མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེར་ཁྲག་ཤེད་ཀྱི་ན་ཚ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གློད་གྲོལ་ཆེད་མྱུར་འཕྲིན་བརྒྱུད་སྙན་ཞུ་དང་མཚན་རྟགས་བཞི་ཁྲི་རྒྱ་གཞུང་ལ་འབུལ་གྱིན་ཡོད་འདུག་ལ། རིན་པོ་ཆེ་ཁོང་ལ་ཁྲག་ཤེད་དང་སྙིང་ཁམས་ཀྱི་ན་ཚ་ཡོད་ཚུལ་འདུག

འདི་ལོ་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གློད་གྲོལ་ཆེད་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་མགོ་འཛུགས་བྱས་ཡོད་ལ། ཉིན་འདི་གའི་རིང་ཁོང་ཚོ་དང་ཚོགས་པ་གཞན་གཉིས་མཉམ་རུབ་ཀྱིས་རྒྱ་ནག་གཞུང་ལ་གཏོང་འཆར་ཡོད་པའི་སྐོར་བརྗོད་ཀྱིན་ཡོད་སྟབས། ཕྱི་ཚེས་ ༡༦ ཉིན་འདི་གའི་གསར་འགོད་པ་དངོས་སུ་ཆས་ཏེ། ད་ལྟའི་བར་མཚན་རྟགས་ཅི་ཙམ་ཞིག་བསྡུ་རུབ་བྱས་ཡོད་མེད་དང་། སྙན་ཞུ་དང་མཚན་རྟགས་སོགས་ཐབས་ལམ་གང་འདྲ་ཞིག་བརྒྱུད་དེ་ཕུལ་འཆར་ཡོད་མེད་སོགས་ཀྱི་ཐད་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངྷ་ས་ས་གནས་ཚོགས་གཙོ་བསྟན་འཛིན་ཆོས་དབྱངས་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་འཛིན་བཟུང་གི་དུས་ནས་བཟུང་ང་ཚོས་ཁོང་ཉིད་གློད་གྲོལ་ཡོང་ཆེད་ལས་འགུལ་འདྲ་མིན་སྤེལ་བ་རེད། འདི་ལོ་ཡང་ཁོང་གི་ཆེད་དུ་ས་ཡིག་བསྡུ་རུབ་བྱས་ཏེ་ད་ལྟའི་ཆར་མི་གྲངས་  ༤ ཁྲི་ཡི་མཚན་རྟགས་བསྡུ་རུབ་བྱས་ཡོད། ཉེ་ཆར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་བཙོན་ཁང་དུ་ཁྲག་ཤེད་དང་སྙིང་ཁམས། དམིགས་བསལ་རུས་པའི་ནད་ཚ་བྱུང་སྟེ་སྐུ་གཟུགས་ཀྱི་གནས་སྟངས་ཛ་དྲག་གི་གནས་སུ་གྱུར་ཡོད་ཚུལ་ཁོང་གི་གཅེན་གཅུང་གཉིས་ལ་རྒྱ་ནག་གཞུང་གིས་གསལ་བོར་འགྲེལ་བརྗོད་གནང་ཡོད་སྟབས། ང་ཚོས་འདི་ལོ་ནས་མགོ་འཛུགས་བྱས་པའི་མཚན་རྟགས་དང་སྙན་ཞུ་ཡི་གེ་དེ་སང་ཉིན་ཕྱི་ཚེས་ ༡༦ ཉིན་ང་ཚོའི་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཅས་ཀྱི་དབུས་དང་ས་གནས་མཉམ་རུབ་ཀྱིས་ཉིན་གཅིག་དུས་གཅིག་ལ་མྱུར་འཕྲིན་  Fax  བརྒྱུད་རྒྱ་ནག་དབུས་ཆབ་སྲིད་ཅུའུ་རྒྱུན་ལས་དང་ཁྲིམས་སྲིད་འཐུས་ཚོགས་ཀྱི་ཚོགས་མི་ཀྲིག་ཡོན་ཁང་གཙོས། ཕྱི་རྒྱལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་ཁང་། རྒྱལ་སྤྱིའི་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་སོགས་ལ་ཕུལ་འཆར་ཡོད་ལ། དེ་ཡང་གཙོ་བོ་རྒྱ་ནག་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ལ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་དེར་རྒྱ་ནག་གཞུང་ནས་ཡང་བསྐྱར་བསྐྱར་ཞིབ་བྱ་དགོས་པའི་རེ་བ་དང་འབོད་སྐུལ་བྱ་ཆེད་ཡིན་ཞེས་བརྗོད་བྱུང་། 

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ ༢༠༠༢ ལོའི་ཕྱི་ཟླ་ ༡༢ ནང་རྒྱ་གཞུང་གིས་འགད་རྫས་དོན་རྐྱེན་ཞིག་གིས་ཉེས་མིང་འོག་ཚེ་བཙོན་གྱིས་ཁྲིམས་ཆད་བྱས་པ་ནས་བཟུང། འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་ཉིད་གློད་གྲོལ་ཐད་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་ལ། ལྷག་པར་ལི་ཐང་རྫོང་གི་དགེ་འདུན་པ་དང་ས་གནས་མི་མང་ ༤ ཁྲི་ལྷག་གིས་རྒྱ་གཞུང་ལ་རེ་སྐུལ་དང་མཚན་རྟགས་བསྡུ་རུབ་ཀྱིས་ཁོང་ཉིད་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག ཉེ་ཆར་འབྲེལ་ཡོད་ས་གནས་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༥ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་གི་རྫོང་དཔོན་གཞོན་པ་དང་འབྲེལ་ཡོད་ཉེན་རྟོག་མི་སྣ་ཁག་ཅིག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་ཁྱིམ་དུ་འབྱོར་ཏེ། ནང་མིར་གཉེན་འཕྲད་དུ་ཕྱིན་ཆོག་པའི་མཆོག་མཆན་གནང་ཡོད་པ་ལྟར། ཟླ་བ་དེའི་ཕྱི་ཚེས་ ༢༧ ཉིན་རིན་པོ་ཆེའི་གཅེན་མོ་བསོད་ནམས་སྒྲོལ་མ་དང་གཅུང་མོ་སྒྲོལ་དཀར་གཉིས་བཙོན་ཁང་དུ་གཉེན་འཕྲད་དུ་ཕྱིན་ཡོད་འདུག་ལ། སྐབས་དེར་བཙོན་ཁང་གི་སྨན་པ་དང་འབྲེལ་ཡོད་མི་སྣས་ཁོང་གཉིས་ལ་རིན་པོ་ཆེར་ཁྲག་ཤེད་དང་སྙིང་ཁམས་ཀྱི་ནད་ཚ་བྱུང་ཡོད་ཚུལ་ཁས་ལེན་བྱས་ཡོད་པ་དང་། རིན་པོ་ཆེ་མཆོག་གི་སྐུ་གཟུགས་ཀྱི་གནས་སྟངས་སྐྱོ་བོ་ཡིན་ཚུལ་སོགས་ཤེས་རྟོགས་བྱུང་ཡོད་འདུག

པར་དང་པོ། དེ་རིང་ཆུ་ཚོད་ ༡༠ སྟེང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གློད་གྲོལ་ཆེད་ལས་འགུལ་སྤེལ་མགོ་བརྩམས་པ།

པར་གཉིས་པ། དེ་རིང་ཆུ་ཚོད་ ༡༠ ཡོལ་རྗེས་པེ་ཅེན་མཐོ་རིམ་མི་མང་ཁྲིམས་ཁང་དང་ལྡི་ལིའི་གཞུང་ཚབ་ཁང་དུ་མྱུར་འཕྲིན་གཏོང་བཞིན་པ།

པར་གསུམ་པ། མཚན་རྟགས་བསྡུ་རུབ་བྱས་པ་རྣམས་སྦྲགས་ཐོག་ནས་གཏོང་རྒྱུར་གྲ་སྒྲིག་བྱེད་བཞིན་པ།

གསར་འགོད་པ། དོན་གོ། པར་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༡༥ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༡༦ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

མཆན། 2

  1. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    བཀུར་འོས་དུས་བབ་ཚན་པར་ཞུ་དོན། གོང་གི་གསར་འགྱུར་ནང་ཟླ་༤ པའི་ཚེས་༢༥ ཉིན་སྤྲུལ་སྐུའི་འབྲེལ་ཡོད་ལ་བརྡ་ལན་བཏང་བ་དང་། ཚེས་༢༧ ཉིན་དངོས་སུ་ཁོང་གི་སྲིང་མོ་གཉིས་རིན་པོ་ཆེ་དང་འཇལ་འཕྲད་བྱས་པ་ལྟབུ་དང་། རྫོང་དཔོན་གཞོན་པ། ཞེས་གསལ་པོར་བྲིས་པ་སོགས་གནས་ཚུལ་གྱི་ཁུངས་ངོ་སྤྲོད་གནང་རོགས། གང་ཡིན་ཟེར་ན། དངོས་སུ་ས་གནས་ཀྱི་མིས་བཤད་པ་ལྟར་ན། ཚེས་༢༧ གྱི་ཞོགས་པར་བརྡ་ལན་སྐྱེལ་བ་དང་འཇལ་འཕྲད་དུ་ཁྲིད་པ་དུས་གཅིག་ཏུ་བཤད་ཅིང་། ཉེན་རྟོག་གི་དཔོན་པོ་གཞོན་པ་ཡིན་པ་སོགས་གསལ་བཤད་འདུག་ན། ཡང་ན་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱི་ཁ་པར་ཨང་གྲངས་སོགས་ཀྱི་འབྲེལ་ལམ་ངོ་སྤྲོད་དགོས་ཀྱི་འདུག་པས་ཐུགས་འཇགས་འཚལ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བཙོན་ཁང་ནང་ལ་ནང་མི་མཇལ་ཕྲད་གནང་བཅུག་པ་རྒྱ་་གཞུང་ལ་ཐུགས་རྗེ་ཞུ་བ་ཆབས་ཅིག ཁོང་གློད་གྲོལ་གྱིས་མི་མང་རྩིས་སྤྲོད་སྨན་དཔྱད་ཀྱི་གོ་སྐབས་གནང་ན་བོད་རྒྱའི་བདེ་འཇགས་ཕན་པ་མི་ཡོང་ངམ་དེང་གི་ཏང་མི་ཚོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese