མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་དོན་པ་གསར་པ་ཞིག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་ཟུར་པ་སྐུ་ཞབས་ཇེ་མེ་ཁ་ཊར་ལགས་ཀྱི་ཚ་བོ་ཞིག་གྲོས་ཚོགས་གོང་མའི་ནང་དུ་བསླེབས་འདུག

ཕྱི་ཚེས་ ༡༡ ཉིན་སྲིད་འཛིན་ཟུར་པ་ཇེ་མེ་ཁ་ཊར་ལགས་ཀྱི་ཚ་བ་རྒན་ཤོས་སྐུ་ཞབས་ཇ་སོན་ཁ་ཊར་ལགས་ཨ་རིའི་རྗོར་རྗི་ཡ་མངའ་སྡེ་ནས་ཕེབས་པའི་གྲོས་ཚོགས་གོང་མའི་འཐུས་མིར་འདེམས་ཐོན་བྱུང་ཡོད་ལ། ཁོང་ཉིད་ཨ་རིའི་དམངས་གཙོ་ཚོགས་པའི་འོས་ཁོངས་སུ་ཕེབས་ཡོད་འདུག་ལ། དེ་ནི་ཁོང་གི་སྒྱུག་པོ་སྐུ་ཞབས་ཇེ་མེ་ཁ་ཊར་ཨ་རིའི་སྲིད་འཛིན་ལ་ཕེབས་དུས་ཀྱི་སྲིད་དོན་ཚོགས་པ་དེ་རེད།

སྐུ་ཞབས་ཇ་སོན་ཁ་ཊར་ལགས་ནི་རང་ལོ་ ༣༤ དང་ཁྲིམས་རྩོད་པ་ཞིག་ཡིན་འདུག

ཨ་རིའི་སྲིད་འཛིན་ཟུར་པ་ཇེ་མེ་ཁ་ཊར་ལགས་ནི་༧གོང་ས་མཆོག་ལ་ཐུགས་མཉེས་པོ་ཡོད་མཁན་དང་། དུས་ཡུན་རྒྱུན་རིང་པོར་བོད་དོན་ཐོག་ཐུགས་བསམ་བཞེས་མཁན་ཞིག་ཡིན་ལ། ཁོང་གིས་བོད་རྒྱ་ཞི་མོལ་གྱི་ལས་རིམ་འདིའི་ཐོག་སྔ་ཕྱི་བར་གསུམ་དུ་ཤུགས་རྐྱེན་ཆེན་པོ་བཞག་ཡོད་པ་རེད། སྲིད་དོན་གྱི་ཕྱོགས་ནས་བོད་མི་རིགས་ཀྱིས་བློ་སྟོན་ཞུ་ས་ཞིག་ཀྱང་ཡིན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༡ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༦ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. ནད་པ says:
    ལོ་ 16 སྔོན།

    ཨུ་རུ་སུ་དམར་པོར་མ་བསྒྱུར་གོང་ཡུལ་དེར་མི་ལོ་ ༡༢ ཙམ་སྟོན་ཏོག་དང་ལོ་འབྲས་ཡག་པོ་མ་བྱུང་བར་བཀྲེས་ལྟོགས་ཀྱིས་མནར་ཏེ་ཕྱུག་པོ་དང་དབུལ་པོའི་བར་ཟིང་འཁྲུགས་ལངས་ནས་མཐར་རྒྱལ་ཕྲན་ ༣༢ ཡོད་པའི་གོང་མ་ཆེན་མོ་ཆམ་ལ་ཕབས་ཏེ་ཨུ་རུ་སུ་དམར་ཤོག་མ་ཆགས་ཀ་མེད་ཐུབ་ཡོད།

    སྐབས་དེར་འཛམ་གླིང་ནང་སྟོབས་འབྱོར་མངའ་ཐང་རྒྱས་པའི་ཨ་རི་དང་དབྱིན་ཇིས་ར་ཤི་ཡར་རོགས་རམ་རྩ་བ་ནས་མ་བྱས་པར་ལྟད་མོ་བལྟས་ནས་བསྡད་པ་རེད།

    ནུབ་འཐར་མན་ནས་ཡིན་པའི་ཀལ་མག་སེ་དང་། ལི་ཉན། སི་ཏ་ལིའི་སྤྱི་ཚོགས་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་ཤུགས་རྐྱེན་རྒྱ་ནག་ཏུ་སླེབས་མགོ་ཚུགས་པར་བརྟེན་ཕྱི་ལོ་ ༡༩༢༡ ལོར་མི་སྣ་ ༥༡ ལས་གྲུབ་པའི་གུང་ཁྲན་ཏང་གསར་འཛུགས་བྱས་པ་རེད།
    རྒྱ་ནག་ཧྲང་ཧེ་རུ་དམར་ཤོག་ཚོགས་ཆེན་ཐེངས་གཉིས་པར་མའོ་ཙེ་ཏུང་ཚོགས་བཞུགས་བྱས་ནས་འཚོགས་འདུའི་ཚིག་ཐོ་འགོད་མཁན་གྱི་མི་སྣ་ཞིག་རེད། ༡༩༣༥ ལོར་ཀྲུང་དབྱིའི་ཚོགས་འདུའི་སྟེང་མའོ་ཙེ་ཏུང་ཀྲུའུ་ཞིར་བདམས་ཐོན་བྱུང་བ་རེད།
    ༡༩༤༩། ༡༠ །༠༡ གུང་མིན་ཏང་དང་གུང་ཁྲན་ཏང་གཉིས་ཁྱོད་ཤི་ང་གསོན་གྱིས་འཐབ་རྩད་ཁྲོད་གུང་ཁྲན་རིང་ལུགས་ལ་རྒྱལ་ཁ་ཐོབ་ནས་པི་ཅིང་ཐང་ཆེན་དུ་མི་འབུམ་གཉིས་ལྷག་ཙམ་འདུ་འཛོམས་ཐོག་ཏུ་མའོ་ཙེ་ཏུ་གིས་ད་ནས་བཟུང་རྒྱ་ནག་ཡར་ལངས་ཟིན་པའི་ཁྱབ་བསྒྲགས་གནང་བ་རེད།

    དེ་ཉིན་མའོ་ཡིས་ཐེ་ཝན་དང་། ཤིན་ཅང་། བོད་སོགས་བཅིངས་གྲོལ་གཏོང་རྒྱུའི་གསལ་བསྒྲགས་སྤེལ་བ་རེད། དེར་བརྟེན་མགོ་བདེ་གླགས་ཚོང་རྒྱག་མཁན་གྱི་སྟོབས་ཆེན་ཨ་རིས་ཐེ་ཝན་ལ་སྲུང་སྐྱོབ་བྱས་ནས་ད་བར་བཅིངས་གྲོལ་བཏོང་ཐུབ་མེད།

    འོན་ཀྱང་ཡ་ང་སྙིང་རྗེ་སྐྱེ་དགོས་པའི་ཤེས་རྨོངས་རྗེས་ལུས་ཀྱི་བོད་ལྗོངས་དེར་འཛམ་གླིང་ཐོག་གི་རྒྱལ་ཁབ་སུ་གཅིག་གིས་ཀྱང་སྲུང་སྐྱོབ་བྱེད་མཁན་བྱུང་མེད།

    ལོ་རབས་ ༥༠ ནང་དུ་བོད་སྡེ་པ་གཞུང་གིས་བེའུ་ཤི་ཁར་འོ་མ་བསྟེར་བ་ལྟར་འ་ཆད་འུ་ཐུག་གིས་ངང་རྒྱ་གར་དུ་ཡོད་པའི་ཨ་རི་སྲིད་གཞུང་ལ་བོད་དེ་རང་བཙན་ཡིན་པའི་ངོས་འཛིན་ཁྱབ་བསྒྲགས་གནང་དགོས་པའི་འབོད་བསྐུལ་ཞུས་པ་དང་སྦྲགས། ༸ གོང་ས་ཏྰ་ལའི་བླ་མས་དབུ་འཁྲིད་པའི་བོད་གཞུང་གི་བློན་ཆེན་དང་གནད་ཡོད་མི་སྣ་ ༡༠༠ ལྷག་ཙམ་ཨ་རིར་སྲིད་དོན་གྱི་སྐྱབས་བཅོལ་ལེན་རྒྱུའི་རེ་བ་བཏོན་པ་རེད།

    སྐབས་དེར་རྒྱ་གར་སྲིད་གཞུང་དང་ཨ་རིའི་སྲིད་དོན་མཁས་པས་གནད་དོན་དེར་དབྱེ་ཞིབ་གཏིབ་གཟབ་བྱས་རྗེས་ཨ་རིས་བོད་དེ་རང་བཙན་ཡིན་པར་ངོས་འཛིན་དང་། སྲུང་སྐྱོབ། ཐ་ན་སྐྱབ་བཅོལ་ལེན་རྒྱུ་བཅས་གང་ལ་ཡང་ཨ་རིར་ཁེ་ཕན་ཡོང་རྒྱུ་ལྟ་ཞོག་ཐ་ན་ཨུ་རུ་སུ་དང་རྒྱ་ནག་གི་སྟོབས་ཤུགས་ལས་ཉེན་ཁའང་འཕྲད་སྲིད་པའི་ལྟ་ཚུལ་ལས་བར་གནས་ཀྱི་རྒྱལ་ཁབ་གཅིག་ཏུ་བསྡོད་རྒྱུའི་གྲོས་ཆོད་བཞག་པ་རེད།
    ཨ་རིའི་སྲིད་འཛིན་ཀ་ཊར་དང་མའོ་གཉིས་མཇལ་འཕྲད་བྱས་པར་བརྟེན་ལོ་རབས་ ༦༠ དང་༧༠ ནང་དུ་ཨ་རིས་ཏྰ་ལའི་བླ་མར་འབྲེལ་ལམ་མི་བཟུང་བར་ཁོང་གི་སྐུ་པར་ཡང་ཨ་རིའ་ནང་གང་བྱུང་འགྲེམས་སྤེལ་བྱེད་མི་ཆོག་པའི་ལྟ་ཚུལ་བཟུང་ཡོད་པ་རེད།
    སྐབས་དེར་རྒྱ་གར་གྱི་སྲིད་བློན་ཐོ་ཧ་ལ་ནི་རུ་དང་མའོ་གཉིས་མཇལ་འཕྲད་བྱས་ཏེ་རྒྱ་དཀར་ནག་གཉིས་དབར་སློབ་པ་ལྔ་ཡི་གྲོས་ཆོད་ལ་མིང་རྟགས་བརྒྱབས་ནས་རྒྱ་ནག་གིས་རྒྱ་གར་ལ་དམག་མི་རྒྱག་པའི་དམ་བཅའ་དང་། རྒྱ་གར་གྱི་རྒྱ་ནག་ལ་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་མི་རྟགས་བཀོད་པ་རེད།

    ༡༩༦༢ ལོར་དམག་དོན་དང་ཆབ་སྲིད་མཁས་ཅན་གྱི་མའོ་ཡིས་རྒྱ་གར་ལ་དཔུང་འཇོམས་ཀྱིས་བཀའ་བཏང་ཏེ་དམག་དྲངས་ཏེ་ཕམ་ཉེས་ཚབས་ཆེ་བཏང་བ་མ་ཟད་ས་ཁྱོན་གཞི་རྒྱ་ཆེན་པོ་བཙན་བཟུང་བྱས་པ་རེད།

    ཡིན་ནའང་རྒྱ་གར་ནི་ཨ་རི་དང་གཏན་ནས་མི་འདྲ་བར་འཕགས་བོད་བར་མི་ལོ་སྟོང་ཕྲག་གི་ཆོས་དང་། རིག་གཞུང་། སྐད་ཡིག ཆབ་སྲིད་བཅས་ཀྱིས་འབྲེལ་ལམ་གཏིང་གཟབ་ཡོད་པ་མ་ཟད་ཕན་ཚུན་ཕ་སྤུན་ལྟ་བུའི་འདུ་ཤེས་ཟམ་མོ་ཡོད་པར་བརྟེན་རྒྱ་གར་གྱིས་སྲིད་འཛིན་དམ་པ་ཇོ་ཧ་ལ་ནི་རུས་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བོད་མི་དམངས། བོད་པའི་བུ་ཕྲུག བཅས་ཚང་མར་གཟིགས་རྟོགས་ཚད་མེད་ཅིག་གནང་སྟེ།

    ༸ གོང་ས་མཆོག་གི་ཕོ་བྲང་གནས་ཡུལ་དང་གསོལ་ཕོག བཀའ་བློན་དངགནད་ཡོད་མི་སྣ་ཚོའི་གསོག་ཕོག བོད་གཞུང་གི་བསྟི་གནས། དགོན་སྡེ་ཁག གཞི་ཆགས་ཁག སློབ་གྲྭ་ཁག་སོགས་ཚང་མ་གསར་འཛུགས་ཀྱི་མཐུན་རྐྱེན་དང་རོགས་རམ་ཚད་ལས་འདས་པ་ཞིག་གནང་བ་མ་ཟད་མ་འོངས་བོད་གངས་ཅན་འདི་སླར་ཡང་༸ གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་འཁྲིད་འོག་རང་ཡུལ་བསྐྱར་གསོ་ཡོང་རྒྱུའི་སླད་དུ་བསམ་ཡུལ་ལས་འདས་པའི་མཛའ་བརྩེའི་གཟིགས་མཐོང་ཆེན་པོ་གནང་དང་གནང་བཞིན་ཡོད་པ་འདི་རེད།

    དེར་བརྟེན་ང་ཚོར་ཆེས་བླ་ན་མེད་པའི་བཀའ་དྲིན་ཆེ་ཤོས་ནིརྒྱ་གར་གཞུང་དང་རྒྱ་གར་མི་དམངས་ཡིན་སྟབས་ང་ཚོས་རྒྱ་གར་འཕགས་ཡུལ་འདིའི་བཀའ་དྲིན་ཇི་སྲིད་བསྐལ་པའི་བར་དུ་ནམ་ཡང་གངས་ཅན་པ་གཞུང་སྒེར་སུ་ཞིག་གིས་གཏན་ནས་བརྗེད་མི་རུང་བ་ཞིག་ཡིན།

    ང་ཚོས་སུ་ཞིག་གིས་རང་ལ་དྲིན་ཆེན་པོ་བྱས་པ་ངེས་པར་དུ་ཤེས་དགོས་ལ་ང་ཚོ་སུ་ཞིག་གིས་སྡུག་ལ་སྦྱར་བ་དེ་ཡང་ངེས་པར་དུ་ཤེས་དགོས། ཤེས་པའི་ཐོགས་ནས་གཉེན་ལ་བྱམས་སྐྱོང་བྱེད་དགོས་ལ་དགྲ་ལའང་བློ་རིག་དངྭངས་མོས་འཐབ་དགོས།

    སྦྱིནཔའི་སྦྱིན་ལན་མཇལ་དགོས་ལ་གནོད་པའི་གནོད་ལན་ཡང་སྤྲོད་དགོས། དེ་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ལ་ལྷག་ཏུ་དགྲ་འདུལ་གཉེན་སྐྱོང་བྱེད་པའི་ལུགས་སྲོལ་བཟང་པོ་དེ་ནི་བོད་གངས་ཅན་པའི་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མེས་པོ་སྲོང་བཙན་སྒམ་པོའི་ཞལ་ཆེམས་དང་མཛད་རྗེས་ཤིག་ཡིན།

    Reply
  2. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    ཨ་རིའི་སྲིད་འཛིན་ཟུར་པ་ཇེ་མེ་ཁ་ཊར་ལགས་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་རྒྱ་ཞི་མོལ་ཐད། ནུས་པ་ཆེན་པོ་དོན་ཡོད་པ་མ་ཟད། ཁོང་གིས་བོད་ནང་དུའང་རྟོགས་ཞིབ་ཚོགས་ཆུང་ཐེངས་འགར་བཏང་མྱོང་།

    Reply
  3. karma dorje says:
    ལོ་ 16 སྔོན།

    སེམས་དཔའ་་ཆེན་པོ་་གན་དྷི་དང་། ༧གོང་ས་་༧སྐུ་ཕྲེང་་བཅུ་བཞི་པ་་མཆོག་་ལྟ་བུ་ལས། གཞན་་དེང་དུས་་སྲིད་དོན་པར་་སྐྱབ་སྐྱོར་དང་་རེ་བཅོལ་་བྱས་པ་ལས། ཡིད་ཆེས་དང་་མགོ་འབུལ་་ལུས་འབུལ་་བྱེད་མི་ཉན།

    Reply
  4. དྲང་བདེན་གི་གཏམ་ says:
    ལོ་ 16 སྔོན།

    ནད་པ་ལགས་གི་ཧ་ཅང་ཡག་པོ་གསུང་འདུག་པས་བརྒྱབ་བསྐྱོར་ཡོད།།། མ་འོངས་པར་མུ་མཐུད་ནས་བསམ་ཚུལ་དེ་རིགས་གང་མང་ཡོད་པ་བཞུ། བསམ་ཚུལ་དེ་རིགས་ནི་ང་ཚོ་ཞེན་ཁོག་ཆེ་བའི་ནུབ་བསྐྱོད་བོད་རིགས་ཤེས་རྨོངས་རྣམས་ལ་ཕན་ཐོགས་ཆེ་སྙམ།

    Reply
  5. karma dorje says:
    ལོ་ 16 སྔོན།

    སྲིད་དོན་པ་ལ་རེ་བ་བཅོལ་དགོས་ཀྱང་། ཡི་ཆེས་བྱེད་རྒྱུ་ཡོད་མ་རེད།

    Reply
  6. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    ཨ་རིའི་སྲིད་འཛིན་མི་ནག་སི་ལུ་མགོ་ཁོས་བོད་པར་་དངུལ་ཏོག་ཙམ་ཞིག་སྤྲད་ནས་བོད་པའི་ཆབ་སྲིད་ཐོག་གནོད་པ་སྐྱེལ་ཀྱི་འདུག་གོ།

    Reply
  7. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ། ཡིན་པ་ནི་ནམ་རྒྱུན་སློབ་སྟོན་ཅེས་འབྲི་བཞིན་པ་དེའི་དོན་རེད།

    བློ་སྟོན་པ་ནི། ནམ་རྒྱུན་མི་ཉམས་མྱོང་དང་ཤེས་ཡོན་ཅན་ལ་བློ་འདྲི་བ་སྟེ། ཐབས་དང་ཇུས་འདྲི་བ་དེ་ལ་གོ་ན་ཧ་ཅང་འཚམ་པར་འདོད། བློ་དྲིས་ནས་ཚུར་བཤད་མཁན་དེ་ནི་བློ་སྟོན་པ་ཡིན་པ་ལས་སློབ་སྟོན་པ་མིན་ཤས་ཆེ། མིང་ཚིག་འདི་བེད་སྤྱོད་གཏོང་མཁན་བོད་རིགས་ཤེས་ཡོན་པའང་འདུག

    བསླབ་བྱ་རྒྱག་པ་དང་བློ་འདོན་པ་གཉིས་ནི་ཁ་ཁ་ཡིན་པ་འདྲ། སྔོན་ཆད་མེད་པ་ཡིན་ན་རྗེས་ཕྱོགས་ཡོད་མི་ཆོག་པ་ཞིག་ག་ལ་ཡིན། ཚང་མས་རང་རང་གི་བསམ་ཚུལ་འདོན་རོགས།

    Reply
  8. ནད་པ says:
    ལོ་ 16 སྔོན།

    ཨ་རི་ཟེར་བ་འདི་འཛམ་གླིང་ནང་གཡོ་སྒྱུུ་ཆེ་ཤོས་ཀྱི་རྒྱུལ་ཁབ་གཅིག་ཡིན། རྒྱལ་ཁབ་འདི་དང་འདིའི་སྲིད་འཛིན་སོགས་ཀྱིས་མཚོན་སྲིད་དོན་པ་གང་འདྲ་ཞིག་ཡོང་བ་ཡིན་ནའང་ངོ་མ་བོད་སྐྱོབ་རྒྱུའི་སྲིད་དོན་གྱི་ལམ་ཕྱོགས་ཟུར་ཙམ་ཡང་མེད།

    ཁོང་ཚོར་དགོས་པ་དེ་ཁོང་ཚོའི་རྒྱལ་ཁབ་དེ་སྟོབས་ཆེན་ཞིག་དང་དེས་སྣེ་འཁྲིད་བྱས་ཏེ་འཛམ་གླིང་དབང་དུ་བསྡུ་དེ་རང་ཡིན། ཕྱི་ལོ་ ༡༩༥༠ ནས་ ༡༩༥༩ བར་དུ་ཨ་རིས་བོད་སྐྱོབ་རྒྱུ་ཕར་བཞག་ལྟད་མོ་བལྟས་ནས་བསྡད་པ་མ་ཟད་ད་དུང་སྲིད་འཛིན་ཀ་ཊར་དང་མའོ་གཉིས་མཇལ་འཕྲད་བྱས་པ་ནས་ལོ་རབས་ ༦༠ ནང་ཏྰ་ལའི་བླ་མ་ཕར་བཞག་ཨ་རིའི་ནང་ཁོང་གི་སྐུ་པར་ཡང་བཀྲམས་མི་ཆོག་པའི་ལྟ་ཚུལ་སྣ་ཚོགས་བཟུང་ཡོད།

    ད་ལྟ་ཡང་ཨ་རིས་བོད་དོན་ཁ་ལ་ཁྱེར་ནས་རྒྱ་ནག་དང་ཚོང་ལས་བྱེད་པ་མ་གཏོགས་བོད་ལ་ཤ་ཚ་བའི་འགན་འཁུར་་ཁ་ཞེ་སྙིང་མེད་ཀྱིས་གཏན་ནས་བྱེད་མྱོང་མེད།

    མ་འོངས་པར་ཡང་བྱེད་མི་སྲིད་པར་གཏན་འཁེལ་ཡོད། གང་ཡིན་ཟེར་ན་ད་ཆ་རྒྱ་ནག་འདི་ཆེས་འཛམ་གླིང་ནང་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཆགས་ཟིན་སྟབས་ཨ་རིས་རྒྱ་ནག་གལ་ཆེར་བརྩི་བ་ལས་བོད་ལ་བརྩི་མཐོང་ཡེ་ནས་བྱེད་འདོད་མེད་པ་དེ་རེད།
    ན་གཞོན་མང་པོའི་སེམས་ནང་ཨ་རིས་སྔ་ཕྱིར་བོད་ལ་རོགས་རམ་དང་ཤ་ཚ་བྱེད་ཀྱིན་འདུག་སྙམ་པའི་འཚོར་སྣང་སྐྱེ་བཞིན་ཡོད་ཀྱང་དོན་དངོས་ཐོག་དེ་ནི་སེམས་ཀྱི་འཁྲུལ་སྣང་ཞིག་ལས་གང་ཡང་མ་ཡིན།

    ལོ་རབས་ ༥༠ ནས་༦༠ ་་་༧༠ བར་དུ་བཙན་བྱོལ་བོད་གཞུང་དང་༸ གོང་ས་ཏྰ་ལའི་བླ་མས་ཀྱང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ལ་རེ་བ་བཅོལ་བ་མ་ཟད་ཐ་ན་རྒྱ་ནག་དགྲ་བོར་བཟུང་ནས་ང་ཚོའི་ལམ་ཕྱོགས་ནུབ་ཏུ་ཕྱོགས་དྲགས་པ་དེ་ཡིན།

    ད་ལྟ་འདས་པའི་མི་ལོ་ ༧༥ རིང་དཀའ་སྡུག་སྣ་ཚོགས་དང་ཡུལ་གྲུ་མང་པོ་བརྒལ་མྱོང་བའི་སྐྱབས་མགོན་ཏྰ་ལའི་བླ་མས་ཀྱང་ད་ཆ་རྒྱ་ནག་དང་། ཨ་རི། འཛམ་གླིང་བཅས་ངོས་འཛིན་གཏིང་གཟབ་ཐུབ་པར་བརྟེན་གཉིས་ཕན་དབུ་མ་ཟེར་བའི་ལམ་འདི་ཁོ་ན་བདམས་པ་ལས་གཞན་འགྲོ་ལམ་གང་ཡང་མེད་པ་ངེས་ཤེས་ཐུབ་པ་རེད།
    དེ་འདྲ་སོང་ཙང་ང་ཚོ་སྟེ་གངས་ཅན་པ་རྣམས་ཡར་ལངས་དགོས་ན་རྒྱ་དཀར་ནག་གཉིས་ལས་ལྷག་པ་ཅི་ཡང་མེད་ལ་རྒྱལ་ཁབ་འདི་གཉིས་ལ་བརྟེན་ན་ང་ཚོ་མཐར་ལངས་ཐུབ་ངེས་ཡིན།

    ད་དུང་ང་ཚོའི་་གཞོན་སྐྱེས་མང་པོ་ཞིག་ཨ་རི་དང་ནུབ་ཕྱོགས་སུ་ཁ་ཕྱོགས་ནས་མི་ཚེ་བསྐྱེལ་འདོད་བྱེད་པ་འདི་ལ་གཞིགས་ན་མི་སྒེར་དང་། གངས་ཅན་པའི་ལས་དབང་འདི་ཉིད་མཐར་ཕམ་ཉེས་ཚབས་ཆེན་ཕོག་རྒྱུར་ཐེ་ཚོམ་གཏན་ནས་མེད་པ་ཞིག་རེད།

    མདོར་བསྡུས་ན་བཤད་ན་ང་ཚོའི་ལས་དབང་ནི་ཨ་རི་དང་ནུབ་ཕྱོགས་ཡོད་པ་ཞིག་མ་ཡིན་པར་ང་ཚོ་གངས་ཅན་པའི་ལས་དབང་ངོ་མ་ནི་ཤར་ཨེ་ཤའི་ཡའི་ནང་དུ་ཡོད་སྟབས་ང་ཚོས་རྒྱ་དཀར་ནག་གཉིས་གལ་ཆེར་བརྩིས་ནས་དོན་ཆེན་གྲུབ་ཐུབ་པ་ཞིག་བྱེད་དགོས། དེ་ནི་ངས་བོད་མི་རིགས་ལ་བཅངས་བའི་སེམས་ཁམས་དངྭང་མོ་ཞིག་ཡིན་ལ་བློ་ཁ་ནུབ་ཏུ་ཕྱོགས་པའི་བོད་མི་ཚོར་ཆེད་དུ་དམིགས་པ་ཞིག་ཀྱང་ཡིན།

    Reply
  9. གནམ་ལྕགས། says:
    ལོ་ 16 སྔོན།

    གོང་གི་གསར་འགྱུར་འདི་ཚུར་ལེན་པ་ལགས།
    གསར་འགྱུར་འདིའི་མཇུག་ཏུ་བློ་སྟོན་ཞེས་པའི་མིང་ཚིག་འདི་ལ་བསམ་ཚུལ་ཞིག་ཞུ་རྒྱུ་ཡོད། ང་ཚོའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཁྲོད་ཡིད་རྟོན་ཞེས་པ་དེ་ཡིན་པ་འདྲ། གལ་སྲིད་དེ་ཡིན་ན་ཅིའི་ཕྱིར་རྟོན་ལ་སྟོན་བྲིས་ནས་ཡིག་ནོར་ཞིག་དང་མཉམ་དུ་མིང་ཚིག་གི་སྒྲ་གདངས་ཙམ་ལ་རྒྱུན་འཇགས་མ་ཡིན་པ་ཞིག་བཀོལ་བ་ཡིན། གཅིག་བྱས་ན་འདི་ལྟ་བུའི་དོན་གཅིག་པའི་སྒྲ་གདངས་ལ་གསར་གཏོད་ཅིག་ཡིན་སྙམ་འཆར་ཡོད་སྲིད། དེ་ནི་འགྲོ་མ་ཤེས་པར་རྒྱུག་པའི་དཔེ་རུ་འགྱུར་འགྲོ་བས། དེའི་རིགས་ནི་རང་རེའི་བརྡ་སྤྲོད་པའི་འགྲོ་སྟངས་ལ་ཤིན་ཏུ་མི་མཛའ་བ་ཞིག་ཏུ་གྱུར་འདུག
    དགོངས་དག བསམ་ཚུལ་ཙམ་ལ་ངེས་ལེན་ཡོད་པར་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese