦ ལོར་བོད་པའི་རིག་གཞུང་བསྟི་གནས་གལ་ཆེན་ཞིག་ལ་ངོས་འཛིན་གྱི་གྲོས་ཆོད་བཞག་ཡོད། ཅེས་གསུངས་སོང་།

 

མཇུག་ཏུ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དཔེ་མཛོད་ཟེར་བའི་མིང་དེ་གནའ་སྔ་མོ་ནས་བོད་སྐད་ནང་བེད་སྤྱོད་གཏོང་གི་ཡོད་པ་ཞིག་རེད། དེང་སྐབས་དཔེ་མཛོད་ཉར་སྟངས་དེ་ཚན་རིག་ཅིག་དང་སློབ་ཚན་རང་སྐྱ་བ་ཞིག་ཆགས་ཡོད། དེའི་ཐོག་ལ་རབ་འབྱམས་པ་སོགས་ཀྱི་སློབ་སྦྱོང་ཆ་ཚང་བྱ་ཆོག་པའི་སློབ་ཚན་ཞིག་རེད། འོན་ཀྱང་། འདི་ཐོག་མར་རྒྱལ་ཁབ་གཞན་སུ་གང་ལ་མེད་དུས་བོད་པས་སྲོལ་གཏོད་པ་རེད་དྲན་ཡོད། དཔེ་མཛོད་ཀྱི་ཚན་རིག་སློབ་ཚན་ནང་སྡེ་ཚན་དབྱེ་བ་འབྱེད་རྒྱུ་དང་། དཀར་ཆག་སྒྲིག་རྒྱུ་གཉིས་གཙོ་བོ་རེད། དེ་གཉིས་ཀྱང་འཛམ་གླིང་གི་མི་སུ་གང་གིས་མ་དྲན་སྔོན་ལ་བོད་པའི་དྲན་པ་རེད། བོད་པའི་དཀར་ཆག་འབྲི་སྟངས་ལ་སྡེ་ཚན་ཕྱེས་ཡོད། ནུབ་ཕྱོགས་པ་ཚོའི་དཔེ་མཛོད་ཀྱི་སྡེ་ཚན་དབྱེ་བ་འབྱེད་སྟངས་དང་། དཀར་ཆག་སྒྲིག་སྟངས་དེ་ཤར་ཕྱོགས་ཀྱི་རིག་གནས་དང་ཏག་ཏག་བསྡད་མེད། འོན་ཀྱང་། ང་ཚོའི་ཆེས་གཏིང་ཟབ་པ་དང་ཆེས་རྒྱ་ཆེ་པའི་རིག་པའི་གཞུང་ལུགས་ཇི་ལྟར་བདག་ཉར་བྱེད་ཕྱོགས་ཀྱི་བསླབ་བྱ་ནུབ་ཕྱོགས་ནས་ལེན་མི་དགོས་པ་མ་ཟད། ང་ཚོས་ཕར་བསླབ་བྱ་སྤྲོད་ཆོག་པའི་གནས་སྟངས་ཆགས་ཡོད། དེ་ང་ཚོའི་གཞོན་སྐྱེས་ཚོས་ཤེས་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

 

མཐར་ཁོང་གིས་བོད་པའི་ཆོས་དང་རིག་གཞུང་ལ་བདག་གཅེས་བྱ་གལ་ཆེ་སྐོར་གསུངས་དོན། སྐད་ཡིག་གཅིག་ནས་སྐད་ཡིག་གཞན་ཞིག་ལ་བསྒྱུར་བའི་སྒྲ་སྒྱུར་གྱི་ཚན་རིག་ལྟ་བུར་མཚོན་ན། ཐོག་མར་སྲོལ་གཏོད་མཁན་བོད་པ་རེད། རང་གི་སྐད་ཡིག་ཐོག་བྲིས་པ་དང་སྐད་ཡིག་གཞན་ལས་བསྒྱུར་བ་མང་ཤོས་བོད་པ་ཆགས་ཡོད། དེ་ནི་མི་རབས་གོང་མ་ཚོའི་ལག་རྗེས་ཆེ་ཤོས་རེད། འདི་ལ་བདག་པོ་མ་བརྒྱབ་ན་མ་རབས་ཐ་ཤལ་རེད། ད་ལྟ་ང་ཚོས་རྒྱ་ནག་གིས་བོད་པའི་དགོན་པ་སྟོང་ཕྲག་དྲུག་ཅུ་གཏོར་སོང་ཟེར་གྱིན་ཡོད་ཀྱང་། སྐུ་འདྲ་གཏོར་ཡང་བསྐྱར་དུ་བཟོ་ཆོག་ལ། དགོན་པ་གཏོར་ཡང་བསྐྱར་དུ་གསོ་ཆོག གྲྭ་བ་བསད་ཀྱང་བསྐྱར་དུ་བཟོ་ཆོག སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བརྩམས་ཆོས་ཤིག་རྩ་བརླག་ཏུ་སོང་བ་ཡིན་ན། དེ་ནི་སླར་གསོ་མི་ཐུབ་པའི་གྱོང་གུད་ཆེན་པོ་ཞིག་རེད། བོད་ནང་གཞན་གྱི་བཙན་དབང་འོག་གཏོར་བཤིག་བཏང་བ་རེད། འོན་ཀྱང་། བཙན་བྱོལ་ནང་རང་དབང་འོག་དགའ་བཞིན་སྤྲོ་བཞིན་དུ་ཉམས་ཆག་ལ་བཏང་བ་རེད། དགའ་བཞིན་སྤྲོ་བཞིན་ཉམས་ཆག་ལ་བཏང་བ་དེ། རྒྱ་ནག་གིས་བཙན་དབང་འོག་ཉམས་ཆག་ཏུ་བཏང་བ་ལས་ཀྱང་ཚབས་ཆེན་རེད། དེར་བརྟེན། དཔེ་མཛོད་ཁང་འདིར་ཕྱག་ལས་གནང་མཁན་ཚོའི་ལས་དོན་འདི་གངས་ཅན་སྐྱིད་གཤོངས་ཀྱི་ལས་ཀ་གཞན་དག་ཚང་མ་ལས་གལ་ཆེན་པོ་ཡིན་པ་ངོ་ཤེས་པ་གནང་དགོས་ལ། རིམ་གྱིས་མམ་བྷེ་དང་ལྡི་ལི་སོགས་སུ་ཡང་དཔེ་མཛོད་ཁང་འདིའི་ཡན་ལག་འཛུགས་རྒྱུར་དགོངས་པ་བཞེས་དགོས། ཞེས་བཀའ་གནང་སོང་།

 

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༩ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 16

  1. རོ་བདག says:
    ལོ་ 16 སྔོན།

    གོང་དུ་ཆོག་ཆོག་མང་པོ་ཞིག་གསུང་ད ཡིན་ན་ཡང་འདི་དག་ཚང་མ་ལོ་ངོ་སྟོང་ཕྲག་ལྷག་གི་ཤུལ་བཞག་རེད།

    Reply
  2. ཐིག says:
    ལོ་ 16 སྔོན།

    འོ། སེར་སྨད་བློ་དགའ་ཟེར་རྒྱུ་འདི་ཤེས་འཇོན་ཅི་ཡང་མེད་པར་མདོ་སྟོད་ཀྱི་སྤྱི་འཐུས་ལངས་རྒྱུ་ཡིན་ཞེས་ཉིན་མོའི་རྨི་ལམ་གཏོང་བཞིན་པའི་གྲཱ་མིན་སྐྱ་མིན་དེ་མ་རེད་པས། ཁོས་ད་ལྟ་ནས་ཟམ་གདོང་ཚང་ལ་སྤྲེལ་ལད་བཤད་ཀྱིས་འདུག་ཨཱ

    Reply
  3. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    སྡུག་སྐད་མ་རྒྱག་རོགས། ཟམ་གདོང་བླ་མའི་སྐད་ཆ་ཇེ་སྡུག་ཇེ་སྡུག་རེད། ཟེར་་་་་་། ཨ་ལེ་དང་པོ་ཁྱེད་རང་གིས་བོད་ཡིག་སྐྱོན་ཆ་མེད་པ་ཞིག་འབྲི་ཤེས་པ་བྱོས་དང་། ཟམ་གདོང་བླ་མ་ཟེར་ནས་རྒྱབ་བཤད་རྒྱག་རྒྱུར་ལས་སླ་པོ་རེད། ཨ་ལེ་དང་པོ་སོ་སོས་སོ་སོར་ཞུ་དང་གཏོང་དང་། ཡང་སྐུ་རླུང་མ་བཞེངས་ཨཱ་་་་་་ལྟོས་དང་ཇེ་སྡུག ་་་་ཟེར་བའི་ཚབ་ཏུ་ཇེ་འདུག་ཟེར་འ་་་་་་་་

    Reply
  4. མཐུ་སྟོབས། says:
    ལོ་ 16 སྔོན།

    སུ་དྲང་སུ་བདེན་ཤེས་ཚོད་མ་ཐིག ཡིན་ནའི་བསམ་ཚུལ་གང་འདོན་པ་འདི་རང་སྣང་གང་དྲན་ལྟ་བུ་མ་ཡིན་པར་གཟབ་ནན་བྱ་རྒྱུ་གལ་འགངས་ཆེ།

    Reply
  5. བོད་ says:
    ལོ་ 16 སྔོན།

    ལྷག་རྡོར་ལ་སྐྱེ་དམན་ཡོད་པ་ཡིན་རྒྱུ་མ་རེད་། ཁོ་ད་དུང་གྲྭ་ཆས་དམར་ཟིམ་མེར་གྱོན་ནས་འགྲོ་གི་འདུག།
    འོན་ཀྱང་ཁོ་དྲང་མོ་རྩ་བ་ནས་མི་འདུག། ཁོ་རང་ལ་སྤྲེལ་ལད་འཁྲབ་མཁན་ཚོར་ཁེ་བཟང་ཆེན་པོ་ཪག་གི་ཡོད་པ་དངོས་ཡོད་རེད།
    ཁོས་ཆོས་བཤད་མང་པོ་བཤད་ཀྱི་འདུག་ཏེ། ཁོ་རང་གི་བྱེད་སྟངས་ལ་བལྟས་ན་བློ་ཕམ་དགོས་ཡ་རེད།

    Reply
  6. lobsang dakpa says:
    ལོ་ 16 སྔོན།

    ཟམ་གདོང་བླ་མའི་སྐད་ཆ་ཇེ་འདུག་ཇེ་འདུག་རེད།
    དགོན་པ་སྟོང་ཕྲག་དྲུག་བཅུ་གཏོར་ཀྱང་ཕངས་སེམས་མེད།
    བོད་མི་ཁྲི་ཕྲག་བསད་ཀྱང་སྙིང་ནད་མེད།
    བོད་ཡུལ་རྒྱ་ཡུལ་གྱུར་ཀྱང་དངངས་སྐྲགས་མེད།
    ད་ནི་སེམས་ཁམས་ཐམས་ཅད་ཁྱགས་ལ་ཐེབས།

    Reply
  7. མདོ་ཁམས་འབྲི་མཚོ says:
    ལོ་ 16 སྔོན།

    དགོན་པ་དང་གྲྭ་པ་སླར་ཡང་ཟོ་རྒྱུ་ཡོད་ན་མཁས་པའི་གསུངས་རབ་སླར་ཡང་ཟོ་རྒྱུ་མེད་དམ

    Reply
  8. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མའི་སྐད་ཆ་ཇེ་འདུག་ཇེ་འདུག་རེད།
    དགོན་པ་སྟོང་ཕྲག་དྲུག་བཅུ་གཏོར་ཀྱང་ཕངས་སེམས་མེད།
    བོད་མི་ཁྲི་ཕྲག་བསད་ཀྱང་སྙིང་ནད་མེད།
    བོད་ཡུལ་རྒྱ་ཡུལ་གྱུར་ཀྱང་དངངས་སྐྲགས་མེད།
    ད་ནི་སེམས་ཁམས་ཐམས་ཅད་ཁྱགས་ལ་ཐེབས།

    Reply
  9. འཁྲུངས་སྐར། says:
    ལོ་ 16 སྔོན།

    ཡ་འོ་ན། བོད་ཀྱི་དཔེ་མཛོད་དེ་ནང་ལ་སྔོན་བྱོན་བོད་ཀྱི་མཁས་དབང་ཚང་མ་གི་གསུང་ཡོད་ན་རྗེ་ཙོང་ཁ་བ་ཡི་ཡིག་ཆ་ལ་འགག་པ་བྱེད་པའི་ས་སྐྱ་པའི་མཁས་པ་གོ་རམ་པ་ཟེར་ཡ་དེ་ཡི་ཡིག་ཆ་ཨེ་ཡོད། ཧེ་ཧེ། ཁ་བཤད་རྐྱང་ཡིན་ཁོ་ཐག་ཡིན། དེ་ལས་སོ་སོ་ཟབ་ཟབ་གནང་དགོས། གཞུང་ཡོད་བསམ་ནས་མ་བསྡོད། གང་ཙམ་ཞིག་ལ་གཞུང་ཡིག་ཆ་ཚང་སྒེར་ཡིག་ལ་འགྱུར་ངེས་ཡིན། དཔེ་ན་ནོར་གླིང་ལ་ལྟོས་དང་། ཧེ་ཧེ། དེ་ཚོ་མིག་མཐོང་ལག་ཟིན་ཡིན་ཡ།

    Reply
  10. རྡོབ་རྡོབ། says:
    ལོ་ 16 སྔོན།

    རེད རེད དགེ་བཤེས་ལྷག་རྡོར་ཡིས་ཀྱང་བཙན་བྱོལ་ནས་དགའ་བཞིན་སྤྲོ་བཞིན་ཉམས་ཆག་ལ་བཏང་། སྐུ་སྒེར་ཡིག་ཚང་ནས་བུ་མོ་གཉེར། སྒྱོ་བརྒྱབ་བྱས་པ་རེད། དེ་ཚོ་ཚང་མ་ཡང་རིག་གཞུང་ཉམ་ཆག་རེད་པ། ད་ལྟ་སྐྱེ་མན་དེ་ཨ་རི་ལ་སྦས་བཞག ཚམས་ཚམས་ལ་གཞུང་དོན་ཞོར་ནས་སྐྱེ་མན་ལ་ཞོན་ག་འགྲོ་གི་ཡོད་པ་ཡང་རིག་གཞུང་ཉམ་ཆག་རེད་པ། ད་སུས་སུ་ལ་ཁ་ཏ་བྱེད་དགོས་རེད་ཨ་་་་ ་ ཁཻན་ཚ་རེད་་་་

    Reply
  11. འབྲི་འབྲོང་། says:
    ལོ་ 16 སྔོན།

    ད་ལྟ་ང་ཚོས་རྒྱ་ནག་གིས་བོད་པའི་དགོན་པ་སྟོང་ཕྲག་དྲུག་ཅུ་གཏོར་སོང་ཟེར་གྱིན་ཡོད་ཀྱང༌།
    ཞེས་བཀའ་མོལ་འདི་ལ་བསམ་བཞིགས་བྱས་ན་ཕལ་ཆེར་གཏོར་མེད་པ་ཤུགས་ལས་གོ་དགོས་ཞིག་དང༌།
    སྐུ་འདྲ་གཏོར་ཡང་བསྐྱར་དུ་བཟོ་ཆོག་ལ། དགོན་པ་གཏོར་ཡང་བསྐྱར་དུ་གསོ་ཆོག
    ཞེས་གལ་ཆུང་ཆུང་ཞིག་བརྩིས་གནང་འདུག
    གྲྭ་བ་བསད་ཀྱང་བསྐྱར་དུ་བཟོ་ཆོག
    ལྷག་པར་གྲྭ་པ་བསད་ཟིན་པ་ལ་བསྐྱར་དུ་ཇི་ལྟར་བཟོ་རྒྱུ་ཡོད༌། ཐུགས་དགོངས་མ་བཞེས་པའི་བཀའ་མོལ་རང་མ་རེད་དམ། དལ་འབྱོར་མི་ལུས་རིན་པོ་ཆེ་ཐུབ་པར་དཔེ་གྲངས་རྒྱུ་གསུམ་གྱི་སྒོ་གསལ་པོར་གསུངས་ཡོད་པ་དེ་དེ་ཙམ་ཡ་མེད་བྱེད་དོན་ཅི།
    སྔོན་བྱོན་སྐྱེས་བུ་དམ་པ་ཚོའི་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་བརྩམས་ཆོས་དག་རྒྱ་ནག་གིས་རྩ་བརླག་ཏུ་བཏང་བ་ད་ཆ་སླར་གསོ་ཐུབ་ཡོད། འོན་སྔོན་མ་ཤི་བའམ་བསད་པ་དག་ད་བཟོས་མེད་ལ་བཟོ་རྒྱུ་ཡང་དེ་བས་མེད་པ་ཞིག་རེད།

    Reply
  12. རྒྱང་རིང་ནས། says:
    ལོ་ 16 སྔོན།

    བཀླགས་ཟིན་ནོ།

    Reply
  13. ལྷ་མོ། says:
    ལོ་ 16 སྔོན།

    བཀྲ་ཤིས་ལགས། སྔོན་མ་ཡང་ངའི་གྲོགས་པོ་བླ་མ་ཞིག་གིས་རྙིང་མའི་དཔེ་ཆ་མི་འདུག་ཟེར། ཧ་ཅང་ཁོང་ཁྲོ་ཟོས་འདུག ངས་དེ་འདྲ་རྩ་ནས་ཡིན་རྒྱུ་མ་རེད་ཅེས་བཤད་ནས་ངེད་གཉིས་ཕྱིན་ཏེ་དོན་དངོས་ཡོད་མེད་ལྟ་ཆེད་ཉིན་གང་དཔེ་མཛོད་དུ་བསྡད་པ་ཡིན། ཞིབ་བཤེར་བྱེད་དུས་ངེད་གཉིས་ཀྱིས་གྲངས་ཀ་བརྩི་མི་ཚར་བའི་རྙིང་མའི་དཔེ་ཆ་མང་པོ་འདུག ངའི་རོགས་པ་དེ་རྙིང་མའི་བླ་མ་ཞིག་ཡིན་ལ། ཁོ་རང་གིས་མ་བརྟགས་མ་དཔྱད་པར་བཤད་པའི་སྐད་ཆ་དེར་འགྱོད་པ་སྐྱེས་འདུག བླ་མ་དེ་ད་ལྟ་ནིའུ་ཛི་ལེན་ཌི་newziland ཟེར་བའི་ལུང་པར་ཡོད་པ་རེད། ཁྱོད་རང་ཡང་དེ་འདྲ་ཞིག་ཡིན་པའི་དོགས་པ་འདུག

    གཟབ་ནན་དང་བརྟག་དཔྱད་ཀྱི་སྒོ་ནས་བཀའ་མོལ་གསུང་ན་ཡག་པོ་ཡོད་རེད། སྐད་ཆ་འདི་ཚོས་བོད་གཞུང་ལ་ལྟ་ཚུལ་བཟོ་གི་ཡོད་པ་རེད། དོན་དངོས་ཡིན་ན་ལྟ་ཚུལ་བྱུང་ཡང་བྱེད་ཐབས་ཡོད་མ་རེད། ཡིན་ནའང་དངོས་བདེན་མིན་ན་དཔེ་བསགས་པ་རེད། བོད་གཞུང་དེ་བོད་ཀྱི་སྒྲིག་འཛུགས་རེད་ལ། བོད་གཞུང་ལས་གལ་ཆེ་བའི་སྒྲིག་འཛུགས་ཤིག་བོད་པ་ལ་ཡོད་མ་རེད། དེའི་གནད་འགག་དེ་ཚོ་ཤེས་ན་ཡག་པོ་ཡོད་རེད།

    Reply
  14. ལྷ་མ་ཡིན། says:
    ལོ་ 16 སྔོན།

    གལ་ཏེ་བཀྲ་ཤིས་ཀྱིས་བཤད་པ་ནང་བཞིན་དཔེ་མཛོད་ཁང་གིས་ཕྱོགས་རིས་ཀྱི་དབང་གིས་རྙིང་མ་རྒྱུད་འབུམ་ལྟ་བུའི་དཔེ་རྙིང་རྩ་ཆེན་ཚོ་འཇོག་གི་མེད་ན་མཐའ་གཅིག་ཏུ་ངོ་རྒོལ་ཡོད། དེའི་རྩ་བ་བཙལ་ཏེ་ཁོ་ལས་གནས་ནས་ཕྱིར་འབུད་གཏོང་བར་ཞུ། །

    Reply
  15. བཀྲ་ཤིས། ། says:
    ལོ་ 16 སྔོན།

    དངོས་གནས་ཟབ་གདོང་བླ་མས་གསུངས་པ་ནང་བཞིན་རེད་ཡ། བཙན་བྱོལ་ནང་གི་ཕྱོགས་རིས་ཅན་གྱི་བླ་རྒན་འདི་ཚོས་་རྩ་ཆེས་གསུང་འབུམ་རྙིང་པ་འགག་ཞིག་ཉམས་ཆགས་སུ་སོང་ན་དགའ་བཞིན་སྤྲོ་བཞིན་རེད་འདུག ཁོང་གིས་གསུང་ལ་རྒྱབ་སྐྱོར་ཡོད།

    Reply
  16. བཀྲ་ཤིས། ། says:
    ལོ་ 16 སྔོན།

    བོད་པའི་དཔེ་མཛོད་ཁང་གི་ལས་བྱེད་པ་ཚོས་ཕྱོགས་རིས་མ་བྱས་ན་ཡག་པོ་རེད། བོད་པའི་རིག་གཞུང་ཟེར་བའི་མིང་ཁུར་ཏེ་སྒེར་རྐྱང་རྐྱང་ལ་དམིགས་བསྡད་ན་ཡག་པོ་མ་རེད། བོད་པའི་བླ་མ་གོང་རྣམ་པའི་གསུང་བཀའ་འབུམ་རྩ་ཆེན་པོ་དེ་འདྲ་མང་པོ་ཁོང་ཚོས་བཞག་མི་འདུག ཡོངས་སུ་གྲགས་པའི་རྙིང་མ་རྒྱུད་འབུམ་ལྟ་བུ་ཡང་བཞག་མེད་རེད། བྱས་ཙང་འདི་ཚོས་ཕྱོགས་རིས་བྱས་ན་ཡག་ཡོད་མ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese