མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིའི་འོས་མི་ ༢ དང་སྤྱི་འཐུས་ ༢༡ རྙེད་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་མི་ ༢ དང་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་མདོ་སྟོད་ནས་མི་ ༦ དང་མདོ་སྨད་ནས་མི་ ༥ ། དབུས་གཙང་ནས་མི་ ༡༠ བཅས་ཀྱི་མཚན་གཞུང་ཕྱིར་བསྒྲགས་གནང་ཡོད། 

དེ་རིང་ཉིན་རྒྱབ་ཆུ་ཚོད་གཉིས་པའི་སྟེང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ༢༠༡༡ ལོའི་བཙན་བྱོལ་བོད་ཀྱི་བཀའ་སྤྱིའི་འོས་མི་ཁག་ཅིག་གསལ་བསྒྲགས་གནང་སྐབས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། ཉེ་ཆར་ང་ཚོའི་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པ་བསྐོངས་འཚོགས་གྲུབ་ཟིན་པ་དང་། སྐབས་དེར་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆད་ནང་བཀའ་བློན་ཁྲི་པའི་འོས་མི་མི་གསུམ་དང་བོད་མི་མང་སྤྱི་འཐུས་ནང་ཆོལ་ཁ་རེ་ནས་མི་བཅོ་ལྔ་རེ་བཏོན་ཡོད།
སྐབས་དེར་ང་ཚོས་བཏོན་པའི་བཀའ་སྤྱིའི་འོས་མི་དེ་མཐའ་མའི་འོས་མི་ཆགས་གི་མེད་ཅེས་གསལ་བོ་བཟོས་ཡོད། གང་ཡིན་ཟེར་ན་བཀའ་སྤྱི་གང་ཡིན་རུང་ང་ཚོས་ཁོང་ཚོར་བཀའ་འཁྲོལ་ཞུ་དགོས་པ་དང་། ཁོང་ཚོའི་སར་ནས་བཀའ་འཁྲོལ་མ་ཐོབ་པར་མཐའ་མའི་འོས་མི་དེ་ཆགས་ཀྱི་མེད། དེར་བརྟེན་ད་ལྟའི་བར་དུ་ང་ཚོས་དུས་ཚོད་ཕུལ་ཏེ། དེ་རིང་དུས་ཚོད་ཟིན་པ་རེད་ལ་ང་ཚོས་བཀའ་སྤྱིའི་འོས་མིའི་ནང་དུ་སུ་སུ་བཞུགས་གི་ཡོད་མེད་མཐའ་མའི་འོས་མི་འབུལ་གྱིན་ཡོད། ཅེས་གསུངས།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་ ༢༠༡༡ ལོའི་བཀའ་བློན་ཁྲི་པའི་འོས་གཞིར་ཨ་རིའི་ཧ་ཝ་ཊི་གཙུག་ལག་སློབ་གྲྭའི་སློབ་དཔོན་མཁས་དབང་བློ་བཟང་སེང་གེ་ལགས་དང་། བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་འདེམས་ཐོན་བྱུང་བ་དང་། སྤྱི་འཐུས་ཁོངས་སུ་མདོ་སྟོད་ཆོལ་ཁོངས་ནས་སྤྱི་འཐུས་ལས་ཐོག་འབའ་པ་སྐལ་བཟང་རྒྱལ་མཚན་དང་བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། བོད་ཀྱི་དགུ་བཅུ་གསུམ་གྱི་ཚོགས་གཙོ་ངག་དབང་འོད་འབར། རྩོམ་པ་པོ་སེར་སྨད་བློ་དགའ་བཅས་མི་དྲུག་དང་། མདོ་སྨད་ཆོལ་ཁོངས་ནས་སྤྱི་འཐུས་ལས་ཐོག་ཚེ་རིང་གཡུ་སྒྲོན་དང་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན། གངས་ལྗོངས་ཕོ་ཉའི་དྲ་ཚིགས་འགན་འཛིན་རྨོག་རུ་བསྟན་པ། སྤྱི་འཐུས་ལས་ཐོག་ཀིརྟི་སྒྲོལ་དཀར་ལྷ་མོ་བཅས་འོས་མི་ལྔ། དེ་བཞིན་དབུས་གཙང་ཆོལ་ཁོངས་ནས་སྤྱི་འཐུས་ལས་ཐོག་ཀརྨ་ཡེ་ཤེས་དང་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད། དབུས་བུད་མེད་ཚོགས་ཟུར་བུ་མོ་ཚེ་རིང་། བལ་ཡུལ་སྤོག་ར་བསོད་ནམས་བཟང་པོ། ཆེད་ལས་ཉམ་ཞིབ་པ་འཇམ་དབྱངས་རྡོ་རྗེ། སྤྱི་འཐུས་ཚེ་བརྟན་ནོར་བུ། སྤྱི་འཐུས་ཡེ་ཤེས་ཐུན་ཚོགས། ཁྲིམས་རྩོད་པ་པ་སངས་ཚེ་དབང་། སྤྱི་འཐུས་ངག་དབང་ལྷ་མོ་བཅས་འོས་མི་ ༡༠ བཅས་ཁྱོན་སྤྱི་འཐུས་འོས་གཞིའི་ནང་མི་ ༢༡ ཡོད་འདུག

མང་གཙོ་ཚོགས་པའི་ཚོགས་གཙོས། ང་ཚོས་བཀའ་བློན་ཁྲི་པའི་འོས་གཞིའི་ནང་མཁས་དབང་བློ་བཟང་སེང་གེ་དང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། བཀའ་ཟུར་བཀྲ་ཤིས་དབང་འདུས་བཅས་མི་གསུམ་འོས་འདེམས་བྱུང་ནའང་། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་གིས་ཕྱག་ཡིག་འབྱོར་ཏེ། ང་རང་ལོ་ཡར་སླེབས་བསྡད་ཡོད་ལ་གཟུགས་པོས་ལྕོགས་གི་མི་འདུག སྤྱི་ཚོགས་ནང་ཕྱག་ལས་མང་བོ་ཞིག་གནང་ཚར་བ་ཡིན། ད་ལྟ་མི་གཞན་པར་གོ་སྐབས་འབུལ་དགོས་ཀྱི་འདུག་པས་ངའི་རྩིས་གཞི་དེར་དགོངས་པ་སྤྲོད་རོགས་ཞེས་མཐའ་མའི་ཐག་གཅོད་ཀྱི་ཕྱག་འཕྲིན་འབྱོར་བ་ལྟར། བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་དགོངས་པ་རང་བཞིན་གྱིས་འཁྲོལ་པ་རེད། ཅེས་དང་། མཁས་དབང་བློ་བཟང་སེང་གེ་དང་བཀའ་ཟུར་བཀྲས་མཐོང་རྣམ་གཉིས་ཀྱིས་ཁྱེད་ཚོས་ངེད་གཉིས་བཀའ་བློན་ཁྲི་པའི་འོས་གཞིར་བཏོན་པར་དགའ་བོ་བྱུང་། ཁྱེད་ཚོས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་གསུང་གི་ཡོད་སྟབས་དེ་ལ་སོ་སོའི་ངོས་ནས་དགག་བྱ་གང་ཡང་མེད་ཅེས་གསུངས་ཡོད། དེར་བརྟེན་ང་ཚོས་དེ་ངོས་ལེན་ཞུས་པར་བརྩི་འཇོག་གིས་མཐའ་མའི་ཐག་གཅོད་དུ་ཁོང་རྣམ་པ་གཉིས་བཀའ་ཁྲིའི་འོས་མིག་ཆགས་ཡོད་ཅེས་བསྒྲགས་གི་ཡོད་ཟེར།

མཇུག་མཐར་ཁོང་གིས་ཐེངས་འདིར་འོས་གཞིར་གཏན་འཁེལ་བྱུང་བའི་བཀའ་བློན་ཁྲི་པ་ཁྱབ་བསྒྲགས་བྱེད་ཕྱོགས་སྐོར་གསུངས་དོན། བཀའ་བློན་ཁྲི་པའི་འོས་གཞི་ཁྱབ་བསྒྲགས་དང་པོ་དེ་མགོ་བཙུགས་ཟིན་པ་དང་ཉེ་ཆར་བྱང་ཤར་ཁུལ་གྱི་གཞིས་ཆགས་ཁག་བདུན་ནང་ཕྱིན་ནས་ཁྱབ་བསྒྲགས་བྱས་ཡོད། དེ་བཞིན་ལྷོ་ཕྱོགས་ཁག་ཏུ་སང་ཉིན་ནས་ཐོན་འགྲོ་གི་ཡོད་ལ། བཀའ་ཁྲི་མཉམ་དུ་སྤྱི་འཐུས་ཀྱི་ཁྱབ་བསྒྲགས་ཀྱང་འགྲོ་གི་རེད། དེ་ལྟར་གོ་རིམ་དང་པོའི་ནང་དུ་ཚོགས་པའི་ངོས་ནས་ཁྱབ་བསྒྲགས་བྱ་རྒྱུ་དང་། གོ་རིམ་གཉིས་པའི་ནང་དུ་བཀའ་བློན་ཁྲི་པའི་འོས་གཞི་རྣམ་པ་གཉིས་གདན་ཞུས་ཀྱིས་མི་མང་ལ་གསུང་བཤད་གནང་རྒྱུ་བཅས་ཡིན། དེ་བཞིན་ཐེངས་འདིའི་བཀའ་སྤྱིའི་འོས་མི་ཚོ་ཡིག་ཆ་དང་དྲ་རྒྱ་བརྒྱུད་དེ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ལ། རྒྱ་གར་གྱི་གཞིས་ཆགས་ཁག་ནང་ཁྱབ་བསྒྲགས་བྱ་རྒྱུ་ཙམ་མ་ཟད། ཡུ་རོབ་ཁུལ་དུ་སོང་ནས་ཀྱང་ཁྱབ་བསྒྲགས་བྱ་རྒྱུ་ཡིན། ལས་གཞི་འདི་བསྒྲུབ་པའི་ཆེད་དུ་རྒྱ་གར་དང་ཡུ་རོབ་ནང་རྒྱན་ཤོག་བཙོང་སྟེ་དཔལ་འབྱོར་འཚོལ་བསྡུ་བྱེད་ཀྱིན་ཡོད་ཅིང་། དེ་ནི་ལས་གཞི་འདི་འགྲུབ་ཆེད་དཔལ་འབྱོར་གྱི་གཞི་རྩའི་མ་རྩ་འཚོལ་ཐབས་ཡིན་ལ། དེ་མིན་ས་གནས་འགར་ཞལ་འདེབས་ཀྱང་སློང་གི་ཡིན་ཞེས་གསུངས་ཡོད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 104

  1. ལྷ་ལུང་ says:
    ལོ་ 15 སྔོན།

    སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་རྣམ་ཐར་མདོར་བསྡུས་ཞིག་ངོ་སྤྲོད་གནང་རོགས་ཞུ

    Reply
  2. ལྷ་ལུང་ says:
    ལོ་ 15 སྔོན།

    སྐབས་རྗེས་མའི་བཀའ་བློན་ཁྲི་པ་ཀརྨ་ཆོས་འཕེལ་དང་བློ་བཟང་སྙན་གྲགས་
    གཉིས་གང་རུང་འོས་ཤོས་སུ་མཐོང་

    Reply
  3. ཁམས་སྟག་སྐྱེས། says:
    ལོ་ 15 སྔོན།

    ད་དུང་ངས་གཅིག་བཤད་ན། འཇམ་དཔལ་རྣོན་པོ་ཞེས་པས།
    མཁྱེན་བརྩེ་རིན་པོ་ཆེར་དག་སྣང་སྦྱང་བ་ཙམ་ལས།
    བོད་དང་རྒྱལ་སྤྱི་གནས་ཚུལ་ལ་རྒྱུས་ལོན་བྱས་མི་འདུག་ལ།
    གླན་ཞད་དང་ཞེན་ཁོག་གི་གཡའ་ཡང་དག་མི་འདུག
    ད་དུང་འདིར་ཚིག་ཤོ་ལོ་ཀ་གཅིག་གཡར་ན།
    ཕྱོགས་སུ་ལྷུང་བའི་ཟུར་མིག་མི་ལྟ་ཞིང་།།
    ཟོར་གྱིས་བཅོས་པའི་སྨིན་མ་མི་གཡོ་བར།།
    རང་བཞིན་གཤིས་ཀྱིས་འཛུམ་པའི་མེ་ཏོག་འདིས།།
    དཔྱོད་ལྡན་སྐྱེ་བོའི་ཡིད་དབང་ཅིས་མི་འཕྲོག།

    Reply
  4. ཁམས་སྟག་སྐྱེས། says:
    ལོ་ 15 སྔོན།

    དགའ་བ་སྒོམ་ཞེས་པར་་་་བ་་་་དང།
    མི་སྲིད་པའི་ངེས་པ་མེད་ཅེས་པར་་་པའི་་་་ཆད་འདུག་དགོངས་དག་ཁ་གསོ་རོགས་ཞུ།

    Reply
  5. ཁམས་སྟག་སྐྱེས། says:
    ལོ་ 15 སྔོན།

    ཨ་་་ཧོ། མཆན་མང་པོ་ཞེའ་དྲག་བཏབས་འདུག་ཕལ་ཆེར་ངའི་མཆན་བུ་རྗེས་མ་ཡིན་རྒྱུ་རེད།
    ཡིན་ནའང་ས་མིག་བཀོད་སྟངས་ཤིག་གིས་ངའི་མཆན་འདི་སྔུན་ལ་འཆར་རྒྱུ་རེད།
    དེས་དབང་གིས་ངས་དགའ་སྒོམ་བཞིན་བསམས་ཚུལ་གཉིས་འཆད་རྒྱུ་ཡིན།
    གཅིག བཀའ་བློན་ཁྲི་བར་ངེས་པར་དུ་དེ་སྔུན་ང་ཚོའི་སྤྱི་ཚོགས་ནང་བྱས་རྗེས་མེད་པའི་མི་ངར་སེམས་དང་ཤེས་ཡོན་ཅན་ཞིག་འདེམ་དགོས།
    གཞན་དུ་ན་ང་རྒྱལ་དང་རྗེེད་ལུགས་དབང་གིས་ང་ཚོ་མིག་ལམ་ནས་འབོར་མི་སྲིད་ངེས་པ་མེད།
    གཉིས་པ། སྤྱི་འཐུས་འོས་མི་ལ་ཆོར་ཁའི་དབྱེ་བ་མེད་ཀྱང་ཆོག
    གང་ལྟར་གྲོས་ཚོགས་ར་བར་སླེབས་ཕྱིན་གནད་དོན་གང་གི་ཐོག་ཡིན་ཡང་ཁ་གསལ་ཁོག་གསལ་གྱིས་བཤད་ཐུབ་མཁན་ཞིག་དགོས།
    གཞན་དུ་ན་ཡག་མདོགས་བཟང་མདོགས་ཀྱིས་ཅི་ཡང་མི་ཤོད་ནས་སྡོད་མཁན་དག་གིས་ང་ཚོའི་འགན་ཁུར་ཡོང་གི་མ་རེད།

    Reply
  6. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་ཀྱིས་བཀའ་ཁྲི་དང་སྤྱི་མཐུས་འོས་གཞིའི་ཐད་བགྲོང་གླེང་ཤུགས་ཆཻར་བྱས་པ་སྙིང་ནས་མོས་གུས་ཡོད།
    ཕྲན་གྱིས་ཀྱང་མང་གཙོ་ཚོགས་པའི་གསལ་བསྒྲགས་དེ་མཐོང་མ་ཐག་དགའ་སྐྱོ་འདྲེས་མའི་ཚོར་འདུ་ཞིག་གིས་སྣེ་དྲངས་པའི་ཟིན་བྲིས་ཤིག་སྤེལ་ཡོད།
    ཚོགས་པ་འདིས་ཉེ་ས་མ་གཏོགས་རིང་ས་མཐོང་མི་ཐུབ་པ་འདུག་པས་དེའི་སྐོར་ཕྲན་གྱི་རྨོངས་འཆར་དེར་དྲ་གྲོགས་རྣམས་ཀྱིས་བདེན་མིན་དཔྱོད་རོགས།

    Reply
  7. ཕྱོགས་གླང། says:
    ལོ་ 15 སྔོན།

    དྲ་གྲོགས་ཆུ་ཤུར་མིག་དམར་ལགས་ཀྱིས་ ༼ ཆོལ་ཁའི་མིང་ཁ་ཡི་ཟུར་ཙམ་དུ་འཁྱེར་མ་ཡོང་ན་ཡག་པོ་འདུག། Ok ༽ གསུངས་པ་དེར་མོས་མཐུན་ཡོད། སྟབས་ལེགས་པ་ཞིག་ལ་དེང་སང་གཞིས་བྱེས་གཉིས་ཀའི་གཞོན་སྐྱེས་མང་ཆེ་བས་ལུང་ཚན་དང་། ཆོས་ལུགས་ཕྱོགས་རིས་ཀྱི་སྐད་ཆ་ཤོད་མཁན་རིགས་ལ་སྤྱི་སེམས་དང་། རྒྱལ་ཞེན་མེད་པའི་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་མི་བྱབ་ཆུང་བའི་གྲས་ལ་བརྩི་གི་ཡོད་ཚོད་འདུག། དེ་ནི་བོད་རིགས་སྐྱིད་སྡུག་མཉམ་མྱོང་གི་ལྟ་སྤྱོད་འཛིན་མཁན་ཚོར་རྒྱལ་ཁ་ཆེན་པོ་ཞིག་རེད།

    Reply
  8. འཇམ་དཔལ་རྣོན་པོ། says:
    ལོ་ 15 སྔོན།

    གངས་བུ་ལྷག་བསམ་ཅན་ལགས། ༸སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་༸འཇམ་དབྱངས་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་ལ་བཀའ་ཁྲིའི་མཚན་ཉིད་ཚང་གི་རེད། བཙན་བྱོན་བོད་གཞུང་ཆུང་ཆུང་འདི་མི་དགོས་སྟོབས་ཆེན་ཨ་རིའི་རྒྱལ་ཁབས་འདྲ་ཞིག་གི་སྲིད་འཛིན་བྱས་ཀྱང་ཆོག་གི་རེད། ཡིན་ན་ཡང་ཁོང་ལྟ་བུའི་བླ་མ་ཆེན་པོ་དེ་འདྲ་ཞིག་དང་བླ་མ་ཚད་ལྡན་ཞིག་ཆབ་སྲིད་ཀྱི་རྩོད་རྙོག་ནང་དུ་དུས་ནམ་ཡང་ཞུགས་ཀི་མ་རེད་ལ། ཞུགས་ན་ཕན་ཐོགས་གང་ཡོད་མ་རེད།

    Reply
  9. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ༧སྐྱབས་རྗེ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་བཀའ་བློན་ཁྲི་པ་གནང་ན་ག་འདྲ་འདུག།

    Reply
  10. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    དྲང་བདེན་གྱིས་བསམ་ཚུལ་ལ་ངེས་པར་དུ་བསམ་གཞིག་བྱས་ན་ལེགས་སམ།
    བློ་བཟང་སེང་གེ་ཁྲིམས་སོགས་ལ་མཁས་པ་ཞིག་ཡིན་པ་ནི་ཡིད་ཆེས་བྱེད་ཆོག་མོད་མཉམ་མྱོང་ཏི་འབྲུ་ཙམ་ཡང་མེད་པས་བཀའ་ཁྲིའི་འོས་འགན་ལྕི་མོ་དེ་མི་གསར་པ་ཞིག་གི་ལག་ཏུ་སླེབས་ན་བཀྲ་ཤིས་པ་ཞིག་ཡོང་མིན་རྟག་དགོས།
    གཞུང་གི་ལས་ཀ་དང་ཚོགས་པ་ཁག་གི་ལས་ཀ་ཆེན་རིགས་གང་་བྱས་མ་མྱོང་མཁན་མི་གསར་པ་ཞིག་རེད་།
    འཛམ་གླིང་ཁྱོན་ཡོངས་ལ་གཞུང་དང་ཚོགས་པ་གང་རུང་ཞིག་གི་ལས་ཀ་སྣ་རེ་བྱས་མ་མྱོང་ཞིག་བ་་ཞིག་སྲིད་བློན་དང་སྲིད་འཛིན་བྱས་པའི་ལོ་སྒྱུས་མེད།་
    བོད་པའི་གནས་སྟངས་ཛ་དྲག་གི་རྟ་རྒོད་དེ་མི་གསར་པ་ཞིག་གིས་བཞོན་ན་ས་ལ་ལྷུང་ངེས་པས་བསམ་གཞིག་བྱེད་དགོས་གལ་

    Reply
  11. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    གྲོགས་པོ་ལགས་ངས་དོགས་འཆར་འདི་དག་ཆོལ་ཁའི་གཏམ་ཞིག་མིན་དྲི་བ་དེ་དག་གི་ལན་ངེས་པར་དུ་
    དམངས་གཙོ་ཚོགས་པ་ནས་མི་དམངས་ཁྲོད་དུ་གསལ་བཤད་དགོས།་གྲོགས་པོ་ཁྱེད་རང་གི་ལན་རྒྱག་ན་ཤིན་ཏུ་ལེགས་སོ་དང་བསྔགས་བརྗོད་ཡོད།

    Reply
  12. ལྡན་མ་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    བོད་རྒྱ་ཡོངས་དམངས་གཙོ་ཚོགས་པས་་་་་སྤྱི་མཐུས་འོས་མི་དེ་ཚོ་ཁ་ཤས་ནི་ཁེ་མཚར་བོ་ཞི་དྲག་འདེམ་ཐུན་བྱུང་འདུག་་་་་གལ་སྟེ་དངོས་གཞིའི་སྐབས་སུ་འདི་ཚོ་ཚང་མ་འདེམ་ཐུན་བྱུང་ན་བཙན་པོའི་རྡོ་རིང་ལོག་རྒྱུ་རེད།

    Reply
  13. བྲ་རྡོར says:
    ལོ་ 15 སྔོན།

    རྨོག་རུ་བསྟན་པ་ནི་རྡོ་ཡིན་ཟེར་བ་ཡིན་ན་མི་ཆོག་གྱི་མེད།རྡོ་ཡིན་ནའང་འདྲ་གལ་སྲིད་ལྕག་ཡིན་ཅིང་།ཁོ་ལྟ་བུ་མི་མང་སྤྱིའི་འཐུས་མི་འོས་ཐེག་ཆོད་རེད།གང་ཡིན་ཟེར་ན།ཆོས་ལུགས་སྤྱི་མཐུས་ནི་བྱེད་ས་མེད།མདོ་སྨད་སྤྱི་འཐུས་ལ་རེ་བ་མེད།མདོ་སྨད་ནང་ཤེས་ཡོན་པ་མང་ཟེར་བ་དེ་བདེན་པ་ཡིན་ན་མི་འདི་ལྟ་བུ་སྐོས་དོན་མེད།ཡང་གཅིག་བཤད་ན་མི་རྫོགས་སོང་བ་ཡིན་ན་མ་བསྐོས་རང་སྐོས་རེད།ཁོ་རང་ལ་རེ་བ་ཡོད་པ་འདྲ།ཧཧཧཧཧཧཧགླེན་པ་རང་རེད།བོད་མི་མང་གི་ངོ་འཚབ་ཁྱོད་ལྟ་བུ་ཞིག་མི་འོས་པ་རང་གི་ཡང་ཤེས་དགོས་པ་ཞིག་རེད།དེ་ཤེས་མེད་ན་ངོ་མ་གླེན་པ་ཟེར་བ་རེད།

    Reply
  14. མདུང་རྩེ། says:
    ལོ་ 15 སྔོན།

    དྲ་གྲོགས་རྨོག་རུ་བསྟན་པ་ལགས། ཁྱེད་རང་ལ་ངའི་ངོས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་གཉིས་ཕན་ཚུན་མཐོང་མྱོང་མེད་ཀྱང་། ངས་ཁྱེད་རང་མང་པོ་ཞེ་དྲག་གོ་མྱོང་ཡོད། དེར་བརྟེན་ཀླུ་འབུམ་མི་རྒོད་ད་ཆ་དྷ་སའི་བྱ་བྲལ་ཆགས་ཡོད་སྐད་འདུག དེའི་སྐོར་གླེང་ནས་དགོས་དམིགས་གང་ཡང་མེད་པར་མཐོང་།
    ད་ལྟ་ཁ་ཚ་དགོས་གཏུགས་ཀྱི་གནད་འགག་ནི་ང་ཚོར་སྤྱི་མཐུས་དང་། བཀའ་ཁྲི་ཚད་ལྡན་ཞིག་རག་དགོས་ཀྱི་འདུག དེར་བརྟེན་ཉིད་ཀྱིས་གཟིགས་ཕྱོགས་ལྟར་ན་བཀའ་ཁྲི་དང་སྤྱི་མཐུས་སུ་འོས་པའི་ཁྱད་ཆོས་གང་དགོས་ཤིག་གསུངས་དང་། ང་ཚོས་འཚོལ་ཞིབ་བྱེད་ཁོ་ཐག་ཡིན། དོན་མེད་ཀྱི་སྐད་ཆ་མང་པོ་བཤད་འདོད་མེད་།

    Reply
  15. མཐུ་སྟོབས། says:
    ལོ་ 15 སྔོན།

    མཁས་དབང་ཟམ་གདོང་རིན་པོ་ཆེ་བསྐྱར་དུ་བཀའ་ཁྲིར་འོས་འདེམས་གནང་བ་ཡིན་ན། འདིར་མ་འགྲིག་པ་རིགས་འདུག་གམ། ཁོང་གིས་བཀའ་ཁྲིའི་དུས་ཡུན་ལོ་བཅུ་གནང་དང་གནང་བའི་རིང་། བཙན་བྱོལ་སྤྱི་ཚོགས་ནང་ཡར་རྒྱས་གོང་འཕེལ་མ་གཏོགས་གཞུང་དངུལ་སྒེར་ཟས་དང་། དྲང་བདེན་མ་གནང་བ་རིགས་གོ་རྒྱུ་ཅི་ཡང་མེད། བཙན་བྱོལ་སྤྱི་ཚོགས་ཁྲོད་ཁོང་ལྟ་བུར་བསམ་རྒྱ་ཆེ་བ་དང་། བོད་དོན་བདེན་མཐའ་སེལ་བའི་དོན་དུ་ཁ་བཞེས་གཉིས་མེད་ཐོག་ནས་འབད་རྩོལ་བྱས་པ་ནི་ང་ཚོ་ཚང་མས་མཁྱེན་གསལ་རེད། མདོར་བསྡུས་ན། ཁོང་ནི་ཀུན་མདུན་གྱི་བཀའ་དང་དགོངས་གཞི་གསལ་པོ་ཤེས་མཁན་ཞིག་རེད། ད་ལྟ་ཕྱི་དྲག་མེད་སྟབས། ཨ་རོགས་ཚོ། འདིའི་ཐད་བསམ་བློ་གཉིས་པ་ཞིག་གཏོང་དགོས་པར་མཐོང༌།

    Reply
  16. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    དྲ་གྲོགས་མདུང་རྩེ་དང་དྲ་རྡོར་སོགས་ལ་བཀྲིས་བདེ་ལེགས་ཞུ་བ་དང་ཆབས་ཅིག

    གྲྭ་བའི་མགུར་ཞིག་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན།
    ཀླུ་འབུམ་མི་རྒོད་མི་ཡིན།།
    སེམས་པ་ལྕགས་ཀྱི་སྲ་ཡིན།།
    ལྕགས་ལ་སེར་ག་ཤོར་ན།།
    སྐྱེ་བ་སྔོན་གྱི་ལས་ཡིན།

    Reply
  17. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    མི་ཉག་བཙན་པོས་ཆོལ་ཁའི་མིང་ཁ་ཡི་ཟུར་ཙམ་དུ་ཡང་འཁྱེར་མ་ཡོང་ན་ཡག་པོ་འདུག ok

    Reply
  18. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    བཀའ་ཟུར་བཀྲས་བཐོང་གི་རྣམ་ཐར་ལ་གཟིགས་

    Reply
  19. མི་ཉག་བཙན་པོ། says:
    ལོ་ 15 སྔོན།

    གུས་པས་དོགས་འཆར་འགའ་མཁྱེན་ལྡན་དག་ལ་ཟུར་འདོན་ཁ་གསལ་གྱི་ཚུལ་དུ་ཕུལ་བ་ཡིན་པས་ཕྱོགས་ལྷུང་མེད་པར་དྲི་ལན་རེ་ཡོད་ན་དགའ་བསུ་ཞུ་རྒྱུ་ཡིེན།
    གམངས་གཙོ་ཚོགས་པས་བཀའ་ཁྲིའི་འོད་མི་ནང་་སྟོན་པ་ནི་
    དྲང་བདེན་ཞིག་ཡིན་ནམ་།་་ཁོང་གི་འདས་ཟིན་པའི་ལོ་སྒྱུས་ལ་ཕྱི་བལྟ་ཞིག་བྱས་ན་ཁོང་གིས་གཞུང་དངུལ་རྒེར་ཟས་བྱས་པའི་སྐྱུག་བྲོ་བའི་གནས་ཚུལ་གཞི་བྱུང་ཡོད་པ་་མ་ཡིན་ནམ་།་མ་ཚད་སྐབས་དེར་བཀའ་ཁྲིའི་་ལས་དུས་མ་རྫོགས་པར་དགོངས་པ་ཞུ་དགོས་བྱུང་བ་མ་ཡིན་་ནམ་།་སྐབས་དེར་རྙོགས་འཛིང་་གི་རྐྱེན་པས་་རྒེར་དོན་དང་གཞུང་དོན་བརྗེ་ནས་་ནང་མི་བཅས་ཨ་རི་ལ་ཕྱིན་པ་མ་ཡིན་ནམ་།
    ཁྲིམས་ཀྱིས་ཉེས་་པ་་ཚབ་ཆེན་ཕོགས་མྱོང་བའི་མི་གཞི་་བཀའ་ཁྲིའི་འོས་མི་ལ་གདམས་པ་དེ་ཁྲིམས་དང་མཐུན་ནམ།་
    སྐབས་དེར་བཀའ་ཁྲི་མ་འཇོན་པར་ཡང་སྐྱར་བཀའ་་ཁྲིའི་འོས་མི་ལ་སྟོན་པ་ནི་འུ་ཐུག་པ་མ་ཡིན་ནམ་།་
    བཀའ་ཁྲིའི་འོས་མི་ལ་ངེས་པར་དུ་་དབུས་གཙང་ཆོལ་ཁའི་མི་གཞི་གདམས་དགོས་པ་ཡིན་ནམ།་
    གལ་ཏེ་གདསམ་དགོས་པའི་དབང་དུ་་བཏང་ན་ཡང་མི་འདི་འདྲ་གཞི་མ་ཏོགས་མེད་པ་ཡིན་ནམ།་

    Reply
  20. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    བཀའ་བློ་འམ་སྤྱི་འཐུས་གང་ལྟརགྲོགས་མགར་རྟོགས་སད་ཀྱིས་གསུངས་པ་ལྟར་དགོས་པ་ཡིན་་་་

    Reply
  21. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་དབུས་སྤྱི་ཁྱབ་ཡིག་ཚང་གི་ཚོགས་གཙོ་མཆོག་ལ་

    དེ་མཆོག་ནས་བཀའ་བློན་ཁྲི་པའི་འོས་མི་ཡག་པོ་འདེམས་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    འོན་ཀྱང་སྤྱི་མཐུས་འོས་མི་འདེམས་ཕྱོགས་ཐད་ཐུགས་བསམ་ཡག་པོ་བཞེད་དགོས་ཀྱི་འདུག
    མ་ཟད་ད་ལྟའི་སྤྱི་མཐུས་ལས་ཐོག་པའི་ནང་ནས་བསླར་ཡང་༢༠༡༡་ལོའི་སྤྱི་མཐུས་འོས་མིའི་ཁོངས་སུ་མི་འདེམས་ན་ཡག་པོ་འདུག

    གང་ཡིན་ཞེས་ན་ད་ལྟའི་སྤྱི་མཐུས་ལས་ཐོག་པ་རྣམས་ངེད་བོད་མི་དམངས་ཀྱི་མཐུས་མི་བྱེད་པའི་འོས་འབབ་མི་འདུག་མཉམ།

    Reply
  22. རྣམ་རྟོག་སད says:
    ལོ་ 15 སྔོན།

    མགར་རྟོགས་སད་གྱི་གསུངས་པ་དེ་དངོས་གནས་རེད།

    Reply
  23. མགར་རྟོགས་སད says:
    ལོ་ 15 སྔོན།

    བཀའ་བློན་ཁྲི་བ་ལ་འཛོམས་དགོས་པའི་ཆ་རྐྱེན་གཙོ་བོ།
    དང་པོ ། ལྷག་བསམ་ཅན། གཉིས་པ། རང་ཚུགས་ཟིན་པ། གསུམ་པ ། གཞུང་གི་རྒྱུ་དངོས་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་བ། བཞི་བ། ཁ་གཏད་ལ་ཐབས་བརྒྱ་ཇུས་སྟོང་གི་ཆབ་སྲིད་གྱི་ངོ་བོའི་ཐོག་ནས་གདོང་ལེན་བྱེད་ཐུབ་པ།

    Reply
  24. འཁྲུངས་སྐར། says:
    ལོ་ 15 སྔོན།

    ང་ཡི་བསམ་ཚུལ་ལ་བོད་གྱི་སྲིད་འཛིན་ནི་བློ་བཟང་སེངྒེ་ལགས་ཡག་ས་འདུག
    བཀའ་བློན་དགོས་ན་ནི་གྲྭ་ཟུར་ཞིག་ཡོད་ན་འགྲིག
    ཧེ་ཧེ་།

    Reply
  25. ཁ་བའི་མེ་ཏོག། says:
    ལོ་ 15 སྔོན།

    ༆།། གཞུང་ལམ་གཅིག་ཏུ་བསྐྱོད་བཞིན་པའི་རང་བཙན་འཐབ་རྩོད་པ་དང་བློ་སེམས་མཐུན་པའི་དྲ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་དམིགས་གསར་ཞུ་འདོད་བྱུང་བ་ཁག་ཅིག་ལྷག་བསམ་རྣམ་དག་ཐོག་ནས་བཤོད་འདོད་བྱུང་། ཕྲན་སྒེར་གྱི་རྣམ་སྤྱོད་ཐོག་ནས་མཐོང་ཚུལ་ནི་བཀའ་ཟུར་བཀྲས་མཐོང་ཆོགས་ལ་བོད་སྤྱིར་པའི་རྩ་དོན་ཆེད་དུ་བྱ་བཞག་བསྒྲུབ་རྒྱུ་སེམས་ཤུག་དང་གཏོང་ཕོད་ཀྱི་ལྟར་བ་གང་ཡང་མེད་པས་རྣམ་འགྱུར་ཞིག་མཐོང་སོང་། འདིར་ཐོག་དགོངས་ཆ་ཡོད་པ་ཞུ།

    Reply
  26. བྲ་རྡོར says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པ་ལགས།ཧཧཧཧཧཧཧཧཧཧཧཧ་བོད་མི་རྫོགས་སོང་བ་ཡིན་ནམ།རྨོག་རུ་དང་བློ་དགའ་འདི་གཉིས་ལྟ་བུ་ཧཧཧཧཧཧཧ་ངོ་ཚ།

    Reply
  27. མགར་རྟོགས་སད says:
    ལོ་ 15 སྔོན།

    བཀའ་བློ་ཁྲི་སུས་ཤིག་ཐོབ་ཀྱང་རུང་། གཞུང་རྒྱུ་ལྐོག་ལེན་ཅན་ཞིག་མ་ཐོབ་སྨོན།
    གཞུང་དངུལ་སྒེར་སྤྱོད་ཅན་ཞིག་ཐོབ་པ་ན། གཞུང་དེ་དབུལ་བོ་གྱུར་བ་སྨྲ་ཅི་དགོས།

    Reply
  28. སྨར་ཁམས་བུ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཙན་འབྱོལ་བོད་གཞུང་གི་སྤྱི་འཐུས་འོས་མི་སྟོན་པ་དེ་དག་ལ་ངོ་ལེན་སྤུ་ཙམ་ཡང་བྱེད་ཐུབ་པ་མི་འདུག ཁྱེད་རྣམས་ཀྱི་འོས་མི་དེ་འདྲ་མི་ཐབ་སྡུག་ལས་མེད་པ་ག་ལ་སྲིད།

    Reply
  29. བེ་རི་རྒྱལ་པོ་ཟ་དགའ་ཉལ་སྐྱིད says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ལ་བོད་མི་མང་གི་ངོ་འཚབ་ཐུབ་པའི་སྤྱི་འཐུས་འདི་འདྲ་ལས་མ་རྙེད་ན་ཁྱེད་ཚོའི་རྙོག་དྲག་མ་བྱོད་རོགས་་་་་་་་་་་་་་་་་་་་་དཔེ་ན་རྨོག་རུ་དང་བློ་དགའ་ལྟར་བུ་་སྤྱི་འཐུས་རྙེད་མི་རྙེད་བྱོད་དགོས་ན་མདོ་སྟོད་སྨད་གཉིས་ལ་མི་རྫོགས་ནས་མེད་པ་འདྲ་་་་་་་་འདི་འདྲིའི་བོད་རྒྱལ་ཡོངས་མང་གཙོ་ཚོགས་པས་མི་འདི་འདྲ་རིགས་རྙེད་མི་རྙེད་བྱོད་དགོས་ན་བོད་མི་མང་གི་ངོ་འཚབ་སྤྱི་འཐུས་དེ་ཡོང་ནུས་པ་མེད་པ་མཐོངས་ཆག་འགྲོ་བ་ཞིག་མཐོང་གི་འདུག་་་་ཡོང་ན་ཁྱོད་ཚོའི་ཚོགས་པ་དེ་ཡོང་སྨྱོན་པ་འགྱུར་བ་་་ཨཨཨཨ་དེ་འདྲ་ཡིན་ནམ་་་་

    Reply
  30. གྲྭ་རྒོད says:
    ལོ་ 15 སྔོན།

    བོད་མི་མང་གི་ངོ་འཚབ་སྤྱི་འཐུས་ཟེར་བ་གལ་ཆེན་པོ་ཡིན་པས་བསམ་ཚུལ་ཞིག་བཤད་འདོད་བྱུང་།སྤྱི་འཐུས་ཟེར་བ་དེ་ལ་ཤེས་འཇོན་གཉིས་ལྡན་དང་སྤྱི་སེམས་ངང་དྲང་པོར་བྱེད་པ།ལྷག་བསམ་དང་ཕྱོགས་ཞེན་མེད་པ་འདི་དག་ངེས་པར་ཚང་དགོས།རྨོག་རུ་བསྟན་པ་ལྟ་བུ་དང་སེར་སྨད་ལོ་དགའ་གཉིས་ལ་འདི་དག་ཚང་གཏན་ནས་མེད་པའི་མི་མང་ནང་དགོངས་བཞེས་གནང་རོགས།འདི་གཉིས་ལྟ་བུ་མང་བས་རྐྱེན་གྱི་བོད་མི་རིགས་མདུན་སྤྱོད་བྱེད་མ་ཐུབ་པ་རེད་དེ་ཤེས་དགོས།མི་འདི་གཉིས་ལ་དོན་དེ་དག་གང་ཡང་ཚང་མེད་པས་འོས་གཞི་ལ་མ་འོས་པ་ཞིག་རེད།སྤྱི་དོན་ལས་རང་དོན་ཡང་བྱེད་མི་ཐུབ་པ་འདི་ལྟ་བུ་སྤྱི་འཐུས་འོས་གཞི་ནང་འགྲོ་དགོས་ན་བོད་མི་ཡོངས་རྫོགས་ཡོད་པས་མང་གྲགས་པའི་སྐྱོན་མེད་དམ།

    Reply
  31. མདུང་རྩེ། says:
    ལོ་ 15 སྔོན།

    རྨོག་རུ་བསྟན་པ་ལགས། སྐུ་མཁྱེན་གོ་སྐབས་མ་འཚོལ་ཁྱེད་རང་སྤྱི་མཐུན་ནང་འཚང་ཐབས་མ་བྱེད་རོགས།
    ཁྱེད་རང་དེ་སྔ་རྐང་རྗེས་ལག་བསུབས་བྱས་པའི་ཉམས་མྱོང་ལ་བསམས་ནས་་རེ་ཞིག་རྒན་ཡོལ་དུ་སྡོད་རོགས།

    Reply
  32. མདུང་རྩེ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་མཆོག་ལ་ཞུ་རྒྱུར།
    ད་ལམ་ཉིད་ཀྱིས་ཚོགས་པས་གསལ་བསྒྲགས་གནང་བའི་བཀའ་ཁྲིའི་འོས་མི་དང་སྤྱི་མཐུན་གྱི་འོས་མི་བདམས་པ་དེར་བསམ་འཆར་འགའ་འདོན་དགོས་བྱུང་སོང་བས་ཐོག་མར་དགོངས་ཞུ་བ་དང་ཆབས་ཅིག ཁྱེད་ཅག་གིས་མང་ཚོགས་ཁྲོད་དུ་འོས་མི་དེ་དག་གི་ཤེས་ཚད་དང་། ཉམས་མྱོང་། འཇོན་ཐང་། བྱས་རྗེས་སོགས་ཀྱི་སྒོ་ནས་འགྲེལ་བཤད་བྱེད་དགོས་པ་སྨོས་མེད་རེད། ཁྱེད་ཅག་གིས་བདམས་པའི་བཀའ་ཁྲིའི་འོས་མིའི་ནང་མི་གཉིས་ལས་མང་བ་མ་རྙེད་པའི་གནད་འགག་གང་ལ་ཐུག་སོང། དཔེར་ན། ཨ་རིའི་དོན་གཅོད་བློ་བཟང་སྙན་གྲགས་དང། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་སོགས་མང་པོ་ཞིག་ཁྱེད་ཅག་གི་མིག་གིས་མཐོང་མི་ཐུབ་པ་ཅི་ཞིག་གིས་བསྒྲིབས་པ་ཡིན་ནམ།

    སྤྱི་མཐུན་འོས་མི་བདམས་ཕྱོགས་ཐད་མཐའ་གཅིག་ཏུ་དྲང་པོ་བྱུང་མི་འདུག
    ཁྱེད་ཅག་སྤྱི་མཐུན་འོས་མི་བདམས་པའི་སྐབས་ཁྱད་ཆོས་གང་ལ་བལྟོས་ཏེ་བདམས་པ་ཡིན། དཔེར་ན། རྨོག་རུ་བསྟན་པ་ལྟ་བུའི་ལོ་རྒྱུས་ལ་ཉམས་ཞིབ་བྱེད་མྱོང་ཡོད་དམ། ཁོ་སྒོ་མང་གྲྭ་ཚང་གི་སྒྲིག་ཁོང་ནས་སུའི་ཆེད་དུ་ཐོན་པ་རེད། མ་ཟད་གནས་ཚུལ་ཆུང་ཚགས་ཞིག་ལ་ཁ་གཡར་ནས་ཕོ་ཉ་གསར་ཤོག་དང་། དཔྱིད་ཀ་དུས་དེབ་ཇི་ལྟར་སྒོ་བརྒྱབས་སོང་། ད་མི་དེའི་རིགས་ལ་སྤྱི་སེམས་ཞིག་གང་ནས་འོང་གི་རེད་སོམས་ཤིག།
    སེར་སྨད་བློ་དགའ་ལ་ལྟོས་དང་། ཁོས་སྤྱི་ཚོགས་ནང་འགན་ག་རེ་བསླངས་སོང།
    ཁོ་ལ་ཉམས་མྱོང་དང་ཤཻས་ཚད་ཅི་ཞིག་ཡོད་སྟོན་དང་། དེར་མ་ཟད་རྩོམ་པ་པོ་འདྲ་བོ་ཞིག་ལབ་འདུག ཁྱེད་རྣམས་ཀྱིས་རྩོམ་པ་པོ་ཟེར་ན་གང་འདྲ་ཞིག་ལ་ཟེར་གྱི་ཡོད། དངོས་གནས་གོང་དུ་དྲ་གྲོགས་ཤིག་གིས་གསུངས་འདུག་ སེར་སྨད་བློ་དགའ་མང་གཙོ་ཚོགས་པའི་ཚོགས་མི་ཡིན་པའི་ཆ་ནས་འོས་མིར་བདམས་པ་ལས་གཞན་པའི་གནས་ལུགས་མོ་གཤམ་བུའི་ཟླ་བོར་ཆས་སོང་བ་འདྲ།
    ཁྱེད་རྣམས་ཀྱིས་བོད་པའི་སྤྱི་ཚོགས་འདི་ཞབས་ནས་མ་འཐེན་རོགས་ཟེར་རྒྱུ་ཡིན།

    Reply
  33. རྨོག་རུ་བསྟན་པ། says:
    ལོ་ 15 སྔོན།

    ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་གཙོ་བྱས་པའི་ལས་བྱེད་ལྷན་རྒྱས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་བཏོན་པའི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་ཚང་མ་འགྲིག་ཡོད་མེད་ཀྱི་ཐད་ལ་བསམ་ཚུལ་གང་ཡང་མེད།
    གཤམ་དུ་རེ་ཟུང་གིས་འགྲིག་མེད་ཚུལ་གླེང་གིན་འདུག དེ་ཡང་འགྲིག་པ་རེད། དྲ་ངོས་ཀྱི་བགྲོ་གླེང་ཞིག་རེད། མང་གཙོ་ཡི་ཁྱད་ཆོས་ཤིག་རེད། མི་ཁ་ཤས་ཀྱི་སྣང་བར་མ་སོང་ན་མི་འགྲིག་པའི་ངེས་པ་ཡང་མེད་པ་རེད། དེ་ཡང་སྐྱེ་བོ་རེ་འགའ་བའི་ལྟ་ཚུལ་ཞིག་རེད།

    མདོར་བསྡུས་ན་ཁྱེད་ཚོས་སྤྱི་ཚོགས་ཀྱི་འགན་ཞིག་འཁུར་བ་རེད། ཚོགས་སྡེ་གཞན་པས་ཀྱང་ཁྱེད་ཚོ་ནང་བཞིན་འགན་འཁུར་གྱི་ལས་དོན་མང་པོ་ཞིག་བསྒྲུབ་ན་མི་མང་ལ་བསམ་གཞིགས་དང་བགྲོ་གླེང་བྱེད་པའི་གོ་སྐབས་མང་བ་རེག་གི་རེད།
    ཅི་ཙམ་གྱིས་བཤད་གླེང་མང་བ་ནི་དེ་ཙམ་གྱིས་སྤྱི་ཚོགས་ལ་ཚོར་བ་དང་། གནད་འགག་འཚོལ་ཐུབ་ཀྱིན་ཡོད་པའི་རྟགས་རེད།

    གོང་གི་བཀའ་ཁྲི་ཡི་འོས་གཞི་གཉིས་ཀྱི་སུ་ཐོབ་ཀྱང་ང་ལ་དེ་ཙམ་གྱིས་ཁྱད་པར་མེད།
    ང་རང་སྒེར་ངོས་ནས་གང་ཟག་དེ་ལ་དགའ་མི་དགའ་དང་ལྟ་ཚུལ་སྡུག་ཅག་ཡོད་པ་གནས་ཚུལ་གཞན་ཞིག་རེད། བོད་མི་རིགས་ཀྱི་མངོན་འདོད་བསྒྲུབ་ཐུབ་མཁན་དང་། ༸གོང་ས་སྐྱབས་མགོན་ཆེན་པོ༷ར་དཔུང་བསྐྱེད་རོགས་འདེགས་ཐུབ་མཁན་ཞིག་ཡིན་ན་འགྲིག་པ་རེད།

    རེ་ཟུང་ཞིག་གིས་ཨ་མདོ་དང་ཁམས་པའི་འོས་གཞི་ཉུང་བ་དང་། དབུས་གཙང་གི་འོས་གཞི་མང་བར་དོགས་པ་བྱེད་ཀྱིན་འདུག དེ་ཁྱེད་ཚོར་ནོར་འཁྲུལ་གང་ཡང་མེད། ཐོག་མར་ཆོལ་ཁ་རེ་ནས་མི་བཅོ་ལྔ་རེ་གདམ་པ་ཡོངས་གྲགས་རེད། དེ་རྗེས་ནི་རེ་ངོ་རེ་ལ་ལོ་རྒྱུས་ཁྱབ་བསྒྱྲགས་བྱས་ན་འགྲིག་མིན་གྱི་བཀའ་འཁྲོལ་ཞུས་པ་ཡང་གསལ་པོ་རེད།

    མདོར་བསྡུས་ན། ཧུར་བསྐྱེད་ཆེན་པོས་ཕྱག་ལས་གནང་བར་བཀའ་དྲིན་ཆེ།

    Reply
  34. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པས་སྐབས་བཅུ་བཞི་པའི་བཀའ་བློན་ཁྲི་པའི་འོས་མིར་ཆེད་མཁས་བློ་བཟང་སེང་གེ་ལགས་དང།་བཀའ་བློན་ཁྲི་ཟུར་བསྟན་འཛིན་རྣམ་རྒྱལ་གཉིན་བཏོན་གནང་བར་འོས་མིའི་ས་བོན་ཙམ་ལ་ང་རང་ཡང་འདོད་མོས་བྱུང་བས་རྒྱབ་སྐྱོར་ཡོད།

    ཆབ་སྲིད་བསམ་བློ་བ་དང་གཞུང་ཞབས་རྒན་གྲས་ཚོས་བརྗོད་བབ་གཅིག་མཐུན་ལ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལས་ལྷག་པ་ཅིག་ད་ལྟའི་བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཁྲི་གསར་པ་ཞིག་རྙེད་མི་སྲིད་པ་འདོད།
    ཁོང་གི་ཁྱད་ཆོས་ཁག་ཅིག་བརྗོད་མཁན་བྱུང་བ་འདི་ལྟར།

    ༡ན་ཚོད་རན་ལ་མི་རབས་གསར་པ་ཡིན་པ།
    ༢ནང་ཆོས་དང་བོད་ཀྱི་རིག་གཞུང་ཐོག་མཁྱེན་རྒྱ་ཡངས་ལ་གདེང་སྤོབས་ཆེ་བ།
    ༣བོད་ཧིན་དབྱིན་གསུམ་དང།་སུད་སི།ཇར་མན་སྐད་སོགས་སྐད་རིགས་སྣ་མང་ལ་བྱང་ཆ་ཆུབ་ཅིང།སྨྲ་བརྗོད་ཡངས་པ།
    ༤རྒྱལ་སྤྱིའི་གནས་སྟངས་ལ་ཐུགས་རྒྱུས་ཟབ་པ་དང་།ལོ་མང་སྐུ་ཚབ་གནང་བས་བོད་རྒྱ་གཉིས་ཀའི་ཐོག་མྱང་མྱོང་ལྡན་པ་མ་ཟད་།བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་ཀུན་ལ་དེ་བས་ཀྱང་མྱང་མྱོང་ཆེ་བ།
    ༥རྒྱ་མི་ངོས་ནས་ཏཱ་ལི་བླ་མའི་ཆབ་སྲིད་སློབ་སྟོན་པ་ཞེས་རྒྱལ་སྤྱིའི་ཐོག་གདེངས་འཇོག་དང་བརྩི་མཐོང་ཆེ་བ་བཅས་ཁྱད་ཆོས་ལྡན་པས་ཁོང་ནི་བཀའ་ཁྲིའི་འོས་མི་ལེགས་ཤོས་སུ་མཐོང་ཟེར།་་་་་་ཁོ་བོ་ཅག་ཀྱང་ལོ་མང་དཔྱད་ཞིབ་བརྒྱུད་ད་ལྟ་རང་སེམས་སུ་འཆར་བཞིན་པའི་བཀའ་ཁྲིའི་འོས་མི་ནི་ཁོང་ཉིད་ཡིན་པ་ལས་གཞན་སུ་ཡང་མེད།

    འོན་ཀྱང་ད་བར་རང་རེའི་སྤྱི་ཚོགས་ནང་ཁོང་བཀའ་ཁྲིར་འོས་མིར་འདོན་མཁན་མ་འབྱུང་བ་རྒྱུ་མཚན་གང་ཡིན་ནམ་སྙམ་སྟེ་བློ་དོགས་ཆེན་པོའི་ནང་གནས་ཡོད།
    འདི་ལ་གསལ་བྱེད་དང་གསེས་གྲོལ་བྱེད་མཁན་ལ་སྙིང་ནས་དགའ་བསུ་ཡོད།

    Reply
  35. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    རྒྱལ་ཡོངས་མང་གཙོ་ཚོགས་པ་ལགས། ད་ཡིན་ན་སྐུ་མཁྱེན། བཀའ་ཁྲིའི་འོས་གཞི་མ་རེད་ཟེར་བ་མི་འདུག་ཀྱང་། ཆོལ་ཁ་གསུམ་གྱི་སྤྱི་འཐུས་འོས་མིའི་ནང་ཁྲམ་པ་དང་མ་རབས། གཡོ་ཅན་སོགས་གང་སྡུག་སྡུག་མང་པོ་བཞག་འདུག་པས་འདི་ལྟར་ཕྱག་ལས་གནང་ན་ཚོགས་པའི་མཐོངས་ཆག་འགྲོ་གི་རེད།

    Reply
  36. གནམ་ལྕགས། says:
    ལོ་ 15 སྔོན།

    ད་སྐུ་མཁྱེན།་ཁྱོད་ཚོས་རང་ཤ་བཅད་ནས་ཁྱི་ལ་མ་འཕེན་རོགས།

    Reply
  37. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འགུལ་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  38. མི་ཆུང་། says:
    ལོ་ 15 སྔོན།

    ད་ཡིན་ན་མཆན་འབྲི་བ་པོ་འདི་ཚོ་ཡང་ཕལ་ཆེར་བཟི་ཡོད་པ་འདྲ། མཆན་མ་བྲིས་གོང་རྩོམ་ཡིག་དང་གནས་ཚུལ་རྣམས་ཞིབ་པར་ཀློག་དགོས། དེས་ནས་བསམ་བློ་བཏང་ནས་མཆན་རེ་བྲིས་ན་དགེ་ཚན་ཆེ།

    ཅོ་རི་ཟེར་བས། མཁས་དབང་རྟ་འུ་བློ་དཔལ་བཞག་མེད་པ་དེ་དྲང་བདེན་མ་རེད་ཟེར། ཁོང་བདམས་མི་བདམས་མི་དམངས་ཀྱི་དབང་ཚད་རེད་མ་གཏོགས། ཚོགས་པ་སུ་ཞིག་ལ་འང་འབྲེལ་བ་མེད། མི་དམངས་ཀྱི་བདམས་ན་སླེབས་ཀྱི་རེད།

    དེ་རེ་འགས་མདོ་སྟོད་སྨད་གཉིས་ལ་སྤྱི་འཐུས་ཉུང་ལས་མེད་པ་དེ་མདོ་སྟོད་སྨད་གཉིས་ལ་མི་མེད་པ་རེད་དམ། དེ་དྲང་བདེན་མ་རེད་ཟེར། གནས་ཚུལ་ནང་ཆོལ་ཁ་རེར་མི་བཅོ་ལྔ་ཡོད་ཅེས་བཤད་འདུག འོ་ན་དབུས་གཙང་ལའང་མི་བཅུ་ལས་མི་འདུག་ག་རེ་བྱས་པ་རེད་དམ། སྤྱི་འཐུས་འོས་མིར་བཞུགས་མ་བཞུགས་དེ་ཡང་སྒེར་སོ་སོའི་ཐོབ་ཐང་རེད་མ་གཏོགས། ཚོགས་པ་སུ་ལ་ཡང་ཐོབ་ཐང་མེད། དེར་བརྟེན་ཁོང་ཚོས་དང་ལེན་མ་བྱས་པས་ཆོལ་ཁ་གཞན་གཉིས་ལ་མི་ཉུང་ངུ་ལས་བྱུང་མེད།

    Reply
  39. ཕྱོགས་གླང། says:
    ལོ་ 15 སྔོན།

    ད་རེས་རྒྱལ་ཡོངས་མང་གཙོ་ཚོགས་པས་བཀའ་ཁྲི་དང་། སྤྱི་འཐུས་འོས་མི་བཏོན་ཡོད་པ་དང་། དེ་བཞིན་བཀའ་བློན་ཁྲི་པའི་དྲ་རྒྱ་སོགས་ལའང་བཏོན་འདུག། འོན་ཀྱང་ང་ཚོར་སྲིད་དོན་ཚོགས་པའི་ལམ་ལུགས་མེད་ཙང་བཙན་བྱོལ་གཞུང་གི་འོས་བསྡུའི་སྒྲིག་ཁྲིམས་ཐོག་ནས་འོས་མི་འོ་མ་སུ་དང་སུ་སླེབས་ཀྱི་ཡོད་མེད་ཀྱི་འགྲོ་སྟངས་ཤེས་ཀྱི་མེད། དགོངས་དག། གང་ལྟར་མ་འོངས་པའི་བཀའ་ཁྲི་དེ་མི་རབས་གསར་པ། བསམ་བློ་གསར་པ། དུས་རབས་གསར་པའི་ཤེས་ཡོན་ཚད་ལྡན་ཡོད་མཁན་ཞིག་སླེབས་པ་ཡིན་ན་ཡག་པོ་འདུག། གང་ལགས་ཟེར་ན་ད་ལྟ་༧རྒྱལ་བ་རིན་པོ་ང་ཚོའི་དབུ་འཁྲིད་དུ་ཡོད་སྐབས་འདིར་བལྟ་ཚོད་བལྟས་ཏེ་ཉམས་མྱོང་གསོག་རྒྱུ་དེ་ཧ་ཅང་གལ་གནད་ཆེ་བའི་དུས་ཚོད་ཅིག་རེད་བསམ་གྱི་འདུག། ཡང་བཀའ་ཁྲིའི་འོས་མི་རེ་ཟུང་ལ་འཛིན་སྐྱོང་གི་ཉམས་མྱོངས་དང་། ཆོས་ཕྱོགས་ཀྱི་ཤེས་ཡོན་ཡོད་མེད་སྐོར་སོགས་གསུངས་མཁན་གང་ཙམ་ཡོད་ཚོད་རེད། གོང་དུ་བཤད་པའི་ཆ་རྐྱེན་ཐོག་ཉམས་མྱོང་སོགས་ཆ་ཚང་ཡོད་མཁན་ཞིག་བྱུང་ན་དཔལ་དང་རྒྱན་རེད། འོན་ཀྱང་ད་ལྟ་ང་ཚོའི་སྤྱི་ཚོགས་ནང་དེ་འདྲའི་ཆ་རྐྱེན་ཆ་ཚང་ཡོད་མཁན་ཞིག་དཀོན་པོ་རེད། བྱས་ཙང་ཤེས་ཡོན་ཅན་གྱི་གཞོན་སྐྱེས་ཚོ་ང་ཚོའི་རྩ་དོན་སྒྲུབ་མཁན་གྱི་སོན་རྩའམ་མ་རྩ་ལྟ་བུ་ཡིན་སྐོར་༧གོང་ས་མཆོག་ནས་བཀའ་སློབ་རིམ་པ་སྩལ་བར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད། དོན་དངོས་ཐོག་དེ་རང་ཡིན་ཙང་ཤེས་ཡོན་ཅན་གྱི་གཞོན་སྐྱེས་ཚོར་ཉམས་མྱོང་གསོག་རྒྱུའི་གོ་སྐབས་བསྐྲུན་རྒྱུ་ཕྱིས་མ་དྲགས་ནའང་སྔ་སྐྱོན་ཨེ་ཡོད། འཛིན་སྐྱོང་ཐད་སྡེ་ཚན་སོ་སོའི་བཀའ་བློན་དང་། དྲུང་ཆེ་སོགས་འདེམས་སྒྲུག་བསྐོ་བཞག་བྱེད་རྒྱུ་ཡོད་ཙང་ང་ཚོའི་དགོན་པ་གྲ་ཚང་འགའ་རེའི་ལམ་ལུགས་ལྟར་མཚན་ཐོ་རྒན་གཞོན་གྱི་ཐོག་ནས་དགེ་བསྐོས་སོགས་ལས་སྣེ་བསྐོ་བཞག་བྱེད་སྲོལ་ལྟ་བུ་མ་ཡིན་པར་རབ་ལ་བྱུང་ན་སྡེ་ཚན་སོ་སོའི་ཆེད་ལས་པ་དང་། མ་མཐར་ཡང་ལས་དོན་འཕེར་ངེས་རྐྱང་རྐྱང་བསྐོ་བཞག་ཐུབ་ན་བཀའ་ཁྲིར་འཛིན་སྐྱོང་གི་ཉམས་མྱོང་མེད་ཀྱང་འཛིན་སྐྱོང་ལ་དཀའ་ངལ་འཕྲད་ཀྱི་རེད་བསམ་གྱི་མེད། རྒྱུ་མཚན་ནི་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་ཚོའི་འགྲོ་སྟངས་དེ་འདྲ་ཡིན་པ་འདྲ། སྲིད་འཛིན་དང་། སྲིད་བློན་ལ་ཁ་ཚ་དགོས་གཏུགས་ཀྱི་ཆ་རྐྱེན་ཡོད་པ་ཞིག་དགོས་པ་ལས་ཐམས་ཅད་མཁྱེན་པ་ལྟ་བུ་ཞིག་དགོས་ཀྱི་ཡོད་ཚོད་མི་འདུག།
    སྤྱི་འཐུས་འོས་མིའི་སྐོར། སྤྱིར་བཏང་ཡར་ཐོན་དམངས་གཙོའི་རྒྱལ་ཁབ་ཁག་ནང་ཆབ་སྲིད་ཚོགས་པའི་ལམ་ལུགས་ཐོག་ནས་གཞུང་གི་འཛིན་སྐྱོང་བྱེད་ཀྱི་ཡོད་ཙང་ཆབ་སྲིད་ཚོགས་པ་སོ་སོའི་སྲིད་བྱུས་ལ་བལྟས་ནས་འོས་ཤོག་འཕེན་པ་ལས་སྤྱི་འཐུས་བྱེ་བྲག་པའི་ཤེས་འཇོན་ལ་བལྟས་ནས་འོས་ཤོག་འཕེན་མཁན་ཞེ་དྲགས་ཉུང་ཉུང་ཡིན་ཚོད་རེད། འོན་ཀྱང་ད་ལྟ་ང་ཚོར་སྲིད་དོན་ཚོགས་པའི་ལམ་ལུགས་མེད་ཙང་སྤྱི་འཐུས་བྱེ་བྲག་པའི་ཤེས་ཡོན་ལ་བལྟས་ནས་འོས་ཤོག་འཕེན་དགོས་ཀྱི་ཡོད་པའི་གནས་སྟངས་དམིགས་བསལ་ཅན་ཞིག་ཆགས་འདུག། བྱས་ཙང་མང་ཚོགས་ནང་བསམ་ཚུལ་མང་པོ་ཡོད་པ་བཞིན་གྲོས་ཚོགས་ཡར་རྒྱས་ཡོང་ཆེད་སྤྱི་འཐུས་ཀྱི་ཡོང་ཁུངས་དང་། གྲོས་ཚོགས་ཀྱི་ལམ་ལུགས་བསྒྱུར་བཅོས་གནང་རྒྱུའི་སྐོར་དགོངས་བཞེད་གནང་ཐབས་ཡོད་ན་ཡག་པོ་འདུག། གལ་སྲིད་དངོས་ཡོད་གནས་ཚུལ་ཐོག་ནས་ཕྱག་ལེན་འཁེལ་ཐབས་མེད་ན་སྤྱི་འཐུས་ཚད་ལྡན་ཞིག་ཡོང་བར་འོས་མིའི་ཤེས་ཡོན་གནས་ཚད་མ་མཐར་དེང་དུས་ཀྱི་ཤེས་ཡོན་མཐོ་རིམ་སློབ་གྲ་ཐོན་པའི་ལག་འཁྱེར་དགོས་པའི་ཆ་རྐྱེནའཐོལ་པ་ཞིག་ཡོད་ན་ཕན་ཐོགས་མེད་དམ་སྙམ་གྱི་འདུག། རྒྱུ་མཚན་ནི། ང་ཚོ་དེང་དུས་ཀྱི་འཛམ་གླིང་ནང་གནས་ཡོད་ཙང་དེང་དུས་ཀྱི་ཤེས་ཡོན་མེད་ན་སྥྱི་སྒེར་གྱི་ལས་དོན་སྒྲུབ་རྒྱུ་དཀའ་ངལ་ཆེན་པོ་ཡིན་པ་དང་། ལྷག་པར་བཙན་བྱོལ་གྲོས་ཚོགས་ནང་དམངས་གཙོའི་ལམ་ལུགས་ལྟར་གནས་དོན་མང་པོ་སྤྱི་འཐུས་མང་མོས་ཐོག་ནས་ཐག་གཅོད་གནང་གི་ཡོད་ཙང་གལ་སྲིད་དེང་དུས་ཀྱི་ཤེས་ཡོན་ལྡན་པའི་སྤྱི་འཐུས་ཚད་ལྡན་མ་བྱུང་ན་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པ་འདས་པའི་བྱུང་རབས་ཐོག་ནས་ར་སྤྲོད་གསལ་པོ་བྱུང་ཡོད་པ་དཔེར་ན། དབྱིན་ཇིས་བོད་དེ་འཛམ་གླིང་ནང་སྒོ་མོ་ཕྱེ་རྒྱུའི་ཐབས་ཤེས་བྱེད་དུས་བསྟན་དགྲ་ཕྱི་གླིང་པ་ཞེས་ངོ་རྒོལ་བྱས་པ་དེ་ད་ཆ་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་ཕྱི་ནང་ཚང་མས་གཟིགས་ཀྱི་ཡོད་པ་ལྟར་རེད།
    །

    Reply
  40. དཔལྡན་རྡོ་རྗེ། says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པས་བཀའ་སྤྱི་འོས་མི་གསལ་བསྒྲགས་གནང་བ་དེ་ཡག་པོ་རེད་དེ། འོན་ཀྱང་སྔར་འདས་པའི་ལོ་རྒྱུས་སོགས་གཟིགས་ཞིབ་གནང་ན་ལེགས་ཆ་མཐོང་། ཆོལ་ཁ་གཉིས་ལ་སྤྱི་འཐུས་འོས་པའི་མི་གྲངས་དེ་རྩམ་ལས་མེད་སྲིད་དམ་སྙམ། དྲང་ལྡན་དང་ཕྱོགས་ལྷུང་མེད་པ་གནང་རོགས་ཞུ་རྒྱུ་དང་། མ་འོངས་པ་ཆོལ་ཁ་སུ་ཡིན་རུང་བོད་མི་རིགས་འམ་བོད་ཞེས་པ་ངོས་ཟིན་ངེས་ཞིག་ལ་བཀའ་སྤྱི་ཕེབས་ཐུབ་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ན་ཚ་མེད་པ་ཡོང་ཐུབ།

    Reply
  41. ལྷ་ལུང་ says:
    ལོ་ 15 སྔོན།

    མང་གཙོ་ཚོགས་པས་མདོ་སྟོད་སྨད་གཉིས་ནས་སྤྱི་མཐུས་མི་ལྔ་དང་དྲུག་མ་གཏོག་མ་རྙེད་པ་ག་རེ་ཡིན་ནམ་
    མདོ་སྟོད་སྨད་གཉིས་ལ་མི་རྫོགས་པ་རེད་ཡང་ན་ཤེས་ཡོན་ཅན་མེད་པ་རེད
    ཆོལ་ཁ་གསུམ་སྤྱི་མཐུས་ཐོབ་ཐང་འདྲ་མཉམ་མཡིན་ནམ

    Reply
  42. མགོ་རུལ། says:
    ལོ་ 15 སྔོན།

    ཉིན་འགའི་སྔོན་ནས་བོད་ནང་གི་མཆོད་མེ་དྲ་ཚིགས་སྒོ་ཕྱེ་ཐུབ་ཀི་མི་འདུག་པས། རྒྱ་རོ་ཚང་གིས་ཅིག་བྱས་པ་ཡིན་ས་རེད།

    Reply
  43. སྨྲ་བརྗོད་རང་དབང། says:
    ལོ་ 15 སྔོན།

     ཕྱི་ལོ་ཉིས་སྟོང་བཅུ་པའི་ལོ་འཇ༹མ་གླིང་ས་གོ་ལའི་སྟེང་གི་རང་བྱུང་ཁོར་ཡུག་ལ་ས་ཆུ་མེ་རླུང་གི་གནོད་འཆེ༹་ཆ༹བས་ཆེན་བྱུང་ཡོད་པར་བརྟེན།   ནུབ་ཕྱོགས་མི་རིགས་ཆ༹ན་རིག་དཔྱད་པ་པོ་ཆོ༹འི་གསུང་དོན་ལྟར་ན།
      
     ཕྱི་ལོ་ཉིས་སྟོང་བཅུ་གཉིས་སླེབས་ལ་ཉེ་བའི་དུས་འཇ༹མ་གླིང་ས་ཕྱོགས་གང་སར་རང་བྱུང་ཁོར་ཡུག་ལ་གོད་ཆག་ཡོང་ལུགས་གསུང་བ་དང་བསྒྲགས།   བོད་རིགས་སྤུན་ཟླ་ཆོ༹་ཁྱེད་རྣམ་པས་དགོངས་ཆུ༹ལ་ཇི་ཡོད་སྐོར་ཕན་ཆ༹ན་བགྲོ་གླེང་དང་དཔྱད་པ་པོ་ཆོ༹འི་མ་འོངས་ལུང་སྟོན་གནང་རྒྱུ་ཤིན་ཏུ་གལ་ཆེ་ལགས། 

    ད་ཆར་འདས་ཟིན་པའི་ཡུལ་ཤུལ་ས་ཁུལ་དུ་མི་རྒྱུ་གཉིས་ལ་གོད་ཆག་བྱུང་རྐྱེན་  སླར་ཡང་གནས་ཆུ༹ལ་དེ་དག་མ་འོངས་གངས་ཅན་བོད་ཀྱི་ས་ཁུལ་ལ་ཡོང་མི་སྲིད་པ་མ་རེད།

    དེ་བརྟེན་ང་ཆོ༹འི་གོང་གི་གནས་ཆུ༹ལ་དེ་རིགས་མི་ཡོང་བའི་ཐབས་ལམ་སྣ་ཆོ༹གས་སྒོ་ནས་རིམ་པས་རྐྱེན་དེ་དག་ལས་བཟློག་ཐོབ་བྱ་དགོས་པ་སྣང་ངོ།།

    Reply
  44. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    འཁྲུངས་སྐར་དང་མཁའ་དབྱུག་གསར་བ་ལགས་གཉིས་ཀྱིས་སྦས་སྐུངས་མེད་པ་དེ་ལྟར་གསུངས་པར་ཐུགས་རྗེ་ཆེ།སུ་ལ་ཕོག་ཀྱང་སྡུག་གྱང་རེད།གུས་པས་ཀྱང་སྔར་ས་ནས་ཆོས་ཚོགས་ཁག་གིས་སོ་སོའི་ཁེ་བཟང་གི་ཆད་དུ་རྒྱལ་བ་རིན་པོ་ཆེ་ཚོང་རྫས་བྱེད་ཀྱི་འདུག་དྲན་བཞིན་ཡོད།དོན་ངོ་མ་སེམས་ཅན་གྱི་དོན་སྒྲུབས་བསམ་གྱི་མེད་པ་ནི་དངོས་སུ་རེད།གང་ལ་ཞེ་ན་པ་སི་ལ་རིན་གོང་ཆེན་པོ་སོང་ཙང་ཉམ་ཆུང་རྣམས་ཀྱི་བླ་མ་མཇལ་མི་ཐུབ་པ་དེ་རེད།སྤྱིར་ཆོས་པ་ཚོས་པ་ཁ་རྒྱུན་ཞིག་ཡོད་པ་ནི་ཆོས་ཕུགསྤྲང་ལ་སྟོད་ཟེར་བ་དེ་རེད་མ་གཏོག་ཆོས་ཚོགས་འཛིགས་ཟེར་བ་དེ་རེད་མི་འདུག།དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དང་མི་ལ་རས་པ་སོགས་སྐྱེ་ཆེན་དུ་མས་ཆོས་ཕུག་སྤྲང་ལ་སྟོད་ནས་སེམས་ཅན་གྱི་དོན་སྒྲུབས་པ་ལས་སྒོར་མོ་བསོགས་རིམ་མི་འདུག།དེ་ཐམས་ཅད་ང་ལས་ཁོང་ཚོས་གསལ་པོ་ཤེས་ཀྱི་རེད།ཆོས་པས་རྒྱུ་ནོར་བསོགས་ན་ཞྭ་དམར་པ་སྐུ་ཕྲེང་བརྒྱད་པ་དང་ཁོང་གི་ཁུ་བོ་པཎ་ཆེན་ཚང་གཉིས་ལ་འཇུག་འབྲས་ཅི་ཡོང་འདུག་དེ་ལྟར་མི་ཡོང་བ་ངེས་པ་མེད།གཅིག་བྱེད་ན་དུས་རབས་ཉེར་གཅིག་པའི་བླ་མ་དང་དགེ་གཤིས་གསར་པ་ཚོས་སེམས་ཅན་དོན་སྒྲུབ་སྟངས་དེ་འདྲ་ཞིག་མིན་འགྲོ་སྐྱབས་སུ་མཆི།གཞིས་ལ་ཡོད་པའི་བླ་མའི་མིང་ཡོད་མཁན་དེ་འདྲས་བོད་ལ་བླ་མ་ཡིན་ཟེར་ནོར་བསོགས།རྒྱ་ནག་ཏུ་ཡོང་ནས་རྒྱ་མོ་མཉམ་ཁྲིད་བྱེད་ཀྱི་འདུག་ཟེར་ནས་རྒྱ་རིགས་ཚོས་ཁ་ནས་ཐོན་ཡོང་གི་འདུག།དེ་ལ་ཡང་སྐབས་སུ་མཆི་ཞུ་རྒྱུ་དང་ཐམས་ཅད་བླ་མས་མཛོད་ཚུལ་སྒོམ་དགོས་པ་མིན་འགྲོ།ཡིན་ནའང་དུས་གསར་གྱི་ན་གཞོན་ཚོ་ཡང་ཀླད་པ་གསར་པ་སོང་ཙང་མཛོད་ཚུལ་སྒོམ་ཟེར་དུས་དཀའ་དུ་གོ།སོང་ཙང་ཆོས་ཚོགས་ཡོད་པ་རྣམས་ཀྱི་སྒོར་མོ་བསྒྲུབ་ནས་སེམས་ཅན་གྱི་དོན་འགྲུབ་བ་ཡོད་ན་སོ་སོས་ཐབས་ཤེས་བྱེད་ན་མི་བཟང་ངམ།རྒྱལ་བ་རིན་པོ་ཆེན་སེམས་ཅན་ཐམས་ཅད་ཀྱི་བླ་མ་དང་སྒེར་བོད་མི་ལ་མེད་ཐབས་མེད་པ་ཞིག་ཡིན་པའི་དེ་ཐོག་གཟབ་གཟབ་གནང་ན་ཡག་པོ་ཡོད་རེད་ལ་རྗེས་སུ་རྙོག་དྲག་འདྲ་བྱུང་ན་མི་ཆུང་ང་དང་ང་འདྲ་བས་བསམ་མེད་ཚོས་བླ་མ་དང་ཆོས་ཟེར་བ་དེ་བརྗེད་འགྲོ་ཡི་རེད།ངས་སྐད་ཆ་དེ་སུ་ལ་ཕོག་ན་འདྲ་འདོད་པ་མེད་ན་འདྲ་ཁ་ཐུག་ཡིན།
    ད་དུང་ཁ་བའི་མེ་ཏོག་ཟེར་བ་ཁྱོད་ལ་རྒྱལ་བ་རིན་པོ་ཆེན་གྱི་སྐུ་ལས་དེ་ཤེས་འདོད་མེད་པ་འདྲ།ངས་ཁྱོད་ལ་ཞུ་རྒྱུ་ང་དང་ང་འདྲ་བའི་བོད་མི་ཉམ་ཆུང་ཚོ་ལ་བཀའ་ཁྲི་ལས་རྒྱལ་བ་རིན་པོ་ཆེན་རྩ་བ་ཆེན་བ་ཡོད་པའི་ཁྱོད་ཀྱིས་ཤེས་པ་བྱོས།

    Reply
  45. རྟོག་སད་ཀྱི་སྨྱུ་བུ། says:
    ལོ་ 15 སྔོན།

    མི་རབས་གསར་པའི་དབུ་ཁྲིད་ཞིག་ཡིན་ན་མ་འོངས་བོད་ཀྱི་ལས་དོན་ལ་གྲུབ་འབྲས་ཐོན་ངེས་གྱི་ཡིད་ཆེས་ཡོད།

    Reply
  46. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ད་ཆ་བཀའ་ཁྲིའི་འོས་དམིགས་གཉིས་ཀར་འོས་བཞིན་མཚམས་པ་ཡག་པོ་བྱུང་འདུག ཞེས་བཅོས་རོགས།

    Reply
  47. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ད་ཆ་བཀའ་ཁྲིའི་འོས་དམིགས་གཉིས་ཀར་སོས་བཞིན་མཚམས་པ་ཡག་པོ་བྱུང་འདུག དེ་ནི་ཚོགས་གཅིག་གི་སྟོན་པའི་འོས་དམིགས་རེད། ཁོང་གཉིས་ཁོ་ན་ལས་འོས་དམིགས་མེད་པའམ་སྟོན་མི་ཆོག་པ་རྩ་བ་ནས་མ་རེད། བཀའ་བློན་ཁྲི་བའི་དྲྭ་རྒྱ་ནང་འོས་དམིགས་ཉི་ཤུ་ཡོད་པ་ཚང་མ་ཚད་ལྡན་ཤ་གཅིག་རེད་ལ་ཁོང་རྣམས་ཀྱང་འོས་ཤོག་ཁོང་བཞུགས་ངེས་པས་གཅིག་སྟོན་མིན་འདུག་གཉིས་སྟོན་མིན་འདུག་ཟེར་སྡུག་སྐད་སྐྱོན་དགོས་ཡས་མིན་འདུག ངས་བསམ་པར་བློ་བཟང་སེངྒེ་ལགས་ནི་ཁྲིམས་ཀྱི་ཐོག་སློབ་སྦྱོང་མཐོན་པོ་དཔྱད་པའི་བུ་རབ་ཁོངས་ལྟ་བུར་བཀའ་བློན་དུ་བསྐོས་ན་ད་བར་བཙན་བྱོལ་ནང་གཞུང་འབྲེལ་ཕྱག་ལས་གཅིག་ཀྱང་གནང་མ་མྱོང་བས་འགན་ལེན་ཐུབ་ཨ་ཡོང་བསམ་དེ་ལས་ཁོང་ལ་རིམ་པ་ཡས་འཛེགས་ཀྱི་གཞུང་འབྲེལ་ཕྱག་ལས་ཞིག་བཀོད་འགྲིགས་གནང་ན་མཚམས་པ་མེད་དམ་ཉམས།
    བོད་ཀྱི་གཏམ་དཔེར།
    བྱིས་པར་གྲོང་དཔོན་བསྐོས་ན།
    རྒྱུ་མ་གཞུང་བཤགས་ཞེས་པའི་དཔེ་ལྟར་མི་འགྲོ་བའི་ངེས་པའང་མེད་པས་དེ་ལུགས་དགོངས་ཞེས་འཚལ༎

    Reply
  48. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    བཀའ་ཁྲི་འོས་མི་བློ་བཟང་སེང་གེ་ལགས་ལ་མོས་མཐུན་གཙང་མ་ཡོད་ཡིན་ནའང་སྤྱི་འཐུས་ཀྱི་འོས་མི་མང་ཆེ་བར་མོས་མཐུན་མེད་དཔེར་ན་མདོ་སྟོད་སྤྱི་འཐུས་ཀྱི་འོས་མི་ཁོངས་སུ་ཡོད་པའི་མི་ངན་བྱ་འབར་སྐལ་ལྡན་གྱི་བོུ་དབུ་དཀར་གཡུ་སྒྲོན་ཟེར་བ་དེ་དང་ཆོས་སྐྱོང་དབང་ཕྱུག་གཉིས་ལྟ་བུ་རེད་ཁོང་གཉིས་ལ་མི་མང་ཚོ་མིག་ཡོད་ན་ལྟོས་དང་ཁོང་རང་གཉིས་ཀྱི་ཁེ་ཕན་ལས་མདོ་སྟོད་མི་མང་གི་བདེ་སྡུག་གི་སྐད་ཆ་ཞིག་གྲོས་ཚོགས་ནང་ཐོས་མྱོང་ངམ་སེམས་ཡོད་ན་བསམ་རོགས་བྱོས་ཁྱོད་ཚོས།

    Reply
  49. ལྷ་ལུང་ says:
    ལོ་ 15 སྔོན།

    མང་གཙོ་དང་རང་དབང་གི་ཆེད་། རྐུ་མ་འོས་གཞི་ལ་བཏོན་།
    མང་གཙོ་དང་རང་དབང་གི་ཆེད་། རྐུ་མ་ལ་འོས་ཤོག་བླུག

    Reply
  50. མཐུ་སྟོབས། says:
    ལོ་ 15 སྔོན།

    ཨ་བཀྲིས་ལགས། ༼དེང་སྐབས་བཙན་བྱོལ་བོད་གཞུང་གི་ལྷན་ཁང་དང་ལས་ཁུངས་ཁག་ནང་དུ་ཡིག་ཆ་ཆེ་ཆུང་གང་ཡིན་ཞིག་དགོས་མཁོ་བྱུང་ཚེ་ལས་བྱེད་དེ་ཚོའི་རྣམ་འགྱུར་ཞན་པ་མ་ཟད། ཐ་ན་ལམ་སྟོན་ཡག་པོ་གཅིག་ཀྱང་མི་བྱེད་པར་མང་ཚོགས་ཉམས་ཆུང་ཚོ་ལ་དཀའ་ངལ་འཕྲད་བཞིན་པ་ཉུང་ཉུང་མ་རེད། སྤྱིར་ཁ་ནས་གནས་ལུགས་བཤད་མཁན་དང་སེམས་ལ་ཕྱོགས་རིས་འཛིན་མཁན་དེ་ཚོ་གྲས་ཏེ་ངོ་མ་སེམས་པ་སྡུག་རྩུབ་ཆེན་པོ་རེད།༽ཅེས་ཁྱིད་རང་བསམ་འཆར་འདོན་འདུག རྩ་བའི་བརྗོད་གཞི་དང་འབྲེལ་བ་གང་ཡང་མི་འདུག་སྟེ། ཞུ་དོན་སྙིང་བསྡུད་ལ། བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ཆེ་ཕྲ་སུ་འདྲ་ཡིན་རུང༌། གཞུང་གི་གཡོག་པོ་རེད་མ་གཏོགས། དཔོན་པོ་མ་རེད་དང༌། གལ་སྲིད་ཁོང་ཚོའི་གནང་ལམ་འགྲིགས་ཀྱི་མི་འདུག་ན་ཐད་ཀར་འཛིན་སྐྱོང་བཀའ་ཤག་ལ་ཞུ་དགོས་པ་དང༌། དེ་མི་ཐད་ཀར་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཞུ་ན་འགྲིག་ཞེས་༸གོང་ས་མཆོག་གིས་བཀའ་སློབ་ནན་པོ་ཞིག 2002་ལོའི་ཕྱི་ཟླ་ 5་ སིམ་ལར་ཆིབ་བསྒྱུར་གནང་བའི་སྐབས་ཤིག་ལ་ནན་པོ་གསུངས་བྱུང༌།

    Reply
རྩོམ་ཡིག་སྔ་མ།
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese