མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡ་མཚན་དང་། བློ་ཕམ། བསྟན་འཛིན་དགེ་ལེགས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་དགེ་ལེགས།

༄༅།། འདི་ག་ཨ་རིའི་མངའ་སྡེ་བྱང་ཁ་ལེ་ཧྥོར་ནེ་ཡའི་བོད་མིའི་སྐྱིད་སྡུག་ནས་་བཀའ་ཁྲི་དང་། སྤྱི་མཐུས་ཚོགས་གཙོ་གཉིས་ལ་གདན་ཞུ་ཕུལ་བ་ལྟར་ས་གནས་སུ་ཕེབས་ནས་བོད་མི་སྤྱི་དང་གྲོགས་པོ་ཕྱི་རྒྱལ་བ་རྣམས་ལ་བོད་སྤྱིའི་རྩ་དོན་དང་འབྲེལ་བའི་བཀའ་སློབ་མང་པོ་ཞིག་གནང་སོང་བས་ས་གནས་བོད་མི་ཚོས་འདས་མ་འོངས་ད་ལྟ་གསུམ་གྱི་གནས་ལུགས་མང་པོ་གསལ་རྟོགས་བྱུང་སོང་བས་དེ་ནི་དངོས་འབྲེལ་གཟི་བརྗིད་དང་དགའ་སྤོབས་སྐྱེ་དགོས་པ་ཞིག་བྱུང་ཞིང་། ཕྱི་ཟླ་ལྔ་པ་དེ་ནི་དུས་ཚོད་འཁྲུག་ཆ་དོད་ལ་བྲེལ་ཟིང་གི་ངང་དུ་རྫོགས་སོང་། རྒྱུ་མཚན་ནི། ས་གཡོས་གཤིན་པོའི་འདས་མཆོད་ཚོགས་རྒྱུ་དང་གཅིག། ས་ག་ཟླ་བའི་དགེ་སྦྱོར་བྱེད་རྒྱུ་དང་གཉིས། བཀའ་བློན་ཁྲི་པ་དང་། སྤྱི་མཐུས་ཚོགས་གཙོའི་གསུང་བཤད་ཉན་རྒྱུ་སོགས་བྱ་བ་མང་པོ་ཞིག་གིས་སོ།

འོན་ཀྱང་དེའི་སྐབས་ཡ་མཚན་དགོས་པ་དང་། བློ་ཕམ་དགོས་པའང་བྱུང་། དེ་ནི་ཁོ་བོའི་རྨོངས་འཆར་རམ་བློ་རྒྱ་ཆུང་བའི་སྐྱོན་ཡིན་ལས་ཆེ།

དེས་ན་བློ་རྨོངས་གཉིད་ལས་སློང་རྒྱུར་ཤེས་རབ་རྒན་པོའི་བརྡ་སྐད་དེ་ཉན་འདོད་ཆེ། འོ་ན་དེ་དག་གང་ཡིན་ཅེ་ན། ཟླ་དེའི་ཚེས་ ༢༦ ཉིན་བཀའ་ཁྲི་མཆོག་ནས་དབྱིན་སྐད་ཐོག་དྲག་སྤྱོད་སྤོངས་ཐབས་སྐོར་བཀའ་སློབ་གནང་དུས་ཁོང་རང་གིས་གྲོགས་པོ་རྒྱ་གར་བ་མང་པོའི་གསུང་ལུང་འདྲེན་གནངསོང་ཡང་། ད་ལྟའི་དུས་འདིར་དྲག་སྤྱོད་སྤོང་ཐབས་དང་། ཞི་བའི་ལམ་སྟོན་གྱི་སྲོལ་འབྱེད་ཆེན་པོ་༧གོང་ས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཚིག་གཅིག་ཀྱང་ལུང་འདྲེན་གནང་མ་སོང་བས་བློ་ཕམ་དང་། ཡ་མཚན་དུ་གྱུར། རྒྱུ་མཚན་ནི། རིས་མེད་ཆོས་ལུགས་ཁག་གི་མཚན་ལྡན་བླ་མ། མཁན་པོ། སྤྲུལ་སྐུ་ཆེ་ཆུང་སུ་འདྲ་ཞིག་ཡིན་ཀྱང་ཕྱི་ནང་མི་རིགས་རྣམས་ལ་བཀའ་སློབ་གནང་དུས་༧གོང་ས་མཆོག་གི་བཀའ་སློབ་ལུང་འདྲེན་དང་གང་གི་བཀའ་བཞིན་བྱེད་དགོས་པའི་ལམ་སྟོན་གནང་གི་ཡོད་། འོ་ན་བཀའ་ཁྲི་མཆོག་༧གོང་ས་མཆོག་ལ་དད་གུས་མེད་པ་ཡིན་མི་སྲིད་ལ། འགྲན་རྩོད་དང་། ང་རྒྱལ་ནི་དེ་བས་ཡིན་མི་སྲིད།

འདི་གཟིགས་པ་པོ་རྣམས་ནས་ལན་འདེབས་གནང་བའི་རེ་བ་ཞུ།།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༦ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 12

  1. ཤུལ་ལུང་རྡོ་རྗེ། says:
    ལོ་ 16 སྔོན།

    “བླུན་པོའི་ཁ་ན་ལེགས་བཤད་ཡོད་”ཅེས་པ་ལྟར་ཟམ་དོང་གི་གྲོགས་རྒྱ་གར་བ་དེ་ཚོ།
    ༸གོང་ས་མཆོག་ལ་ལྟོས་ན་བླུན་པོ་ཞིག་ཡིན་སྲིད་ཀྱང་ལེགས་བཤད་ཀྱང་ཡོད་རུང་བས་ལུང་འདྲེན་བྱས་པར་དགག་བྱ་མེད།
    དགག་བྱ་ཡོད་ངོ་མ་དེ་ཁྱེད་ཀྱིས་མི་ཞིག་བཀའ་སློབ་གཅིག་གནང་ཚེ་ངེས་པར་༸གོང་ས་མཆོག་གི་ལུང་འདྲེན་ཡོད་དགོས་ཟོར་འདྲ་ཞིག་བཤད་པ་དེར་ཡིན།
    དེ་ལ་རྒྱུ་མཚན་གཉིས་བཤད་འདོད་བྱུང་།
    དང་པོ། དེང་སང་འུ་ཚོའི་སྤྱི་ཚོགས་ནང་ཕལ་རོལ་པོས་སྐད་ཆ་ཞིག་བཤད་ཚེ་དེ་ལ་ངེས་པར་སྐྱོན་འདོག་ཀྱིས་ཕམ་པར་རྒྱག་འདོད་ཀྱིས།
    ༸གོང་ས་མཆོག་གི་ལུང་འདྲེན་ཆེ་ལྕི་བ་ཁ་ཤས་བཟུང་ཏེ་བཞུས་ཆོག་ཆོག་བྱས་ཀྱིས་ངང་སྒུག་བྱེད་པའི་སྲོལ་ངན་འདིར་མི་འདོད་པས་ཡིན་ལ།
    གཉིས་པ།
    ང་ཚོ་བོད་མི་སུ་ཞིག་གཏམ་བཤད་གཅིག་སྤེལ་ནའང་༸གོང་མཆོག་གི་བཀའ་ལུང་རྐྱང་རྐྱང་དྲང་བསྡད་ན།
    ༸གོང་ས་མཆོག་གི་བཀའ་བརྒྱུད་བསྒྲགས་ཙམ་མམ་བསྐྱར་ཟློས་ཙམ་ལས་ང་ཚོར་བློ་འབྱེད་ཀྱི་ལེགས་བཤད་གསར་བ་ཅི་ཡང་རག་གི་མ་རེད།
    ད་དུང་འདི་ལ་འཕྲོད་ན་ཧ་ཅང་མང་ཡང་སྤྲོས་པར་མ་སྤྲོ།

    Reply
  2. བྱམས་རྒྱལ། says:
    ལོ་ 16 སྔོན།

    རྨོངས་འཆར་རམ་བློ་རྒྱ་ཆུང་བའི་སྐྱོན་ཡིན་ལས་ཆེ། ཞེས་རྩོམ་པ་པོ་ཁོང་རང་གིས་གསུངས་འདུག་པ་དེས་དོན་ལ་གནས་འདུག་།

    Reply
  3. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲགས་གྲོགས་ཕལ་ཆེ་བས་བདེན་པའི་གནས་ལུགས་བཤད་འདུག་།

    Reply
  4. དཔལྡན་རྡོ་རྗེ། says:
    ལོ་ 16 སྔོན།

    བློ་ཕམ་གནང་དགོས་དོན་མེད། བཀའ་ཁྲི་རིན་པོ་ཆེའི་གནང་སྟངས་དེ་ཧ་ཅང་ཡག་པོ་རེད། དེང་སྐབས་ང་ཚོའི་སྤྱི་ཚོགས་ཀྱི་ནང་། གནད་ཡོད་ཚོས་བཤད་ཚད་༸གོང་ས་མཆོག་གི་བཀའ་དང་དགོངས་པ་ཡིན་ཟེར་ནས་༸གོང་ས་མཆོག་ཕྱིས་རས་ནང་བཞིན་གང་འདོད་ལུང་འདྲེན་བྱེད་ཀྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་ཡིན་པ་ཤེས་དགོས་ཞུ།

    Reply
  5. གྱི་ན་བ says:
    ལོ་ 16 སྔོན།

    དོན་མེད་སེམས་ཁྲིས་མ་བྱེད་ལོ། ཟམ་གདོང་བླ་མའི་༸གོང་ས་མཆོག་ལུང་འདྲེན་གནང་མ་གནང་གིས་དད་པ་དམ་ཚིག་ལོག་མ་ལོག་བཤད་ན། རང་རང་གི་མཚང་རྟགས་ཕྱི་ལ་ངོམ་པ་རེད། དེ་ལས་ཕྱི་རྒྱལ་བ་ཚོས་གཡོག་ཡག་པོ་རྒྱུག བློ་བདེ་པོ་གྱིས་དང་རང་རང་སྐྱིད་པོ་ཡོང་གི་རེད།

    Reply
  6. འཇིགས་བྲལ་བསྟན་འཛིན། says:
    ལོ་ 16 སྔོན།

    བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་ཐེངས་འདིའི་གནང་སྟངས་དེ་ཧ་ཅང་ཡག་པོ་རེད། དེང་སྐབས་བོད་པའི་སྤྱི་ཚོགས་ཀྱི་དབུ་ཁྲིད་ཚོར་ན་ཚ་སྡུག་ཅག་ཞིག་སླེབས་ཡོད། དེ་ནི་བཤད་ཚད་༸གོང་ས་མཆོག་གི་བཀའ་དང་དགོངས་པ་ཟེར་ནས་༸གོང་ས་མཆོག་ཐབ་ཕྱིས་བཞིན་ལྕེ་ཡོད་ཚད་ཀྱིས་ལུང་འདྲེན་གང་འདོད་བྱེད་ཀྱི་ཡོད་པ་དང་། རང་ཉིད་ཀྱིས་གང་བཤད་ལ་དགག་པ་བྱེད་མཁན་བྱུང་ན་དེ་༸གོང་ས་མཆོག་ལ་དགག་པ་རྒྱག་གི་ཡོད་པར་བརྗོད་པ་དེ་རེད། དེ་འདྲ་བྱས་ནས་རང་ཉིད་ཡག་པོ་ཡིན་མདོག་དང་། རང་ཉིད་དང་མི་མཐུན་པའི་རིགས་སྡུག་ཅག་རེད་མདོག་བྱེད་ཀྱི་ཡོད།

    དེ་ནས་༸གོང་ས་མཆོག་རླབས་ཆེ་ཆུང་དང་། ཟམ་གདོང་རིན་པོ་ཆེས་༸གོང་ས་མཆོག་ལ་འགྲན་རྩོད་བྱེད་ཡུལ་གྱི་གནས་བབ་ཡོད་མེད་བཅས་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ཡག་པོ་ཡོད་རེད།

    Reply
  7. བཙན་པོའི་བུ། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མས་བོད་དོན་ཟུར་ནས་བརྗེད།།
    ཟུར་ཟ་མཁན་པོས་ཟ་དང་ཟུར་གྱིས་སྡིག།
    ཟ་ས་འཐུང་ས་མེད་པའི་སྐྱབས་བཅོལ་བ།།
    ཟ་ངེ་ཟང་ངེར་མི་ཚེ་སྡུག་གིས་བསྐྱར།།

    Reply
  8. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    བསྟན་འཛིན་དགེ་ལེགས་ཉཽན་ཨང་
    ཟམ་གདོང་རིན་པོ་ཆེ་ནི་བཙན་བྱོལ་གྱི་མི་ལོ་དྲུག་ཅུ་ལྷག་ཙམ་རིང་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྷག་བསམ་རྣམ་དག་གིས་སྒྲུབ་མཁན་ཞིག་ཡིན་པ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མཁྱེན་གསལ་རེད
    དོན་མེད་སྒྲོ་བཏགས་ནས་ཟམ་གདོང་རིན་པོ་ནག་བསུབ་ཏུ་གཏོང་དགོས་བསམ་པ་ནི་དཀའ་ལས་ཁག་རོགས་རང་རེད

    Reply
  9. གནས་ཚང་། says:
    ལོ་ 16 སྔོན།

    དེ་ཡ་མཚན་དགོས་པའི་གནས་མ་རེད། སྐུ་ངོ་བཀའ་ཁྲིར་ཞི་བདེ་རྟགས་མ་ཞིག་རེག་པ་ཡིན་ན། བོད་མི་གཉིས་ལ་རེག་པ་ཡིན་པས། དེ་ནི་ལོ་རྒྱུས་ཀྱི་གོ་སྐབས་འཚོལ་ཕྱོགས་ཤིག་ཀྱང་རེད་ལ། བོད་མི་མ་འདྲ་བ་མང་བོ་བྱོན་ཆོག་པ་སུས་ཀྱང་འགོག་ཐབས་མེད་པ་ཞིག་མ་ཡིན་ནམ།

    Reply
  10. མདོ་ཁམས་འབྲི་མཚོ says:
    ལོ་ 16 སྔོན།

    བཀའ་ཁྲི་མཆོག་གིས༧གོང་ས་མཆོག་ལ་དད་པ་ཡོད་མེད་དང་་་་་་་་་་་ཡང་འགྲན་རྩོད་བྱེད་ཀྱི་ཡོད་མེད་ཀྱི་དོག་པ་དེ་བློ་དང་ལྡ་པ་ཞིག་ལ་ཡོང་མི་སྲིད

    Reply
  11. བོད་ཀྱི་མཛེས་མ། says:
    ལོ་ 16 སྔོན།

    བསམ་ཚུལ་འདོན་པོ་བསྟན་འཛིན་རྣམ་རྒྱལ་ལགས། ཟམ་གདོང་པཎ་ཆེན་ལ་སྐྱོན་རྐྱང་རྐྱང་འཚོལ་ནས་དུས་ཚོད་སྐྱེལ་གང་ཐུབ་མ་བྱེད་པར་དེ་ལས་ཁྱེད་རང་ནུབ་ཕྱོགས་སུ་འཕུར་དགོས་པའི་དམིགས་ཡུལ་ལྟར་ཌོ་ལར་དང་དབྱིན་མོ་འཚོལ་བར་རྒྱུགས་ཤིག་ཅེས་ལབ་འདོད་བྱུང༌།

    ཉིད་ཀྱི་བསམ་ཚུལ་ཟིན་བྲིས་དེ་བཀླགས་པ་ཙམ་ནས་ཁྱེད་རང་ཟམ་གདོང་པཎ་ཆེན་ལ་མི་དགའ་མཁན་ཞིག་ཡིནཔ་དེ་མུར་ཤེས་རྟོགས་བྱུང༌། རང་རེའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་རང་ཉིད་ཀྱི་གནས་བབ་གང་དུ་ཡོད་པ་མི་ཤེས་པར་གཞན་ལ་མཚང་འབྲུ་རྒྱུའི་ན་ཚ་ཞིག་ཁྱབ་ནས་ཡོད། ན་ཚ་དེ་ཡོད་མཁན་རྣམས་ནམ་ཡང་གཞན་གྱི་ཡོན་ཏན་མཐོང་མི་ཐུབ། དེ་ཚོའི་གྲས་དེ་ཉིན་གཅིག་སངས་རྒྱས་ལའང་སྐྱོན་འདི་དང་འདི་ཞེས་བརྗོད་སྲིད་པ་ཞིག་རེད།

    ཁྱེད་དང་པོ་ཉིད་ནས་ཟམ་གདོང་པཎ་ཆེན་ལ་སྐྱོན་འཚོལ་བར་ཡོང་ཡང་མཐར་སྐྱོན་གང་ཡང་མ་རག་པར་ཁོང་གིས་ལུང་འདྲེན་བྱེད་སྟངས་ཐད་སྐྱོན་བརྗོད་པ་ངོ་མ་གོད་ཤོར་རྒྱུ་རང་རེད། ཟམ་གདོང་པཎ་ཆེན་གྱི་རྒྱ་གར་གྲོགས་པོ་ཕེལ་ཁྱེར་བ་ནི་གྷན་དྷིའི་དངོས་སློབ་དང་མཁས་པ་རྐྱང་རྐྱང་རེད། ཁོང་གིས་དུས་ནམ་ཡང་ྋགོང་ས་མཆོག་བློས་གཏོང་མི་སྲིད། ཁོང་གིས་སངས་རྒྱས་ཀྱི་བསྟན་པ་དང་ྋགོང་ས་མཆོག་གི་དོན་དུ་རང་གི་སྲོག་བློས་གཏོང་ཟིན་པ་བོད་རིགས་སྐྱེ་བོ་གནམ་བསྟན་ཚང་མས་ཤེས་གསལ་རེད། དཔེར་ན་ཉིས་སྟོང་བརྒྱད་ལོར་ལྷོ་ཕྱོགས་འབྲས་སྤུངས་ཚོམས་ཆེན་དུ་ཤུགས་ལྡན་དང་འབྲེལ་བའི་གསུང་བཤད་གནང་སྐབས་སྐྱེས་ཐེངས་གཅིག་ལ་ཤི་ཐེངས་གཅིག་རེད། བསྐྱར་ལྡབ་ཡང་ལྡབ་བྱས་ནས་འཆི་འགྲོ་བ་ཞིག་མེད་ཅེས་གསུངས་ཡོད་པ་ཁྱེད་ཀྱིས་གོ་ཡོད་ཚོད་རེད།

    ྋགོང་ས་མཆོག་གིས་ཀྱང་མཚམས་མཚམས་མང་ཚོགས་ལ་བཀའ་སློབ་གནང་སྐབས་གྷན་དྷི་དང་ཡུལ་ཤུ་ཆོས་ལུགས་པ་ཡུམ་ཆེན་ཌེ་ས་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཚོའི་བཀའ་སློབ་ལ་ཁུངས་བཅོས་ནས་ལམ་སྟོན་མཛད་ཀྱིན་ཡོད། འོ་ན་ཁྱེད་ཀྱིས་དེ་ལའང་འགྲིག་མི་འདུག། རྗེ་ཡབ་སྲས་གསུམ་དང་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་ཚོའི་ལུང་བགྲང་མི་འདུག་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡིན་ནམ། ངོ་མ་གོད་ཤོར་དགོས་པར་རང་རེད།

    ངས་ཁྱེད་དང་ཁྱེད་ཀྱི་རིགས་མཐུན་གྱི་སྐྱེ་བོ་རྣམས་ལ་གདངས་ངག་ཅིག་ཤོད། ལེགས་པར་ཉན་ལ། ཡིད་ལ་ཟུངས་ཤིག ད་དུང་སྔར་བྱས་ལ་འགྱོད་སེམས་དང༌། ཕྱིན་ཆད་སྡོམ་སེམས་བྱོས། སྡིགས་ཅན། ཤེས་སོང་ངམ། ཉོན་ཨཱ། ཤོད་ཀྱིན་ཡིན།

    བྱང་སེམས་བདག་ཉིད་ཆེན་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་མཆོག་གིས།
    རང་མཚང་རང་གིས་བྲུས་དང་མཁས་པ་ཡིན།
    གཞན་མཚང་ལྷད་ལ་ཞོག་དང་དགེ་བ་ཡིན།
    གདངས་ངག་འདི་ཁྱེད་ཀྱིས་ད་ནས་བཟུང་ཉིན་ལེན་གསུམ་དང་མཚན་ལེན་གསུམ་འདོན་རྒྱུ་མ་བརྗེད་པ་གནང་རོགས།

    Reply
  12. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དེ་བཀའ་ཁྲི་མཆོག་རྒྱ་གར་ལ་རིགས་ཞེན་ཆེ་དྲགས་པས་ཡིན་ལས་ཆེ། དེར་མ་ཟད་དེང་སྐབས་འཛམ་གླིང་སྟེང་སྤྱོད་བཞིན་པའི་མང་གཙོའི་ལམ་སྲོལ་གྱིས་མཚོན་ལེགས་ཤིང་ཕུལ་བྱུང་གི་ཤེས་ཡོན་དང་རིག་པ་ལམ་སྲོལ་ཀུན་གྱི་འབྱུང་ཁུངས་རྒྱ་གར་ཁོ་ན་ཡིན་པར་བསྒྲུབས་བཞིན་ཡོད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese