མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ། མཁྱེན་ནམ། དགེ་འདུན་རབ་གསལ།

བོད་ཀྱི་དུས་བབ།
༢༠༡༠/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

དགེ་འདུན་རབ་གསལ།

འདས་པའི་བདུན་གཅིག་ཙམ་གྱི་རིང་ལ། ངེད་ཀྱི་ཉིན་རེའི་བྲེལ་བ་ཇེ་ཆེར་ཕྱིན། དེ་ནི་༧གོང་ས་མཆོག་ཕྲན་སྡོད་སའི་ས་གནས་སུ་ཆིབས་བསྒྱུར་གནང་བ་རེད། ཆིབས་བསྒྱུར་འདི་ནི་སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་འཛུགས་གནང་མཛད་པའི་ བོད་ཀྱི་རིག་གཞུང་བསྟི་གནས་ཁང་སྟེ། ད་ལྟ་ “བོད་དང་སོག་པོའི་ཆོས་རིག་བསྟི་གནས་ཁང་”དུ་མིང་བརྗེས་པ་འདིས་སྤྱན་ དྲངས་པ་རེད། ཆིབས་བསྒྱུར་འདིའི་སྐབས་སུ་༧གོང་ས་ཆེན་པོའི་མཛད་འཕྲིན་ལ་བརྟེན་ནས་བསྟན་ འགྲོའི་དགེ་རྩ་བླ་ན་མེད་པ་ཞིག་བསྐྲུན་པ་དང་། དེ་ཡང་བོད་མི་སྤྱི་དང་ནང་པ་ཡོངས་ཀྱི་གཟི་བརྗིད་དུ་ཆེ་བ་སོགས་རླབས་ཆེན་གྱི་ ཕྱག་རྗེས་དག་ནི་ཕྱག་དང་དད་པའི་ཡུལ་ཁོ་ན་ཡིན་པ་དང་། དེ་དག་ནི་འདིར་དམིགས་བཀར་གྱིས་འབྲི་བའི་རྩོལ་བ་མ་བྱས། ཕྲན་གྱིས་ཞུ་བར་འདོད་པ་ནི། བོད་མི་ཞིག་དང་། ལྷག་པར་ས་གནས་ཀྱི་བོད་མི་ཞིག་ཡིན་པའི་ཆ་ནས་གཏམ་འགའ་གླེང་བར་འདོད་པ་ཡིན།
 

དད་པ་དང་སློབ་མ།

བོད་དུ་ནང་པའི་ཆོས་ཉམས་ལེན་བྱེད་པའི་རྩ་བའི་གནད་དོན་ཞིག་ནི་༼དད་པ་དང་དམ་ཚིག་༽”ཅེས་པ་འདི་ཡིན་པ་རེད། དེ་ཡང་བླ་མ་བསྟེན་ཚུལ་ལས་འཕྲོས་ཏེ་ཉམས་ལེན་གྱི་རིམ་པ་གསལ་པོ་ཞིག་ཡོད། རིམ་པ་འདིའི་ནང་སྐུ་ཐང་དང་སྐུ་པར་ཚུན་ནས་དད་པའི་རྟེན་དུ་བྱས་ཏེ་མཆོད་པ་བྱེད། ཕྱག་བྱེད། འོན་ཀྱང་དེང་སང་གི་འཇིག་རྟེན་ན། ༧རྒྱལ་བའི་སྐུ་པར་དག་ཚགས་པར་དང་གསལ་བསྒྲགས་སོགས་ཀྱི་སྟེང་འགོད་པ་ལ་འཛེམས་ཟོན་མེད་ཁར། དྲིལ་བསྒྲགས་ཀྱི་ཆེད་དུ་དམིགས་ཏེ་སྐུ་པར་གང་མང་བཀྲམས་པ་དང་། དེ་ཡང་ཚོང་ཟོག་དྲིལ་བསྒྲགས་ཀྱི་ཡིག་ཆ་ལྟར། མཛད་རིམ་དྲིལ་བསྒྲགས་བྱས་སྟབས། སྐུ་པར་ཁག་མཆོད་པའི་རྟེན་ལས་གོ་བབ་ཆག་སྟེ། རྐང་འོག་ཚུན་ལ་ཡང་ཁྱབ་བཞིན་འདུག ངས་རྐང་འོག་ལ་ཤོར་ཟིན་པའི་དྲིལ་བསྒྲགས་ཡིག་ཆ་ཞིག་ས་ནས་བླངས་ཏེ་ཉར་བ་ཡིན། དེ་ ཙམ་གྱིས་ཀྱང་ག་ལ་ཚད་དེ། གསུང་ཆོས་ཀྱི་མཛད་རིམ་རེ་རེ་ནི་ གློ་བུར་དུ་སྒོར་མོ་མང་པོ་བཟོ་ཐུབ་པའི་མཛད་རིམ་ཞིག་ཏུ་བསྒྱུར། དེ་ཡང་། སྦྱིན་བདག་གི་རིམ་པ་སྟེ། ཨ་སྒོར་ཁྲི་གཅིག་ཡན་འབུལ་མཁན་ནི་ “རོགས་འདེགས་སྦྱིན་བདག་Benefactor”དང་། ཨ་སྒོར་ལྔ་སྟོང་ཡན་འབུལ་མཁན་ལ་ “གསེར་གྱི་སྦྱིན་བདག Gold Sponsor”། ཨ་སྒོར་སུམ་སྟོང་ཡན་འབུལ་མཁན་ནི་ “དངུལ་གྱི་སྦྱིན་བདག་ Silver Sponsor”སོགས་སྦྱིན་བདག་ གི་རིམ་པ་བཀར་བ་དང་། སྦྱིན་བདག་དེ་དག་ལ་དམིགས་བསལ་ཞབས་སྟེགས་འབུལ་བ་ཙམ་དུ་མ་ཟད། སྐུ་མདུན་ལ་སྒེར་གྱི་མཇལ་ཁ་ཡོད་པ། སྐུ་མདུན་དང་ལྷན་དུ་གསོལ་ཚིགས་ཡོད་པ་སོགས་ཁྱབ་བསྒྲགས་བྱས་ཏེ་དངུལ་བསྡུ་ཐབས་ མཛད་འདུག (འབྲེལ་ཐག་འདི་ནས་གཟིགས་ཐུབ། ) འདི་དག་ནི་ཆིབས་བསྒྱུར་གྱི་མཛད་རིམ་གོ་སྒྲིག་ཐད་ཀྱི་འགྲོ་གྲོན་ལ་དམིགས་པ་ཡིན་ན། རྒྱུ་མཚན་ལྡན་པ་ཞིག་གིས་འཐུས་པ་ཡིན་མོད། ཐེངས་འདིའི་གསུང་ཆོས་ལ་ཁེ་བཟང་ཨ་སྒོར་འབུམ་གཅིག་ལྷག་དང་། གསུང་བཤད་ལ་ཡང་ཨ་སྒོར་འབུམ་གཅིག་ལྷག་བྱུང་བ་རེད་ཅེས་ཚགས་པར་ཁག་ཏུ་ཐོན་འདུག (འབྲེལ་ཐག་འདི་ནས་གཟིགས་ཐུབ། ) ད་ནི་དངུལ་འདི་དག་ཀྱང་དགུང་ན་བགྲེས་པོར་ཕེབས་པའི་༧རྒྱལ་བ་རིན་པོ་ཆེའི་མཚན་ ཐོག་ནས་བྱུང་བ་རེད། སྦྱིན་བདག་གི་མཛད་རིམ་མང་དྲགས་པའི་རྐྱེན་ལ་བརྟེན་ནས་༧གོང་ས་མཆོག་གིས་བོད་ མི་མང་ལ་མཇལ་ཁ་གནང་སྐབས། ད་ང་ “ཐང་ ཡང་ཆད་གི།”ཞེས་སྐུ་ཐང་ཆད་པའི་ སྐོར་ཞལ་གསོན་པོ་ནས་གསུངས་འདུག ད་དུང་ད་ལྟའི་ཆོས་ཚོགས་འདི་ད་མུས་བཞིན་གནས་ཐུབ་པའི་རྒྱུ་མཚན་ཉག་གཅིག་དེ་ཡང་ སྐུ་སྒེར་ནས་མ་དངུལ་འབོར་ཆེན་གསོལ་རས་གནང་བ་ཁོ་ན་ལས་བྱུང་བ་རེད། ལར་ནས་ཨ་སྒོར་འབུམ་གཉིས་ལྷག་ཙམ་ཞིག་བོད་མི་ས་ཡ་དྲུག་ལ་ཡོད་དང་མེད་ལ་ཁྱད་པར་ ཆེན་པོ་མི་འདུག འོན་ཀྱང་། ༧སྤྱི་ནོར་ཆེན་པོ་སྐུ་ཐང་ཆད་པ་ནི་བོད་མི་ས་ཡ་དྲུག་གིས་བཟོད་ཐབས་དཀའ་བ་ཞིག་ རེད། དེ་ཡང་བསྟན་སྲིད་ཀྱི་ཆེད་དུ་མ་ཡིན་པར་སྒོར་མོའི་ཆེད་དུ་སྐུ་ཐང་ཆད་བཅུག་ན་ དེ་ལས་ཀྱང་བཟོད་ཐབས་དཀའ་བ་ཞིག་རེད།
 

སྐུ་ཕྱྭ་དང་སྐུའི་བདེ་ཐང་།

༧སྐུ་མདུན་ཁ་སང་ས་གནས་ནས་ ཆིབས་ཕེབས་གནང་གྲུབ་སོང་། ཁ་སང་མི་མང་ལ་གསུང་བཤད་གནང་སྐབས་ཁོང་གིས་སྐུ་རྩེད་དང་སྦྲགས་ནས་སྔོན་གཤགས་ བཅོས་གནང་བའི་སྐབས་ཀྱི་ལོ་རྒྱུས་ཤིག་གསུངས་བྱུང་། གཤགས་བཅོས་འདི་རིགས་ནམ་རྒྱུན་ཡུན་ཐུང་ཞིག་གིས་འགྲུབ་པ་ཡིན་མོད། སྐུ་མདུན་རང་ལ་གཤགས་བཅོས་འབུལ་སྐབས་ཆུ་ཚོད་གསུམ་འགོར་བྱུང་ཞེས་གསུངས་སོང་། སྐབས་འདིར་ངའི་མིག་མཐའ་ན་མཆི་མ་ཤར་སེ་འདུག ངའི་སེམས་ལ་ལྭ་དཀར་པོ་གོན་པའི་སྨན་པ་དང་སྨན་ཁང་སོགས་གཤགས་བཅོས་ཀྱི་བརྒྱུད་ རིམ་ཞིག་ཤར་བཞིན་འདུག སེམས་ཚོར་འདི་འདྲ་ནི་ང་གཅིག་པུ་ལ་ཡོང་བ་ཞིག་ག་ལ་ཡིན། བོད་མི་ཡོད་དོ་ཅོག་གིས་སྐུ་མདུན་གྱི་སྐུ་ཕྱྭ་ལ་ཐུག་སྐབས་འདི་ལྟར་མིག་ཆུ་ གཏོང་བ་རེད།
ད་སྐུ་ཕྱྭའི་ སྐོར་རང་གི་ མྱོང་བ་སྦྱར་ནས་བཤད་ན། ཟླ་འདིའི་ཚེས་ ༡༡ ཉིན་སྐུ་མདུན་ཁོང་འདི་ག་ས་གནས་ལ་ཕེབས་པ་རེད། དེའི་མཚན་མོ་དེར་ང་ལ་གཉིད་མ་ཡོང་། མཚན་གང་ལ་ངང་སྒུག་ཅིག་གིས་གཉིད་ཡོངས་སུ་དཀྲོགས་བྱུང་། ངང་སྒུག་དེ་ནི་ཚེས་ ༡༢ ཉིན་གྱི་ཞོགས་ཀར་ ངས་བསྒྱུར་བའི་ “སངས་རྒྱས་ཀྱི་ དཔའ་རྟུལ་ཚོ་” ཞེས་པའི་དེབ་དེ་༧སྐུ་མདུན་ལ་འབུལ་ཆེད་རྒྱལ་སྤྱིའི་བོད་རང་བཙན་ལས་འགུལ་ཚོགས་ པ་དང་ལྷན་དུ་མཇལ་ཁ་ཡོད་ཅེས་ང་ལ་བཤད་བྱུང་། དེར་བརྟེན། དེ་ལ་ངང་སྒུག་བྱས་པ་ཡིན། ཞོགས་ཀ་སྔ་པོ་ནས་བྱིས་པ་གཉིས་ཀྱི་སློབ་གྲྭའི་གྲ་སྒྲིག་ཟིན་པ་དང་། ངེད་ཐད་ཀར་ཆོས་ཚོགས་ལ་ཕྱིན་པ་ཡིན། དེར་ངེད་ཀྱིས་ལག་འཁྱེར་ཁ་པར་དང་ལྡེ་མིག་སོགས་ཅ་ལག་ཡོད་ཚད་རླངས་འཁོར་དུ་བཞག་ ནས་ཕྱིན་པ་ཡིན། དེའི་རྒྱུ་མཚན་ནི་མཇལ་ཁ་ཡོད་སྟབས་ལུས་པོར་བརྟག་དཔྱད་བྱེད་རྒྱུ་རེད་བསམས་ བྱུང་། ཆོས་ཚོགས་སུ་ཡུད་ཙམ་སྒུག་རྗེས་ང་ཚོ་༧སྐུ་མདུན་བཞུགས་སའི་དགོན་པའི་ནང་ཁྲིད་ བྱུང་། དེ་ནས་ཁང་མིག་ཅིག་ཏུ་བསྡད་བཅུག་བྱུང་། ཡུད་ཙམ་ནས་༧སྤྱི་ནོར་ཆེན་པོ་ཆིབས་བསྒྱུར་གནང་ནས་ང་ཚོ་ལ་སྐར་མ་འགའ་ཡི་རིང་ བཀའ་སློབ་གནང་བྱུང་། དེ་ནས་༧སྐུ་མདུན་ཕེབས་གྲུབ་རྗེས་ང་ཚོ་ཡང་རང་འགུལ་གྱིས་ལོག་ཕྱིན་པ་ཡིན། གཟིགས་དང་། ང་ཚོ་འདིར་སླེབས་ནས་༧སྐུ་མདུན་ལ་མཇལ་ཁ་ཞུས་གྲུབ་པའི་བར་དུ་ང་ཚོའི་ལུས་པོར་ བརྟག་དཔྱད་བྱེད་མཁན་མི་འདུག འོ་ན། འདི་ནི་ང་ཡོད་པའི་ཚོགས་པ་འདི་ལ་འབྲེལ་ཡོད་རྣམས་ཀྱིས་ཡིད་ཆེས་བྱས་རྐྱེན་རེད་ ཅེས་བཤད་ན། ང་ཚོའི་གྲས་སུ་ཚོགས་པ་ནས་མ་ཡིན་པའི་མི་གཅིག་ཀྱང་སླེབས་འདུག སྐུ་མདུན་མ་ཕེབས་པའི་གོང་རོལ་དེ་ག་རང་ལ་ང་ཡོད་པའི་ཚོགས་པ་དེའི་ཚོགས་གཙོས་ “ཁྱེད་རང་འདིར་བསྡད་ན་འགྲིག་གི་ མ་རེད་”ཅེས་ངོ་ སྤྲོད་གནས་ལུགས་བཤད་སྟབས་ཁོང་ཡང་ཕྱིར་ལོག་སོང་། དེ་མིན་ན། ཁོང་ཡང་ཚོགས་པའི་ཁོངས་སུ་མཇལ་ཁ་ཐོབ་རྒྱུ་ལ་དྭོགས་པ་མེད། ང་ལ་ཉམས་མྱོང་འདི་འདྲ་ཐེངས་མ་གཉིས་ལ་བྱུང་། གཉིས་ཆ་ལ་ལུས་པོར་བརྟག་དཔྱད་གཏོང་བ་དང་། མིང་ཐོ་ཞིབ་བཤེར་བྱེད་པ། མིང་དང་ངོ་སྤྲོད་ལག་འཁྱེར་བལྟ་བསྡུར་བྱེད་པ་སོགས་སྣེ་གཅིག་ཀྱང་མི་འདུག སྔོན་མ་ཡིན་ན་དེ་འདྲ་ཡོད། ད་ལྟ་མེད་པ་གང་རེད་ཅེས་ས་གནས་ཀྱི་མི་ཞིག་ལ་དྲིས་པ་ཡིན། ཁོང་གིས། “སྔོན་མ་ཡིན་ན། ༧སྐུའི་གཅེན་པོ་བཞུགས་སྐབས། ཨ་རིའི་དབུས་གཞུང་གི་བདེ་སྲུང་མི་སྣ་ཡོད་ཡོད་ཐོག ས་གནས་ཀྱི་ཉེན་རྟོག་པ་དང་བདེ་སྲུང་ལས་བྱ་གླ་གི་ཡོད་པ་རེད། དེ་ཐེངས་དེ་འདྲ་མི་འདུག”ཅེས་བཤད་ བྱུང་། ད་ གོང་གི་ཨ་སྒོར་འབུམ་གཉིས་ལྷག་གི་ཁེ་བཟང་དེས་སྐུ་ཕྱྭའི་ཆེད་དུ་བདེ་སྲུང་གི་ ལས་བྱ་འཕར་མ་གླ་མི་ཐུབ་པ་གང་ཡིན་ནམ། དགོས་པ་ཞིག་ཆད་འདུག་བསམས་ནས་སེམས་ཧ་ཅང་སྐྱོ་བྱུང་།
དེ་ནས་ཚེས་ ༡༣ ཉིན་དེར་བོད་མི་ཚོར་མཇལ་ཁ་དང་བཀའ་སློབ་ཡོད་པ་རེད། ཉིན་འདིའི་གནས་སྟངས་ནི་ ཁ་གདངས་ནས་སྡོད་དགོས་པ་ཞིག་འདུག་ཟེར། ང་དེ་ན་མེད། ཐོག་མའི་བོད་མི་གཅིག་པུར་མཇལ་ཁ་གནང་འཆར་དེ་འགྱུར་ནས་བོད་སོག་ཐུན་མོང་ལ་བཀའ་ སློབ་གནང་རྒྱུའི་མཛད་རིམ་ཆགས། ཐོག་མར་འདུ་ཁང་ཕྱི་རོལ་དུ་བཀའ་སློབ་གནང་རྒྱུའི་འཆར་གཞི་བྱས་ཡོད་པ་དེ་གློ་ བུར་གྱི་ཆར་ཤུགས་ཆེ་སྟབས་འདུ་ཁང་ནང་དུ་སྤོས་ནས་གནང་དགོས་ཤར། བོད་སོག་མི་རིགས་བསྡོམས་བཞི་བརྒྱ་ལྷག་ཡོད་པ་དང་། དེ་ཚོ་ཚང་མ་ལ་གཟུགས་པོར་བརྟག་དཔྱད་མེད་པར་ཐད་ཀར་འདུ་ཁང་ནང་འཚང་ཁ་བརྒྱབ། ངོ་ཤེས་དང་མི་ཤེས་པའི་མི་སྣ་སྣ་ཚོགས་སྐུ་མདུན་གྱི་མདུན་ཏག་ཏག་ལ་སླེབས་ཐུབ་པར་གྱུར། དེ་ནས། མཐའ་ན་གསུང་བཤད་གནང་རྒྱུའི་སྒྲ་འཕེལ་ཁ་པར་༼ microphone༽ཡང་གྲ་སྒྲིག་མེད་པར་༧སྐུ་ མདུན་དང་སོག་སྐད་སྐད་བསྒྱུར་གཉིས་བརྗེ་རེས་བྱེད་དགོས་པ་བྱུང་འདུག ད་སྐུ་ཕྱྭའི་གནད་དོན་དེ་གང་དུ་ཡོད། ༧རྒྱལ་བ་རིན་པོ་ཆེ་ནི་བོད་མི་ས་ཡ་དྲུག་གི་སྤྱི་ནོར་རེད། མཁྱེན་ནམ། སྲུང་སྐྱོབ་ཀྱི་གྲ་སྒྲིག་སྲ་ཐག་ཐག་ཅིག་གནང་མི་ཐུབ་པ་དེ་གང་ཡིན་ནམ། སྐུའི་མཛད་རིམ་ལས་བྱུང་བའི་ཁེ་བཟང་ཨ་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་ནས་འགྲོ་སོང་བཏང་སྟེ། གསུང་ཆོས་གནང་སའི་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་བཀའ་སློབ་གནང་མ་ཆོག་པ་གང་ཡིན་ནམ། ཚོགས་ཁང་དེར་མ་མཐའ་ལ་ཡང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། ཆར་ཤུགས་ཆེ་ན་ཡང་༧སྐུ་མདུན་གྱི་འཁྲིས་ལ་མི་མང་འཚང་ཁ་རྒྱག་པ་ཞིག་ཡོང་གི་མ་རེད། ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས།
མཐའ་དོན་ས་གནས་འདིའི་ཆོས་ ཚོགས་ཀྱི་གནས་བབ་དང་དེའི་ཕན་ཐོགས་དང་། ཆོས་ཚོགས་དང་བོད་མིའི་འབྲེལ་བ། ཆོས་ཚོགས་ཀྱི་རྒྱུན་ལྡན་མཛད་རིམ་སོགས་ཀྱི་སྐོར་ལ་བསམ་ཚུལ་འགའ་ཡོད་མོད་ཐེངས་ འདིར་བྲིས་མེད་ལ། གོང་གི་དོན་ཚན་རྣམས་འདི་ལྟར་དམར་རྗེན་དུ་བྲིས་པ་ནི། གནས་ཚུལ་འདི་དག་མཐོང་བ་དང་ཐོས་པའི་རྐྱེན་བྱས་ཏེ། “མཚམས་དང་ཚོད་ཅིག་དགོས་”ཞེས་པའི་བཤད་སྲོལ་ལྟར་བློས་མ་ བཟོད་ནས་བྲིས་པ་ཡིན། ད་དུང་སྐད་ཆ་འདི་དག་འབྲི་བའི་ཀུན་སློང་ནང་། ཕྲག་དོག་དང་ཡིད་མ་རངས་པ་སོགས་སྒེར་གྱི་གནད་དོན་སྣེ་གཅིག་ཀྱང་འདྲེས་མེད་ཅེས་ གསལ་བཤད་བྱེད་རྒྱུ་ཡིན། དེས་ན། གནས་ཚུལ་འདི་དག་ལ་འབྲེལ་ཡོད་ཁག་གིས་ཀྱང་ཞིབ་འཇུག་དང་། གསལ་བཤད། ཡར་རྒྱས་སོགས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེར་ཞུ་བ་དང་ཆབས་གཅིག ངེད་ཀྱིས་མ་ཤེས་མ་རྟོགས་པའི་དབང་གིས་སྐད་ཆ་ནོར་འཁྲུལ་ཅན་བཤད་ཡོད་ཚེ། “ལྐུགས་པ། ཁྱོད་ནོར་འདུག”ཅེས་སོགས་ཀྱི་ གཤེ་ཚིག་གིས་ སྤྱོས་ན་ཡང་། ༧སྤྱི་ནོར་ཆེན་པོའི་སྐུ་དོན་ཡིན་སྟབས། ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་བ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༦ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 63

  1. བློ་བཟང་། says:
    ལོ་ 15 སྔོན།

    སྐུ་ཕྱྭའི་གནད་དོན་དེ། སྐུ་སྒེར་ཡིག་ཚང་དང་། དོན་གཅོད་གཉིས་ལ་ཡོད། ད་ལྟ་ཁོ་གཉིས་ཀྱི་མ་འཇོན་པའི་ངོས་འཛིན་ཡོད། ཕྱིན་ཆད་དེ་འདྲ་མ་ཡོང་བར་གཟབ་དགོས་སོ།།

    Reply
  2. གཡག་རྒོད says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་ལགས་ཀྱིས་དོ་སྣང་གནང་ནས་ས་གནས་ས་ཐོག་གི་གནས་ཚུལ་ཡི་གེ་བཀོད་པ་ལ་རྗེས་སུ་ཡི་རིང་ཡོད།

    གོང་ས་མཆོག་གི་གསུང་ཆོས་ཀྱི་འཛིན་བྱང་དག་དྲ་རྒྱའི་བརྒྱུད་ལམ་ནས་བར་ཁེ་བྱས་ནས་བཚོང་གི་འདུག། རིན་གོང་མཐོན་པོ་ཡིན་པས་རྒྱུ་མཚན་གྱིས་གསུང་ཆོས་ལ་ཉན་རྒྱུའི་སྐལ་བ་ད་ལན་རེག་ས་མ་རེད།
    གཤམ་གྱི་དྲ་ཚིགས་ལ་གཟིགས་རོགས།

    http://newyork.craigslist.org/search/?areaID=3&subAreaID=&query=dalai+lama&catAbb=sss

    Reply
  3. སྟོབས ། says:
    ལོ་ 15 སྔོན།

    རྒན་དགེ་འདུན་རབ་གསལ་གྱིས་གསུང་བ་དེ་མིང་བཟུང་དོན་བཟུང་གིས་གསལ་བཤད་བྱེད་རྒྱུ་གལ་ཆེན་རེད ། ས་གནས་དེའི་སྐུ་ཚབ་དོན་གཅོད་དང་༧་གོང་ས་མཆོག་གདན་འདྲེན་ཞུ་མཁན་ཚོས་འགན་ལེན་མ་བྱས་པ་ཡིན་ན་དེ་ཚོ་ལ་གསལ་བཤད་བྱེད་དགོས། སྤྱིར་སྐད་ཆ་འདི་སེམས་སྡུག་གི་སྐད་ཆ་དང་ཡི་ཐང་ཆད་པའི་སྐད་ཆ་ཞིག་ཀྱང་རེད ། ཡིནའང་། ༧་གོང་ས་མཆོག་གི་སྐུ་ཕྱྭ་ལ་གུ་ཡངས་དང་དོགས་ཟོན་ཅི་ཡང་བྱེད་རྒྱུ་མེད་པ་འདི་སྒྲོར་ལོར་རྔམ་དྲགས་པས་ཡིན་པ་རྒན་ལགས་ཀྱིས་ཁག་ཐག་གཙང་བཅད་བྱེད་ཐུབ་ན་གནས་ཚུལ་འདི་ལྟར་འཇོག་འདོད་གཏན་མེད། ཨ་རིའི་དོན་གཅོད་དང་ཐེངས་འདིའི་གདན་འདྲེན་མཁན་ཚོ་ལ་རང་འགར་བསྐྱུར་ཐབས་མེད །

    Reply
  4. karma dorje says:
    ལོ་ 15 སྔོན།

    ༧ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག །

    Reply
  5. karma dorje says:
    ལོ་ 15 སྔོན།

    ལགས་རེད། དངོས་གནས་རེད། དངུལ་དང་མཛད་འཕྲིན་གལ་ཆེན་པོ་རེད། འདི་གཉིས་ལས་༧སྐུའི་འཕྲོད་བསྟེན་གལ་ཆེ་བ་རེད། གལ་ཆེ་ཤོས་ནི། ༧སྐུའི་སྐུ་ཕྱྭ་རེད་དོ། དགེའོ། །

    Reply
  6. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    བཀའ་དྲིན་ཆེ་ཁང་རྡོར་ལགས། ངས་ཀྱང་མཆོད་ཆང་ཞིག་ཏན་ཏན་གྲ་སྒྲིག་ཞུས་ཡོད་པ་ཡོད། ཁྱེད་ལ།

    Reply
  7. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ད་གིན་གྱི་མཆན་དེ། ལས་བྲེལ་ཆེན་པོའི་བར་ནས་རབ་གསལ་ལགས་ཀྱི་རྩོམ་དེ་བམ་ཀློག་ཐེངས་ཤིག་བྱས་ཏེ་བྲིས་པ་ཡིན། ད་ལྟ་རབ་གསལ་ལགས་ཀྱིས་གསལ་པོ་གསུངས་པ་ལྟར། ངས་ཞིབ་བལྟ་མ་བྱས་པའི་སྐྱོན་བྱུང་འདུག ཚང་མར་དགོངས་དག་ཞུ།
    ༡༽ ངས་ཞུས་པ་བཞིན་མང་ཚོགས་ལ་བཀའ་སློབ་གནང་ས་དང་ཤེར་སྙིང་གི་འཁྲིད་གནང་ས་དེར་ལུས་བཤེར་གནང་གི་འདུག རབ་གསལ་ལགས་ཀྱིས་ཀྱང་དེར་གནང་གི་འདུག་གསུངས་འདུག འདི་ལ་རྩོད་པ་མེད་དོ།།

    ༢༽ རབ་གསལ་ལགས་ཀྱིས་གསུང་ཚོད་གནང་འདུག་ཅེས་པ་དེ་ཡང་བཟང་ཕྱོགས་ནས་བཤད་ཁུལ་ཡིན་གྱི་ལྡོག་ཕྱོགས་ནས་ཞུས་པ་མིན་ནོ།། སྡུག་ག་བསམས་ནས་འབྲི་མཁན་ཡིན་ན། འབྲི་རྒྱུ་མང་པོ་འདུག དེ་ཚོ་འབྲི་ཚོད་གནང་འདུག་ཟེར་བ་ཡིན། ང་རྟོག་དཔྱོད་ཀྱི་མིག་རྩ་རྣོ་བ་ཞིག་གིས། དེ་ཙམ་ནི་ལོས་ཤེས།

    ༣༽ ད་གནད་དོན་བཤད། སྐུ་ཕྱྭ་གལ་ཆེན་ཡིན་པ་ནི་ཚང་མས་ཁས་ལེན་བྱེད། དེ་བཞིན་ཨ་ཀྱ་རིན་པོ་ཆེའི་ཀུན་སློང་ལའང་སྐྱོན་མེད་པའི་ཡིད་ཆེས་ཡོད། ད་སྐྱོན་གང་ནས་ལྷགས་པ་རེད། ང་རང་གི་ཉམས་མྱོང་ལྟར་ན། སྐྱོན་གཙོ་བོ་དེ། སྐུ་སྒེར་ཡིག་ཚང་དང་བྱང་ཨ་རིའི་དོན་གཅོད། ས་གནས་ཀྱི་སྒྲིག་འཛུགས་བཅས་ཀྱི་བར་ནས་སྐྱོན་བྱུང་འདུག
    ན་ནིང་༸གོང་ས་མཆོག་ཁེ་ཎ་ཌའི་ཝན་ཁུ་ཝ་ལ་ཕེབས་དུས་ཀྱང་། རྒྱ་རིགས་ཝིག་ཊོར་གྱིས་འགན་འཁྱེར་ཁུལ་བྱས། ས་གནས་བོད་མི་ཚོར་ཆིབས་སྒྱུར་ཐད་ཐེ་ཇུས་རྩ་བ་ནས་བྱེད་མ་བཅུག སྐུ་ཚབ་དོན་གཅོད་ལ་ཞུས་དུས། སྐུ་སྒེར་ཡིག་ཚང་གིས་ཐག་བཅད་པ་རེད་ཟེར། ས་གནས་བོད་མི་ཚོ་བློ་ཕམ། གནས་ཚུལ་དེ་འདྲ་བྱུང་སོང་།

    དོན་དངོས་སུ་མཛད་འཆར་ཞིབ་ཕྲ་སྐུ་སྒེར་ཡིག་ཚང་གིས་གཏན་འབེབས་གནང་གི་ཡོད། མཛད་བྲེལ་ཆེ་དྲགས་པ་མ་ཡིན་པར་སྐུ་ངལ་གསོ་རྒྱུའི་དུས་ཚོད་འདང་ངེས་བཀོད་སྒྲིག་གནང་དགོས་པ་དེ་སྐུ་སྒེར་ཡིག་ཚང་གི་འགན་རེད།

    དེ་ནས་ཆིབས་བསྒྱུར་གནང་ཡུལ་དུ། གོ་སྒྲིག་གི་ལས་ཀ་གང་འདྲ་བྱུང་ཡོད་མེད་ནི། སྐུ་ཚབ་དོན་གཅོད་ཀྱིས་སྔོན་ཚུད་ནས་གཟིགས་རྟོག་གནང་དགོས་རེད། གདན་ཞུ་འབུལ་མཁན་ཚོར། མཛད་རིམ་འདི་དང་འདིའི་སྐབས་སུ་གོ་སྒྲིག་འདི་དང་འདི་གནང་ཡོད་དམ། ཆ་རྐྱེན་འདི་དང་འདི་དགོས་ཞེས་གསུངས་དགོས་རེད། དེ་གལ་ཆེན་པོ་རེད།

    ཁེ་ཎ་ཌ་ལ་ཆིབས་བསྒྱུར་གནང་དུས། མང་ཚོགས་ལ་བཀའ་སློབ་གནང་སྐབས་ཕུད། དེ་མིན་ཚོགས་ཁང་ནང་གི་གསུང་བཤད་སྐབས་ལ། འཛིན་བྱང་རིན་གོང་ཧ་ཅང་མཐོན་པོ་རེད། དེའི་ཐད་ཁེ་ཎ་ཌའི་ནང་གི་མི་སེར་ཚོར་མཐོང་ཚུལ་ངན་པ་འདུག དངུལ་དེ་ཚོ་༸གོང་ས་མཆོག་དང་བོད་མི་ཚོར་བབས་ཀྱི་མེད། གོ་སྒྲིག་ཞུ་མཁན་ཚོ་ལ་བདག་འགྲོ་བ་འདྲ། གང་ལྟར་༸གོང་ས་མཆོག་ཚོང་རྫས་ལྟ་བུ་ཆགས་ཀྱི་འདུག དེ་ལ་དགོངས་པ་བཞེས་དགོས་འདུག ང་རང་གིས་བརྟག་དཔྱད་བྱས་པ་ལྟར་ན། ༸གོང་ས་མཆོག་གིས་འཛིན་བྱང་ལ་དེ་འདྲའི་གོང་ཆེན་པོ་བྱེད་ཀྱི་ཡོད་པ་མཁྱེན་གྱི་ཡོད་ས་མ་རེད།

    སྤྱིར་བཏང་གསུང་བཤད་གནང་སྐབས་འཛིན་བྱང་ངེས་པར་བཙོང་དགོས་རེད། དེ་ནི་ཆོས་ཀྱི་ཆེ་བ་དང་འབྲེལ་བ་ཡོད། འོན་ཀྱང་འཛིན་བྱང་སྤྱིར་བཏང་རེར་ཌོག་ལར་བརྒྱ་ལྷག་གནང་ན་རྦད་དེ་མཐོ་དྲག་གི་འདུག

    མདོར་ན། རབ་གསལ་ལགས་ཀྱིས་གནད་དོན་འདི་བཏོན་པར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་དེ་ཁུལ་བཞུགས་པ་མ་ཤེས་པ་མ་གཏོགས། ཞོར་དུ་མཇལ་ཙམ་བྱེད་པར་བཅར་ས་རེད། མ་འོངས་མཇལ་བའི་རེ་བ་ཡོད།

    Reply
  8. བཙན་པོ། says:
    ལོ་ 15 སྔོན།

    ད་དུས་བབ་ཚང་གིས་འདིའི་སྒོ་རྒྱབས་མདོག་ཁ་བོ་རེད། རབ་གསལ་གྱིས་སྒོ་རྒྱབས་ཤོག་གསུངས་སོང་། ཁ་བརྡ་ནང་ནས་ཡང་རབ་ཀྱི་ལྟ་བ་དང་མ་མཐུན་ན་མཆན་སུབ་པ་དང་རྩ་འགོག་བྱེད་ཀི་རེད། རྩོམ་མཆན་ཅི་ཕྱིར་བསུབས་པ་ཡིན་ལབ་ནཡར་མར་ཀ་གོར་རེ་བཤད་ནས་སྡོད་གི་རེད།

    Reply
  9. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    ད་ཧ་ལམ་འདི་ཙམ་གྱིས་འཐུས་པ་བྱེད་དགོས་པ་མིན་འགྲོ ད་བཤད་ཚར་སོང་། ད་རྩོམ་ནང་ན་གང་ཡོད་པ་མ་གཟིགས་པར་དགོངས་ཚུལ་བཤད་ཡོང་གི་འདུག དེ་ནས་ཀླན་ཀ་འཚོལ་གྱི་འདུག

    ངས་རྩོམ་ཡིག་འདི་འབྲི་སྐབས་ རང་གི་ཀླད་པ་ཆུང་ཆུང་དེ་ཐེངས་མང་བསྐོར་བ་ཡིན། ཁུངས་དགོས་སའི་ཚིག་འབྲུ་རེ་རེ་ཁུངས་རེ་རེ་གཏུགས་ཏེ་བཀོད་པ་ཡིན། ང་རང་སྒེར་གྱི་མྱོང་ཚོར་ཏེ་དཀོན་མཆོག་དཔང་བཙུགས་ཀྱི་ཚུལ་དུ་བྲིས་པ་ཡིན། ཁུངས་སྐྱེལ་མི་ཐུབ་པའི་གཏམ་ཡན་བཤད་མེད། འདི་ལྟར་བཤད་ཀྱང་ཡིད་ཆེས་ཀྱི་མ་རེད། དཔེར་ན། ཁང་གསར་ལགས་ཀྱི་དོན་ཚན་དང་པོ་དེ་ལ་ ངས་ཀྱང་དེ་དེ་བཞིན་རེད་ཅེས་བྲིས་ཡོད། རྩོམ་ནང་ལ་གཟིགས་དང་གསལ་པོར་ཡོད། འདིར་ཡང་ལུང་འདྲེན། “སྐུའི་མཛད་རིམ་ལས་བྱུང་བའི་ཁེ་བཟང་ཨ་སྒོར་འབུམ་གཉིས་ལྷག་ཡོད་པ་དེ་ནས་འགྲོ་སོང་བཏང་སྟེ། གསུང་ཆོས་གནང་སའི་སློབ་གྲྭའི་ཚོགས་ཁང་དུ་མི་མང་ལ་བཀའ་སློབ་གནང་མ་ཆོག་པ་གང་ཡིན་ནམ། ཚོགས་ཁང་དེར་མ་མཐའ་ལ་ཡང་གཟུགས་པོར་བརྟག་དཔྱད་བྱེད་ཀྱི་ཡོད་པ་རེད། ཆར་ཤུགས་ཆེ་ན་ཡང་༧སྐུ་མདུན་གྱི་འཁྲིས་ལ་མི་མང་འཚང་ཁ་རྒྱག་པ་ཞིག་ཡོང་གི་མ་རེད། ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས།” ཞེས་བྲིས་ཡོད། འོན་ཀྱང་ད་དུང་འདི་ལྟར་ “མང་ཚོགས་ལ་བཀའ་སློབ་གནང་ས་དེ་དང་། ཤེར་སྙིང་གི་འཁྲིད་གནང་ས་དེར་བཅར་པ་ཡིན། ལུས་བཤེར་ཡག་པོ་བྱེད་ཀི་འདུག དེའི་ཐད་རབ་གསལ་ལགས་དང་མཐོང་ཚུལ་མ་འདྲ་བ་འདྲ་ཞིག་བྱུང་།”ཞེས་གསུངས་ཡོང་གི་འདུག

    ད་དེ་ནས་ “རབ་གསལ་ལགས་ཀྱིས་བྲིས་པ་དེ་ཀློག་དུས། ད་དུང་གནས་ཚུལ་མང་པོ་ཞིག་ལ་བཤད་ཚོད་བྱས་པ་འདྲ་ཞིག་འདུག” འདི་ཡང་ཚིག་འདི་དང་དེ་བཤད་ཚོད་བྱས་འདུག་ཅེས་གསུངས་ན་ ངས་ཡིན་མིན་གྱི་ལན་ཞིག་འབྲི་ཐུབ། དེ་མིན་མི་སྒེར་གྱི་མཐོང་ཚུལ་ཞིག་རེད།
    ད་སྟབས་ཉེས་པ་ཞིག་ལ། ཁང་རྡོར་གྱིས་བསམ་ཚུལ་བཤད་ཡོང་སྐབས་ བོད་ཀྱི་མཛེས་མ་དེའི་རྗེས་སུ་འབྲངས་ནས་ གཏམ་ཡན་ཞིག་བཤད་འདུག ད་ཅི་བྱེད། གསུང་ཆོས་དང་གསུང་བཤད་གནང་ས་གཉིས་ཀ་ལ་ལུས་པོར་བརྟག་དཔྱད་བྱེད་ཀྱི་འདུག་ཅེས་སྔ་ཕྱིར་བཀོད་ཡོད། གནད་དོན་བྱུང་ས་དེ་ཆོས་ཚོགས་ཀྱི་རྭ་བའི་ནང་རེད་ཅེས་བཀོད་ཡོད།
    ད་ཧ་ལམ་སྦྱང་བཤད་ཀྱིས་ཐུབ་པ་རྣམས་བཤད་ཟིན་པ་ཡིན་ལ། མུ་མཐུད་ནས་འདི་ལྟར་ཡོང་ན་དོན་མེད་དཀྲོགས་གཏམ་འགྲོ་གཞི་ཙམ་ལས་མི་འདུག དེ་བས་ “རིག་པ་འདོན་པ་”ཞེས་པའི་རེའུ་མིག་འདི་སྒོ་རྒྱག་རོགས། ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེའོ།

    Reply
  10. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཁང་གསར་ཚང་གིས་བཤད་པ་ལྟར་ན་༸གོང་ས་མཆོག་གི་མཛད་རིམ་མང་དྲག་པའི་སྐྱོན་ལས་བདེ་འཇགས་སྐོར་སྐྱོན་མི་འདུག་ཅེས་བཤད་བྱུང།་
    མ་ཟད་ཁོང་རང་ཡང་བཀའ་ཆོས་ཞུ་ཉན་གྲས་སུ་ཡོད་ལུགས་བརྗོད།་་འདི་ལྟར་ཡིན་ན་དགེ་འདུན་རབ་གསལ་གྱིས་སྐད་ཆ་དེ་སྟོང་བཤད་དང་དོགས་པ་ཁུག་ནས་སློང་བ་རང་ལས་ཡིད་ཆེས་འཕེར་བའི་གཏམ་ཞིག་མིན་པ་འདོད།
    ཡིན་ནའང་༸རྒྱལ་བའི་སྐུ་ཕྱཱའི་ཉེན་སྲུང་ནི་གལ་ཆེའི་ནང་གི་དོན་ཆེ་ཡིན་པས་ཅི་ཙམ་ཡིད་གཟབ་བྱས་པ་དེ་ཙམ་ལེགས་མཆོག་ཏུ་སྣང།

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 15 སྔོན།

    ༡༽ མང་ཚོགས་ལ་བཀའ་སློབ་གནང་ས་དེ་དང་། ཤེར་སྙིང་གི་འཁྲིད་གནང་ས་དེར་བཅར་པ་ཡིན། ལུས་བཤེར་ཡག་པོ་བྱེད་ཀི་འདུག དེའི་ཐད་རབ་གསལ་ལགས་དང་མཐོང་ཚུལ་མ་འདྲ་བ་འདྲ་ཞིག་བྱུང་།

    ༢༽ མཛད་རིམ་མང་དྲགས་པ་དེ་སྐྱོན་ཆེན་པོ་རེད་འདུག སྔོན་མ་ཁེ་ཎ་ཌ་ལ་ཕེབས་དུས་སུའང་ཉིན་གཅིག་ལ་མཛད་རིམ་ཧ་ཅང་མང་པོ་བསྒྲིགས་འདུག འདི་ཚོའི་ཐད་ལ་སྐུ་སྒེར་ཡིག་ཚང་དང་དོན་གཅོད་ཀྱིས་སྟངས་འཛིན་ཡག་པོ་གནང་དགོས་འདུག

    ༣༽ རབ་གསལ་ལགས་ཀྱིས་བྲིས་པ་དེ་ཀློག་དུས། ད་དུང་གནས་ཚུལ་མང་པོ་ཞིག་ལ་བཤད་ཚོད་བྱས་པ་འདྲ་ཞིག་འདུག

    Reply
  12. ཀླུ་རྩེད། says:
    ལོ་ 15 སྔོན།

    བཙན་པོ་ལགས།རང་ཉིད་ཀྱིས་མི་སེམས་འགུལ་བའི་རྩོམ་ལེགས་རེ་སྤེལ་མི་ཐུབ་བཞིན་དུ་གཞན་གྱི་ཡིད་དབང་འགུག་པའི་རྩོམ་ཡིག་དེར་སྐྱོན་མཆན་རེ་ཟུང་སྤེལ་སྟེ་ང་རྒྱལ་གྱི་མགོ་བོ་གནམ་ལ་འཕང་བ་འདི་ཤིན་ཏུ་མཚར།བཤད་སྲོལ་ལ་ཡང་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད།ཞེས་པ་འདི་གོ་མྱོང་མེད་པས།སོ་སོར་འཇོན་ཐང་ཡོད་ན་ཕྲིས་དང༌།ཀློག་མཁན་དང་སྤྱི་ཚོགས་ལ་ཕན་གི་རེད།

    Reply
  13. དུག་ཚེར། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་གྱིས་དངོས་ཡོད་གནས་ཚུལ་དང་སེམས་པ་དམར་རྗེན་དུ་བཤད་འདུག ཧ་ཅང་བདེན་པར་ཚོར་སོང་མིམཐུད་ནས་འདི་ལྟར་ཤོད་དང་། བདེན་པ་ལ་རྒྱལ་ཁ་ཐོབ་པའི་ཡིད་ཆེས་ཡོད།

    Reply
  14. སོག་པོ་ says:
    ལོ་ 15 སྔོན།

    རྒྱལ་བ་རིན་པོ་ཆེ་སྐུ་ཕྱྭ་གལ་ཆེན་པོ་ཆེན་པོ་རེད། ང་ཚོ་བོད་དང་སོག་པོ་གཉིས་ཀ་སྤུན་རྒྱ་རེད། ང་ཚོའི་ཆོས་གཅིག་པ་རེད། ང་ཚོའི་གོན་པ་གཅིག་པ་རེད། ཁ་ལག་ཡང་ཕལ་ཆེར་གཅིག་པ་རེད། བསམ་བློ་གཏོང་ལྟངས་ཡང་གཅིག་པ་རེད། ཆོལ་ཁ་ཟེར་བ་སོག་སྐད་རེད། སོག་པོ་ལ་ཆོས་རིག་དར་སྤེལ་བྱེད་མཁན་བོད་པ་རེད།
    སོག་པོས་ཆོལ་གསུམ་བོད་རྒྱལ་ཁབ་བཟོས་ནས་ས་སྐྱ་བླ་མ་ལ་ཕུལ་བ་རེད། སོག་པོ་དང་ཨ་མདོ་བ་ཚོ་ནས་བོད་པ་ཚང་མ་རིལ་རིལ་བཟོས་ནས་རྒྱལ་དབང་ལྔ་བ་རིན་པོ་ཆེ་ལ་ཕུལ་བ་རེད། ཕྱི་སོག་དང་ནང་སོག ར་ཤུ་ཡའི་སོག་པོའི་ནང་ནང་ཆོས་ཡག་པོ་དར་ན་སོག་པོ་ཚང་མ་གཅིག་པ་ཆགས་ཐུབ་གི་རེད། དེ་ནས་བོད་སོག་མཉམ་པོ་བྱས་ནས་བོད་རང་བཙན་ལེན་དགོས་པ་རེད། བོད་དང་སོག་པོ་ལོགས་པ་བྱས་ན་ཡག་པོ་མི་འདུག རྒྱལ་དབང་བཅུ་གསུམ་པའི་སྐབས་བོད་སོག་སྤྱི་མཐུན་རྒྱལ་འཛུག་པ་ལ་གསང་བའི་གྲོས་མོལ་གནང་པ་རེད།

    Reply
  15. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    སྒོར་མོ་ལས་སྐུ་ཕྱྭ་གལ་ཆེ་ཚུལ་གླེང་མཁན་དགེ་འདུན་རབ་གསལ་ལགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་ཡག་ཡིན།
    གང་ལ་ཟེར་ན། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནས་ཆོལ་ཁ་གསུམ་གྱི་སྒྲིག་འཛུགས། ད་དུང་གཞོན་ནུ་བུད་མེད་སོགས་ཀྱི་ཚོགས་འདུའི་སྐབས་ཀྱི་གྲོས་ཆོད་ཡིག་ཆ་དང་པོ་དེར་སྐུ་ཕྱྭའི་སྐོར་འདི་བཀོད་ཡོད། ནམ་རྒྱུན་གྱི་འགྲོ་སྟངས་སུ་གྱུར་པས་ཡིན་མིན་མི་ཤེས། སྐུ་ཕྱྭ་སྲུང་སྐྱོབ་ནི་ལས་ཀ་ཨང་དང་པོ་ཡིན་པའི་ངོས་ནས་འདི་ལྟར་གྲོས་ཆོད་ཡིག་ཆ་མང་པོ་བཞག་ཡོད་པ་རེད། ད་ལྟ་ཡང་འཇོག་གིན་ཡོད་པ་རེད། མ་འོངས་པར་ཡང་འཇོག་པར་འགྱུར་བ་རེད།
    ཧ་ལས་དགོས་པ་ཞིག་ལ། ཤེས་ཡོན་པའི་རིགས་ཀྱིས་སྤྱི་ཚོགས་ཀྱི་སྣེ་ཁྲིད་དགོས་ཞེས་ཁོ་པ་ཚོ་བཤད་ཀྱང་བཤད་ལ། དེ་འདྲར་ཁས་འཆེ་བའང་ཡིན་ནའང་། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭའི་སྐོར་ལ་དོ་སྣང་གནང་དགོས་ཀྱི་འདུག འགན་འཁྱེར་དགོས་ཀྱི་འདུག སྣང་མེད་དུ་གཏོང་མི་རུང་བར་འདུག་ཅེས་གནས་ལུགས་དང་རྒྱུ་མཚན་སྐྱ་སྦྲེལ་གྱིས་བཤད་འོང་ན། དེ་ལ་མི་དགའ་བ་བྱེད་མཁན་འབྱུང་གིན་པ་ལ་ད་ནི་ཧ་ལས་སོང་། རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་འགན་འཁྱེར་བའི་རྩོམ་ཡིག་འདི་ལ་སྙིང་ཚིམ་བྱེད་པའི་བསམ་བློ་འདི་གང་ནས་བྱུང་བར་བསམས་ན། དེ་བས་ཧང་སངས་དགོས་པ་ཞིག་འདུག
    དགེ་འདུན་རབ་གསལ་ལགས་ནས་མིག་མཐོང་ལག་ཟིན་གྱི་གནས་ཚུལ་ཡོངས་བསྒྲགས་གནང་བ་འདི་འདྲ། དེ་སྔ་མང་པོ་བྱུང་མེད་པའི་སྨོན་ལམ། སླད་ཕྱིན་མི་འབྱུང་བའི་སྨོན་ལམ།
    ཐུགས་རྗེས་གཟིགས། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ལྷོད་གཡེང་མ་ཤོར་པ་ཞིག་གནང་རོགས། ཞེས་དགེ་འདུན་རབ་གསལ་ལགས་ཀྱིས་འབོད་སྐུལ་གནང་འདུག་པ་ལྟར། ང་ཚོས་ཀྱང་མཉམ་དུ་འབོད་སྐུལ་ཞུ་དགོས་པ་ཞིག་ལས། འདི་ལ་སྙིང་ཚིམ་བྱེད་དགོས་པ་མི་འདུག་སྙམ།
    མཁས་པ་ཚོ། རྩོམ་པ་པོ་ཚོ། ཐུགས་བསམ་རེ་བཞེས་གནང་རོགས།

    Reply
  16. ནམ་མཁའ་བསྟན་འཛིན། says:
    ལོ་ 15 སྔོན།

    རབ་གསལ་ལགས་ཀྱི་དགོངས་ཚུལ་འདི་ལ་རྒྱབ་སྐྱོར་དང་གུས་བརྩི་ཡོད། མཆན་འགོད་པ་འགས་རྐང་བཙུགས་ནས་སྐབས་བབ་ཀྱི་བརྗོད་གཞི་དང་འབྲེལ་བ་མེད་པར་གང་ཟག་སྒེར་བའི་བར་ལ་ཕུང་དཀྲུགས་བྱེད་འགོ་རྩོམ་བཞིན་འདུག འདིའི་གྲས་ལ་རྩོམ་སྒྲིག་པས་དུས་ཐོག་ལྟར་སྟངས་འཛིན་བྱས་པར་ཐུགས་རྗེ་ཆེ། གནས་ཚུལ་འདི་འདྲའི་སྐབས་ཀྱི་སྐུའི་སྲུང་སྐྱོབས་དང་མཛད་རིམ་སོགས་ཐད་ཀར་བོད་གཞུང་དོན་གཅོད་ལ་འབྲེལ་བ་ཆགས་ཡོད་སྟབས་དུས་ཐོགས་ལྟར་གནས་ཚུལ་སྤེལ་བར་ཐུགས་རྗེ་ཆེ། ༧གོང་ས་མཆོག་ཡོ་རོབ་ཡུལ་གྲུ་ཁག་ལ་ཕེབས་སྐབས་མི་དམངས་ལ་གསུངས་བཤད་དང་མཇལ་ཁ་ཡོད་ན་དོན་གཅོད་ཀྱིས་ས་གནས་བོད་རིགས་ཚོགས་པར་མཉམ་འབྲེལ་བྱས་ཏེ་ས་གནས་ཉེན་རྟོག་པའི་རོགས་སུ་བོད་རིགས་ཚོགས་པས་མི་བདམས་གསེས་བྱས་ཏེ་གཟུགས་པོ་བསྔོགས་བཤེར་བྱེད་བཞིན་ཡོད་པ་རེད། འདི་༢༠༠༨ལོ་དོལ་ཚོགས་ཀྱིས་ངོ་རྒོལ་བྱས་བ་ནས་བཟུང་མི་ཚང་མས་འཆར་ཅན་གྱི་འགན་འཁྲི་གལ་ཆེར་ཡིན་པ་ངོས་ཟིན་པ་རེད། དེར་བརྟེན་ཨ་ལགས་ཨར་ཀྱཱ་དང་རྩོམ་ཡིག་འབྲི་མཁན་བར་ལ་དཀྲུགས་ཤིང་འཕེན་པ་ལས་བོད་གཞུང་དོན་གཅོད་ཁག་གི་ལས་ཀ་ངོ་མ་དེ་ཅི་ཞིག་རེད་མུ་མཐུད་དུ་གླེང་རོགས་མོལ་བྱོས།

    Reply
  17. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    བཙན་པོ་ལགས།
    ཁྱེད་ཀྱི་མཆན་གསུབ་ལུགས་ཀྱི་སྐོར་ལ་ང་ལ་སྐད་ཆ་ངོ་མ་ཞིག་བཤད་རྒྱུ་ཡོད། འོན་ཀྱང་ངས་ཁྱེད་ལ་མི་བཤད། རྒྱུ་མཚན་ནི་ངས་བཤད་ཀྱང་ཁྱོད་ཡིད་མི་ཆེས་པ་དེ་ངས་ཤེས་ཡོད། སྐབས་འབྲེལ་གྱི་དོན་ཚན་འགའ་ལ་ངས་ལན་བཏབ་ཟིན།

    Reply
  18. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    བཙན་པོ་དང་བསམ་དོན་གཉིས་ལ་ཞུ་རྒྱུར། ད་ང་དགའ་བྱུང་། ཁྱེད་གཉིས་ས་ཆ་འདི་ལ་རྒྱུས་ཡོད་ལུགས་ལ་བལྟས་ན། ཁྱེད་གཉིས་གནས་ཚུལ་གྱི་ཞིབ་ཆ་ལ་རྒྱུས་ཡོད་ལུགས་ལ་བལྟས་ན། ངས་བཤད་པའི་གོ་བརྡ་དེ་ཕྱོགས་གཅིག་ལ་འཕྲོད་ཡོད་པ་འདྲ། ངེད་ཀྱི་རྩོམ་དེའི་མཇུག་ཏུ། “གནས་ཚུལ་འདི་དག་ལ་འབྲེལ་ཡོད་ཁག་གིས་ཀྱང་ཞིབ་འཇུག་དང་། གསལ་བཤད། ཡར་རྒྱས་སོགས་གནང་རྒྱུའི་འབོད་སྐུལ་ཤུགས་ཆེར་ཞུ་བ་དང་ཆབས་གཅིག ངེད་ཀྱིས་མ་ཤེས་མ་རྟོགས་པའི་དབང་གིས་སྐད་ཆ་ནོར་འཁྲུལ་ཅན་བཤད་ཡོད་ཚེ། “ལྐུགས་པ། ཁྱོད་ནོར་འདུག”ཅེས་སོགས་ཀྱི་ གཤེ་ཚིག་གིས་ སྤྱོས་ན་ཡང་། ༧སྤྱི་ནོར་ཆེན་པོའི་སྐུ་དོན་ཡིན་སྟབས། ལག་གཉིས་ཐལ་མོ་སྦྱར་ཏེ་ཐུགས་རྗེ་ཆེ་ཞུ་བ་ཡིན།” ཞེས་བྲིས་ཡོད། འབྲེལ་ཡོད་དག་ལ་གོ་བརྡ་འཕྲོད་སོང་ན། དེ་ནས་ངའི་བསམ་དོན་གྲུབ་སོང་བ་ཡིན། ད་ང་ལ་སྤྱོས་ཀྱང་ཕར་”ཐུགས་རྗེ་ཆེ་”ཞེས་ཞུ་བའི་དུས་ལ་སླེབས་སོང་བ་རེད། ད་ངས་རྩོམ་དུ་བྲིས་པའི་གནས་ཚུལ་དག་ལ། གསལ་བཤད་དང་ཞིབ་འཇུག་གནང་རོགས། ཞེས་བསྐྱར་དུ་ཞུ་བ་ཡིན།
    དེ་ནས་ངེད་ཀྱི་རྩོམ་ལ་འབྲེལ་བ་མེད་མོད། ས་གནས་ཀྱི་གནས་ཚུལ་ལ་འབྲེལ་བ་ཡོད་པའི་དོན་ཚན་བཟང་ངན་གཉིས་བསྡོམས་ནས་ངས་ཐོ་བཏབ་ཡོད། ད་ཆ་རྩོམ་ཡིག་དེ་འདྲ་བྲིས་ན་དགེ་མཚན་ཆེན་པོ་མ་མཐོང་། དུས་དང་སྐབས་ལ་འཕྲད་ཚེ་འབྲི་ངེས་ཡིན། ཐུགས་རྗེ་ཆེའོ།།

    Reply
  19. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    བཙན་པོའི་སྐད་ཆ་དེ་ཁ་བརྡའི་ནང་ལན་བཏབ་ཟིན།

    Reply
  20. དགེ་འདུན་རབ་གསལ། says:
    ལོ་ 15 སྔོན།

    ངེད་ཀྱི་རྩོམ་ཐུང་འདི་ལ་བརྟེན་ནས་ བཤད་ས་བུ་མོ་ལ་བཤད་ཀྱང་། ཉན་རྒྱུ་མནའ་མས་ཉན་དགོས།། ཞེས་པ་ལྟ་བུའི་གོ་བ་ལེན་མཁན་ཇེ་མང་ལ་འགྲོ་གི་འདུག དེར་བརྟེན་སླར་ཡང་གསལ་བཤད་འདི་མི་བྱེད་ཀ་མེད་བྱུང་། གསལ་བཤད་འདི་ཡང་ང་ལ་སྐད་བསྐུར་མཁན་ “བཙན་པོ་”མཚན་ཅན་དེ་ལ་ཡིན།
    དང་པོ།
    ཁྱེད་ཀྱིས་ “ད་ང་ “ཐང་ ཡང་ཆད་གི།”ཞེས་སྐུ་ཐང་ཆད་པའི་ སྐོར་ཞལ་གསོན་པོ་ནས་གསུངས་བ་ཤེས་ཤེས་གོ་གོ་མེད་ལ་ཁྱོས་་་ཅི་ཕྱིར་༧་གོང་ས་མཆོག་གི་མདུན་ལ་འཚངས་ཁ་བརྒྱབས་པ་ཡིན་ནམ། དཔེ་ཆ་ཐེབ་ཆགས་རེ་བསྒྱུར་མཁན་དང་འབྲི་མཁན་རེ་རེ་ལ་མཇལ་ཁ་ཞུ་དགོས་ན་༧་གོང་ས་མཆོག་ལ་སྐུ་ཐང་ལེ་ཆད།” ཞེས་བྲིས་འདུག ངའི་མཇལ་ཁ་དེ་ཞོགས་ཀ་ལ་རེད། སྐབས་དེར་སྐུ་ཐང་ཆད་སྐོར་གསུངས་རབས་ཐོས་མ་བྱུང་། རྩ་བའི་ཆ་ནས་སྐུ་ཐང་ཆད་པ་ལ་དམིགས་ནས་ང་ལྟ་བུ་མཇལ་ཁ་མ་བྱུང་ནའང་འགྲིག་ཅེས་བསམ་ཚུལ་དེ་རྒྱུན་ལྡན་དུ་འཛིན་མཁན་ཞིག་ཡིན། སྔོན་མ་དུས་བབ་ལ་ལས་ཀ་བྱེད་སྐབས་ནས་བསམ་ཚུལ་འདི་ཡོད་པ་ཡིན།
    གཉིས་པ།
    སྦྱིན་བདག་བཙལ་ནས་དེ་ལ་སྐུ་མདུན་གྱི་མཇལ་ཁ་སྤྲོད་པ་དེ་”ནུབ་ཕྱོགས་ནང་གི་དར་སྲོལ་ཆེན་པོ་ཞིག་ཡིན་”པ་ངས་ཤེས་ཡོད། ཤེས་ནས་བྲིས་པ་ཡིན། སྦྱིན་བདག་ཡོངས་ལ་མཇལ་ཁ་ཐེངས་གཅིག་གིས་འཐུས་པ་བྱས་ན་མི་འགྲིག་གམ་ཞེས་ཀྱང་ཞུས་ཡོད། ལར་ནས། དེང་སང་ཆོས་ཚོགས་ཁ་ཤས་ཀྱིས་སྐུ་མདུན་གྱི་མཛད་རིམ་ལས་དངུལ་རྡོག་པོ་གཅིག་ཀྱང་ལེན་གི་མིན་ཟེར་མཁན་ཡོད་པ་དང་། དེའི་སྐོར་གྱི་གསར་འགྱུར་ཞིག་ཀྱང་ངས་འབྲི་བཞིན་ཡོད།
    གསུམ།
    ཁྱེད་ཀྱིས་ “དོན་གྱིས་༧་གོང་ས་མཆོག་གི་་སྐུ་སྒེར་ཡིག་ཚང་གིས་ཐད་ཀར་མ་དངུལ་བཏང་ནས་ཆོས་ཚོགས་ཕྱིར་ཉོས་ཏེ་ཨ་ཀྱྭ་རིན་པོ་ཆེ་དབུ་འཛིན་ལ་བཞགས་པ་ལ་ཁྱེད་དང་མི་ཁ་ཤས་དགའ་གི་མེད་པ་ཡོངས་གྲགས་རེད།” ཅེས་བྲིས་འདུག ཡོངས་གྲགས་ཨེ། ང་འོན་པ་རེད་དམ། ཡང་ན། ཁྱེད་ལ་མི་ལ་མེད་པའི་རྣ་བ་ཞིག་ཡོད་པ་རེད། དཀོན་མཆོག་གསུམ། ཁྱེད་ཀྱི་ཞལ་འདི་མེ་ཡི་འབྲས་བུས་ཆོད། རྒྱུ་མཚན་རེ་རེ་ནས་ཁྱེར་ཤོག དེ་ནས་ངས་དོན་ཚན་རེ་རེ་ལ་ལན་འདེབས་བྱེད།

    Reply
  21. དགེ་འདུན་ says:
    ལོ་ 15 སྔོན།

    ད་རྩོད་པ་་བྱེད་ཡ། རབ་གསལ་ཁྱོས་བསམ་བློ་ཡག་པོ་ཐོངས།

    Reply
  22. རྨེའུ་དཀོན་རྒྱམ། says:
    ལོ་ 15 སྔོན།

    བཀུར་འོས་མཁྱེན་ལྡན་པ་སྐུ་ཞབས་དགེ་འདུན་རབ་གསལ་ལགས་ཀྱིས་ཁོང་གི་མྱོང་བ་དངོས་ཀྱིས་བསླངས་པའི་ཆེད་རྩོམ་རིན་ཐང་ལྡན་པ་ཞིག་སྤེལ་གནང་བར་ཡི་རངས་ཡོད།

    འཛམ་བུ་གླིང་གི་ཞི་བདེའི་དེད་དཔོན་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    ནང་པ་ཡོངས་ཀྱི་སྐྱབས་མགོན་གཅིག་པུ་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱ་གལ་ཆེ།
    བོད་མི་རིགས་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    འཛམ་གླིང་ཆོས་ལུགས་ཚང་མའི་འབྲེལ་ཟམ་ཁོ་ན་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    བྱམས་དང་བརྩེ་བའི་འབྱུང་ཁུངས་ཉག་ཅིག་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    བོད་རྒྱ་གཉིས་ཀྱི་དཀའ་རྙོག་གི་ལྡེ་མིག་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    ཉམ་ཐག་སྐྱེ་འགྲོ་ཡོངས་ཀྱི་མགོན་མཆོག་དམ་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    བོད་ཀྱི་རིག་གཞུང་གི་ཕན་ནུས་མཚོན་རྟགས་སུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    ཡང་དག་པའི་མང་གཙོའི་སྣེ་ཁྲིད་དུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    ཀུན་སྤྱོད་ཕུལ་བྱུང་གི་དཔེར་མཚོན་དུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    མཁྱེན་དཔྱོད་ཟབ་མོའི་ཤིང་རྟར་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    བོད་མི་ཡོངས་ཀྱི་བསམ་བློའི་བརྟེན་གཞི་ཡིན་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    ས་སྒང་ཧྲིལ་བོའི་ཁྱད་ནོར་དུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།
    རྨོངས་མུན་སྟུག་པོའི་སྒྲོན་མེ་རུ་གྱུར་ཡོད་པས་ན། དངུལ་སྒོར་ལས་སྐུ་ཕྱྭ་གལ་ཆེ།

    རིགས་མཐུན་དྲ་གྲོགས་རྣམ་པ་ལགས། ཕྲན་གྱིས་༸སྤྱི་ནོར་ཡིད་བཞིན་རིན་པོ་ཆེའི་སྐུ་ཕྱྭའི་གལ་ཆེའི་རང་བཞིན་སྐོར་ཡིད་ལ་གང་འཆར་གོ་རིམ་མེད་པར་ཤར་མ་བྲིས་ཡོད་མོད། འོན་ཀྱང་། སྐུ་ཕྱྭ་དང་སྐུའི་བདེ་འཇགས་སྐོར་ལ་བྱ་ཐབས་ཅི་ཡང་འདོན་རྒྱུ་མ་བརྙེད་པས་ན། བློ་དང་རིག་པ་བསྡུར་ནས། གྲོས་དང་སྦྱང་བཤད་བྱས་ནས། ཉམས་དང་དོ་སྣང་བྱས་ནས། སྔར་ལས་ཡར་རྒྱས་འཐུས་ཚང་དུ་གཏོང་ཐབས་སུ་འབད་དགོས་པ་ནི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་འཁྲི་བའི་ལས་འགན་དེ་ལས་ལྕི་བ་ཞིག་ཅི་ཡང་མེད་དུས། གཟབ་གཟབ། ཉམས་འཇོག གོ་སྒྲིག གལ་འགངས་སུ་གཙིགས་ཆེན་འཛིན་དགོས་པ་ཞེ་སེམས་གཏིང་ནས་སྐུལ་མ་བྱས་པ་ཡིན་ལགས།

    Reply
  23. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཐོས་དགའ་གསུང་པ་དེ་ཤིན་ཏུ་བདེན།
    ཡག་པོ་ཞིག་བྱུང་ན་ནི་བོད་གཞུང་།
    སྐད་ཆ་ཁ་ཐུག་ཞིག་ཞུ་ན་ནི་རྒྱ་མིས་སོ་བ་

    Reply
  24. ཐོས་དགའ། says:
    ལོ་ 15 སྔོན།

    མ་གཞི་ཀུན་སློང་གང་ཡིན་མིན་ལ་མ་ལྟོས་པར་འགན་ཞིག་འཁྱེར་ནས་སྐད་ཆ་བཤད་པ་ཡག་པོ་རེད། ཡིན་ན་ཡང་ངས་བལྟས་ན་འདི་ལྟར་ས་སྒྲོག་གནམ་སྒྲོག་བྱེད་ནས་འུར་སྐད་སྒྲོག་པ་ལས་འབྲེལ་ཡོད་ས་གནས་འགན་འཛིན་ལ་མཛུབ་བཙུགས་སྐྱོན་བརྗོད་དང་ཡོ་སྲང་བྱེད། བདེ་སྲུང་དང་༧སྐུ་སྒེར་ཡིག་ཚང་བཅས་ལ་རང་གི་བསམ་ཚུལ་དང་མཐོང་ཚུལ། ཐོས་ཚུལ། མ་འོངས་བྱེད་ཕྱོགས་བཅས་བཤད་ན་ཡག་གི་རེད་སྙམ། དེ་མིན་རྒྱ་རྒན་ཀླ་ཀློ་དེ་ཚོར་གོ་སྐབས་ལམ་སྟོན་བྱེད་པ་འདྲ་པོ་ཆགས་ཀྱི་འདུག གསར་འགོས་པ་དང་སྨྱུག་ཐོགས་པ་ཚང་མས་ཕྱོགས་ཡོངས་ནས་དགོངས་པ་བཞེས་རོགས་ཞེས་གཞེན་སྐུལ་ཞུ་རྒྱུ་ཡིན།

    Reply
  25. འཁྲུངས་སྐར། says:
    ལོ་ 15 སྔོན།

    ཆོས་ཚོགས་དེ་ལ་ཆོས་བརྒྱུད་གཞན་ཞིག་བཏང་ན་ཡང་ཁོང་ཁག་མེད།
    དངོས་གནས་བྱེད་ན་སོག་པོ་དང་ས་སྐྱ་ཆོས་བརྒྱུད་གཉིས་དཔེ་ཡག་ཀི།

    བོད་རང་གཙན་གི་དཔང་རྟགས་

    Reply
  26. འཁྲུངས་སྐར། says:
    ལོ་ 15 སྔོན།

    གྲོགས་ཧོར་པོ་ཡེ་ཤེས་ལགས་ནས་གུས་དང་རྒན་རབ་གསལ་གཉིས་མི་གཅིག་ཡིན་པ་མཁྱེན་འདུག་པའི་ཁྱོད་ཡེ་ཤེས་པ་རང་རེད། གུས་ནི་དམངས་གཙོ་ལ་དགའ་ཡང་འདི་ལ་ལྟོས།
    སྐུ་སྒེར་ཡིག་ཚང་ནས་བཀའ་ཡིག་འབྱོར་བ་ལྟར།

    ཧེ་ཧེ་

    Reply
  27. དབྱངས་བུ། says:
    ལོ་ 15 སྔོན།

    དྲ་གྲོགས་དགེ་འདུན་རབ་གསལ་ལགས།
    ངོ་མ་ཡག་པོ་བྲིས་འདུག
    རྗེས་སུ་ངེས་པར་དུ་ཆོས་ ཚོགས་དེའི་གནས་བབ་དང་ཕན་ཐོགས། ཆོས་ཚོགས་དང་བོད་མིའི་འབྲེལ་བ། ཆོས་ཚོགས་ཀྱི་རྒྱུན་ལྡན་མཛད་རིམ་སོགས་ཀྱི་སྐོར་ལ་བསམ་ཚུལ་འགའ་ཡོད་ཅེས་གསུངས་པ་ལྟར། ངེས་པར་འབྲི་རོགས་གནང།

    དང་པོ། ཆོས་ཚོགས་དེའི་མིང་བསྒྱུར་དོན་དགོས་དོན་གང་ཡིན་ནམ།
    གཉིས་པ། ང་ཚོ་སྐྱབས་བཅོལ་གྱི་འཚོ་བར་རོལ་མཁན་ཞིག་གིས་སོག་རིགས་རང་བཙན་རྒྱལ་ཁབ་ཡོད་ཟེར་མཁན་ལ་དམིགས་བསལ་མང་པོ་སྤྲོད་བཞིན་ཡོད་ཀྱང། ད་དུང་བསམ་ཤེས་མེད་པའི་གནས་ཚུལ་མང་པོ་ཐོན་དང་ཐོན་བཞིན་པ་རེད། དཔེར་ན། གདན་ས་ཁག་དང། སྨན་རྩིས་ཁང།་ས་རཱ་མཐོ་སློབ་སོགས་ཀྱི་མི་སྣ་ཁག་ལ་སྐད་ཆ་དྲིས་ན་མཁྱེན་ངེས་རེད།

    Reply
  28. ཕུན་ཚོགས ། says:
    ལོ་ 15 སྔོན།

    བཙན་པོ་ལགས།་ཁྱོད་ཀྱི་སྐད་ཆ་ལ་ཁུངས་ལུང་ཡོད་པ་གྱིས།

    Reply
  29. ཕུན་ཚོགས ། says:
    ལོ་ 15 སྔོན།

    འདི་ནི་གནས་ཚུལ་གསར་བ་ཞིག་ཡིན་རྒྱུ་མ་རེད།ཆོས་ལ་བརྟེན་ནས་དཔལ་འབྱོར་བསྡུ་བའི་བྱེད་ཐབས་འདི་ནི་ང་ཚོའི་ལོ་རྒྱུས་ཀྱི་གྲུབ་ཆ་ཞིག་ཏུ་གྱུར་ཡོདཔས་དེ་ལ་ཡ་མཚན་སྐྱེས་དགོས་པ་ཞིག་མ་རེད།དགོས་དོན་སྙིང་པོ་ནི་སྐུའི་བདེ་ཐང་དང་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་དེ་རེད།

    Reply
  30. བཀྲ་ཤིས། says:
    ལོ་ 15 སྔོན།

    ཨོ་ལགས་སོ། མི་ནག་ཚང་།

    Reply
  31. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས། ཕྱོགས་རིས་བྱས་པ་མིན། ཆོལ་ཁ་དང་ལུང་ཚན་གྱི་ཕྱོགས་རིས་དབང་དུ་སོང་བའི་སྐད་ཆའི་རིགས་འདིར་མ་འགོད་རོགས། དེ་བཞིན་ཁུངས་སྐྱེལ་ར་སྤྲོད་གསལ་བོ་མེད་པར། སྐུ་སྒེར་དྲུང་ཆེ་མཆོག་ལ་སྐྱོན་འདོགས་བྱས་ན་ཡག་པོ་མ་རེད། ཁུངས་ལུང་ཡོད་ན་དེ་བཞིན་དུ་བྲིས་དང་ང་ཚོས་སྐུ་ཉིད་ཀྱི་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱ་ཁོ་ཐག་ཡིན། དགོངས་དག

    Reply
  32. གནས་ཚང་། says:
    ལོ་ 15 སྔོན།

    མ་གཞི་ཡག་པོ་རེད། ཡིན་ནའང་། དེང་གི་བར་ཕྱི་རྒྱལ་བ་དང་གཞན་དག་གིས་མིག་དཔེ་བསྐྲུན་པར་གཞི་བཅས་དོན་དག་འདི་བྱུང་བར་འདོད། གཞན་དུ་ནས་བོད་སོག་རིག་གཞུང་བསྟི་གནས་ཁང་འདི་གཞུང་འབྲེལ་སྒྲིག་འཛུགས་ཤིག་ཡིན་པས། ཡོང་སྒོ་མཐའ་དག་ཀྱང་གཞུང་ལ་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། མ་གཞི་ཨ་མདོ་འདི་ཚོ་ནང་ལ་ཞིབ་ཆ་ཆེ་ཞིང་། ཕྱི་ལ་བྱིལ་བྱིལ་གནང་མཁན་རྐྱང་ཡིན་ཅི་ཡི་ནམ།

    Reply
  33. ཞྭ་ནག་བློ་གྲོས། says:
    ལོ་ 15 སྔོན།

    ཨ་རྒྱ་རིན་པོ་ཆེ་འདི་བཙན་བྱོལ་ལ་ཕེབས་པ་ནས་བཟུང༌། བོད་རྒྱ་ཆེའི་མི་མང་གི་སེམས་ནང་ནས་རིམ་པས་དཀར་པོར་འགྱུར་མགོ་ཚུགས་པ་རེད། བོད་ནང་གི་མང་ཚོགས་ཚོའང་རིམ་པས་ཁོང་ལ་དགའ་ཞེན་ཞིག་ཡོང་མགོ་ཚུགས་ཡོད་པའི་སྐབས་འདིར། ཕྱག་ལས་འདི་འདྲ་ཞིག་གནང་བ་དེར་བློ་ཕམ་ཡོད།
    དགེ་འདུན་རབ་གསལ་ལགས་ཀྱིས་གནས་ཚུལ་འདི་གསལ་འདོན་གནང་བ་ལ་རྒྱབ་སྐྱོར་ཡོད། མུ་མཐུད་འདི་རིགས་ཐེར་འདོན་བྱེད་དགོས་ཀྱི་འདུག རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་ལ་ཚང་མས་འགན་ཞིག་འཁུར་དགོས་ཀྱི་འདུག སྐུ་སྒེར་ཡིག་ཚང་ཡིན་ནའང་འདྲ། བོད་གཞུང་བདེ་སྲུང་ཡིན་ནའང་འདྲ། དང་པོ་ནས་གདན་ཞུ་བྱེད་མཁན་ཆོས་ཚོགས་སོགས་གང་ཡིན་ནའང་བརྟག་དཔྱད་ཅིག་དང༌། ཡང་ན་ཆ་རྐྱེན་ཞིག་འདོན་པའི་ལམ་སྲོལ་བཟུང་དགོས་ཀྱི་འདུག
    ད་རེས་ཨ་རྒྱ་རིན་པོ་ཆེའི་ཆོས་ཚོགས་ནས་གནང་སྟངས་འདིར་བློ་ཕམ་ཚད་མེད་ཡོད། ངོ་རྒོལ་ཡོད། བླ་མ་བླ་ཆེན་ཡིན་མིན་ང་ལ་གསལ་ཆ་གང་ཡང་མེད། མཁྱེན་ཡོན་ཆེན་པོ་ཡོད་མེད་ང་ལ་རྒྱུས་གང་ཡང་མེད། དེ་ཚོ་ད་རེས་ཀྱི་གནང་སྟངས་འདིར་འབྲེལ་བ་ཡོད་པ་མ་རེད། ད་རེས་ཀྱི་གནང་སྟངས་འདི་ཁྱད་མཚར་བོ་ཞིག་མཐོང་སོང༌། ཆེན་པོ་ཡིན་ན་ཆེན་པོའི་ཚོད་ཀྱི་དགོངས་བཞེས་གནང་ཤེས་དགོས་པ་རེད། འདི་འདྲ་གནང་ན་ཡག་པོ་མ་རེད།

    Reply
  34. གནམ་ལྕགས། says:
    ལོ་ 15 སྔོན།

    བཀྲ་ཤིས་ལགས། དགེ་འདུན་རབ་གསལ་ལགས་ལ་བཀའ་དྲིན་ཞུ་ལོས་དགོས། ཡིན་ནའང་དེའི་ཞོར་དུ་ཡིན་གཅིག་གཞན་ཞིག་ལ་དམའ་འབེབས་གཏོང་དགོས་དོན་མི་འདུག་སྙམ། དགེ་རབ་ཁོང་གིས་ཀྱང་དམའ་འབེབས་གཏོང་མ་ཤེས་པ་མ་རེད། ཁོས་དེ་བས་ཀྱང་གནད་མཐུག་ས་མང་བོ་ཞིག་མཐོང་ཡོད་འདུག་གཱ ཡིན་ནའང་བཤད་ཕྱོགས་བཟང་བོ་ཇི་ལྟར་བྱས་འདུག དེའི་ཞོར་ནས་ཤེས་དགོས་པ་དེ་ཤེས་པས་ཆོག་པས། ཆེད་དུ་དེ་ལྟར་དམའ་འབེབས་བྱེད་དགོས་ས་ཞིག་མིན་པ་ཤེས་གལ་ཆེ།

    དེ་ལྟར་ཁ་ལ་ཡོང་ཡོང་བཤད་སྟབས་ཀློག་པ་པོ་ཚང་མ་ཉོབ་ཀྱིན་ཡོད། སྐུ་མཁྱེན། ཅུང་གཟབ་ཙམ་གནང་རོགས།

    Reply
  35. དོམ་དཀར། says:
    ལོ་ 15 སྔོན།

    རེད་ཡྭ་་་་་་ ང་ཚོ་བོད་པ་ཚང་མས་རྒྱུ་དང་སྙན་གྲགས་ལས་བླ་མའི་སྐུ་ཕྱྭ་གལ་ཆེ་ཡིན་པ་ཤེས་དགོས།

    Reply
  36. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། གནམ་ལྕགས་ལགས་ཐུགས་རྗེ་ཆེའོ
    འོན་ཀྱང་ངའི་གཏད་ནས་དེ་ལྟར་མི་འདོད
    སྔ་རབ་པ་དག་གི་་་ཆོས་བླུ་ཡོན་དང་དེ་ལ་ཆེ་བ་སོགས་བྱེད་ཚུལ་དང་ད་ལྟའི་ཆོས་ཚོང་བའི་བྱེད་ཚུལ་གཉིས་སྦད་དེ་ཁག་ཁག་རེད་ཟེར་རྒྱུ་ཡིན
    རྒྱུ་མཚན་ཁྱེད་ཀྱི་མི་མཁྱེན་པ་ག་ལ་ཡིན

    Reply
  37. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ང་ཚོའི་འདིར་སྐུ་ཕྱ་་སྐུ་ཕྱ་་ཟེར་ནས་ཕན་པ་མེད
    དེ་ལས་གནད་དོན་རེད་གསུངས་ན་རེད
    ངའི་གོང་དུ་ཞུས་བ་བཞིན་་་་་་་་་་་་་་་་་་་་་་་་་་་་་་་་་་བདེ་སྲུང་བ་སྐད་བཏང་བ་་དང་ཁ་པར་སོགས་ཀྱི་མཐུན་རྐྱེན་ཡག་པོ་དགོས་ན་འགྲོ་སོང་གཏོང་དགོས་བ་རེད
    ཆོས་ཚོགས་ཁག་གི་ཁེ་མ་གཏོགས་གྱོང་མི་འདོད་པ་རེད

    ཕར་སོང་མེད་ན་ཚུལ་འོང་མེད་ཟེར་བ་རེད་་་་་་་་་་་་་་་ད་ནས་བཟུང་གལ་ཆེས་གཞུང་འབྲེལ་གྱི་ཆོས་ཚོགས་རེ་ཡོན་ན་མ་གཏོགས་་་་་་་ཆོས་ཚོགས་ཁག་ལ་མ་ཕེབས་རོགས་ཞུ་རྒྱུ་ཡིན
    ད་ནས་བཟུང་་གཞུང་འབྲེལ་མ་ཡིན་པའི་ཆོས་ཚོགས་སུ་དང་གང་གི་༧གོང་ས་མཆོག་གདན་ཞུ་ཞུས་ཚེ་་ཚོང་གི་ཆེད་ཁོ་ནར་ཡིན་པས་དངོས་འཛིན་ཞུ་རྒྱུ་ཡིན

    Reply
  38. གནམ་ལྕགས། says:
    ལོ་ 15 སྔོན།

    རྒྱ་རྡེའུ་དགེ་འདུན་ལགས། ཁྱེད་ཀྱིས་དུས་ནམ་ཡང་བསམ་ཚུལ་གྱི་མགོར་དབུ་ཁྱུད་འབྲི་བཞིན་པ་འདི་ལ་ཡི་རངས་ཞུ། ང་ཚོས་ཆུང་བ་འདི་ཙམ་ལའང་མེས་པོའི་བརྡ་སྤྲོད་ཇི་བཞིན་དུ་ལག་ལེན་བསྟར་ཐུབ་ན་ཤིན་ཏུ་བཟང་།

    གཞན་ཆོས་འཚོང་རྒྱག་པ་ནི་ད་ལྟའི་གནས་སྟངས་གཅིག་བུ་མ་རེད། དེ་ནི་རང་རེའི་རྒྱལ་རབས་ཆོས་འབྱུང་དག་ཏུ་གསལ་བ་བཞིན་ཇོ་བོ་རྗེ་བོད་དུ་གདན་འདྲེན་ཞུ་སྐབས་བོད་པའི་གསེར་གྱི་འགྲོ་སོང་ག་འདྲ་ཡིན་མིན་གསལ་བར་གསལ་ཨང་། དེ་གཅིག་བུ་མ་ཡིན་པར་བོད་པའི་ལོ་ཙཱ་བ་དག་རྒྱ་གར་དུ་ཆོས་ལེན་དུ་འགྲོ་དུས་གསེར་གྱིས་རྫོངས་པ་ཇི་ལྟར་བྱས་མིན་སྐོར་མང་བོ་འདུག་གཱ དེ་འདྲའི་ལོ་རྒྱུས་ལ་བསྡུར་ནས་བལྟས་ན་ད་ལྟའི་རང་རེའི་ནང་ཆོས་འདི་ཡང་རྒྱལ་ཁབ་གཅིག་ནས་གཞན་ཞིག་ཏུ་བརྒྱུད་སྒྲོག་བྱེད་ཀྱིན་པ་མ་ཡིན་ནམ། དེར་བརྟེན་ནང་ཆོས་འདི་ནི་སྔོན་མ་ནས་གསེར་དངུལ་འཚོལ་བྱེད་ཀྱི་ཐབས་དམ་པ་གཅིག་བུ་དེ་ཡིན་པ་ཤེས་ནུས།

    ང་ཚོས་སྔོན་མའི་རྒྱ་གར་གྱི་བྷ་བྷོའི་དེ་ཚོར་ལད་ཟློས་བྱས་ཏེ་སྔོན་མའི་ནང་ཆོས་ཀྱི་ཆེད་དུ་ཤོར་བ་དེ་དག་ལ་ཁ་གསབ་བྱེད་ཀྱིན་ཡོད་པ་མིན་འགྲོ

    Reply
  39. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 15 སྔོན།

    ༄༅།། དགེ་འདུན་རབ་གསལ་ལགས ༡༠༠་་རེད
    སྒོར་མོ་ལས་སྐུ་ཕྱ་གལ་ཆེན་རེད། འོན་ཀྱང་དེ་ང་དང་ཁྱོད་ལྟ་བའི་གྲོད་ཆུང་དག་གིའི་བསམ་ཚུལ་རེད། ཆོས་ཚོགས་ཁག་དེ་འདྲ་མ་རེད་་་་སྐུ་ཕྱ་ལས་ཚོང་གལ་ཆེ་བ་རེད
    དེ་འདྲ་ཡིན་དུས་་་་དེང་སྐབས་ཆོས་ཚོགས་བརྒྱ་ཆ་དགུ་བཅུ་ཆོས་ཚོང་ཁང་རེད
    ཁེ་ཁོ་ན་ལས་གྱོང་གཏད་ནས་མི་འདོད་པའི་ཚོང་ཁང་ཞིག་རེད
    མ་འོང་པར་མི་སྐྱ་དག་གི་ཡང་ཚོང་གི་ཁ་ཕྱོགས་ལམ་འདིར་བརྒྱུད་རྒྱུ་རེད་ཡ་
    ད་ལྟ་ནས་བླ་མ་དང་དགེ་བཤེས་འགའ་རེས་ཆོས་ཚཽགས་རེད་བསྐྱངས་དེ་རྗེས་སུ་སྡོམ་འགོ་མ་ཐོན་ཡང་ཆོས་ཚོང་རྒྱག་གིན་འདུག་ག

    Reply
  40. གནམ་ལྕགས། says:
    ལོ་ 15 སྔོན།

    བོད་ཀྱི་མཛེས་མ་ལགས། ང་ཚོས་༸གོང་ས་མཆོག་གི་སྐུ་ཕྱུྭའི་དོན་ལ་ཧུར་བརྩོན་མི་བྱེད་པར་གང་ལ་བྱེད། དོན་དངོས་ལ་གཞིགས་ནས་སྐད་ཆ་བཤད་རྒྱུ་གལ་ཆེན་ཡིན། དགེ་རབ་ལགས་ཀྱིས་འདི་འདྲའི་སེམས་ནས་མ་བཟོད་པར་ང་ཚོས་མ་ཤེས་ས་མང་བོ་ཞིག་གི་སྣེ་བསྟན་པ་ལ་ཐུགས་རྗེ་ཆེ་ཞུ་དགོས་པ་ལས་ཧུར་བརྩོན་ཅན་གྱི་མིང་གིས་བསྙད་ན། དེ་ནི་གནས་ལུགས་དང་མཐུན་པར་མ་མཐོང་སྟབས་མཐའ་གཅིག་ཏུ་དགག་བྱ་ཡོད།

    དྲང་མོར་བཤད་ན། དགེ་རབ་ཟེར་བ་འདིས་ཁྱོད་སྣང་བཞིན་ལྐོག་ལྐོག་སིད་སིད་བྱེད་མི་ཤེས་པ་ཞིག་ཆེས་ཡིན་འདོད། ཡིན་ནའང་གོང་གི་གནད་དོན་འདིའི་ཆེད་དུ་མཐོན་པོའི་ངོ་སྲུང་གི་དམིགས་པ་རྒྱང་དུ་བོར་ནས་གལ་ཆེ་བའི་གནད་དོན་ཞིག་གླེང་སློང་བྱས་པ་ནི་ཐུགས་རྗེ་ཆེ་ཟེར་རྒྱུ་གལ་ཆེ།

    ད་ནི་༸གོང་ས་མཆོག་དགུང་ལོ་ཆུང་ཆུང་མ་རེད་དཱ། མི་ཞིག་གི་ཚད་ལ་བཞག་ནས་བསམ་བློ་བཏང་ན། སྐུ་ཕྱྭ་ཕར་ཞོགས། སྐུ་ངལ་གཅིག་བུའི་མནར་གཅོད་དེ་ཡང་བཟོད་དཀའ་བ་ཞིག་མ་རེད་དམ།

    གཤམ་ནས་ཞུ་རྒྱུ་ཞིག་ལ། མཆན་འདེབས་པ་དག་གིས་མཁྱེན་དགོས་པ་ཞིག་ལ། གང་ཟག་དང་བསམ་ཚུལ་ཁ་ཁར་ཕྱེས་ཏེ་མཆན་འདེབས་རྒྱུ་གལ་ཆེ། རང་ཉིད་གང་ཟག་དེར་མི་དགའ་བ་རྒྱུ་མཚན་དུ་བཞག་ནས་སྐད་ཆ་བཤད་རྒྱུ་མེད། ད་བར་དུ་ང་ཚོས་དེ་འདྲའི་གཤིས་ཀ་ངན་པ་ཞིག་རྒྱུན་འཇགས་བྱས་ནས་མགོ་ལ་ད་ལྟའི་ལོ་རྒྱུས་འདི་ཡོང་བ་རེད།

    Reply
  41. འཇམ་མགོན། says:
    ལོ་ 15 སྔོན།

    རྒན་དགེ་འདུན་རབ་གསལ་ལགས་ནས་འདི་ལྟར་ཚང་མའི་དོ་སྣང་དང་སྤྱིར་སྒེར་ཚང་མའི་གཟབ་ནན་བྱེད་དགོས་པའི་གནད་དོན་གནད་ལ་ཁེལ་བ་ཞིག་བཏོན་འདུག་པ་ཤིན་ཏུ་བཀའ་དྲིན་ཆེ།
    དངོས་གནས་ཡིན་གསུང་བཤད་་གནང་རྒྱུའི་ཁ་པར་ཙམ་ཡང་གྲ་སྒྲིག་ཡག་པོ་ཞིག་བྱེད་མ་ཐུབ་ན་སྐུ་ཕྱྭ་ལ་དེ་བས་ཀྱང་ལྷོད་གཡེང་ཤོར་ངེས། ང་ཚོ་ཚང་མས་མཉམ་རུབ་ཀྱིས་སྤྱིར་སྒེར་ཚང་མ་ལ་གསལ་འདེབས་བྱེད་དགོས་ལ། ལྷག་དོན་༸གོང་ས་མཆོག་ཚོང་གི་བཟོ་ལྟ་ལ་བསྒྱུར་བཞིན་པ་དག་ནི་ང་ཚོའི་དགྲ་བོ་དངོས་གནས་དེ་ཡིན་སྟབས། གཞུང་དང་སྒེར་བཅས་ནས་གཟབ་ནན་གྱིས་ལྟ་དགོས་ལ་གཟབ་ནན་གྱིས་གླེང་ཡང་དགོས།

    Reply
  42. nyima says:
    ལོ་ 15 སྔོན།

    It’s very important His Holiness the Dalia Lma’s safety.
    They should hire some securities at least. I agree Gedun Rabsal’s coments if it’s true. Arja Rinpoches is just normall Lama and he has not done any great things for the Tibetan people. I know he speaks some language but that’s not necessary for the high lama. Sorry my computer does not let me type Tibetan.

    Reply
  43. བོད་ཀྱི་མཛེས་མ། says:
    ལོ་ 15 སྔོན།

    ཧུར་བརྩོན་ཅན་དགེ་འདུན་རབ་གསལ་ལགས།

    སེམས་ཅན་ལས་ཀྱིས་མནར་བ་ལ་ཀུན་དགའ་བོ་མྱ་ངན་མ་བྱེད་ཅིག་་ཅེས་གསུངས་པ་ལྟར།ཁྱེད་རང་མྱ་ངན་མ་བྱེད།དེང་གི་དུས་འདིར་ཡོད་ཚད་དངུལ་གྱིས་བསླུ་ཚར་བ་རེད།་དེ་ལ་མྱ་ངན་བྱས་པ་དང་མ་བྱས་པ་མེད།

    དེ་ལས་ཁྱོད་རང་ཡང་་སངས་རྒྱས་དཔའ་རྟུལ་ཞེས་པའི་དེབ་དེ་གནམ་ལ་ཤར་ནས་ཊོ་ལའི་རྗེས་སུ་རྒྱུགས་ཤིག་་་མྱུར་པོ་རྒྱུགས་ཤིག་་་མགྱོགས་ནས་མྱུར་ཏུ་རྒྱུགས་ཤིག་་་་་་་རྗེས་ལུས་མ་ཐེབས།་མདུན་ནས་མདུན་དུ་རྒྱུགས་ཤིག་་་་བྲག་གཡང་དང་མཚོ་ཟབ་ལ་འཇིགས་སྣང་མ་བྱེད་མུ་མཐུད་མཆོང་ཞིག
    ཤེས་སོང་ངམ།་ཨ་མའི་བུ།

    Reply
  44. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    ད་རབ་གསལ་ལགས་ཀྱི་རྩོམ་ཐུང་གི་སྐོར་ནས་སྐད་ཆ་འགའ་བཤད་ན།

    དང་པོ། རབ་གསལ་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་ཕྱའི་ཆེད་དུ་སྐད་ཆ་གནས་ལུགས་ཅན་མང་པོ་བཤད་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་། དྲ་རོགས་གཞན་དག་གིས་ཀྱང་མིག་དཔེར་འཛིན་འོས་པ་ཉིད་དུ་མཐོང་།
    ཕྱི་གླིང་གི་ཆོས་ཚོགས་ཟེར་མཁན་ཚོས་༧གོང་ས་མཆོག་ཚོང་རྫས་སུ་བསྒྱུར་བཞིན་པ་འདི་ཨ་རི་གཅིག་པུ་མ་རེད་ལ། ད་ཐེངས་གཅིག་པུ་ཡང་མ་རེད། འདི་ཡང་གནད་དོན་གཅིག་རེད་འདོད།

    གཉིས་པ། ད་ཐེངས་ཀྱི་སྐུ་ཕྱའི་སྐོར་གྱི་གནས་ཚུལ་འདི་དག་གི་མགོ་མཇུག་ཚང་མ་དོན་དངོས་སུ་བོད་གཞུང་བདེ་སྲུང་དང་འབྲེལ་བ་ཡོད་པ་རེད་དམ་མེད་པ་རེད། འདི་ལ་ཤེས་མཁན་ཞིག་གིས་ལན་རེ་སྟེར་རོགས།

    གསུམ་པ། རྩོམ་ཡིག་འདི་ཉིད་ཀྱི་ནང་དུ་རྫུན་པ་ལ་ཕོག་འགྲོ་བའི་བདེན་པའི་སྐད་ཆ་མང་པོ་འདུག་ན་རྩོམ་ཡིག་འདི་བརྒྱུད་ནས་རབ་གསལ་ལགས་ལ་ངན་དམོད་ལབ་གླེང་ཡང་འབྱུང་སྲིད་ན། རེད་རེད། སང་ཉིན་ག་ལེར་མཐོང་ཡོང་གི་རེད་དོ།

    Reply
  45. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    དྲ་གྲོགས་ཚང་མས་གནས་ལུགས་དང་འགལ་བའི་མཆན་བུ་མི་འདེབས་རྒྱུའི་རེ་བ་ཞུ། རང་ཉིད་སྙུག་མིང་གི་འོག་ན་ཡོད་ཀྱང་། རང་གི་རྩོམ་ཡིག་དང་མཆན་བུ་གང་ཡིན་རུང་རང་གི་དངོས་མིང་གི་ཐོག་ནས་ཀྱང་ཕྱིར་ཕུད་ཐུབ་པ་ལྟ་བུའི་བསམ་བློ་འཛིན་རོགས། ཐུགས་རྗེ་ཆེ།

    Reply
  46. དཀོན་མཆོག་དབང་འདུས་ཨབ་ཕྱི། says:
    ལོ་ 15 སྔོན།

    བོད་མིའི་ལས་དབང་ལགས། ང་ཚོས་སྐད་ཆ་བཤད་དུས་བདེན་པ་སྲུང་དགོས་རྒྱུ་གལ་ཆེན་པོ་རེད། ཁྱོད་སྙུག་མིང་གི་འོག་ན་ཡོད་པ་ཙམ་གྱིས་ཨ་ཀྱ་རིན་པོ་ཆེ་ལ་དམའ་འབེབ་པ་ནི་དངོས་གནས་དགོད་བྲོ་བ་ཞིག་འདུག

    གནས་ལུགས་ཡོད་ན། བདེན་པ་ཡོད་ན། ཁུངས་དང་བཅས་ནས་འབྲི་རོགས་གནང་། ཐུགས་རྗེ་ཆེ།

    Reply
  47. གནམ་ལྕགས། says:
    ལོ་ 15 སྔོན།

    དགེ་འདུན་རབ་གསལ་གྱིས་དངོས་གནས་སེམས་འཚབ་དྲག་པོ་ཞིག་གནང་འདུག ད་དུང་སེམས་འགུལ་ཐེབས་པའི་བསམ་ཚུལ་ཞིག་གསུང་འདུག འདིའི་བར་ནས་ཆོས་ཚོགས་དེས་ཨ་སྒོར་གྱི་ཆེད་དུ་དེ་འདྲ་གནང་སྲིད་པ་ཡིན་ན། དེ་མ་ཡིན་པའི་རང་རེའི་གཞུང་གི་ཕྱོགས་ན་ལན་པོ་ཡོད་དམ། ཡང་ད་རེའི་འདི་གཅིག་བུ་མ་ཡིན་པར་སྐུ་མདུན་ནུབ་ཕྱོགས་ཀྱི་ཡུལ་གྲུ་གང་ལ་ཕེབས་ནའང་འདི་འདྲ་ཞིག་ཡིན་པ་འདྲ་སྟེ། གདན་འདྲེན་ཞུ་མཁན་རང་གི་ངོས་ནས་སྒོར་མོ་གཅིག་བུ་ཡིན་ཡང་། རང་ཕྱོགས་ནས་ག་རེ་གནང་དགོས་མིན་ལ་གླེང་སློང་རེ་བྱེད་དགོས་པ་འདྲ། མཐར་ཐུགས་རྗེ་ཆེ་ཞུ།

    Reply
  48. གནམ་ལྕགས། says:
    ལོ་ 15 སྔོན།

    ངའི་གློག་ཀླད་དུ་རྩོམ་ཡིག་འདི་གྲུ་བཞི་རྐྱང་ལས་ཤར་གྱི་མི་འདུག ང་《ཁ་བརྡ་》དྲ་ཚིགས་སུ་སོང་ནས་བཀླགས་པ་ཡིན།

    བོད་མིའི་རང་དབང་ལགས། སྐད་ཆབཤད་སྐད་སྐབས་ཅུང་གཟབ་ཙམ་གནང་རོགས། ཨ་ཀྱཱ་རིན་པོ་ཆེ་ནི་དེང་གི་དུས་ན་རང་རེའི་བོད་སྤྱི་ཚོགས་སུ་ཆེས་ཤུགས་རྐྱེན་ཆེ་བའི་བླ་མ་ཞིག་དང་། ཕྱི་ནང་གི་རིག་གནས་མང་བོ་མཁྱེན་པའི་བླ་མ་ཞིག་ཡིན་སྟབས། དོན་མེད་དུ་བསྐུར་འདེབས་ལྟ་བུ་བྱས་ན་རང་རེའི་དམ་ཚིག་དང་མཐུན་སྒྲིལ་ལ་གནོད་ངེས་ཡིན། འདི་ནི་གསལ་འདེབས་ཙམ་ཡིན། ཐུགས་རྗེ་ཆེ།

    Reply
  49. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱ་དམར་གྱི་ཆབ་སྲིད་ཐབས་ཇུས་ནི། ས་འབུ་གྲོག་མ་ལས་ཀྱང་སྐྱོ་བ་འདུག
    ཐ་ན་རྨོངས་ཞིང་གཏུམ་པར་གྲགས་པའི་ས་འབུ་གྲོག་མས་ཀྱང་སོ་སོ་ལ་འོ་མ་སྟེར་མཁན་གྱི་སྔོ་འབུ་རྣམས་མི་གསོད་པ་མ་ཟད་སྔོ་འབུ་རྣམས་ཀྱི་ཟ་རྒྱུའི་ཆེད་དུ་ཕྱོགས་མཚམས་ཀུན་ནས་ཤིང་གི་ལོ་མ་བསྡུས་ནས་གསོ་སྐྱོང་བྱས་ནས་རང་སྐྱིད་གཞན་བདེའི་འཚོ་བ་རོལ་ཤེས་ཀྱང་། རྒྱ་དམར་གཞུང་དང་མི་དམངས་ལ། ཆོས་རིག་དང་དཔལ་འབྱོར་གྱི་ཁེ་ཕན་རྒྱ་ཆེན་པོ་སྤྲོད་མཁན་གྱི། བོད་མི་རིགས་དང་བོད་ཡུལ་ལ་སྲུང་སྐྱོབ་བྱེད་དགོས་བསམ་པའི་ཐབས་ཇུས་བཤམ་མི་ཤེས་པར་མ་ཟད། རྒྱ་དམར་ཇག་ཚོགས་ལ་གནས་སྐབས་ཀྱི་ཁེ་ཕན་ཙམ་ལས་ཕུགས་བསམ་བཟང་པོའི་ཤེས་རབ་མེད་པའི་རྐྱེན་གྱིས། བོད་རིགས་ཡིན་ན་དམར་གསོད་བྱེད་ཆོག་པ་དང་བོད་ཡུལ་ཡིན་ན་གཏོར་བརླག་བཏང་ཆོག་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་རྗེས་འབྲས་ནི། རྒྱ་བོད་མི་རིགས་ཡོངས་ལ་གྱོང་ཁ་ཧ་ཅང་ཆེ་ཞིང་གནོད་ཚབས་ཤིན་ཏུ་ཆེན་པོ་ཡིན་པར་ཤེས་དགོས།
    རྒྱ་ནག་མི་དམངས་ཚོའི་སེམས་ལ་ཉིན་རེ་བཞིན་རྒྱ་དམར་གྱི་དྲང་བདེན་མ་ཡིན་པའི་ངན་སྤྱོད་ལ་འཁོན་འཛིན་དང་ཁོང་ཁྲོ་འཕེལ་བཞིན་འདུག་པས། རྒྱལ་ཡོངས་ལ་གཞི་རྒྱ་ཆེ་བའི་གསར་བརྗེའི་ལས་འགུལ་ཞིག་ཕྱོགས་ཡོངས་ནས་སྤེལ་རྒྱུའི་ཆ་རྐྱེན་ཚང་ལ་ཉེ་ཡོད། གལ་ཏེ་རྒྱ་དམར་དབང་འཛིན་པ་ཚོ་གང་འགྱོགས་རྨོངས་གཉིད་ལས་མ་སད་ན། གནམ་ས་བསྒྱུར་བའི་གསར་བརྗེའི་ལས་འབར་བའི་སྐབས་དེར་རྒྱ་དམར་དབང་འཛིན་པ་ཚོས་སོ་སོའི་སྡིག་ཉེས་ཀྱི་སྡུག་བསྔལ་ཚད་མེད་མྱོང་ངེས་པས་ད་ལྟ་ནས་མི་དམངས་ལ་གནོད་པའི་བསམ་སྦྱོར་སྤོང་ཤེས་ན་མཁས་པ་རེད།

    Reply
  50. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    དངོས་གནས་དེ་འདྲ་ཡིན་དུས་ཐབས་སྐྱོ་བོ་རེད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་ཡང་དེ་འདྲའི་ཉེན་སྲུང་མེད་པའི་གནས་བབ་དང་བསྟུན་ནས་བཀྲོངས་པ་རེད་ཅེས་གོ་ཐོས་བྱུང་། དེ་འདྲ་སོང་ཙང་། མི་ངོ་ཤེས་མིན་དང་སྐུ་མདུན་དང་ཐག་ཉེ་མིན། ད་དུང་བོད་པ་ཡིན་མིན་སོགས་ལ་མ་ལྟོས་པར་དོགས་ཟོན་དང་ཞིབ་བཤེར་བྱ་དགོས་པ་དེ་གནད་འགག་ཆེན་པོ་ཞིག་ལ་ཐུག་ཡོད་པ་དེ་ཚང་མས་མཁྱེན་གསལ་ལྟར། ལག་ལེན་དུ་བསྟར་རོགས་གནོང་། ཐུགས་རྗེ་གཟིགས།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese