དེ་རིང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་ ༢ དང་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་མདོ་སྟོད་ནས་མི་ ༦ དང་མདོ་སྨད་ནས་མི་ ༥ ། དབུས་གཙང་ནས་མི་ ༡༠ བཅས་ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད།
དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྟེང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ༢༠༡༡ ལོའི་བཙན་བྱོལ་བོད་ཀྱི་བཀའ་སྤྱིའི་འོས་མི་ཁག་ཅིག་གསལ་བསྒྲགས་གནང་སྐབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ཉེ་ཆར་ང་ཚོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པ་བསྐོངས་འཚོགས་གྲུབ་ཟིན་པ་དང་། སྐབས་དེར་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆད་ནང་བཀའ་བློན་ཁྲི་པའི་འོས་མི་མི་གསུམ་དང་བོད་མི་མང་སྤྱི་འཐུས་ནང་ཆོལ་ཁ་རེ་ནས་མི་བཅོ་ལྔ་རེ་བཏོན་ཡོད།
སྐབས་དེར་ང་ཚོས་བཏོན་པའི་བཀའ་སྤྱིའི་འོས་མི་དེ་མཐའ་མའི་འོས་མི་ཆགས་གི་མེད་ཅེས་གསལ་བོ་བཟོས་ཡོད། གང་ཡིན་ཟེར་ན་བཀའ་སྤྱི་གང་ཡིན་རུང་ང་ཚོས་ཁོང་ཚོར་བཀའ་འཁྲོལ་ཞུ་དགོས་པ་དང་། ཁོང་ཚོའི་སར་ནས་བཀའ་འཁྲོལ་མ་ཐོབ་པར་མཐའ་མའི་འོས་མི་དེ་ཆགས་ཀྱི་མེད། དེར་བརྟེན་ད་ལྟའི་བར་དུ་ང་ཚོས་དུས་ཚོད་ཕུལ་ཏེ། དེ་རིང་དུས་ཚོད་ཟིན་པ་རེད་ལ་ང་ཚོས་བཀའ་སྤྱིའི་འོས་མིའི་ནང་དུ་སུ་སུ་བཞུགས་གི་ཡོད་མེད་མཐའ་མའི་འོས་མི་འབུལ་གྱིན་ཡོད། ཅེས་གསུངས།
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་ཨ་རིའི་ཧ་ཝ་ཊི་གཙུག་ལག་སློབ་གྲྭའི་སློབ་དཔོན་མཁས་དབང་བློ་བཟང་སེང་གེ་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་འདེམས་ཐོན་བྱུང་བ་དང་། སྤྱི་འཐུས་ཁོངས་སུ་མདོ་སྟོད་ཆོལ་ཁོངས་ནས་སྤྱི་འཐུས་ལས་ཐོག་འབའ་པ་སྐལ་བཟང་རྒྱལ་མཚན་དང་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར། རྩོམ་པ་པོ་སེར་སྨད་བློ་དགའ་བཅས་མི་དྲུག་དང་། མདོ་སྨད་ཆོལ་ཁོངས་ནས་སྤྱི་འཐུས་ལས་ཐོག་ཚེ་རིང་གཡུ་སྒྲོན་དང་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན། གངས་ལྗོངས་ཕོ་ཉའི་དྲ་ཚིགས་འགན་འཛིན་རྨོག་རུ་བསྟན་པ། སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་བཅས་འོས་མི་ལྔ། དེ་བཞིན་དབུས་གཙང་ཆོལ་ཁོངས་ནས་སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་དང་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད། དབུས་བུད་མེད་ཚོགས་ཟུར་བུ་མོ་ཚེ་རིང་། བལ་ཡུལ་སྤོག་ར་བསོད་ནམས་བཟང་པོ། ཆེད་ལས་ཉམ་ཞིབ་པ་འཇམ་དབྱངས་རྡོ་རྗེ། སྤྱི་འཐུས་ཚེ་བརྟན་ནོར་བུ། སྤྱི་འཐུས་ཡེ་ཤེས་ཐུན་ཚོགས། ཁྲིམས་རྩོད་པ་པ་སངས་ཚེ་དབང་། སྤྱི་འཐུས་ངག་དབང་ལྷ་མོ་བཅས་འོས་མི་ ༡༠ བཅས་ཁྱོན་སྤྱི་འཐུས་འོས་གཞིའི་ནང་མི་ ༢༡ ཡོད་འདུག
མང་གཙོ་ཚོགས་པའི་ཚོགས་གཙོས། ང་ཚོས་བཀའ་བློན་ཁྲི་པའི་འོས་གཞིའི་ནང་མཁས་དབང་བློ་བཟང་སེང་གེ་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་བཀྲ་ཤིས་དབང་འདུས་བཅས་མི་གསུམ་འོས་འདེམས་བྱུང་ནའང་། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ཕྱག་ཡིག་འབྱོར་ཏེ། ང་རང་ལོ་ཡར་སླེབས་བསྡད་ཡོད་ལ་གཟུགས་པོས་ལྕོགས་གི་མི་འདུག སྤྱི་ཚོགས་ནང་ཕྱག་ལས་མང་བོ་ཞིག་གནང་ཚར་བ་ཡིན། ད་ལྟ་མི་གཞན་པར་གོ་སྐབས་འབུལ་དགོས་ཀྱི་འདུག་པས་ངའི་རྩིས་གཞི་དེར་དགོངས་པ་སྤྲོད་རོགས་ཞེས་མཐའ་མའི་ཐག་གཅོད་ཀྱི་ཕྱག་འཕྲིན་འབྱོར་བ་ལྟར། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དགོངས་པ་རང་བཞིན་གྱིས་འཁྲོལ་པ་རེད། ཅེས་དང་། མཁས་དབང་བློ་བཟང་སེང་གེ་དང་བཀའ་ཟུར་བཀྲས་མཐོང་རྣམ་གཉིས་ཀྱིས་ཁྱེད་ཚོས་ངེད་གཉིས་བཀའ་བློན་ཁྲི་པའི་འོས་གཞིར་བཏོན་པར་དགའ་བོ་བྱུང་། ཁྱེད་ཚོས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་གསུང་གི་ཡོད་སྟབས་དེ་ལ་སོ་སོའི་ངོས་ནས་དགག་བྱ་གང་ཡང་མེད་ཅེས་གསུངས་ཡོད། དེར་བརྟེན་ང་ཚོས་དེ་ངོས་ལེན་ཞུས་པར་བརྩི་འཇོག་གིས་མཐའ་མའི་ཐག་གཅོད་དུ་ཁོང་རྣམ་པ་གཉིས་བཀའ་ཁྲིའི་འོས་མིག་ཆགས་ཡོད་ཅེས་བསྒྲགས་གི་ཡོད་ཟེར།
མཇུག་མཐར་ཁོང་གིས་ཐེངས་འདིར་འོས་གཞིར་གཏན་འཁེལ་བྱུང་བའི་བཀའ་བློན་ཁྲི་པ་ཁྱབ་བསྒྲགས་བྱེད་ཕྱོགས་སྐོར་གསུངས་དོན། བཀའ་བློན་ཁྲི་པའི་འོས་གཞི་ཁྱབ་བསྒྲགས་དང་པོ་དེ་མགོ་བཙུགས་ཟིན་པ་དང་ཉེ་ཆར་བྱང་ཤར་ཁུལ་གྱི་གཞིས་ཆགས་ཁག་བདུན་ནང་ཕྱིན་ནས་ཁྱབ་བསྒྲགས་བྱས་ཡོད། དེ་བཞིན་ལྷོ་ཕྱོགས་ཁག་ཏུ་སང་ཉིན་ནས་ཐོན་འགྲོ་གི་ཡོད་ལ། བཀའ་ཁྲི་མཉམ་དུ་སྤྱི་འཐུས་ཀྱི་ཁྱབ་བསྒྲགས་ཀྱང་འགྲོ་གི་རེད། དེ་ལྟར་གོ་རིམ་དང་པོའི་ནང་དུ་ཚོགས་པའི་ངོས་ནས་ཁྱབ་བསྒྲགས་བྱ་རྒྱུ་དང་། གོ་རིམ་གཉིས་པའི་ནང་དུ་བཀའ་བློན་ཁྲི་པའི་འོས་གཞི་རྣམ་པ་གཉིས་གདན་ཞུས་ཀྱིས་མི་མང་ལ་གསུང་བཤད་གནང་རྒྱུ་བཅས་ཡིན། དེ་བཞིན་ཐེངས་འདིའི་བཀའ་སྤྱིའི་འོས་མི་ཚོ་ཡིག་ཆ་དང་དྲ་རྒྱ་བརྒྱུད་དེ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། རྒྱ་གར་གྱི་གཞིས་ཆགས་ཁག་ནང་ཁྱབ་བསྒྲགས་བྱ་རྒྱུ་ཙམ་མ་ཟད། ཡུ་རོབ་ཁུལ་དུ་སོང་ནས་ཀྱང་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ལས་གཞི་འདི་བསྒྲུབ་པའི་ཆེད་དུ་རྒྱ་གར་དང་ཡུ་རོབ་ནང་རྒྱན་ཤོག་བཙོང་སྟེ་དཔལ་འབྱོར་འཚོལ་བསྡུ་བྱེད་ཀྱིན་ཡོད་ཅིང་། དེ་ནི་ལས་གཞི་འདི་འགྲུབ་ཆེད་དཔལ་འབྱོར་གྱི་གཞི་རྩའི་མ་རྩ་འཚོལ་ཐབས་ཡིན་ལ། དེ་མིན་ས་གནས་འགར་ཞལ་འདེབས་ཀྱང་སློང་གི་ཡིན་ཞེས་གསུངས་ཡོད།
བཀའ་བློན་དང་སྤྱི་འཐུས་འདེམས་པར་བཙན་བྱོལ་མང་ཚོགས་ལ་དབང་ཆ་ཡོད་པ་གནས་ལུགས་དང་མཚུངས་བའི་མང་གཙོའི་སྐད་ཆ་རེད། ཡིན་ཡང་མང་གཙོ་ལག་ལེན་བསྟར་མི་བསྟར་དེ་མང་ཚོགས་རང་ལ་རག་ལས་བ་དང་། མང་ཚོགས་ལ་ངེས་པར་དུ་མང་གཙོའི་གོ་རྟོགས་ཤེས་ཐུབ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། འཇོན་ཐང་ཅན་གྱི་མི་སྣ་ཁ་ཤས་ཤིག་གིས་མང་ཚོགས་བསམ་སྟེ་རང་གི་ཁྱིམ་ཚང་ག་གེ་མོའི་མིང་སྐད་གྲགས་ཅན་ཞིག་ཏུ་འགྱུར་བར་འབད་བརྩོན་བྱེད་བཞིན་པ་དང་། མི་སུ་བཟང་ངན་དེ་གསལ་བོ་བཟོ་ཐུབ་རྒྱུ་ཧ་ཅང་དཀའ་མོ་རེད། སྟག་གི་རི་མོ་ཕྱི་ན་ཡོད། ། མིའི་རི་མོ་ནང་དུ་ཡོད། ། ཞེས་པའི་དཔེ་ལྟར་དབྱེ་འབྱེད་བྱ་ཐུབ་པར་གདེང་ཚོད་དཀའ་མོ་རེད། དེང་སྐབས་བཙན་བྱོལ་བོད་གཞུང་གི་ལྷན་ཁང་དང་ལས་ཁུངས་ཁག་ནང་དུ་ཡིག་ཆ་ཆེ་ཆུང་གང་ཡིན་ཞིག་དགོས་མཁོ་བྱུང་ཚེ་ལས་བྱེད་དེ་ཚོའི་རྣམ་འགྱུར་ཞན་པ་མ་ཟད། ཐ་ན་ལམ་སྟོན་ཡག་པོ་གཅིག་ཀྱང་མི་བྱེད་པར་མང་ཚོགས་ཉམས་ཆུང་ཚོ་ལ་དཀའ་ངལ་འཕྲད་བཞིན་པ་ཉུང་ཉུང་མ་རེད། སྤྱིར་ཁ་ནས་གནས་ལུགས་བཤད་མཁན་དང་སེམས་ལ་ཕྱོགས་རིས་འཛིན་མཁན་དེ་ཚོ་གྲས་ཏེ་ངོ་མ་སེམས་པ་སྡུག་རྩུབ་ཆེན་པོ་རེད།
བཀའ་ཁྲིའི་འོས་མི་ལ་ཨ་རི་གནས་སྡོད་ཨ་རྒྱ་རིན་པོ་ཆེ་འོས་ཤིང་འཚམ་པ་ཞིག་རེད་བསམ་སོང་།གང་ཡིན་ཟེར་ན་རྒྱ་ནག་གི་ཆབ་སྲིད་ཐོག་ལ་མཁྱེན་རྒྱ་ཆེ་བ་མ་ཟད་སྐད་རིགས་ཡང་དཔེར་ན་བོད་སྐད་དང་རྒྱ་སྐད།སོག་སྐད་དང་དབྱིན་སྐད་སོགས་མང་པོ་ཤེས་འདུག་ལགས་ན།དྲང་པོར་གཟིགས་དང་དེ་དགོས་སམ།ཆོས་ལུག་ཐོག་ནས་བཤད་པ་ཡིན་ནའང་ཤེས་ཚུལ་མཐོ་པོར་རེད།འདི་ལྟ་བུ་ཞིག་དགོས་ངེས་རེད་བསམ་སོང་།
ལགས་སོ། ཐུགས་བདེན་གྲོགས་ཁ་བའི་མེ་ཏོག་ལགས།
ཡིན་ན་ཡང་གནས་ཚུལ་འདི་རིགས་སེམས་ནང་མི་གཤོངས་དུས་གང་སར་བྲིས་ཤོར་སོང་བའི་དགོངས་དག་ཞུ།
དེ་ན་བཀའ་བློན་འོས་བླུག་པ་ལ་བཀའ་བློན་ཞེས་པའི་ཚིག་དེ་ལ་འགྲེལ་བཤད་ཞིག་གནང་རོགས། སུ་ཡི་བླུན་པོ་ཡིན་ནམ།
བོད་འདི་ད་ལྟ་འང་རྒྱལ་པོ་རིང་ལུགས་ཡིན་ནམ།
བྲིས་ས་འདི་ལ་དོན་ཡོད་པ་ཞིག་བྲིས་ན་འདི་བཞིན་མིན་གྲོ་སྙམ།
སྐུ་ཞབས་འཁྲུངས་སྐར་ལགས
ཁྱེད་ལ་ཆེད་དུ་ཐུགས་རྗེ་ཆེ་ཞུ་བ་ཡིན། ངས་ཀྱང་་ཉི་ཧོང་གི་གློག་འཁོར་འབབ་ཚིགས་ཅིག་གི་ངལ་གསོ་ཁང་དུ་སྐུ་མདུན་ལ་མཇལ་ཁ་ཞུ་དུས་རྟགས་དཔྱད་ཅི་ཡང་གནང་གི་མི་འདུག ངས་བསམ་ན་ཕྱི་སྡོད་བོད་ཀྱི་གཞུང་ཚབ་ཁང་དག་གིས་རང་ཉིད་ཀྱིས་འཚོ་གནས་ཙམ་གྱི་ཆེད་དུ་གོང་ས་མཆོག་ཡང་དང་བསྐྱར་དུ་གདན་འདྲེན་ཞུས་ཀྱིན་ཡོད་པ་འདྲ་བའི་དྲན་ཚོད་ཅིག་འདུག
དངོས་ནས་གོང་ས་མཆོག་ནི་འཛམ་གླིང་སྟེང་ཆེས་ཉམས་ཐག་པའི་དབུ་ཁྲིད་ཅིག་རེད། ང་ཚོ་ནི་ཁོང་ཚང་གི་རྡོག་ཁྲེས་ལྕི་མི་ཅིག་ལས་ཅི་ཡང་མི་ནུས་པ་ཏག་ཏག་རེད།
འོ་འཁྲུངས་སྐར་ལགས། འདིར་ཐོག་དུ་ནང་ཆོས་དང་སྐུ་པར་བསྐོར་བཤོད་ས་མ་རེད། འདིར་དག་བསྐོར་ཤོད་འདོད་ཡོད་ན་བརྗོད་གཞི་བཞན་ཐོག་ཏུ་ཕེབས་ཤིག།
༆།། གཞུང་ལམ་གཅིག་ཏུ་བསྐྱོད་བཞིན་པའི་རང་བཙན་འཐབ་རྩོད་པ་དང་བློ་སེམས་མཐུན་པའི་དྲ་གྲོགས་རྣམས་ལ་ཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་དམིགས་གསར་ཞུ་འདོད་བྱུང་བ་ཁག་ཅིག་ལྷག་བསམ་རྣམ་དག་ཐོག་ནས་བཤོད་འདོད་བྱུང་། ཕྲན་སྒེར་གྱི་རྣམ་སྤྱོད་ཐོག་ནས་མཐོང་ཚུལ་ནི་བཀའ་ཟུར་བཀྲས་མཐོང་ཆོགས་ལ་བོད་སྤྱིར་པའི་རྩ་དོན་ཆེད་དུ་བྱ་བཞག་བསྒྲུབ་རྒྱུ་སེམས་ཤུག་དང་གཏོང་ཕོད་ཀྱི་ལྟར་བ་གང་ཡང་མེད་པས་རྣམ་འགྱུར་ཞིག་མཐོང་སོང་། འདིར་ཐོག་དགོངས་ཆ་ཡོད་པ་ཞུ།
ཡ་དྲ་གྲོགས་ཚོ་གནས་བྲིས་འདི་འདྲ་ཞིག་འདུག་པའི་དེ་ལ་བསམ་ཚུལ་རེ་བྲིས་ན་བོད་དོན་ངོ་མ་འདི་ཡིན་ཡ།དྲ་གྲོགས་ཚོ་རྩོམ་ཡིག་འདི་ལ་ཞིབ་ཏུ་གཟིགས་རོགས།
དགེ་འདུན་རབ་གསལ།
——————————–
འདས་པའི་བདུན་གཅིག་ཙམ་ གྱི་རིང་ལ། ངེད་ཀྱི་ཉིན་རེའི་བྲེལ་བ་ཇེ་ཆེར་ཕྱིན། དེ་ནི་༧གོང་ས་མཆོག་ཕྲན་སྡོད་སའི་ས་གནས་སུ་ཆིབས་བསྒྱུར་གནང་བ་རེད། ཆིབས་བསྒྱུར་འདི་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་འཛུགས་གནང་མཛད་པའི་ བོད་ཀྱི་རིག་གཞུང་བསྟི་གནས་ཁང་སྟེ། ད་ལྟ་ “བོད་དང་སོག་པོའི་ཆོས་རིག་བསྟི་གནས་ཁང་”དུ་ མིང་བརྗེས་པ་འདིས་སྤྱན་དྲངས་པ་རེད། ཆིབས་བསྒྱུར་འདིའི་སྐབས་སུ་༧གོང་ས་ཆེན་པོའི་མཛད་འཕྲིན་ལ་བརྟེན་ནས་བསྟན་ འགྲོའི་དགེ་རྩ་བླ་ན་མེད་པ་ཞིག་བསྐྲུན་པ་དང་། དེ་ཡང་བོད་མི་སྤྱི་དང་ནང་པ་ཡོངས་ཀྱི་གཟི་བརྗིད་དུ་ཆེ་བ་སོགས་རླབས་ཆེན་གྱི་ ཕྱག་རྗེས་དག་ནི་ཕྱག་དང་དད་པའི་ཡུལ་ཁོ་ན་ཡིན་པ་དང་། དེ་དག་ནི་འདིར་དམིགས་བཀར་གྱིས་འབྲི་བའི་རྩོལ་བ་མ་བྱས། ཕྲན་གྱིས་ཞུ་བར་འདོད་པ་ནི། བོད་མི་ཞིག་དང་། ལྷག་པར་ས་གནས་ཀྱི་བོད་མི་ཞིག་ཡིན་པའི་ཆ་ནས་གཏམ་འགའ་གླེང་བར་འདོད་པ་ཡིན།
དད་པ་དང་སློབ་མ།
བོད་དུ་ནང་པའི་ཆོས་ཉམས་ལེན་བྱེད་པའི་རྩ་བའི་གནད་དོན་ཞིག་ནི་ “དད་པ་དང་དམ་ཚིག་”ཅེས་ པ་འདི་ཡིན་པ་རེད། དེ་ཡང་བླ་མ་བསྟེན་ཚུལ་ལས་འཕྲོས་ཏེ་ཉམས་ལེན་གྱི་རིམ་པ་གསལ་པོ་ཞིག་ཡོད། རིམ་པ་འདིའི་ནང་སྐུ་ཐང་དང་སྐུ་པར་ཚུན་ནས་དད་པའི་རྟེན་དུ་བྱས་ཏེ་མཆོད་པ་ བྱེད། ཕྱག་བྱེད། འོན་ཀྱང་དེང་སང་གི་འཇིག་རྟེན་ན། ༧རྒྱལ་བའི་སྐུ་པར་དག་ཚགས་པར་དང་གསལ་བསྒྲགས་སོགས་ཀྱི་སྟེང་འགོད་པ་ལ་འཛེམས་ ཟོན་མེད་ཁར། དྲིལ་བསྒྲགས་ཀྱི་ཆེད་དུ་དམིགས་ཏེ་སྐུ་པར་གང་མང་བཀྲམས་པ་དང་། དེ་ཡང་ཚོང་ཟོག་དྲིལ་བསྒྲགས་ཀྱི་ཡིག་ཆ་ལྟར། མཛད་རིམ་དྲིལ་བསྒྲགས་བྱས་སྟབས། སྐུ་པར་ཁག་མཆོད་པའི་རྟེན་ལས་གོ་བབ་ཆག་སྟེ། རྐང་འོག་ཚུན་ལ་ཡང་ཁྱབ་བཞིན་འདུག ངས་རྐང་འོག་ལ་ཤོར་ཟིན་པའི་དྲིལ་བསྒྲགས་ཡིག་ཆ་ཞིག་ས་ནས་བླངས་ཏེ་ཉར་བ་ཡིན། དེ་ ཙམ་གྱིས་ཀྱང་ག་ལ་ཚད་དེ། གསུང་ཆོས་ཀྱི་མཛད་རིམ་རེ་རེ་ནི་ གློ་བུར་དུ་སྒོར་མོ་མང་པོ་བཟོ་ཐུབ་པའི་མཛད་རིམ་ཞིག་ཏུ་བསྒྱུར། དེ་ཡང་། སྦྱིན་བདག་གི་རིམ་པ་སྟེ། ཨ་སྒོར་ཁྲི་གཅིག་ཡན་འབུལ་མཁན་ནི་ “རོགས་འདེགས་སྦྱིན་བདག་Benefactor”དང་། ཨ་སྒོར་ལྔ་སྟོང་ཡན་འབུལ་མཁན་ལ་ “གསེར་གྱི་སྦྱིན་བདག Gold Sponsor”། ཨ་སྒོར་སུམ་སྟོང་ཡན་འབུལ་མཁན་ནི་ “དངུལ་གྱི་སྦྱིན་བདག་ Silver Sponsor”སོགས་ སྦྱིན་བདག་ གི་རིམ་པ་བཀར་བ་དང་། སྦྱིན་བདག་དེ་དག་ལ་དམིགས་བསལ་ཞབས་སྟེགས་འབུལ་བ་ཙམ་དུ་མ་ཟད། སྐུ་མདུན་ལ་སྒེར་གྱི་མཇལ་ཁ་ཡོད་པ། སྐུ་མདུན་དང་ལྷན་དུ་གསོལ་ཚིགས་ཡོད་པ་སོགས་ཁྱབ་བསྒྲགས་བྱས་ཏེ་དངུལ་བསྡུ་ཐབས་ མཛད་འདུག(འབྲེལ་ཐག་འདི་ནས་ཁུངས་གཟིགས་ཐུབ།) འདི་དག་ནི་ཆིབས་བསྒྱུར་གྱི་མཛད་རིམ་གོ་སྒྲིག་ཐད་ཀྱི་འགྲོ་གྲོན་ལ་དམིགས་པ་ ཡིན་ན། རྒྱུ་མཚན་ལྡན་པ་ཞིག་གིས་འཐུས་པ་ཡིན་མོད། ཐེངས་འདིའི་གསུང་ཆོས་ལ་ཁེ་བཟང་ཨ་སྒོར་འབུམ་གཅིག་ལྷག་དང་། གསུང་བཤད་ལ་ཡང་ཨ་སྒོར་འབུམ་གཅིག་ལྷག་བྱུང་བ་རེད་ཅེས་ཚགས་པར་ཁག་ཏུ་ཐོན་འདུག (འབྲེལ་ཐག་འདི་ནས་ཁུངས་གཟིགས་ཐུབ།) ད་ནི་དངུལ་འདི་དག་ཀྱང་དགུང་ན་བགྲེས་པོར་ཕེབས་པའི་༧རྒྱལ་བ་རིན་པོ་ཆེའི་མཚན་ ཐོག་ནས་བྱུང་བ་རེད། སྦྱིན་བདག་གི་མཛད་རིམ་མང་དྲགས་པའི་རྐྱེན་ལ་བརྟེན་ནས་༧གོང་ས་མཆོག་གིས་བོད་ མི་མང་ལ་མཇལ་ཁ་གནང་སྐབས། ད་ང་ “ཐང་ཡང་ཆད་གི།”ཞེས་ སྐུ་ཐང་ཆད་པའི་སྐོར་ཞལ་གསོན་པོ་ནས་གསུངས་འདུག ད་དུང་ད་ལྟའི་ཆོས་ཚོགས་འདི་ད་མུས་བཞིན་གནས་ཐུབ་པའི་རྒྱུ་མཚན་ཉག་གཅིག་དེ་ཡང་ སྐུ་སྒེར་ནས་མ་དངུལ་འབོར་ཆེན་གསོལ་རས་གནང་བ་ཁོ་ན་ལས་བྱུང་བ་རེད། ལར་ནས་ཨ་སྒོར་འབུམ་གཉིས་ལྷག་ཙམ་ཞིག་བོད་མི་ས་ཡ་དྲུག་ལ་ཡོད་དང་མེད་ལ་ཁྱད་པར་ ཆེན་པོ་མི་འདུག འོན་ཀྱང་། ༧སྤྱི་ནོར་ཆེན་པོ་སྐུ་ཐང་ཆད་པ་ནི་བོད་མི་ས་ཡ་དྲུག་གིས་བཟོད་ཐབས་དཀའ་བ་ཞིག་ རེད། དེ་ཡང་བསྟན་སྲིད་ཀྱི་ཆེད་དུ་མ་ཡིན་པར་སྒོར་མོའི་ཆེད་དུ་སྐུ་ཐང་ཆད་བཅུག་ན་ དེ་ལས་ཀྱང་བཟོད་ཐབས་དཀའ་བ་ཞིག་རེད།
སྐུ་ཕྱྭ་དང་སྐུའི་བདེ་ཐང་།
༧སྐུ་མདུན་ཁ་སང་ས་གནས་ནས་ ཆིབས་ཕེབས་གནང་གྲུབ་སོང་། ཁ་སང་མི་མང་ལ་གསུང་བཤད་གནང་སྐབས་ཁོང་གིས་སྐུ་རྩེད་དང་སྦྲགས་ནས་སྔོན་གཤགས་ བཅོས་གནང་བའི་སྐབས་ཀྱི་ལོ་རྒྱུས་ཤིག་གསུངས་བྱུང་། གཤགས་བཅོས་འདི་རིགས་ནམ་རྒྱུན་ཡུན་ཐུང་ཞིག་གིས་འགྲུབ་པ་ཡིན་མོད། སྐུ་མདུན་རང་ལ་གཤགས་བཅོས་འབུལ་སྐབས་ཆུ་ཚོད་གསུམ་འགོར་བྱུང་ཞེས་གསུངས་སོང་། སྐབས་འདིར་ངའི་མིག་མཐའ་ན་མཆི་མ་ཤར་སེ་འདུག ངའི་སེམས་ལ་ལྭ་དཀར་པོ་གོན་པའི་སྨན་པ་དང་སྨན་ཁང་སོགས་གཤགས་བཅོས་ཀྱི་བརྒྱུད་ རིམ་ཞིག་ཤར་བཞིན་འདུག སེམས་ཚོར་འདི་འདྲ་ནི་ང་གཅིག་པུ་ལ་ཡོང་བ་ཞིག་ག་ལ་ཡིན། བོད་མི་ཡོད་དོ་ཅོག་གིས་སྐུ་མདུན་གྱི་སྐུ་ཕྱྭ་ལ་ཐུག་སྐབས་འདི་ལྟར་མིག་ཆུ་ གཏོང་བ་རེད།
ད་སྐུ་ཕྱྭའི་སྐོར་རང་གི་ མྱོང་བ་སྦྱར་ནས་བཤད་ན། ཟླ་འདིའི་ཚེས་ ༡༡ ཉིན་སྐུ་མདུན་ཁོང་འདི་ག་ས་གནས་ལ་ཕེབས་པ་རེད། དེའི་མཚན་མོ་དེར་ང་ལ་གཉིད་མ་ཡོང་། མཚན་གང་ལ་ངང་སྒུག་ཅིག་གིས་གཉིད་ཡོངས་སུ་དཀྲོགས་བྱུང་། ངང་སྒུག་དེ་ནི་ཚེས་ ༡༢ ཉིན་གྱི་ཞོགས་ཀར་ ངས་བསྒྱུར་བའི་ “སངས་རྒྱས་ཀྱི་དཔའ་རྟུལ་ཚོ་” ཞེས་པའི་དེབ་དེ་༧སྐུ་མདུན་ལ་འབུལ་ཆེད་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་ པ་དང་ལྷན་དུ་མཇལ་ཁ་ཡོད་ཅེས་ང་ལ་བཤད་བྱུང་། དེར་བརྟེན། དེ་ལ་ངང་སྒུག་བྱས་པ་ཡིན། ཞོགས་ཀ་སྔ་པོ་ནས་བྱིས་པ་གཉིས་ཀྱི་སློབ་གྲྭའི་གྲ་སྒྲིག་ཟིན་པ་དང་། ངེད་ཐད་ཀར་ཆོས་ཚོགས་ལ་ཕྱིན་པ་ཡིན། དེར་ངེད་ཀྱིས་ལག་འཁྱེར་ཁ་པར་དང་ལྡེ་མིག་སོགས་ཅ་ལག་ཡོད་ཚད་རླངས་འཁོར་དུ་བཞག་ ནས་ཕྱིན་པ་ཡིན། དེའི་རྒྱུ་མཚན་ནི་མཇལ་ཁ་ཡོད་སྟབས་ལུས་པོར་བརྟག་དཔྱད་བྱེད་རྒྱུ་རེད་བསམས་ བྱུང་། ཆོས་ཚོགས་སུ་ཡུད་ཙམ་སྒུག་རྗེས་ང་ཚོ་༧སྐུ་མདུན་བཞུགས་སའི་དགོན་པའི་ནང་ཁྲིད་ བྱུང་། དེ་ནས་ཁང་མིག་ཅིག་ཏུ་བསྡད་བཅུག་བྱུང་། ཡུད་ཙམ་ནས་༧སྤྱི་ནོར་ཆེན་པོ་ཆིབས་བསྒྱུར་གནང་ནས་ང་ཚོ་ལ་སྐར་མ་འགའ་ཡི་རིང་ བཀའ་སློབ་གནང་བྱུང་། དེ་ནས་༧སྐུ་མདུན་ཕེབས་གྲུབ་རྗེས་ང་ཚོ་ཡང་རང་འགུལ་གྱིས་ལོག་ཕྱིན་པ་ཡིན། གཟིགས་དང་། ང་ཚོ་འདིར་སླེབས་ནས་༧སྐུ་མདུན་ལ་མཇལ་ཁ་ཞུས་གྲུབ་པའི་བར་དུ་ང་ཚོའི་ལུས་པོར་ བརྟག་དཔྱད་བྱེད་མཁན་མི་འདུག འོ་ན། འདི་ནི་ང་ཡོད་པའི་ཚོགས་པ་འདི་ལ་འབྲེལ་ཡོད་རྣམས་ཀྱིས་ཡིད་ཆེས་བྱས་རྐྱེན་རེད་ ཅེས་བཤད་ན། ང་ཚོའི་གྲས་སུ་ཚོགས་པ་ནས་མ་ཡིན་པའི་མི་གཅིག་ཀྱང་སླེབས་འདུག སྐུ་མདུན་མ་ཕེབས་པའི་གོང་རོལ་དེ་ག་རང་ལ་ང་ཡོད་པའི་ཚོགས་པ་དེའི་ཚོགས་གཙོས་ “ཁྱེད་རང་འདིར་བསྡད་ན་འགྲིག་གི་མ་རེད་”ཅེས་ ངོ་སྤྲོད་གནས་ལུགས་བཤད་སྟབས་ཁོང་ཡང་ཕྱིར་ལོག་སོང་། དེ་མིན་ན། ཁོང་ཡང་ཚོགས་པའི་ཁོངས་སུ་མཇལ་ཁ་ཐོབ་རྒྱུ་ལ་དྭོགས་པ་མེད། ང་ལ་ཉམས་མྱོང་འདི་འདྲ་ཐེངས་མ་གཉིས་ལ་བྱུང་། གཉིས་ཆ་ལ་ལུས་པོར་བརྟག་དཔྱད་གཏོང་བ་དང་། མིང་ཐོ་ཞིབ་བཤེར་བྱེད་པ། མིང་དང་ངོ་སྤྲོད་ལག་འཁྱེར་བལྟ་བསྡུར་བྱེད་པ་སོགས་སྣེ་གཅིག་ཀྱང་མི་འདུག སྔོན་མ་ཡིན་ན་དེ་འདྲ་ཡོད། ད་ལྟ་མེད་པ་གང་རེད་ཅེས་ས་གནས་ཀྱི་མི་ཞིག་ལ་དྲིས་པ་ཡིན། ཁོང་གིས། “སྔོན་ མ་ཡིན་ན། ༧སྐུའི་གཅེན་པོ་བཞུགས་སྐབས། ཨ་རིའི་དབུས་གཞུང་གི་བདེ་སྲུང་མི་སྣ་ཡོད་ཡོད་ཐོག ས་གནས་ཀྱི་ཉེན་རྟོག་པ་དང་བདེ་སྲུང་ལས་བྱ་གླ་གི་ཡོད་པ་རེད། དེ་ཐེངས་དེ་འདྲ་མི་འདུག”ཅེས་ བཤད་བྱུང་། ད་ གོང་གི་ཨ་སྒོར་འབུམ་གཉིས་ལྷག་གི་ཁེ་བཟང་དེས་སྐུ་ཕྱྭའི་ཆེད་དུ་བདེ་སྲུང་གི་ ལས་བྱ་འཕར་མ་གླ་མི་ཐུབ་པ་གང་ཡིན་ནམ། དགོས་པ་ཞིག་ཆད་འདུག་བསམས་ནས་སེམས་ཧ་ཅང་སྐྱོ་བྱུང་།
དེ་ནས་ཚེས་ ༡༣ ཉིན་དེར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་ཡོད་པ་རེད། ཉིན་འདིའི་གནས་སྟངས་ནི་ ཁ་གདངས་ནས་སྡོད་དགོས་པ་ཞིག་འདུག་ཟེར། ང་དེ་ན་མེད། ཐོག་མའི་བོད་མི་གཅིག་པུར་མཇལ་ཁ་གནང་འཆར་དེ་འགྱུར་ནས་བོད་སོག་ཐུན་མོང་ལ་བཀའ་ སློབ་གནང་རྒྱུའི་མཛད་རིམ་ཆགས། ཐོག་མར་འདུ་ཁང་ཕྱི་རོལ་དུ་བཀའ་སློབ་གནང་རྒྱུའི་འཆར་གཞི་བྱས་ཡོད་པ་དེ་གློ་ བུར་གྱི་ཆར་ཤུགས་ཆེ་སྟབས་འདུ་ཁང་ནང་དུ་སྤོས་ནས་གནང་དགོས་ཤར། བོད་སོག་མི་རིགས་བསྡོམས་བཞི་བརྒྱ་ལྷག་ཡོད་པ་དང་། དེ་ཚོ་ཚང་མ་ལ་གཟུགས་པོར་བརྟག་དཔྱད་མེད་པར་ཐད་ཀར་འདུ་ཁང་ནང་འཚང་ཁ་བརྒྱབ། ངོ་ཤེས་དང་མི་ཤེས་པའི་མི་སྣ་སྣ་ཚོགས་སྐུ་མདུན་གྱི་མདུན་ཏག་ཏག་ལ་སླེབས་ཐུབ་ པར་གྱུར། དེ་ནས། མཐའ་ན་གསུང་བཤད་གནང་རྒྱུའི་སྒྲ་འཕེལ་ཁ་པར་༼ microphone༽ ཡང་གྲ་སྒྲིག་མེད་པར་༧སྐུ་མདུན་དང་སོག་སྐད་སྐད་བསྒྱུར་གཉིས་བརྗེ་རེས་བྱེད་ དགོས་པ་བྱུང་འདུག ད་སྐུ་ཕྱྭའི་གནད་དོན་དེ་གང་དུ་ཡོད། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་སྤྱི་ནོར་རེད། མཁྱེན་ནམ། སྲུང་སྐྱོབ་ཀྱི་གྲ་སྒྲིག་སྲ་ཐག་ཐག་ཅིག་གནང་མི་ཐུབ་པ་དེ་གང་ཡིན་ནམ། སྐུའི་མཛད་རིམ་ལས་བྱུང་བའི་ཁེ་བཟང་ཨ་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་ནས་འགྲོ་ སོང་བཏང་སྟེ། གསུང་ཆོས་གནང་སའི་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་བཀའ་སློབ་གནང་མ་ཆོག་པ་གང་ ཡིན་ནམ། ཚོགས་ཁང་དེར་མ་མཐའ་ལ་ཡང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། ཆར་ཤུགས་ཆེ་ན་ཡང་༧སྐུ་མདུན་གྱི་འཁྲིས་ལ་མི་མང་འཚང་ཁ་རྒྱག་པ་ཞིག་ཡོང་གི་མ་ རེད། ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས།
མཐའ་དོན་ས་གནས་འདིའི་ཆོས་ ཚོགས་ཀྱི་གནས་བབ་དང་དེའི་ཕན་ཐོགས་དང་། ཆོས་ཚོགས་དང་བོད་མིའི་འབྲེལ་བ། ཆོས་ཚོགས་ཀྱི་རྒྱུན་ལྡན་མཛད་རིམ་སོགས་ཀྱི་སྐོར་ལ་བསམ་ཚུལ་འགའ་ཡོད་མོད་ཐེངས་ འདིར་བྲིས་མེད་ལ། གོང་གི་དོན་ཚན་རྣམས་འདི་ལྟར་དམར་རྗེན་དུ་བྲིས་པ་ནི། གནས་ཚུལ་འདི་དག་མཐོང་བ་དང་ཐོས་པའི་རྐྱེན་བྱས་ཏེ། “མཚམས་དང་ཚོད་ཅིག་དགོས་”ཞེས་ པའི་བཤད་སྲོལ་ལྟར་བློས་མ་བཟོད་ནས་བྲིས་པ་ཡིན། ད་དུང་སྐད་ཆ་འདི་དག་འབྲི་བའི་ཀུན་སློང་ནང་། ཕྲག་དོག་དང་ཡིད་མ་རངས་པ་སོགས་སྒེར་གྱི་གནད་དོན་སྣེ་གཅིག་ཀྱང་འདྲེས་མེད་ཅེས་ གསལ་བཤད་བྱེད་རྒྱུ་ཡིན། དེས་ན། གནས་ཚུལ་འདི་དག་ལ་འབྲེལ་ཡོད་ཁག་གིས་ཀྱང་ཞིབ་འཇུག་དང་། གསལ་བཤད། ཡར་རྒྱས་སོགས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེར་ཞུ་བ་དང་ཆབས་གཅིག ངེད་ཀྱིས་མ་ཤེས་མ་རྟོགས་པའི་དབང་གིས་སྐད་ཆ་ནོར་འཁྲུལ་ཅན་བཤད་ཡོད་ཚེ། “ལྐུགས་པ། ཁྱོད་ནོར་འདུག”ཅེས་སོགས་ཀྱི་གཤེ་ཚིག་གིས་སྤྱོས་ན་ཡང་། ༧སྤྱི་ནོར་ཆེན་པོའི་སྐུ་དོན་ཡིན་སྟབས། ལག་གཉིས་ཐལ་མོ་སྦྱར་ཏེ་ “ཐུགས་རྗེ་ཆེ་”ཞུ་བ་ཡིན།
མཁས་དབང་བློ་བཟང་སེང་གེ་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་འདེམས་ཐོན་བྱུང་ཡོད་འདུག་ལགས་ན།ངས་ཁོང་གཉིས་ལ་དྲི་བ་ཞིག་དྲི་ཆོག་པ་ཞུ།གང་ལྟར་ཁྱེད་གཉིས་གང་རུང་ཞིག་ལ་ཐོབ་པ་ཡིན་ན་མ་འོང་བོད་དོན་དང་འབྲེལ་འཆར་གཞི་གང་འདྲ་ཡོད་དམ།ད་ལྟའི་བོད་མའི་ནང་དེ་འདྲེས་གསལ་བྱེད་བྱེད་མཁན་ཞིག་ངེས་པར་དགོས་མཁོ་འདུག་པས་ཁྱེད་གཉིས་ནས་གསལ་བྱེད་རེ་བྱས་ན་མི་མང་ལ་ཕན་ཐོག་ཆེན་པོར་མཐོང་།གཞན་མི་འདི་གཉིས་ལྟ་བུ་མང་པོ་ཡོད་པས་ན་དེ་དེ་བཞིན་དུ་སོ་སོའི་འཆར་གཞི་གང་ཡོད་མི་མང་ལ་གསལ་བྱེད་རེ་ཡོངས་པའི་འབོལ་བསྐུལ་དུ།
བཙན་བྱོལ་ནང་བཀའ་ཁྲིའི་འོས་མི་ཁོང་གཉིས་ལས་མེད་པ་བློ་ཕམ་གྱི་གནས་ཚུལ་རེད། གཞོན་སྐྱེས་ཚོས་སོ་སོའི་གཞུང་ལ་དོ་སྣང་མེད་པའི་རྣམ་པ་གསལ་པོ་འདུག འབྱུང་འགྱུར་བོད་ཀྱི་གནད་དོན་འདི་ཕྱོགས་གང་ལ་ཁ་བསྒྱུར་དང་མི་བསྒྱུར་བཀའ་ཁྲི་གསར་པར་རག་ལས་ཡོད། བྱས་ཚང་སོ་སོའི་གྲོགས་པོ་ནང་ཚུལ་ཆོ་མེད་གཏམ་ཀྱང་ཀྱང་བཤད་མ་སྡོད་པར། བཀའ་བློ་ཁྲི་པའི་འོས་མི་སྐོར་ངེས་པར་དུ་བགྲོ་གླེང་གནང་དགོས་ཤིང༌། བཀའ་ཁྲི་གསར་པ་འདི་དེང་དུས་ཀྱི་ཤེས་ཡོན་ཡོད་པ་གང་ཞིག་ལ། བོད་ཀྱི་ཐུན་མོང་མ་ཡིན་ཆོས་དང་རིག་གཞུང་སོགས་ལ་མཆོག་ཏུ་གྱུར་པ་ཞིག་སླེབས་ན་བོད་སྤྱི་བའི་དོན་ལ་ཕན་ཐོགས་ཆེ།
སྤྱི་འཐུས་འོས་འདེམས་ཐད། ཆོལ་གསུམ་དང་བཅས་ནས་མ་ཡིན་པ་དགོས་རྒྱུ་ནི་ཟུར་བལྟས་ལེབ་མཐོང་རང་རེད།
བོད་ཀྱི་སློབ་ཕྲུག་ཚོགས་པ་ལ་དྲི་བ་ཞིག་ཡོད་
ཁྱོད་རང་ཚོགས་པའི་ངེས་ནས་ རྒྱལ་བ་རྐམ་པ་མཆོག་ལ་སྤྱི་མཐུད་དང་བཀའ་བློན་འོས་མིང་གི་གོ་སྐལ་འབུལ་ཡོད་དམ་ ང་ཚོ་བོད་པ་ཚང་ཆོས་ཀྱི་བག་ཆགས་ཟབ་མོ་ཡོད་པས་ མི་མང་འཛིན་སྐྱོང་བྱེད་པར་ཆོས་ལུགས་ཀྱི་དབང་སྐུལ་མཁན་ཞིག་བཀའ་བློན་གདམ་པ་ཡིན་ན སྟགས་ཤིན་ཏུ་བདེ་མོའི་ངང་ནས་གཞུང་འཛིན་ཐོབ་བོ།།
མ་འོང་པའི་བཀའ་ཁྲི་འོས་བསྡུ་འདི་གལ་ཆེ་ནང་གི་དོན་ཆེ་ཞིག་ཡིན་པས།
བློ་མིག་ཕྱོགས་གཅིག་པ་ཅན་དག་སྤོང་ནས་ངེས་པ་དུ་རྩ་དོན་ལ་འགོས་ཁུར་བྱེད་དགོས།
དེ་རིང་འདིའི་ནང་རྙེད་པའི་གང་ཟག་ཉེ་ཤུ་རྩ་ཁ་ཤས་དེ།
ཕལ་ཆེ་ངའི་བློ་ཡུལ་དུ་དྲན་མ་མྱོང་བ་ཤ་སྟག་རེད་འདུག
དཔེར་ན་སྤྱི་མཐུན་ཚོགས་གཙོ་སྤེན་པ་ཚེ་རིང་དང།
མཁས་དབང་བེ་རི་འཇིག་མེད།
དགེ་བཤེས་སྨོན་ལམ་ཐར་ཕྱིན། ཧོར་གཙང་འཇིག་མེད།
བུ་མེད་ནང་ནས་རྒྱལ་རུ་སྒྲོལ་ལྟར་བུ་སོགས་འདི་ཡི་ནང་དུ་མ་རྙེད་པའི་རྒྱུ་མཚན་གང་ཡིན་ནམ་སྙམ།
འོན་ཀྱང་མི་རེ་ལ་བསམ་བློ་རེ་ཡོད་པས་འཆར་སྣང་མ་འདྲ་བ་རེ་ལས་ཡོད།
ཡིན་ན་ཡང་ཚོགས་པ་ཁག་སུ་དང་སུ་ཡིན་རུང་དམངས་ལ་ཆ་བསྒྲགས་བྱེད་སྟངས་དེ་གནོད་འགག་ཆེ་ཤོས་གཅིག་རེད།
ད་ལྟའི་དུས་སྐབས་འདིར་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མི་རེ་ངོ་རེའི་ལས་འགན་ཞིག་ཁྱེར་ཏེ་ཁ་ཙམ་ཚིག་ཙམ་དུ་མ་སོང་བར། ཆོལ་ཁ་ཆོས་ལུགས་སོགས་ཀྱིས་འཐེན་འཁྱེར་རྩ་བ་ནས་མེད་པའི་ཐོག་མ་འོངས་བཀའ་ཁྲིའི་ཐོག་ལ་ད་ལྟ་ནས་བསམ་གཞིགས་བྱེད་རྒྱུ་གལ་ཆེ།
འདས་པའི་ལོ་རྒྱུས་ནང་ཕྱི་མིག་བལྟས་ན་ཆོལ་ཁ་ཆོས་ལུགས་དང་ལུང་ཚན་སོ་སོའི་འཐེར་འཁྱེར་གྱི་རྐྱེན་པས་ང་ཚོར་གྱོང་རྒུད་ཆེན་པོ་རག་ཡོད། མ་འོངས་པར་ཡང་རང་སོར་གནས་ན་འཇུག་འབྲས་དེ་ལས་ཀྱང་ལྷག་པ་ཡོང་རྒྱུ་གཏན་འཁེལ་རེད། དེར་བརྟེན་༸འཕགས་མཆོག་ཕྱག་ན་པདྨོའི་བཀའ་དགོངས་ལྟར་བོད་འབངས་ཡོངས་རྫོགས་ཀྱིས་རྡོག་རྩ་གཅིག་སྒྲིལ་ཐོག་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དང་སྤྱི་འཐུས་སོགས་ཤེས་འཇོན་ལྷག་བསམ་གྱི་ཕྱུག་པའི་མི་སྣ་ཞིག་འདེམས་སྒྲུག་གནང་རྒྱུ་ཧ་ཅང་གི་གལ་ཆེ་སྙམ།།
མདུན་བསྐྱོད་ཆེན་པོ་ཞིག་རེད། འདི་ལ་རྗེས་སུ་ཡི་རངས་ཡོད། འདི་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་གཞན་རྣམས་ཀྱིས་ཀྱང་ཚོགས་པ་རང་རང་གི་འོས་མི་གསལ་བསྒྲགས་བྱེད་ཐུབ་ན་ཡག་པོ་ཡོང་རྒྱུ་རེད། ང་ཚོས་ཀྱང་རང་རང་ས་ནས་རང་རང་གི་འོས་མི་འདེམས་ན་གང་འདྲ་འདུག
ཡག་པོ་འདེམས་འདུག་བདག་གི་འོས་མི་ཡང་སླེབས་འདུག ད་ངོ་མ་བཤད་ན་དུས་ཐོག་ལ་སླེབས་འདུག་པའི་ལས་དཀའ་རེད་། ཚང་མའི་ཚ་ཚ་འུར་འུར་ངང་ལས་རེན་རེད།
ཡག་པོ་འདེམས་འདུག་བདག་གི་འོས་མི་ཡང་སླེབས་འདུག ད་ངོ་མ་བཤད་ན་དུས་ཐོག་ལ་སླེབས་འདུག་པའི་ལས་དཀའ་རེད་། ཚང་མའི་ཚ་ཚ་འུར་འུར་ངང་ལས་རེན་རེད།
གོ་རིམ་གཉིས་པའི་ནང་དུ་བཀའ་བློན་ཁྲི་པའི་འོས་གཞི་རྣམ་པ་གཉིས་གདན་ཞུས་ཀྱིས་མི་མང་ལ་གསུང་བཤད་གནང་རྒྱུ་བཅས་ཡིན། ཟེར།
འདི་ནི་མི་དམངས་ཀྱིས་རང་གི་འོས་གཞི་དེ་འདེམས་དུས་ཤེས་དགོས་པའི་ཆ་རྐྱེན་ཡོད་ན་མེད་ན་དེ་རེད་རེད། འདི་ང་ཚོར་དགོས་བ་རེད། འོས་གཞི་གཞན་པ་ཡོད་ནའང་རང་གི་འཆར་གཞི་དེ་མི་དམངས་ལ་ཤེས་བར་བྱས་ནས་མི་དམངས་ཀྱིས་ཤེས་བའི་སྒོ་ནས་འདེམས་པ་ཡིན་ན་རྗེས་སུ་བཤད་རྒྱུ་ཅི་ཡང་ཡོད་པ་མ་རེད།
ངས་ནི་ཆབ་སྲིད་ལ་ཅི་ཡང་མི་ཤེས་མོད་དེ་རིང་གི་ཁྱབས་བསྒྲགས་འདི་མཐོང་ནས་ཧ་ཅང་ཧ་ཅང་དགའ།
ང་རང་རྒྱ་གཞུང་གི་བཤད་པ་བཞིན་འབྱོར་མེད་བྲེལ་རིམ་པ་ཞིག་ཡིན་དུས་བོད་སྡེ་པ་གཞུང་གི་སྐུ་དྲག་བཀྲས་མཐོང་དང་ང་ཕོད་། ད་དུང་གཡུ་ཐོག་སོགས་ཀྱི་མིང་ཙམ་གོ་འདོད་མེད་། ཡིན་ཡང་འདི་ནི་འདས་ཟིན་པའི་ལོ་རྒྱུས་ནང་ཡོད་པའི་དངོས་སྒྲུང་ཅིག་དང་མེས་དཔོའི་ཁ་ཆེམས་ཅིག་རེད་། དེ་རིང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་མཆོག་གཞུང་འབྲེལ་མིན་པའི་ཚོགས་པ་འདིའི་འོས་ཁོངས་སུ་སྟོན་གནང་བར་དགའ་བསུ་ཡོད་། དེ་ཅིག་བྱས་ན་སོསོའི་ཕ་མེས་ནས་བྱས་པའི་ཉེས་པ་དག་ཐབས་གནང་རྒྱུའི་གོ་སྐབས་ཡག་ཤོས་དེ་རེད་བསམ་གྱི་ཡོད་། དེ་མིན་སྤྱི་ཚོགས་རྙེས་པ་རོ་ལང་རྒྱབ་འདོད་ཡོད་རེད་ཅེས་རྒྱ་གཞུང་གི་གཏམ་དེར་བདེན་པའི་ལེགས་རྩོམ་འདྲ་མཐོང་།
དེ་མཚུང་གནས་ཚུལ་ཞུ་འདོད་ཅིག་ལ་མཁས་དབང་བློ་བཟང་སེང་གེ་ཟེར་བ་ཁོང་ག་རེའི་མཁས་དབང་རེད་། དོན་དངོས་ཐོག་ཁོང་ལས་མཁས་དབང་མེད་པ་རེད་པས་མ་སྟོན་པ་རེད་།
གང་སྟར་ངས་ལྟས་ན་ཚོགས་པ་འདི་ཚོའི་བྱེད་སྟངས་ལ་མ་ལྟ་བར་སོ་སོའི་འོས་ཕན་བྱེད་ཕྱོགས་ཡང་དག་པ་ཞིག་གནང་གལ་ཆེན་པོ་རེད་འདུག་སྙམ་བྱུང་།
བཀའ་ཁྲིའི་འོས་མིར་ལངས་མཁན་ཞིག་ད་དུང་འདིར་ཡང་འདུག་གོོོ http://www.facebook.com/home.php?#!/group.php?gid=115366221834960&v=info&ref=ts
སྤྱི་འཐུས་འོས་མི་དེ་ཚོར་ཅིག་ལྟོས་དང་། མང་ཆེ་ཤོས་ཤིག་་་་་ ཆུ་མེད་ས་ལ་ཟམ་པ་འཛུགས་རྒྱུ་ཡིན་་་་ མི་མེད་ལ་གློག་འཐེན་རྒྱུ་ཡིན་་་་ཟེར་མཁན་འདྲ་བོ་རྐྱང་རྐྱང་རེད་ཤག
ངའི་བཀའ་ཁྲི་ཚོ་་་་་་་་བློ་བཟང་སེངྒེ། ཧོར་གཙང་འཇིགས་མེད། རྟའུ་བློ་བཟང་དཔལ་ལྡན། བཀའ་བློ་འབྲོང་ཆུང་དངོས་གྲུབ། བཅས་ཡིན།
སྤྱི་འཐུས་དེ་་་་་ ཆབ་སྲིད་ཚོགས་པའི་ལམ་ནས་ཆོལ་ཁ་དང་ཆོས་ལུགས་ཀྱི་དབྱེ་འབྱེད་མེད་པར་འོས་བསྡུ་བྱེད་དུས་ཤིག་ལ་མ་གཏོགས་སུ་ལ་ཡང་འོས་འཕེན་གྱི་མིན། ལམ་ལུགས་འདི་ལ་དགག་པ་མཐའ་གཅིག་ཏུ་རྒྱག་གི་ཡིན། འཛམ་བུ་གླིང་།
མགོ་རུལ་ལགས་བདེན་པ་་རེད་་ རེ་བ་ཆེ་ཤོས་སེང་གེ་ལགས་རེད
འོན་ཀྱང་ཁོང་གིསགསུངས་བཤད་གནང་སྐབས་སྐད་ཆ་དགོད་སྤྲོ་བོ་རེ་གསུངས་བ་ལས་རྗིད་ཁོག་ཅན་གསུངས་རྒྱུ་མི་འདུག
ད་ཕར་ཆེར་བཀའ་ཁྲིར་jockerཞིག་ ་་་་་་་
ད་དུང་མང་གཙོ་ཚོགས་པ་ཞེས་པ་དེ་ཡང་དོན་སྟོང་ཚོགས་པ་ཞིག་མིན་ནམ་བསམ
གང་ཡིན་ཟེར་ན་ འདིར་གར་ཚོགས་པ་དེའི་ཚོགས་མི་ཡིན་ཟེར་པའི་ཚད་ལྡན་མིན་པའི་མི་རེ་ཟུང་འདུག་ག
མི་དེ་འདྲའི་རིགས་འདུས་པས་ཚོགས་པ་དེ་ཡང་་་་་་་་་དགོད་སྤྲོ་བའི་ཚོགས་པ་ཞིག་ཡིན་རྒྱུ་རེདའ
བློ་བཟང་སེང་གེ་ལ་བཀའ་ཁྲི་ཐོབ་ཀི་རེད། མི་བདེན་བསམས་ན་ལྟོས་ཨ།
བཀའ་ཁྲིའི་འོས་མི་གཉིས་པོ་ལ་གུས་འདོད་བློ་ཁེངས་པོ་བྱུང་ཡང་སྤྱི་འཐུས་འོས་
མི་ལ་གུས་འདོད་བློ་མ་ཁེངས་ གང་ཡིན་ཞུས་ན་དེ་བའི་ནང་དུ་
ཆབ་སྲིད་དང་ཉམས་མྱོང་ཤེས་ཚད་ལྷག་བསམ་སོགས་གང་ཐེད་ནི་རྒེན་བློ་དགའ་ལྟ་བུ་མདོ་སྟོད་མི་མང་གི་སྐུ་ཚབ་ཇི་ལྟར་མཚོན་ནུས་སམ་
གུས་དོགས་པ་ལརྒན་བློ་དགའ་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཞིག་
ཡིན་པགོ་ཐོས་བྱུང་ དེས་ན་འོས་གདམ་གནང་པ་མིན་ནམ་སྙམ
འོས་བབས་པའི་བཀའ་ཁྲི་གཉིས་ཀྱི་སྐད་གསང་མཐོ་པོའི་ཐོག་ནས་མང་ཚོགས་ལ་ཁྱབ་བསྒྲགས་བྱས་ན་དགག་བྱ་གང་ཡང་མེད་གསུང་པ་བཞིན་མ་འོངས་པ་བོད་ཀྱི་ལས་དོན་ལ་གྲུབ་འབྲས་ཐོན་པ་ཞིག་དགོས་ངེས་ལས་ཁ་གཡང་སྒྲོགས་པ་ཙམ་གྱི་མི་འགྲིག།
མ་འོངས་བོད་མི་བཀའ་ཁྲི་དེ་ཀླད་རྙིང་ཅན་ཞིག་མི་དགོས་ཟེར་ནས་ཚང་མས་ཁ་གཅིག་གྲགས་ཡིན་ནའང་དམངས་གཙོ་ཚོགས་པས་ཨུ་ཚིགས་ཀྱི་སྐུ་གྲགས་རིགས་འདི་བཞག་འདུག།བཀྲས་མཐོང་ལ་འདས་པའི་ལོ་རྒྱུས་ནང་དུ་ལས་ཀ་ཡག་པོ་བྱས་ཐུབ་མེད་པ་མ་ཟད།ད་དུང་གཞུང་རྒྱུ་མང་པོ་ཟས་པ་རེད་ཟེར་ནས་བཤད་རྒྱུའང་མང་པོ་ཡོད་པ་རེད།གལ་སྲིད་ཆོལ་ཁ་རེ་ནས་མི་རེ་དགོས་ན་དབུས་གཙང་བ་ལ་སྐུ་གྲགས་རིགས་རྒྱུ་མ་གཏོགས་མེད་པ་ནི་ཡིན་རྒྱུ་མརེད།
ད་དུང་ཅོ་རི་ཉི་མས་གསུངས་པ་ལྟར་རྟའུ་བློ་བཟང་དཔལ་ལྡན་བཀའ་ཁྲི་དྲ་རྒྱ་ནང་དུ་འོས་མིང་ཨང་གཉིས་པ་རེད་འདུག།མི་དེ་རྒྱང་དུ་བཏང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
ཆུ་ཤུར་མིག་དམར་གྱིས་སྐད་ཆ་མགོ་གཉིས་མ་ཞིག་བཤད་འདུག།
སྤྱི་མཐུས་རྣམས་ཆོལ་ཁ་སོ་སོ་ནས་ཡོང་དགོས་པའི་དེ་ལ་ཆོལ་ཁ་སོ་སོའི་ཁུངས་མིས་གྲགས་འདེམས་ཡག་པོ་བྱ་དགོས།
དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར་ཞུ་བ་དེ་དབུས་པ་མ་རེདཔས།དེ་གསལ་པོ་ཤེས་མ་སོང་།
མ་འོངས་བོད་མི་བཀའ་ཁྲི་དེ་ཀླད་རྙིང་ཅན་ཞིག་མི་དགོས་ཟེར་ནས་ཚང་མས་ཁ་གཅིག་གྲགས་ཡིན་ནའང་དམངས་གཙོ་ཚོགས་པས་ཨུ་ཚིགས་ཀྱི་སྐུ་གྲགས་རིགས་འདི་བཞག་འདུག།བཀྲས་མཐོང་ལ་འདས་པའི་ལོ་རྒྱུས་ནང་དུ་ལས་ཀ་ཡག་པོ་བྱས་ཐུབ་མེད་པ་མ་ཟད།ད་དུང་གཞུང་རྒྱུ་མང་པོ་ཟས་པ་རེད་ཟེར་ནས་བཤད་རྒྱུའང་མང་པོ་ཡོད་པ་རེད།གལ་སྲིད་ཆོལ་ཁ་རེ་ནས་མི་རེ་དགོས་ན་དབུས་གཙང་བ་ལ་སྐུ་གྲགས་རིགས་རྒྱུ་མ་གཏོགས་མེད་པ་ནི་ཡིན་རྒྱུ་མརེད།
ད་དུང་ཅོ་རི་ཉི་མས་གསུངས་པ་ལྟར་རྟའུ་བློ་བཟང་དཔལ་ལྡན་བཀའ་ཁྲི་དྲ་རྒྱ་ནང་དུ་འོས་མིང་ཨང་གཉིས་པ་རེད་འདུག།མི་དེ་རྒྱང་དུ་བཏང་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།
ཆུ་ཤུར་མིག་དམར་གྱིས་སྐད་ཆ་མགོ་གཉིས་མ་ཞིག་བཤད་འདུག།
སྤྱི་མཐུས་རྣམས་ཆོལ་ཁ་སོ་སོ་ནས་ཡོང་དགོས་པའི་དེ་ལ་ཆོལ་ཁ་སོ་སོའི་ཁུངས་མིས་གྲགས་འདེམས་ཡག་པོ་བྱ་དགོས།
དགུ་བཅུ་གསུམ་ཚོགས་གཙོ་ངག་དབང་འོད་འབར་ཞུ་བ་དེ་དབུས་པ་མ་རེདཔས།དེ་གསལ་པོ་ཤེས་མ་སོང་།
it is good idea of you comminity so your should take care about this condition,it is not about small family ,it for one of country, in this way a lot of peaple`s goimg in this way for vote so it is very very important,
༄༄།། མཁྱེན་ལྡན་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་རྒྱུ།
ཁྱེད་རྣམ་པས་གཤམ་གྱི་གནས་ཆུ༹ལ་ཐོག་གཟིགས་འདོད་ཡོད་ཆེ༹། http://www.phayul.com and Ranyag Monasteryརྒྱུད་ནས་གནས་ཆུ༹ལ་ཆ་ཆ༹ང་མཁྱེན་རྟོགས་ཡོང་བའི་རེ་བསྐུལ་བཅས།།
Earthquake Victims in Remote Areas of
Kyigudo Still Await Relief
TibetNet ( Monday, May 10, 2010 19:01 )
Dharamshala: The Tibetan nomadic and agricultural communities located in some of the remotest and worst quake-hit areas near Kyigudo in northeastern Tibet are facing enormous sufferings as they have still not received any aid, a Tibet monk of Ranyag Monastery situated in one of the isolated areas some 40 km from Kyigudo, who is living in Dharamsala, told TibetNet.
“The rescue effort initiated by the Chinese government to bring relief to the victims during the crisis were of immense help and were widely reported in various media channels. But relief has still not reached to affected people living in some of the isolated areas as no reports about them appeared in the media,” the monk said on condition of anonymity.
He said when earthquake struck Kyigudo on 14 April, the Ranyag Monastery dispatched a rescue team of 170 monks to the worst-hit areas of Rongpo and Karda. The monks succeeded in retrieving around 200 people alive from the rubble, helped thousands of injured and assisted in consigning around 96 corpses into Drichu river after conducting religious rites for the departed souls. On hearing the grave tragedy in Kyigudo, the revered head of the monastery invited medical teams from Taiwan and Japan to assist the victims. The monastery also provided essential relief materials worth 21,50,000 yuan, consisting of 300 yuan to each family, 100 tents, 6,000 kg of wheat and rice, 7,500 kg of roasted barley flour, 500 kg of butter, 1,000 noodle packets, 3,000 blankets and 2,500 clothes.
He said the Tibetans living in monastery, nomadic and farming communities located in remote areas hope to receive assistance from the Chinese government during the reconstruction of Kyigudo region.
They deeply expressed their sincere appreciation and gratitude for the prayers and solidarity offered by His Holiness the Dalai Lama and the general Tibetan populace living in exile, he added.
He further said Tibetans living both in and outside Tibet are deeply concerned over a nearly completed seven-storied Buddhist learning centre, library and staff quarter built by the Ranyag Monastery over a sprawling 1000 acres of land, which had suffered heavy damage due to the earthquake. The institute has the capacity to accommodate 5,000 students. The five-year construction, which started in 2006, cost over 10 million US dollars. The Tibetans feel disheartened for losing an important aspect of the Tibetan culture. The monks also felt greatly disappointed that the Chinese Premier Wen Jiabao did not visit the monastery during his inspection visit to Rongpo.
སྐབས་འདིར་ཡང་མང་གཙོ་ཡིན་པས་དྲང་མ་དྲང་གི་སྐད་ཆ་ང་ལ་ཤོད་ཡ་མེད། འཆི་མེད་གཡུང་དྲུང་ལགས་འདི་ལོ་དབུས་གཙང་སྤྱི་མཐུས་སུ་ངེས་ཀྱང་། མང་གཙོ་ཚོགས་པའི་ཚོགས་གཙོ་རང་ཉིད་བཀའ་ཁྲིའི་འོས་ལ་མ་ལངས་འདིས་བོད་བཙན་བྱོལ་གཞུང་གི་མང་གཙོ་ཅུང་ཉམས་རྨས་སུ་ཕྱིན་པ་མ་རེད་དམ། ཡང་། རྒྱ་རི་རིན་པོ་ཆེ་མཆོག་དང་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་ལགས་གཉིས་བཀའ་ཁྲིའི་འོས་མིར་འོས་ངེས་སུ་འདུག འདི་ནི་སོ་སོའི་རྨོངས་འཆར་ཙམ་མོ།
མཁས་དབང་རྟའུ་བློ་བཟང་དཔལ་ལྡན་ལ་མཆོག་འོས་མིར་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱི་ནང་དུ་མཁས་དབང་མང་པོ་ཡོད་པའི་བཤམ་གསལ།
༡༽མཁས་དབང་བྲག་ཡག་རིན་པོ་ཆེན་བློ་ལྡན་ཤེས་རབ་མཆོག
༢༽མཁས་དབང་ངག་དབང་ཕུན་ཚོགས་མཆོག
༣༽མཁས་དབང་ཀུན་དགའ་གླིང་དཔལ་ལྡན་མཆོག
༤༽མཁས་དབང་སངས་རྒྱས་འཕྲིན་ལས་མཆོག
༥༽མཁས་དབང་རྒྱུ་རྫས་པ་ཆེ་རིང་ཕུན་ཚོགས་མཆོག
བཅས་འོས་མིར་རྒྱབ་སྐྱོར་གནང་མཁན་ནང་དུ་གཅིག་པོ་མཁས་དབང་ལྔ་ཡོད་པའི་མཁས་དབང་ཁོང་ལྔ་པོས་ཀྱང་དགོས་པ་དང་རྒྱུ་མཚན་ཞིག་ལ་གཟིགས་ནས་རྒྱབ་སྐྱོར་བྱས་ཀྱི་ཡོད་དུས་མང་གཙོ་ཚོགས་པའི་ངོས་ནས་མཁས་དབང་རྟའུ་མཆོག་འོས་མི་ནང་དུ་ཧ་གོ་བཞིན་དུ་མ་བཞག་པ་འདིར་དྲང་བདེན་མ་རེད།
ང་ཚོང་བོད་མི་ཉམ་ཆུང་ཚོས་ངོས་ནས་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ལ་རེ་སྐུལ་ཞུ་རྒྱུ་ལ་མཁས་དབང་རྟའུ་མཆོག་ཀྱང་འོས་མི་ནང་དུ་འཇོག་རོགས་ཞེས་ཞུ་རྒྱུ་ཡིན།
མང་གཙོ་ཚོགས་པས་ཆོལ་གསུམ་སྤྱི་འཐུས་ཀྱི་འོས་གཞི་སྔར་ནས་འདོན་བཞིན་པར་སུས་ཀྱང་འགག་བྱ་བྱས་པ་གོ་མ་མྱོང་ཡང་། རྩ་བའི་ང་ཚོ་བཙན་བྱོལ་གཞུང་གི་འོས་བསྡུའི་སྒྲིག་གཞིའི་ནང་ཚོགས་པ་དང་སྒྲིག་འཛུགས་སོ་སོ་ནས་འོས་དམིགས་བཏོན་ཆོག་པའི་གསལ་ཁ་ཨེ་ཡོད་སྙམ། ལྷག་པར་དུ་མང་གཙོ་ཚོགས་པས་བཏོན་པའི་འོས་དམིགས་གང་ཞིག་འོས་ཐོབ་བྱུང་ན་དེ་མང་གཙོ་ཚོགས་པའི་སྤྱི་འཐུས་ཡིན་དགོས་པའི་འདོད་ཚུལ་དེ་ཁྲིམས་མཐུན་ཆགས་ཀྱི་ཨེ་ཡོད་སྙམ། ང་ཚོས་ལས་དོན་གང་ཞིག་སྒྲིག་གཞི་དང་མ་འགལ་བ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེར་མངོན་པས་རྒྱ་ཆེའི་མང་ཚོགས་ནས་དགོངས་པ་གཟབ་བཞེས་གནང་རོགས།
འདྲེ་རིག་ལྡན་ལགས་ཀྱིས་གསུངས་པར་དངོས་ཡོད་གནས་ཚུལ་རེད་ལ་རྒྱབ་སྐྱོར་ཡོད།
བཀའ་བློན་ཁྲི་པའི་་དྲ་རྒྱ་ཐོག་ཏུ་འོས་འདེབས་སྐབས་སུ་མཁས་དབང་བློ་བཟང་སེངྒ་འོས་མང་ཤོས་དང་གཉིས་པ་མཁས་དབང་རྟའུ་བློ་བཟང་དཔལ་ལྡན་རེད་གསུམ་པ་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་རེད།
ཨང་དང་གཉིས་གསུམ་གྱི་ནང་ནས་གཉིས་པ་མཁས་དབང་རྟའུ་བློ་བཟང་དཔལ་མཆོག་འོས་མི་ནང་དུ་བཞག་མི་འདུག་པས་མང་གཙོ་ཚོགས་པས་ངོས་ནས་དྲང་པོ་གནང་མི་འདུག་ཞུ་རྒྱུ་ཡིན།
མཁས་དབང་རྟའུ་མཆོག་ནི་བོད་གངས་ཅན་གྱི་ཡུལ་དུ་ཉམ་ཐག་དྭགས་ཕྲུག་སྟོང་གི་ཕ་མ་ཡིན་ལ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་ཆེད་དུ་བོད་ནང་སློབ་གྲྭ་ཁག་གཉིས་ཀྱི་འགན་འཛིན་ཡིན།
ཁོང་ནི་ཁ་ཡོད་ལག་ཡོད་ཐོག་ཏུ་བོད་ནང་གི་གཞི་ལུས་རྒྱ་ཆེ་མི་དམངས་ལ་ཕན་ཐོག་ཡོད་པའི་བྱ་བ་སྒྲུབ་མཁན་ཞིག་ཡིན།
༧གོང་ས་མཆོག་གིས་ཧ་ཅང་དགའ་པོ་བྱས་སའི་མི་བུ་མཆོག་ཏུ་གྱུར་པ་ཞིག་ལ་ཁོང་རང་གི་ངོས་ནས་དུས་དང་རྣམ་ཀུན་ཏུ་བོད་མི་ཉམ་ཐག་ལ་རྒྱབ་སྐྱོར་བྱས་མཁན་ཞིག་དང་༦གོང་ས་མཆོག་གི་བཀའ་གསུངས་ཇི་བཞིན་ལག་ལེན་འདེབས་མཁན་གྱི་སྐྱེ་བོ་མཆོག་ཏུ་གྱུར་པ་ཞིག་ཡིན།
ཁོང་ནི་བོད་མི་ཉམ་ཐག་མང་པོ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ་ཉམ་ཆུང་བོད་མིའི་བདེ་སྡུག་ལ་ཕུངས་རྒྱང་རིང་པོའི་བསམ་བློ་གཏོང་ཐུབ་མཁན་ཞིག་ཡིན།
ད་རིང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ངོས་ནས་མཁས་དབང་རྟའུ་མཆོག་འོས་མི་མ་བཞག་པ་འདིར་ང་ཚོང་བོད་མི་ཉམ་ཆུང་ཚོས་ངོས་ནས་བློ་ཕམ་ཡོད་ལ་དྲང་བདེན་བྱས་མི་འདུག་ཞུ་རྒྱུ་ཡིན།
བཀའ་ཁྲིའི་འོས་མི་ཡག་པོ་འདེམས་འདུག
ཡིནའང་སྤྱི་མཐུས་འོས་འདེམས་ཕྱོགས་ཐད་ཟབ་ཟབ་མ་བྱས་ན་ཀླད་པའི་ནང་ཞོ་བླུག་པའི་མིའམ་ཡང་ན་ཀླད་རྙིང་འཁྲེགས་བཟུང་་་ད་དུང་མགོ་བདེ་དྲན་འཁྲུལ་དེ་འདྲ་སླེབས་ན་རྙོག་ཁྲ་བཟོས་ཡོང།
སྤྱི་མཐུས་དེ་ཚོ་གང་འདྲ་ཡོད་མེད་ང་ཚོར་ཉམས་མྱོང་ཆ་ཚང་ཡོད་རེད་དོ།
ཚང་མས་མཁྱེན་གསལ་རེད། ok…..
སྐུ་དྲག་གི་རིགས་དེ་འདྲ་ཡོད་ན་བཀའ་ཁྲིར་མི་འཁོད་པའི་རེ་བ་ཡོད།
མཉམ་ཆུང་དབུལ་པོའི་བུ་ཕྲུག་དཀའ་བ་སྤྱད་ནས་འབྲས་བུ་ཐོན་མཁན་དཔེར་ན་མཁས་དབང་བློ་བཟང་སེང་གེ་ལྟ་བུ་བཀའ་ཁྲིར་འཁོད་ན་ཤིན་ཏུ་འོས་པར་སྣང།
འདྲེ་རིག་ཟེར་བ་འདིས། སྐྱོན་བརྗོད་བྱེད་མ་ཐུབ་པར་ཨུ་ཚུགས་ཀྱིས་རང་མཚང་སྟོན་གྱི་འདུག འཐད་ལྡན་གྱི་སྐྱོན་བརྗོད་ན་འགྲིགས།
སྐྱོན་བརྗོད་བྱས་པ་རྩ་བ་ནས་མིན། ཁྱེད་རང་ཚོའི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཡོད། འོན་ཀྱང་། བྱེད་སྟངས་འདི་ཡང་དག་པའི་མང་གཙོའི་འགྲོ་སྟངས་ཤིག་ཡིན་མིན་ཧ་གོ་གི་མེད་ལ། འདི་ཆབ་སྲིད་ཚོགས་པ་ཞིག་གི་རང་འཁྲིའི་འོས་འགན་ཡིན་མིན་ཡང་ཤེས་ཀྱིན་མེད། གོང་དུ་མང་གཙོ་ཚོགས་པའི་ངོས་ནས་གསལ་བཤད་བྱེད་སྟངས་ལ་བལྟས་ན་ཁྱེད་ཚོས་མང་ཚོགས་ལ་གོ་སྐོན་རློན་འགུག་གམ། ཡང་ན་བཀའ་རྒྱ་གཏོང་གི་ཡོད་པ་འདྲ་བོ། འོས་མི་ས་བོན་ཡོད་ཚད་ཁྱོད་ཚོས་ཐག་གཅོད་བྱེད་ཆོག་པ་འདྲ་བོ་བཤད་འདུག འདི་ལ་ངོས་ལེན་རྩ་བ་ནས་མེད།
གཉིས་པ་དེ་ལ། ཁྱེད་རང་ཚོས་རང་ངོས་ནས་གསལ་འདེམས་བྱས་པའི་འོས་མི་དེ་ཚོའི་ཁྲོད་ན་ཁས་བླངས་ཆོག་པ་རེ་ཟུང་ལས་མི་འདུག འབའ་པ་སྐལ་བཟང་རྒྱལ་མཚན་དང་གསེར་རྟ་ཚུལ་ཁྲིམས། ལུང་རིགས་རྒྱལ་དང་སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས། དབུས་བུད་མེད་ཚོགས་ཟུར་བུ་མོ་ཚེ་རིང་སོགས་མི་རེ་ཟུང་ལས་གཞན་ཚང་མ་ཕན་ཐོག་ཡོང་ས་མ་རེད།
གསུམ་པ་དེ་ལ། ཁྱེད་མང་གཙོ་ཚོགས་པ་ཆབ་སྲིད་ཚོགས་པ་ཞིག་གི་མིང་འཁུར་ནས། ཆབ་སྲིད་ཚོགས་པ་ཞིག་གི་ལས་དོན་སྒྲུབ་ཐུབ་ན་ཡག་པོ་ཡོད་རེད། ཆོལ་ཁ་སོ་སོའི་འོས་མིའི་འགྲོ་ལུགས་འདི་ད་དུང་རྒྱུད་འཛིན་བྱེད་དགོས་ན་དེ་ལ་མང་གཙོ་ཚོགས་པས་ཤུགས་སྣོན་རྒྱག་དགོས་པ་ཞིག་དང་། མང་གཙོ་ཚོགས་པ་ཡོད་དགོས་པ་གང་ཡང་ཡོད་མ་རེད། དེ་སྔ་མོ་ནས་ཡོད་བཞིན་པ་རེད། འོས་མི་རང་ཁོངས་ནས་འདེམས་བཞིན་པ། གལ་སྲིད་ཁྱེད་ཚོགས་པའི་ངོས་ནས་ལས་དོན་ཡག་པོ་ཞིག་བསྒྲུབ་འདོད་པ་ཡིན་ན། ཆོལ་ཁའི་དབྱེ་འབྱེད་རིང་ལུགས་ཀྱི་འོས་མི་འདེམས་ལུགས་འདི་མེད་པར་བཟོ་ཐབས་དང་། ཆབ་སྲིད་ཚོགས་པའི་ཐོག་ནས་འོས་ཤོག་རྩོད་རྒྱུར་འབད་པ་བྱེད་ན། དེ་ལ་དུས་ནམ་ཡང་རྒྱབ་སྐྱོར་བྱེད་རྒྱུ་ཡིན། དེ་མ་གཏོགས། ད་རེས་ཀྱི་ལས་ཀ་འདི་ཚོ་ཁ་གསང་ནས་བཤད་ན་ཇུས་མེད་ཇུས་གཏོགས་ལྟ་བུ་ཆགས་འགྲོ་གི་རེད།
བཀའ་ཁྲིའི་འོས་གཞིའི་ཐད་ལ་ད་དུང་བཤད་རྒྱུ་མང་པོ་ཡོད། རྗེས་སུ་ཞུ་ཆོག་པར་ཞུ། སྐད་ཆ་འདི་དག་སེམས་གཏིང་གི་སྐད་ཆ་ཡིན་པ་ལས། ཁྱེད་ཚོགས་པར་དམའ་འབེབས་གཏོང་འདོད་ཀྱིས་བཤད་པ་གཏན་ནས་མིན། མ་ཟད་ངས་དམའ་འབེབས་ཀྱང་གང་ཡང་བྱས་མེད་པས། ཞུ་ཕྱོགས་མི་འགྲིག་ཀྱང་གསན་ཕྱོགས་མ་ནོར་བ་ཞིག་གནང་རོགས་ཞུ་རྒྱུ་ཡིན།
བཀའ་ཁྲིའི་འོས་མི་ཚོས་གོང་ས་མཆོག་གི་དགོངས་གཞི་ལ་བརྩི་འཇོག་གི་ཞོར་དུ་རང་ཉིད་ཀྱིས་ཆབ་སྲིད་ལངས་ཕྱོགས་དང་སྲིད་ཇུས་ལམ་ལུགས། རྒྱལ་ཁབ་གཞན་དག་དང་འབྲེལ་འདྲིས་བྱེད་ཐབས། ལྷག་པར་དུ་རྒྱ་ནག་དང་ཅི་ལྟར་འབྲེལ་ལམ་གསར་བ་འཛུགས་རྒྱུ་སོགས་ཀྱི་དམ་ཚིག་ཁྱབ་བསྒྲགས་བྱེད་རོགས་མཛོད་ཅེས་རེ་བ་ཞུ་བ་ཡིན།
བཀའ་ཁྲི་འོས་མི་གཉིས་པོ་བྱུང་བ་དགའ་སྤྲོ་ཆེ། འོན་ཀྱང་བཀྲས་མཐོང་ལགས་དེ་སྔ་ལས་ཀ་མང་པོ་བྱས་ཟིན་པས་དམིགས་བསལ་གྱི་ལས་ཀ་འདི་འདྲ་བྱེད་ནས་བོད་མི་མང་ལ་ལེགས་སྐྱེས་འབུལ་ཐུབ་པའི་སེམས་ཤུགས་ཡོད་སྣང་མི་ཤར། ཁོང་གི་སྐད་ཆ་ཞིག་༸གོང་ས་མཆོག་གསེར་་གྱི་རྟགས་མ་བཞེས་སྐབས་གློག་བརྙན་ལས་མཐོང་བྱུང་བས་སེམས་ཤུགས་རྦད་དེ་ཆགས་ཟིན་པའི་སྣང་བ་འཁོར་བྱུང་།
སྤྱི་མཐུས་དེ་དག་ཞིབ་ཕྲ་མི་ཤེས་ཀྱང་ཡག་པོ་ཡོད་པའི་བཟོ་འདྲ་བོ་འདུག
གཙོ་བོ་ཉེ་སྔོན་གྲོས་ཚོགས་མཇུག་བསྡུ་མ་ཐུབ་པའི་སྐབས་ཀྱི་ངར་ཤུགས་ཀྱིས་བཤད་མཁན་དེ་དག་ད་ཐེངས་གཅིག་ཀྱང་ཡར་ལ་གཏོང་རྒྱུ་མེད། དེ་ཚོ་གད་བདར་ཡག་པོ་ཞིག་བྱེད་དགོས། ང་ཚོ་མི་མང་རྣམས་ཁོང་ཚོའི་རྒྱབ་ཏུ་མེད་པར་ཤེས་སུ་འཇུག་དགོས། དེས་རྗེས་མར་གྲོས་ཚོགས་ནང་དུ་རྩོད་རྙོག་དེ་འདྲ་བ་མི་ཡོང་བའི་སྔོན་འགོག་བྱེད་ཐུབ། ཁོང་ཚོ་ལ་རྒྱུན་དུ་གཟབ་གཟབ་མ་བྱས་ན་རྐུབ་སྟེགས་ཤོར་འོང་སྙམ་པའི་རྔམ་སྐྲག་ཡོད་པར་བཟོ་དགོས།
དེ་ལས་ལྡོག་སྟེ་ང་ཚོ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་བྱས་ནས་དེ་དག་གི་རྒྱབ་སྐྱོར་བྱས་ན་ཁོང་ཚོས་མི་མང་རྒྱབ་ཏུ་ཁུར་ནས་སྔར་ལས་ལྷག་པའི་རྙོག་དྲ་སློང་ཉེན་ཡོད། དེ་རིང་དེ་ཙམ་ཡིན།
བཀའ་ཁྲིའི་འོས་གཞི་གཉིས་ལ་ད་ཆར་གང་ཡང་ཞུ་རྒྱུ་མེད། སྤྱི་འཐུས་འོས་མི་ནང་རང་མིང་ཆེ་བསྟོད་མཁན་དང་། རང་ཉིད་ཁྱབ་སྒྲག་མཁན་འགའ་ཤས་སླེབས་འདུག་པས། ད་དུང་དབྱེ་ཞིབ་གནང་གལ་ཆེ།
བཀའ་ཁྲི་འོས་མི་འགྲིག་འདུག་་་་་་་་་་སྤྱི་འཐུས་འོས་མི་དེ་རྩ་བ་ནས་འགྲིག་མི་འདུག། དཔེ་ན་ཆོས་སྐྱོངས་དབང་ཕྱུག་ལྟ་བུའི་ག་རེ་བྱེད་དགོས་རེད། གསེར་རྟ་ཚུལ་ཁྲིམས་དང་འབའ་བ་སྐལ་བཟང་རྒྱལ་མཚན་གཉིས་ཡག་པོ་འདུག།
ངས་བསམ་ན་རྒྱ་རི་རིན་པོ་ཆེ་བཀའ་ཁྲིར་ཕེབས་ན་སྙམ་ཡོད།
སྤྱི་འཐུས་འོས་མི་དེ་ཚོ་མཐོང་ཡོང་དུས་ད་དུང་བོད་མི་ལས་ངན་འདི་ཚོ་རྨོང་གཉིད་ལས་སད་མེད་པ་འདྲ།།
གཉིས་ཐོན་པ་ཡག་པོ་བྱུང་འདུག་སྙམ་ཡང་། གསུམ་པ་རྒྱ་རི་རིན་པོ་ཆེ་བཀའ་ཁྲིའི་འོས་མིར་མེད་པ་དང་། དེའི་ཚབ་ལ་གཟབ་གདོང་རིན་པོ་ཆེ་འཁོད་ས་མེད་པ་སོགས་དེང་དུས་བོད་ཀྱི་ཐོན་མི་དང་བློན་པོ་མགར་ལྟ་བུའི་ཉམས་མྱོང་ཅན་གཉིས་བེད་མེད་དུ་སོང་ན་བློ་འགྱོད་ཀྱི་གནས་སུ་འགྱུར་ངེས་པས་བོད་རྒྱ་ཆེ་མི་མང་འོས་འཕེན་སྤྱི་ཡོངས་ནས་དགོངས་བཞེད་གནང་དགོས་ངེས་རེད། འདི་ནི་བོད་རིགས་གཅིག་གི་བསམ་འཆར་དང་རེ་བ་ཙམ་མོ།
བཀའ་ཁྲིའི་འོས་མི་ལ་མི་འདི་འདྲ་སླེབས་ཐུབ་པ་
བོད་མི་རིགས་ཀྱི་གཟི་བརྗེད་ཡིན། ང་ཚོའི་མདོ་དབུས་ཁམས་གསུམ་ཞེས་རིས་སུ་བཅད་པ་ནི་ལོ་རྒྱུས་ཙམ་དང་མིང་ཙམ་ཡིན་། བོད་མི་རིགས་ཤིག་ཡིན་ཕྱིན་ཤ་དང་རུས་པ་གཅིག་དང་། ཕ་དང་མེས་པོ་གཅིག་ཡིན་པས་ཕྱོགས་རིས་དང་འཐེན་འཁྱེར་བྱེད་པ་ནི་མིང་རྒྱང་ཐུང་བ་དང་མདུན་སྐྱོད་ཀྱི་བསམ་བློ་མེད་པའི་རྟགས་ཡིན། དེས་ན་ད་ནས་བཟུང་ང་ཁྱོད་རིས་སུ་མི་གཅོད་པ་དུས་སྐབས་འདི་འདྲའི་སྐབས་མིང་རྒྱང་ཐུང་བའི་བསམ་བློ་མི་གཏོང་བ་མཛད་རོགས།
མཁས་དབང་བློ་བཟང་ཐུབ་བསྟན་ཁྱོད་ཀྱིས་ཅི་ཡང་ཤེས་མི་འདུག བྱས་རྗེས་ཡོད་མེད་ནས་བཤད་ན་བློ་བཟང་སེང་གེ་ལ་བསམ་བློ་ཞིག་ཐོངས་དང་། ཁོང་གིས་ཁྲིམས་ལུགས་ཀྱི་ཤེས་ཚད་ལག་ཁྱེར་དེ་འདྲ་ཚད་མཐོན་པོ་ཐོབ་མཁན་ཞིག་བོད་མིའི་ནང་ཕར་ཞོག འབྲུག་པ་དང་སོག་པོ་སོགས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་བྱུང་མ་མྱོང་བ་རེད། དེ་འདྲ་ཞིག་ལ་བྱས་རྗེས་མི་ཟེར་ན་གང་ལ་ཟེར།
རྒན་པ་ཚོས་རྒྱབ་རི་བྱས། གཞོན་པ་ཚོས་ཉམས་མྱོང་གསོག འདི་ལྟར་བྱས་ན་ཕུགས་ཐག་རིང་། རྒན་པ་ཚོས་གོ་ས་བཟུང་། གཞོན་པ་ཚོར་གོ་སྐབས་མེད། འདི་ལྟར་བྱས་ན་ཕུགས་ཐག་ཐུང་།
ཡ་དྲ་གྲོགས་རྣམས་པ་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མི་
གཉིས་དང་སྤྱི་འཐུས་འོས་མི་འགའ་བསྟོན་འདུག་པའི་ དང་པོ་བཀའ་ཁྲིའི་ཐོབ་མཁན་གཉིས་ཀྱིས་སྔར་བྱས་རྗེས་གང་ཞིག་འཇོག་ཡོད་
དམ ངས་འབོད་སྐུལ་ཞུ་རྒྱུ་ལ་སྤྱི་འཐུས་འོས་མི་སྔར་གྱི་སྤྱི་འཐུས་ལྟ་བུ་མ་གདམ་
གནང་རོགས་
ཁྲིམས་ལུགས་ལ་མཁས་པའི་ཆ་ནས་བློ་བཟང་སེང་གེ་བཟང་། ཉམས་མྱོང་ཡོད་པའི་ཆ་ནས་བཀའ་ཟུར་བཀྲིས་མཐོང་བཟང་། ཁོང་གཉིས་ཀར་རྒྱུས་མངའ་མེད་པས་འདི་ཞེས་བཤད་མ་ཤེས།
ངས་ཀྱང་འཇམ་དཔལ་རྣོན་པོས་བཤད་པ་དེ་ག་རང་བསམ་སོང་།
བཀའ་ཁྲིའི་འོས་མི་འགྲིག་གི་འདུག སྤྱི་འཐུས་ནང་འདྲ་མིན་མང་པོ་རེད།
ང་རང་ཉིད་ཀྱི་ངོས་ནས་བཀའ་ཁྲིའི་འོས་དམིགས་འདི་གཉིས་སླེབས་ཡོང་བ་དེ་ཡག་པོ་བྱུང་འདུག་བསམ།