མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་འཕྲོག་བཅོམ་བྱས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་ས་མཚམས་ཀྱི་ཇག་པས་བོད་མི་སྐྱབས་བཅོལ་བའི་རྒྱུ་ནོར་འཕྲོག་བཅོམ་བྱས་ཡོད་འདུག

ཕྱི་ཚེས་ ༦ ཉིན་བལ་ཡུལ་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ཆར་བོད་མི་སྐྱབས་བཅོལ་བ་ཁག་ཅིག་བལ་བོད་ས་མཚམས་རྡོ་ལ་ཁ་རྫོང་བརྒྱུད་བལ་ཁོངས་སུ་འཛུལ་སྐབས་ས་གནས་ཇག་པས་ཁོང་ཚོའི་རྒྱུ་དངོས་ཚང་མ་འཕྲོག་ཡོད་འདུག་ལ། ལོ་རེར་བོད་ནས་བོད་མི་སྐྱབས་བཅོལ་བ་བལ་ཁོངས་སུ་འཛུལ་རྒྱུའི་གྲངས་འབོར་མང་དུ་སོང་བ་དང་བསྟུན་ནས། ས་གནས་ཇག་པས་བོད་མིར་འཕྲོག་བཅོམ་བྱ་རྒྱུའི་གནས་སྟངས་ཀྱང་སྔོན་མ་ལས་ཛ་དྲག་རང་བཞིན་ཞིག་ཏུ་གྱུར་འདུག  བོད་མི་སྐྱབས་བཅོལ་བ་ ༨ དེ་ཚོ་བླ་མ་བྷ་སྒར་ Lamabagar  ས་གནས་ནས་ཆ་རི་ཁོ་ཊིར་ Charikot ཞེས་པའི་ལམ་བར་གྱི་ཤིང་ནགས་ཞིག་ཏུ་སླེབས་མཚམས་ཇག་པས་ཁོང་ཚོར་འཕྲོག་བཅོམ་བྱས་ཡོད་པ་རེད། འདིའི་ཐད་བལ་ཡུལ་ཉེན་རྟོག་པས་བརྗོད་དོན། ཚེས་ ༢༦ ཉིན་བོད་མི་ ༡༠ ཙམ་ཁྲིམས་འགལ་གྱིས་བལ་ཡུལ་ནང་འཛུལ་ཡོད་པར་མ་ཟད། ཡུལ་དེའི་ཇག་པས་ཉུང་མཐར་ཁོང་ཚོའི་ལག་ནས་ཧིན་སྒོར་སྟོང་ཕྲག་ ༤༤ ཙམ་འཕྲོག་འདུག་ལ། ང་ཚོས་བོད་མི་དེ་ཚོ་བལ་ཡུལ་གཞིས་སྤོ་ལས་ཁུངས་སུ་རྩིས་སྤྲོད་བྱས་ཡོད་ཅེས་བརྗོད་ཡོད།

འདས་པའི་ཟླ་འགའི་ནང་བོད་མི་ ༦༢ ཙམ་ཞིག་བླ་མ་བྷ་སྒར་ Lamabagar གྱི་ས་གནས་ཁག་ནས་བལ་ཡུལ་གྱི་ས་ཁོངས་སུ་འཛུལ་ཡོད་ལ། དེ་མིན་རྫོང་གཞན་པའི་ས་གནས་ཁག་ཏུའང་ཉུང་མཐར་བོད་མི་བརྒྱ་ཕྲག་དུ་མ་ཞིག་ནང་འཛུལ་བྱས་ཡོད་སྐོར་བརྗོད་ཡོད། རྫོང་དེའི་ཉེན་རྟོག་པའི་མགོ་བས་བརྗོད་ན།  བོད་མི་དེ་ཚོ་ཉིན་གྲངས་ ༥ རིང་གོམ་པ་བརྒྱབ་རྗེས་རྡོ་ལ་ཁར་སླེབས་ཐུབ་ཡོད་ལ། ལམ་ཐག་རིང་པོར་གོམ་པ་བརྒྱབ་པ་དང་མཚན་མོར་ཡང་ཤིང་ནགས་སུ་སྡོད་དགོས་དུས། ཁོང་ཚོ་ཚང་མའི་ལུས་ཟུངས་ཟད་ཡོད་ལ་དེ་དག་ལས་ཁ་ཤས་ཤིག་ནད་པར་གྱུར་ཡོད། ལྷག་པར་དུ་ཁོང་ཚོས་བལ་ཡུལ་གྱི་སྐད་ཤེས་ཀྱི་མེད་སྟབས་ལས་སླ་མོར་ཇག་པས་འཕྲོག་བཅོམ་བྱེད་ཐུབ་བྱུང་བ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན་རྒྱ་མཚོ། 


འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

མཆན། 10

  1. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    བ་ཡུལ་ནང་གི་ཇག་པ་དེ་དག་ལ་དུས་བརྟན་དུ་རྒྱལ་བའི་རྒྱལ་ཁ་ཞིག་
    ནམ་ཡང་འབྱུང་མི་སྲིད།།

    Reply
  2. སེར་གཙང་འཇམ་དབྱངས། says:
    ལོ་ 16 སྔོན།

    དྲ་གྲོགས་ཤེེལ་དཀར་བློ་བཟང་ལགས་ད་ལམ་བ་ཡུལ་གཞུང་དང་
    མི་དམངས་གཉིས་ནས་མཉམ་ཆུང་བོད་མི་རྣམས་ལ་ཐུབ་ཚོད་གཏོང་བའི་
    གནས་ཚུལ་བདེན་ཡང་དེའི་སྐབས་ཀྱི་གནས་ཚུལ་དེ་དཀོན་མཆོག་གིས་དྲང་པོ་མ་གནང་བའི་དབང་གིས་བྱུང་ཞིག་མིན་པས་
    དཀོན་མཆོག་གིས་དྲང་པོ་གནང་གི་མི་འདུག་ཟེར་བ་དེ་རྨོངས་དད་ཙམ་ལས་རིག་པ་དང་ལྡན་པའི་སྐད་ཆ་ཞིག་མིན་ལགས།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཨ་ཁ་བློ་ཕམ་པོ་རེད།

    Reply
  4. སྣང་རྒྱལ་ཤེར་དགེ says:
    ལོ་ 16 སྔོན།

    བོད་རང་བཙན་ཐོབ་པའི་ཉིན་མོ་ང་ཇོ་མོ་གླང་མའི་དབུ་རྩེར་བུད་དེ་བལ་ཡུལ་གྱི་ཡུལ་ཁམས་འདི་འུར་རྡོ་ཡིས་རློག་རྒྱུ་ཡིན། ཉིན་མོ་དེར་ཁྱོད་ཚོའང་འུར་རྡོ་ཁྱེར་ཏེ་ང་དང་མཉམ་དུ་ཤོག་ཨཱ། ང་ཚོས་ཕར་ཤོར་བ་ཡོད་ཚད་དེ་དུས་ཚུར་ལེན་ངེས་ཡིན།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་མི་ཉམ་ཆུང་ཚོ་ནི་ས་ག་པ་སོང་ཡང་བཅོམ་མཁན་ཡོད་ལ་བཙན་ནོན་བྱེད་མཁན་ཡོད། སྤུན་གྲོགས་ཚོ། རྡུག་རྩ་གཅིག་སྒྲིལ་དང་ཉམ་ཆུང་ཚོས་ཤུགས་རྒྱབ་་་་ངོ་ཚ་མེད་པའི་འཛམ་གླིང་འདིས་གསོད་བྱ་དང་རྡུང་བྱ་བྱས་ནས་མི་རབ་ག་ཚོད་མགོ་སྒུར་ནས་བསྡད་ཀྱིས་ཡིན་ནམ།
    མགོ་ཡར་ཀྱོར།
    མགོ་ཡར་ཀྱོར།
    མགོ་ཡར་ཀྱོར།

    ཤི་ན་ཤི་རོགས་རག་དགོས། བྲོས་ནས་ཐར་པ་མི་འདུག

    Reply
  6. ཨ་བཀྲ་ཤིས། says:
    ལོ་ 16 སྔོན།

    བལ་ཡུལ་གཞུང་འདིས་བོད་མི་སྐྱབས་བཅོལ་བར་སྡོད་ཆོག་པའི་ལག་འཁྱེར་མི་སྟེར་ན་ཡང་ལམ་ཁ་ཞིག་གཡར་ན་མི་ཆོག་རྒྱུ་མེད་མོད། འདི་དག་ཐམས་ཅད་བལ་ཡུལ་ཇག་པ་ཡིན་ནམ་རྒྱ་འདྲེ་དེ་ཚོའི་འཕྲུལ་ཡིན་ན་གང་ལྟར་བོད་མི་ཚོ་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་བཞིན་འདུག
    ད་ང་ཚོའི་གཞུང་ལ་ཐབས་ཤེས་ཆུང་ཆུང་རེ་མེད་དམ། ངོ་མ་ཅི་ཞིག་བྱ།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    ད་ལྟའི་གནས་སྐབས་སུ་ང་ཚོ་བོད་མིར་བལ་ཡུལ་རྒྱལ་ཁབ་ཆུང་ཆུང་དེ་ཡི་ཡུལ་མི་དང་གཞུང་ཕྱོགས་གཉིས་ཀས་ཐུབ་ཚོད་གཏོང་གི་འདུག ནམ་མཁའི་བླ་མ་དཀོན་མཁྱེན། ཁྱེད་ཀྱིས་དྲང་པོ་གནང་གི་མི་འདུག ང་ཚོས་མི་ལོ་ལྔ་བཅུའི་རིང་སྡུག་པོ་མྱང་ཡིན། ད་དུང་ཡང་ག་ཚོད་བར་དུ་མི་ཡིས་གཉའ་གནོན་འོག་ལ་སྡོད་དགོས་སམ། མདོར་དོན་ང་ཚོར་ཡ་ང་སྙིང་རྗེ་བྱེད་མཁན་དང་། བདེན་པའི་རྒྱབ་ལང་བྱེད་མཁན་ཡོད་དམ། བདེན་པར་བདེན་སྟོབས་ཨེ་ཡོད།
    ད་ང་ཚོས་ཅི་འདྲ་ཞིག་བྱས་ན་བཟང་ངམ།

    Reply
  8. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ལས་བསགས་པ་ཞིག་མ་འགྲིག་པ་ཡིན་རྒྱུ་རེད་གོ། བོད་སྤྱི་ཡོངས་ཀྱི་ཆ་ནས་བལྟས་ན་འདི་འདྲ་མི་འབབ་ནི་ཞིག་སྣང་གི། ཡིན་ནའང་། གང་ཟག་སྒེར་སོ་སོའི་ངོས་ནས་ལས་ཅི་ཞིག་བསྒྲུབས་ཡོད་པ་ང་ཚོས་བཤད་ཚོད་དཀའ་བ་ཞིག་རེད།

    Reply
  9. འབྲི་འོད་སྣང་། says:
    ལོ་ 16 སྔོན།

    འོ་ད་དཀོན་མཆོག་གསུམ།
    དུས་དེང་སང་བོད་པའི་དཀའ་སྡུག་འདི་སུས་དྲན་ཕོད་ཨང་།

    Reply
  10. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    ནམ་ཡིན་ནའང་། གྱོང་རེག་མཁན་ང་ཚོ་རེད། འདི་ཅི་ཞྀག་མ་འགྲིག་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese